ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར477ཡོད།  བཙལ་ཡུན་སྐར་ཆ 0.184 ཡིན།

བྱེད་སྒྲ_ཡོངས་འཛིན་བརྙན་རིས།

དགེ་མཚན་དཔལ་གྱིས་ཕྱུག་པའི“ཀུན་ཁྱབ་དག་ཡིག” —ཚིག་མཛོད་གསར་པ《གབ་འགྲེལ་མེས་པོའི་ངག་རྗེས》གླེང་བ

https://video.yongzin.com/video..... དེ་བས་མང་།

བྱེད་སྒྲ།

སྔོན་དུ་བྱེད་སྒྲ་ཐོབ་པས་ཀྱང་མ་ཁྱབ་སྟེ། འཁོར། འགྲོ། འཕུར་ལྟ་བུ ་བྱ་ཚིག་ཡིན་ཀྱང་དེའི་སྔོན་དུ་བྱེད་སྒྲ་ཡོད་པས་མ་ཁྱབ་པའི་ཕྱིར། དེས་ན་སྤྱིར་ཚིག་སྦྱོར་ལ་མུ་བཞི ་སྟེ། ①བྱེད་སྒྲ་ཡོད་ལ་བྱ་ཚིག་མེད་པ། བཞིན་རང་བཞིན་གྱིས་མཛེས། ཁྲུ་གང་གིས་མཐོ་ལྟ་བུ་དང༌། ②བྱ་ཚིག་ཡོད་ལ་བྱེད་སྒྲ་མེད་པ། རྟ་རྒྱུགས། བྱ་འཕུར་ལྟ་བུ་དང༌། ③ བྱེད་སྒྲ་དང་བྱ་ཚིག་གཉིས་ཀ

རྣམ་དབྱེ་གསུམ་པ་བྱེད་སྒྲ

བྱེད་སྒྲ་ནི་བྱེད་པ་སྟོན་བྱེད་ཀྱི་སྒྲ་སྟེ། བྱ་བ་གང་ཞིག་བྱེད་པ་གང་གིས་བྱས་ཟིན་པའམ། བྱེད་བཞིན་པའམ། བྱེད་འགྱུར་བ་གང་རུང་སྟོན་པར་བྱེད་པའི་སྒྲ་ཡིན་ནོ།།དེ་རྣམས་ས་མཐའ་ཅན་ལྔ་ནི།། རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།། སྦྱོར་ཚུལ་འབྲེལ་སྒྲའི་སྐབས་དང་མཚུངས།། རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་གི་ཀྱི་གྱི་འི་ཡི་ལྔ་ལ་རྗེས་འཇུག་ས་སྦྱར་བ་ན

བྱེད་སྒྲ་ལ་ནང་གསེས་ཀྱི་དབྱེ་བ་ཡོད་དམ།

ཡོད་དེ།བྱེད་པོ་སྟོན་པའི་བྱེད་སྒྲ།བྱེད་པ་སྟོན་པའི་སྒྲ།རྒྱུ་མཚན་སྟོན་པའི་བྱེད་སྒྲ་སྟེ་གསུམ་དུ་དབྱེར་ཡོད་པའི་ཕྱིར།དཔེར་ན།བཀྲ་ཤིས་ཀྱིས་སྟ་རེས་ཤིང་བཅད་པས་ཆད་ལྟ་བུའོ།།

ཁྱད་པར་སྟོན་པའི་བྱེད་སྒྲ་ཞེས་ཟུར་དུ་དབྱེ་རིགས་སམ།

མི་རིགས་ཏེ་བྱེད་སྒྲ་དེ་རྒྱུ་མཚན་སྟོན་པའི་བྱེད་སྒྲ་ཡིན་པའི་ཕྱིར་རོ།།

བྱ་ཚིག་ཡོད་ཚད་ཀྱི་སྔོན་དུ་བྱེད་སྒྲ་སྦྱར་དགོས་པས་ཨེ་ཁྱབ།

མ་ཁྱབ་སྟེ།འགྲོ།ཤི་ལྟ་བུ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་གི་སྔོན་དུ་བྱེད་སྒྲ་སྦྱར་སྲོལ་མེད་པའང་ཡོད་པའི་ཕྱིར།

