

བོད་སྐད་གསུངས་རོགས།








ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར35ཡོད། བཙལ་ཡུན་སྐར་ཆ 0.135
ཡིན།
བྱ་བྱེད་སྨན་པ།
གསོ་བར་བྱེད་པའི་གསོ་བ་བོ་བྱ་བྱེད་སྨན་པ་ནི་གསོ་བ་རིག་པའི་སྤྱི་ཆིངས་ཆེན་པོ་བཞི་དང་གནས་བཅུ་གཅིག་གི་ཡ་གྱལ་དུ་བགྲང་ནས་བསྟན་ཡོད། བྱ་བྱེད་སྨན་པའི་ཞུས་ལན་དུ་ཡང་སྟོན་པའི་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། དེ་ལྟར་གསོ་བར་བྱེད་པའི་གསོ་བ་བོ། བྱ་བ་བྱེད་པ་སྨན་པའི་གནས་བསྟན་པ། རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་དང
བཤད་པ་སྐུའི་རྒྱུད་གནས་བཅུ་གཅིག
བྱ་བ་སྤྱོད་ལམ་གྱི་གནས། 5.འཚོ་བ་ཟས་ཀྱི་གནས། 6.སྦྱོར་བ་སྨན་གྱི་གནས། 7.ཆ་བྱད་དཔྱད་ཀྱི་གནས། 8.ཐ་མལ་ནད་མེད་གནས། 9.ངོས་བཟུང་རྟགས་ཀྱི་གནས། 10.གསོ་བྱེད་ཐབས་ཀྱི་གནས། 11.བྱ་བྱེད་སྨན་པའི་གནས་བཅས་སོ༎འབྱུང་ཁུངས། 《མདོ་རྒྱུད་མཛོད་ཝ་པ》ཤ513.11ལས་བཏུས། རིགས་དབྱེ། ནང་དོན་རིག་པ
བྱ་བྱེད་སྨན་པ།
འདི་ནི་དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་བྱ་བྱེད་སྨན་པ་ཞེས་པ་དེའོ། །
བྱ་བྱེད་སྨན་པ་ནི་ག་འདྲ་ཞིག་ཡིན་དགོས།
བྱ་བྱེད་སྨན་པ་ཞེས་པ་འདི་ནི་མིའི་རིགས་ཀྱི་ལུས་ཁམས་ལ་ནད་མེད་པར་བྱེད་པ་དང་རྣམ་པར་གྱུར་བའི་ནད་ཅན་རྣམས་མྱུར་དུ་འཚོ་བར་བྱ་བ་བྱེད་པ་པོ་འཚོ་བྱེད་དམ་སྨན་པའི་རྒྱུ་དང་། ངོ་བོ། ངེས་ཚིག སྨན་པའི་དབྱེ་བ། ལས་དང་འབྲས་བུ་བཅས་རྣམ་པ་དྲུག་གི་ཐོག་ནས་སྨན་པ་རྣམས་ལ་ངེས་པར་དུ་འཛོམས་དགོས་པའི་ཆ་རྐྱེན་དང་། ཚད་གཞི། སྲུང་དགོས་པའི་དམ་བཅའ་དང་ཐོབ་པའི་འབྲས་བུ
བྱ་བྱེད་སྨན་པ་དང་འབྲེལ་བའི་ལས་བཟོའི་བློ་སྦྱོང་དང་ཡ་རབས་བཟང་སྤྱོད་སྐོར་གྱི་འབེལ་གཏམ།1
འེདི་ནི་བྱ་བྱེད་སྨན་པ་དང་འབྲེལ་བའི་ལས་བཟོའི་བློ་སྦྱོང་དང་ཡ་རབས་བཟང་སྤྱོད་སྐོར་གྱི་འབེལ་གཏམ་ཞེས་པ་དེ་ཡིན།
བྱ་བྱེད་སྨན་པའི་གནས།
འདི་ནི་སྡེ་དགེ་བླ་སྨན་གྱི་སྨན་ཡིག་གཅེས་བཏུས་ལས་བྱ་བྱེད་སྨན་པའི་གནས་ཞེས་བྱ་བ་དེའོ༎
