ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར26ཡོད།  བཙལ་ཡུན་སྐར་ཆ 0.348 ཡིན།

ཕང་ལོ།

车轮 དབྱིན་ཡིག wheel 1.དག་ཡིག་གསར་བསྒྲིགས་ལས། ①སྐུད་པ་འཁེལ་བྱེད་ཀྱི་དབྱུ་གུའི་མར་སྣེ་ལ་བཏགས་པའི་འཁོར་ལོའི་མིང་། ②འཁོར་ལོའི་མིང་སྟེ། ཤིང་རྟའི་ཕང་ལོ་ཞེས་པ་ལྟ་བུ། འདི་ལ་འཕང་ལོ་ཡང་འབྲི། 2.བརྡ་དག་མིང་ཚིག་གསལ་བ་ལས། ཤིང་རྟའི་ཕང་ལོ། 轮,车轮。 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [རྙིང]འཕང་ལོ་དང་འདྲ

ཧོར་བྲག་མགོའི་ཡུལ་གྱི་ཉུང་མའི་ཁམ་ཚད་བཟོ་ཐབས།

ཚོང་བྱེད་པ་རེད། རྒྱུ་ཆ་འདེམ་པ་ལ། ཉུང་མའམ་ཡུང་མ། འབྲོག་པ་འགའ་རེས་ར་ལས་ཀྱང་ཟེར། འདིའི་རིགས་ཁ་དོག་དམར་པོ་ཆུང་ཆུང་། མགོའི་ལོ་མ་དང་ལོ་རྩ་ཆུང་ཞིང་རྔ་མ་ཕྲ་མོ་ཅན། ཆེ་ཆུང་ལ་ཕང་ལོའི་ཚད་ཙམ་ཡོད་པ་རྣམས་འདེམ་དགོས། འདིའི་རིགས་ནི་ཉུང་ཤ་སྣག་ལ་རོ་མངར་པོ་ཡོད་པས་ཡིན། གཞན་ཉུང་མ་སྟོན་ཁ་བད་མོ་ཐེངས་འགར་བཞག་པ་ཅན་ཡིན་ན་དེ་ལས་ཀྱང་མངར་ཆ་ཡག་པོ་ཡོད་པ་རེད

ང་ཚོ་སའི་གོ་ལས་ཁུར་ནས་འཁོར་སྐྱོད་བྱེད་པའི་མགྱོགས་ཚད་ག་འདྲ་ཡིན།

སའི་གོ་ལ་ནི་ཕྱོགས་གཅིག་ནས་ཉི་མར་སྤྱི་འཁོར་རྒྱག་པ་དང་། ཕྱོགས་གཞན་ཞིག་ནས་ཕང་ལོ་ལྟར་རང་འཁོར་རྒྱག་བཞིན་ཡོད། གལ་ཏེ་སྤྱི་འཁོར་དང་རང་འཁོར་རྒྱག་པའི་མྱུར་ཚད་གཉིས་བསྣན་ན་ང་ཚོ་དུས་ཚོད་སྐར་མ་རེར་སྨིས 2918 ཀྱི་མྱུར་ཚད་ཀྱིས་འཁོར་སྐྱོད་བྱེད་བཞིན་ཡོད་པས། དངོས་གནས་གནམ་གྲུར་བསྡད་པ་ལས་ཀྱང་མགྱོགས་པ་རེད

སའི་གོ་ལའི་སྲོག་ཤིང་གཡོ་འགུལ་བྱེད་བཞིན་ཡོད་ཅེས་པ་དེ་བདེན་ནམ།

སའི་གོ་ལ་ནི་འཁོར་སྐྱོད་བྱེད་བཞིན་པའི་ཕང་ལོ་ཞིག་དང་འདྲ་བར། ནམ་རྒྱུན་རང་ཉིད་ཀྱི་སྲོག་ཤིང་ལ་རྟེན་ནས་འཁོར་སྐྱོད་བྱེད་བཞིན་ཡོད། མིག་སྔར་སའི་གོ་ལའི་སྲོག་ཤིང་དུས་བཅད་ལྟར་གཡོ་འགུལ་བྱེད་བཞིན་ཡོད་ཅིང། སའི་གོ་ལའི་སྲོག་ཤིང་གཡོ་འགུལ་བྱེད་པའི་དུས་ཚོད་དེ་ཉི་མའི་འགུལ་སྐྱོད་དང་ཕན་ཚུན་ཆ་མཐུན་པ་ཞིག་རེད།

