ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར177ཡོད།  བཙལ་ཡུན་སྐར་ཆ 0.04 ཡིན།

དཀྱུ།

to run, to gallop 1.དག་ཡིག་གསར་བསྒྲིགས་ལས། (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)རྟ་དྲེལ་སོགས་བཞོན་པ་ལམ་ལ་ཁ་ལོ་བསྒྱུར་བའི་དོན་ཏེ། ལམ་ལ་དཀྱུ་བྱའི་རྟ། རྟ་ཁ་ལམ་ལ་དཀྱུ་དགོས་ལྟ་བུ། 【དཀྱུས】 ནི་འདས་པ་དང་སྐུལ་ཚིག་སྟེ། རྟ་ཁ་གཡས་ལ་དཀྱུས་ནས་བརྒྱུགས། རྟ་བོ་ལམ་ལ་དཀྱུས་ཤིག་ལྟ་བུ

དཀྱུ་ས།

རྟ་རྒྱུག་སའི་ལམ།རྒྱ་ཡིག 跑马场 དབྱིན་ཡིག race track 1.དག་ཡིག་གསར་བསྒྲིགས་ལས། རྟ་རྒྱུག་འགྲན་བསྡུར་བྱེད་སའི་ལམ་སྟེ། དཀྱུ་ས་བསྟན་པའི་རྟ་བཞིན་དུ་ཚམ་ཚོམ་མེད་པར་བརྒྱུགས་ལྟ་བུ། 2.བརྡ་དག་མིང་ཚིག་གསལ་བ་ལས། རྟ་དཀྱུ་ས། 跑马场。 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྟ་རྒྱུག་སའི་ལམ

གབ་འགྲེལ་མེས་པོའི་ངག་རྗེས་ལས་དཀྱུ་ཟེར་བ་ཇི་ལྟར་བཀྲལ་ཡོད།

བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ། ༡་གཅར་རྡུང་བྱེད་པའི་དོན། བྱིས་པར་དཀྱུ་མི་རུང་། མི་འགས་མི་གཅིག་ལ་དཀྱུ་བཞིན་འདུག་ཟེར་བ་ལྟ་བུ། དཀྱུས་འདས་པ་དང་སྐུལ་ཚིག མི་ཉེས་མེད་ལ་དཀྱུས་ནས་ཅི་བྱེད། རྐུན་མ་ལ་དཀྱུས་དཀྱུས་ཡ་ཐོངས་ཟེར་བ་ལྟ་བུ། ༢ སྲབ་མདའ་འཐེན་ནས་རྟའི་ཁ་ལོ་དཀྱོགས་པའམ་རྟ་པའམ་རྟ་ལ་རྒྱུག་ལམ་སྟོན་པའི་དོན

སྔོན་འཇུག་མ་ནིང་གཉིས་གཞན་བྱ་བའི་ཡུལ་ལ་འཇུག་པའི་དཔེར་བརྗོད་ཕྲིས།

གཅད་བྱའི་ཤིང་། གཅི་བྱའི་གཅིན། དཀྲི་བྱའི་མདོས། དཀྱུ་བྱའི་རྟ་ཁ། ལྟ་བུའོ། །

གངས་རིའི་ཕུགས་ལམ།

རྨི་ལམ་གྱི་རྟ་ཁ་ཁྱེད་སར་དཀྱུ་དུས། དུས་ཚིགས་ཀྱི་བྱ་ཁྱུ་རྒྱང་ལ་འཕུར། ཁེར་རྐྱང་གི་སེམས་འཚབ་བར་ནས། རི་ཆུ་ངལ་དུབ་ལ་བརྒྱུས་པའི་གོམ་སྒྲ་ནི་ཐག་ རིང་ཞིག་ཏུ་བྲུག། ཨ་མྱེ་རྨ་ཆེན་སྦོམ་ར། བརྩེ་དུངས་ཀྱི་གསེབ་ནས་བོར་མ་ཐུབ་པར་ལུས་ཡོད། རྨ་ཀླུང་གི་རི་རྒྱུད་རེ་རེ་ཁྱེད་ཀྱི་ཉེ་ས་ནས་ཁུ་ སིམ་མེར་འགྱིང་། སྟོན་རླུང་གི་སྐྱོ་གླུ་རིང་མོ་བསྣམས་པའི