བྱ་བྱེད་སྨན་པའི་གནས་ཟེར་བའི་བརྗོད་དོན་གང་རེད།
དེ་ནི་གསོ་བ་པོ་སྨན་པ་རྣམས་ཀྱིས་ཉེ་བར་སྤྱོད་པའི་ཡུལ་ལམ་བྱ་བ་རིགས་པ་དང་མི་རིགས་པའི་འཇུག་ལྡོག་གསལ་བར་བྱེད་པ་སྨན་པའི་ཚིག་དོན་འཛིན་པའི་གནས་དེ་ལ་བྱ་བྱེད་སྨན་པའི་གནས་སུ་བརྗོད་པ་ཡིན་ནོ།།
སྨན་པའི་སྨྱོ་སྤྱོད་གསུམ་ཟེར་བའི་གོ་དོན་གང་ཡིན།
དེ་ནི་བྱ་བྱེད་སྨན་པའི་སྐབས་ཀྱི་སྨན་པ་སྨྱོ་བ་ལྟ་བུའི་སྤྱོད་ཚུལ་གསུམ་གྱི་མིང་སྟེ། ཚེ་ཕྱི་མའི་རྣམ་སྨིན་འཁུར་བ་དང༌།མཁས་ལ་སྙམ་དུ་རེ་བ། རང་བཅོས་བྱས་ཀྱང་གྲོགས་ཀྱི་ངོ་སོ་འདོན་པ་གསུམ་ལ་བརྗོད་དོ།
བཤད་པ་སྐུའི་རྒྱུད་གནས་བཅུ་གཅིག་གང་དག་ཡིན།
1.རྩ་བ་མདོ་ཡི་གནས། 2.གྲུབ་པ་ལུས་ཀྱི་གནས། 3.འཕེལ་འགྲོབ་ནད་ཀྱི་གནས། 4.བྱ་བ་སྤྱོད་ལམ་གྱི་གནས། 5.འཚོ་བ་ཟས་ཀྱི་གནས། 6.སྦྱོར་བ་སྨན་གྱི་གནས། 7.ཆ་བྱད་དཔྱད་ཀྱི་གནས། 8.ཐ་མལ་ནད་མེད་གནས། 9.ངོས་བཟུང་རྟགས་ཀྱི་གནས། 10.གསོ་བྱེད་ཐབས་ཀྱི་གནས། 11.བྱ་བྱེད་སྨན་པའི་གནས་བཅས་སོ
གནས་བཅུ་གཅིག་པོ་ཇི་ལྟར་ཡིན་ནམ།
འཕེལ་འགྲིབ་ནད་ཀྱི་གནས་དང་གསུམ། ། བྱ་བ་སྤྱོད་ལམ་གནས་དང་བཞི། ། འཚོ་བ་ཟས་ཀྱི་གནས་དང་ལྔ། ། སྦྱོར་བ་སྨན་གྱི་གནས་དང་དྲུག ། ཆ་བྱད་དཔྱད་ཀྱི་གནས་དང་བདུན། ། ཐ་མལ་ནད་མེད་གནས་དང་བརྒྱད། ། ངོས་བཟུང་རྟགས་ཀྱི་གནས་དང་དགུ། ། གསོ་བྱེད་ཐབས་ཀྱི་གནས་དང་བཅུ། ། བྱ་བྱེད་སྨན་པའི་གནས་དང་ནི། ། བཅུ་གཅིག་གནས་སུ་ཤེས་པར་བྱ། ། ཞེས་པའོ
འབྲེལ་ཡོད་འཚོལ་བཤེར།
|
མཐོ་རིམ་འཚོལ་བཤེར། |
བྱ་བྱེད་སྨན་པ།
-
གསོ་བར་བྱེད་པའི་གསོ་བ་བོ་བྱ་བྱེད་སྨན་པ་ནི་གསོ་བ་རིག་པའི་སྤྱི་ཆིངས་ཆེན་པོ་བཞི་དང་གནས་བཅུ་གཅིག་གི་ཡ་གྱལ་དུ་བགྲང་ནས་བསྟན་ཡོད། བྱ་བྱེད་སྨན་པའི་ཞུས་ལན་དུ་ཡང.....
འདི་ནི་ཁྱེད་ཀྱི་བཀའ་བརྡ་ལྟར་ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་བཙལ་འབྲས་ཡིན་པ་ལས། དྲ་ཚིགས་དེ་གའི་ནང་དོན་དང་ལྟ་ཚུལ་ལ་འཐད་འདུན་ཅི་ཡང་བསྟན་མེད།