མག་ལྕུག་བཅིངས་བ།

རྒྱུ་སྤུན་ལུ་གུ་རྩེད་རྩེད་བྱས་ཟིག །ལྷ་མོ་བརྒྱ་ཡིས་འཁེལ་སྲོལ་ཡག་ཀི །ཀླུ་མོ་བརྒྱ་ཡིས་བཀྲམ་སྲོལ་ཡག་ཀི །དྲི་ཟ་བུ་མོས་འཐག་སྲོལ་ཡག་ཀི །ཤིང་ཕང་ཙན་དན་དམར་བོ་བྱས་ཟིག །ཕང་ལོ་གསེར་རྡོ་སེར་བོ་བྱས་ཟིག །འཐག་ཆ་ཉི་ཟླ་ཁ་སྤྲོད་བྱས་ཟིག །རྒྱུད་གསུམ་བལ་དཀར་ཁ་གྲིམ་ཡིན། །འབྲི་ཐུལ་མ་བརྒྱ་ཡི་མཁལ་བལ་ཡིན། །ལུག་འཚེར་དཀར་བརྒྱ་ཡི་སྐེ་བལ་ཡིན

ང་ཚོ་སའི་གོ་ལས་ཁུར་ནས་འཁོར་སྐྱོད་བྱེད་པའི་མགྱོགས་ཚད་ག་འདྲ་ཡིན།

མཁའ་འབུམ་ཡག་གིས་རྩོམ་སྒྲིག་བྱས་པའི《ཤེས་བྱ་དྲིས་བརྒྱ་བ》ལས། སའི་གོ་ལ་ནི་ཕྱོགས་གཅིག་ནས་ཉི་མར་སྤྱི་འཁོར་རྒྱག་པ་དང་། ཕྱོགས་གཞན་ཞིག་ནས་ཕང་ལོ་ལྟར་རང་འཁོར་རྒྱག་བཞིན་ཡོད། གལ་ཏེ་སྤྱི་འཁོར་དང་རང་འཁོར་རྒྱག་པའི་མྱུར་ཚད་གཉིས་བསྣན་ན་ང་ཚོ་དུས་ཚོད་སྐར་མ་རེར་སྨིས 2918 ཀྱི་མྱུར་ཚད་ཀྱིས་འཁོར་སྐྱོད་བྱེད་བཞིན་ཡོད་པས

གླུ་རྒྱལ་ཤེར་བསྟན་གྱི་གཞས་གསར། ཁ་བཏགས་དཀར་པོ། 歌王谢旦最新歌曲「洁白的哈达」

དགའ་བ་ལ།།སྟག་ཤར་གཞོན་ནུ་རྣམས་ཀྱི་དགོད་སྒྲ་ཡག།འཁེལ་ཡ་འཁེལ་ཡ་བལ་དཀར་སྐུད་པ་འཁེལ།།སྨན་ཤར་ཤེས་རྒྱ་ཅན་གྱིས་འཁེལ་ན་ཡག།གསོམ་དཀར་ཕང་ཤིང་སྐེད་ལ་དཀྲི་ན་ཡག།གཡུ་རྡོ་ཕང་ལོ་ཞབས་ནས་འཁོར་ན་ཡག།དེ་རིང་དགའ་བ་དེ་རིང་སྐྱིད་པ་ལ།།སྐུད་པའི་གྲུ་གུ་བ་སོ་སྤུངས་འདྲ་ཡིན།།དེ་རིང་སྐྱིད་པ་དེ་རིང་དགའ་བ་ལ།།སྨན་ཆུང་བུ་མོ་རྣམས་ཀྱི་འཛུམ་མདངས་ཡག