དུས་གསུམ་ཐོར་བུ་བའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

རྟ་ཁ་སོགས་དཀྱུ་བྱེད།དཀྱུ་བྱ།དཀྱུས་ཟིན་ཞེས་པ་ཆོས་ཅན།དུས་གསུམ་ཐོར་བུ་བ་ཡིན་ཏེ།སྤྱིར་བཏང་བ་དང་བྱེ་བྲག་པ་གང་ཡང་མ་ཡིན་པའི་ལས་ཚིག་ཡིན་པའི་ཕྱིར།དེ་ཆོས་ཅན།བྱ་བྱེད་ཐ་དད་ཡིན་ཏེ།དཀྱུ་བྱའི་རྟ་ཁ་དང་དཀྱུ་བར་བྱེད་པ་པོ་སོ་སོར་ཡོད་པའི་ཕྱིར།

སྔོན་འཇུག་མ་ནིང་ག་ད་གཉིས་བདག་བྱེད་པ་པོ་ལ་འཇུག་པའི་དཔེར་བརྗོད་འགའ་ཕྲིས།

ག་ཡིག་བདག་བྱེད་པ་པོ་ལ་འཇུག་ཚུལ་ནི་གྲལ་གཤིབས་པ་པོ། གཤིབས་བྱེད། ཤ་གཞུར་བ་པོ། གཞུར་བྱེད་ཅེས་པ་ལྟ་བུ་དང་། ད་ཡིག་གི་འཇུག་ཚུལ་ནི་རྟ་དཀྱུ་བ་པོ། དཀྱུ་བྱེད། པགས་པ་དབྲོལ་བ་པོ། དབྲོལ་བྱེད་ཅེས་པ་ལྟ་བུའོ།།

དུས་རབས་བཅུ་དགུ་བའི་སྙན་ངག་པར་ཕུལ་བ། བདུད་ལྷ་རྒྱལ་གྱིས་བསྒྱུར།

བལྟས་ན་མི་གོ དེ་འདྲ་ཡིན་དུས་ཤེས་འདོད་དྲག་ལ་བློ་རྩ་བརྟན་པ་ཞིག་མིན་དུས་བསྐྱུར་ཉེན་ཆེ་བ་ཆོས་ཉིད་ཡིན། དེ་བས། བོད་ཀྱི་སྙན་ངག་གསར་བའི་རྩོམ་གཤིས་ཁ་ལྷོད་པའི་ཕྱོགས་སུ་དཀྱུ་འདོད་ཀྱི་བསམ་པ་བདག་ལ་རྟག་ཏུ་འབྱུང་། སྙན་ངག་འདིའི་རྩོམ་གཤིས་ཁ་ལྷོད་པ་ཡིན་ཡང་མཛེས་པ་བླ་ལྷག་ཏུ་མཆིས་པས། སྙན་ངག་འདི་བོད་ཀྱི་སྙན་ངག་གི་དཔེ་བལྟས་སུའང་རུང་སྙམ་པའང

འབྲེལ་ཡོད་འཚོལ་བཤེར།

མཐོ་རིམ་འཚོལ་བཤེར།
འདི་ནི་ཁྱེད་ཀྱི་བཀའ་བརྡ་ལྟར་ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་བཙལ་འབྲས་ཡིན་པ་ལས། དྲ་ཚིགས་དེ་གའི་ནང་དོན་དང་ལྟ་ཚུལ་ལ་འཐད་འདུན་ཅི་ཡང་བསྟན་མེད།