བྱེད་སྒྲའི་ཕྲད་ཡིན་ན་བྱེད་སྒྲ་ཡིན་པས་ཨེ་ཁྱབ་ཅེ་ན།

མ་ཁྱབ་སྟེ། གདོང་རང་བཞིན་གྱིས་དཀར་བ། མཐོ་གང་གིས་རིང་བ་ལ་སོགས་པ་རྣམས་ཀྱི་བྱེད་སྒྲའི་ཕྲད་དེ་དག་བྱེད་སྒྲ་མ་ཡིན་ཏེ། དེའི་མཇུག་ཐོག་ཏུ་བྱ་ཚིག་མེད་པའི་ཕྱིར།

བྱེད་སྒྲའི་ཕྲད་ཡིན་ན་བྱེད་སྒྲ་ཡིན་པས་ཨེ་ཁྱབ་ཅེ་ན།

མ་ཁྱབ་སྟེ། གདོང་རང་བཞིན་གྱིས་དཀར་བ། མཐོ་གང་གིས་རིང་བ་ལ་སོགས་པ་རྣམས་ཀྱི་བྱེད་སྒྲའི་ཕྲད་ཡིན་ཀྱང་བྱེད་སྒྲ་མ་ཡིན་ཏེ། དེའི་རྗེས་སུ་བྱ་ཚིག་མེད་པའི་ཕྱིར།

བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ཚེ་དེའི་སྔོན་དུ་བྱེད་སྒྲ་མི་འཐོབ་པས་ཨེ་ཁྱབ།

མ་ཁྱབ་སྟེ།དུག་གིས་ཤི ནད་ཀྱིས་མནར།བཅད་པས་ཆད།འགྲོ་བས་སླེབས།བལྟས་པས་མཐོང་།ལྟ་བུ་དེ་ཡིན་ཡང་བྱེད་སྒྲ་ཐོབ་པའི་ཕྱིར།

བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་ཁྱོད་ལ་བྱེད་སྒྲ་མི་ཐོབ་པས་ཨེ་ཁྱབ་ཅེ་ན།

མ་ཁྱབ་སྟེ། དུག་གིས་ཤི མེས་ཚིགས། སེམས་ཀྱིས་རྟོགས། མིག་གིས་མཐོང་། རྣ་བས་ཐོས་ལ་སོགས་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་རྣམས་ཀྱི་སྔོན་ན་བྱེད་སྒྲ་ཐོབ་པའི་ཕྱིར།

འཛུམ་དམུལ་དམུལ་གྱི་ངང་ནས་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་དཀའ་སློབ་གནང་གི་འདུག་ཅེས་བཤད་ཚེ་སྐབས་རེ་བྱེད་པ་པོ་རྒན་ལགས་ཀྱི་རྗེས་སུ་བྱེད་སྒྲ་མ་སྦྱོར་བ་ཅི་ཡིན་ནམ

དེ་ནི་བྱེད་སྒྲ་ཆད་པ་རེད་ཟེར་རྒྱུ་ལས་གཞན་རྒྱུ་མཚན་ཅི་ཡོད། འཛུམ་དམུལ་དམུལ་གྱི་ངང་ནས་ཞེས་པ་ནི་རྣམ་འགྱུར་སྟོན་ཚུལ་ཙམ་ཡིན་ཞིང་། རྒན་ལགས་བྱེད་པ་པོ་དང་། བཀའ་སློབ་གནང་བ་བྱ་བ་ཡིན་པར་འཕྱུག་པ་མེད་པས་རྒན་ལགས་ཞེས་པའི་བྱེད་པ་པོ་དེར་བྱེད་སྒྲ་ངེས་པར་དུ་སྦྱོར་དགོས།

འབྲེལ་ཡོད་འཚོལ་བཤེར།

མཐོ་རིམ་འཚོལ་བཤེར།
བྱེད་སྒྲ།
  •     བོད་ཡིག་གི་ཚིག་སྔ་ཕྱིའི་འབྲེལ་བ་མཚོན་བྱེད་ཀྱི་ཡི་གེ་གིས་ཀྱིས་གྱིས་འིས་ཡིས་ལྔའི་མིང་།
 
འབྲེལ་ཡོད་ནང་དོན་སྐོར།
 
འདི་ནི་ཁྱེད་ཀྱི་བཀའ་བརྡ་ལྟར་ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་བཙལ་འབྲས་ཡིན་པ་ལས། དྲ་ཚིགས་དེ་གའི་ནང་དོན་དང་ལྟ་ཚུལ་ལ་འཐད་འདུན་ཅི་ཡང་བསྟན་མེད།