གླུ་བ་ཤེར་བསྟན་གྱི་གཞས་གསར། ཁ་བཏགས་དཀར་པོ། 谢旦最新歌曲【洁白的哈达】

དགའ་བ་ལ།།སྟག་ཤར་གཞོན་ནུ་རྣམས་ཀྱི་དགོད་སྒྲ་ཡག།འཁེལ་ཡ་འཁེལ་ཡ་བལ་དཀར་སྐུད་པ་འཁེལ།།སྨན་ཤར་ཤེས་རྒྱ་ཅན་གྱིས་འཁེལ་ན་ཡག།གསོམ་དཀར་ཕང་ཤིང་སྐེད་ལ་དཀྲི་ན་ཡག།གཡུ་རྡོ་ཕང་ལོ་ཞབས་ནས་འཁོར་ན་ཡག།དེ་རིང་དགའ་བ་དེ་རིང་སྐྱིད་པ་ལ།།སྐུད་པའི་གྲུ་གུ་བ་སོ་སྤུངས་འདྲ་ཡིན།།དེ་རིང་སྐྱིད་པ་དེ་རིང་དགའ་བ་ལ།།སྨན་ཆུང་བུ་མོ་རྣམས་ཀྱི་འཛུམ་མདངས་ཡག

ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༡

ལྷ་ཁང་ཀ་བ་མ་ཉན་ན།།མགོ་གཉིས་རེ་གཞོགས་ལ་མེ་ཡོག་བྱོས།། རྡོ་ཡག་པའི་ནང་ན་ཡག་པ་སྣང་།།སྟོད་ལྷ་ཁང་ཀ་རྡོ་ཉན་ཏེ་སྣང་།།སྟོད་ལྷ་ཁང་ཀ་རྡོ་མ་ཉན་ན།།དཀྱིལ་མིག་ལོང་ཕུགས་ལ་ཕང་ལོ་བྱོས།། རོགས་ཡག་པའི་ནང་ན་ཡག་པ་སྣང་།།ཚེ་གཅིག་གི་རྩེ་རོགས་ཉན་ཏེ་སྣང་།།ཚེ་གཅིག་གི་རྩེ་རོགས་མ་ཉན་ན།།མགོ་སྐྲ་ལོ་ཞོར་ལ་ཇོ་མོ་བྱོས།། ༦རི་ཨུཏྤལ་འདྲ་བའི་ཡར་ནང་ནས

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཤམས་པའི་དམངས་སྲོལ་རིག་དངོས་སྐོར་གླེང་བ།(2)

ཁྱིམ་སྤྱོད་ཀྱི་ཅ་དངོས་རིགས་ལ་ཅ་ནེ། ཟོ་བ། ཟེའུ་མདོང་མོ། ཤིང་སྡེར། ཤིང་སྐྱོགས། ཤིང་གཏུན། ཁྲུས་གཞོང་། ཤིང་གྲི། རྒྱ་མ། ཁེམ། སྦར་མོ། མཆོད་ཁྲི། ཤིང་རྔ། གཙབ། གདན། ཕང་ལོ་སོགས་རིགས་དུ་མ་དང་། རོལ་མོའི་རིགས་ལ་གླིང་བུ། རྒྱ་གླིང་སོགས་དང་། སློབ་སྦྱོང་ཕྱོགས་ལ་མཁོ་བའི་གྲུ་གཟིངས། ཤིང་ཟམ། ཕུར་བ། ཆ་རུ། སྒེར་དང་གཞུང་གི་ལས་བྱེད་པའི་དབང་དང

འབྲེལ་ཡོད་འཚོལ་བཤེར།

མཐོ་རིམ་འཚོལ་བཤེར།
ཕང་ལོ།
  •     ༡ བལ་སྐུད་སོགས་འཁེལ་བྱེད་ཕང་གི་དབྱུ་གུའི་སུམ་ཆ་གཅིག་གི་མར་སྣེ་ལ་བཏགས་པའི་ཤིང་སྒོར་སྒོར་ཅན་ཞིག ༢ རླངས་འཁོར་སོགས་ཀྱི་འཁོར་ལོའི་མིང་།
 
འདི་ནི་ཁྱེད་ཀྱི་བཀའ་བརྡ་ལྟར་ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་བཙལ་འབྲས་ཡིན་པ་ལས། དྲ་ཚིགས་དེ་གའི་ནང་དོན་དང་ལྟ་ཚུལ་ལ་འཐད་འདུན་ཅི་ཡང་བསྟན་མེད།