ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར87ཡོད།  བཙལ་ཡུན་སྐར་ཆ 0.146 ཡིན།

མྱང་རྩི་སྤྲས།

རྩྭ་སྨན་ཞིག་སྟེ། འདི་ལ་མྱང་རྩི་འབྲས་འབྲི་བའང་ཡོད། རྒྱ་སྐད་དུ་ཧོང་ལེན་ཟེར་བ་དེར་ངོས་འཛིན།རྒྱ་ཡིག 黄连 དབྱིན་ཡིག the rhizome of chinese goldthread(coptis chineasis—used in tibetan medicine

མྱང་རྩི་སྤྲས།

མྱང་རྩི་སྤྲས་ནི། སྤང་རི་དང་ནགས་གསེབ་གཞའ་ཚན་ཅན་སོགས་སུ་སྐྱེ་བ་དང་། སྤྱི་ཟླ་བརྒྱད་པ་དང་དགུ་བ་གང་རུང་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་གྲིབ་ཏུ་སྐམ་ནས་སྨན་ཏུ་སྤྱད་ན། ཚ་བས་བཤལ་བ་དང་ཆམ་པ་རིམས་ཚད་ཀྱི་ནད། རྒྱུ་མའི་གཉན་ཚད་དང་དུག་ཚད། ཡན་ལག་ལ་ཆུ་སེར་འཁོར་བ་འདོན་པ་དང་རྨ་སོགས་ལ་ཕན།《འཁྲུངས་དཔེ》ལས། མྱང་རྩི་སྤྲས་ཞེས་བྱ་བ་ནི

https://baike.yongzin.com.....

མྱང་རྩི་སྤྲས་ཀྱིས་སྐྱེ་ཁམས་མ་ལག་ལ་བྱེད་ནུས་ཅི་ཞིག་འདོན་གྱིན་ཡོད།

མྱང་རྩི་སྤྲས་ནི་ནགས་ཚལ་དུ་སྐྱེ་བ་དང་ནགས་ཚལ་གྱི་སྐྱེ་ཁམས་མུ་ཁྱད་གྲུབ་བྱེད་ཀྱི་རྩྭ་སྣ་ཁྱད་པར་ཅན་ཞིག་ལགས། མྱང་རྩི་སྤྲས་ཀྱིས་ཉི་འོད་འཕྲོ་སྦྱོར་ལ་བརྟེན་ནས་སེམས་ཅན་ལ་མཁོ་བའི་དབྱང་དབུགས་ཕྱིར་གཏོང་དང་། སེམས་ཅན་ལ་གནོད་པའི་རྫོབ་དབུགས་སྡུད་ལེན་བྱེད་ཀྱིན་ཡོད་ལ། ནགས་ཚལ་ལ་བརླན་ཡང་འཛིན་ཐུབ་པས་ན། ས་ཆུ་སྲུང་འཛིན་དང་ཁོར་ཡུག་མཛེས་སྤྲས

མྱང་རྩི་སྤྲས་ཀྱི་ལོ་མ་ནི་ག་འདྲ་ཞིག་ཡིན།

མྱང་རྩི་སྤྲས་ཀྱི་ལོ་མའི་རིང་ཚད་ལ་ལིས་སྨིས6ནས12དང་། ཞེང་ཚད་ལ་ལིས་སྨིས3ནས6མཆིས་ཤིང་། གས་ཁུགས་ཆེན་པོ་གསུམ་ཡོད། ལོ་མའི་སྣེ་མོ་ཕྲ་ཞིང་མཐའ་སྐོར་དུ་སོག་ཁ་མངའ། ལོ་མའི་འོག་ངོས་ཀྱི་རྩ་རིས་གཡས་གཡོན་དུ་སྤུ་འཇམ་ཐུང་ངུ་ཙམ་མཆིས། ལོ་མར་ཡུ་བ་ཡོད་པ་དང་། ཡུ་བའི་རིང་ཚད་ལ་ལིས་སྨིས8ནས19ཡོད།

འབམ་སྨན་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

འུ་སུའི་ལོ་འབྲས་ཞོ་བདུན་སྐར་ལྔ། གུར་གུམ་ཞོ་བརྒྱད། རྒྱ་ཚྭ་ཞོ་གང་སྐར་ལྔ། རྒྱམ་ཚྭ་ཞོ་དོ། པྲིང་ཀུ་ཞོ་བདུན། ཆུ་རུག་སྦལ་ལག་ཞོ་བདུན། ཀླུ་བདུད་གཞོན་ནུ་ཞོ་ལྔ། མྱང་རྩི་སྤྲས་ཞོ་བཞི། གུལ་ནག་ཞོ་གསུམ། སྟག་ཤ་ཞོ་གསུམ་སྐར་ལྔ། བཅས་གཙང་བཟོས་ཞིབ་བཏགས་ཕྱེ་མ་བཟོ་རྒྱུ།ཕན་ནུས།འབམ་སྨན་བཅུ་གཅིག་ཅུང་བཟི་བསིལ་འབྲིང་འདིས། ཁྲག་ངན་ཆུ་སེར་སྨད་དུ་བབས

མྱང་རྩི་སྤྲས་ཀྱི་ཕན་ཡོན་ཅི།

ཕན་ཡོན་ནི་ཚད་པའི་ནད་རིགས་དང་། ལྷོག་པའི་ནད། རྨ་རྙིང་ལ་རྣག་བསགས་པ། ཆུ་སེར་གྱི་ནད། མིག་གི་ནད་སོགས་ལ་ཕན།

མྱང་རྩི་སྤྲས་ཅི་ཞིག་ལ་ཕན།

རོ་ཁ་ལ་བསྐ་བ་དང་ཞུ་རྗེས་བསིལ་བ།ནུས་པས་རྨ་འདྲུབ་ཅིང་ཆུ་འཐུང་རིམས་ཚད་སོགས་སེལ་བར་བྱེད།

མྱང་རྩི་སྤྲས་ནི་ཅི་འདྲ་ཞིག་ཡིན།

རྩྭ་ལྡུམ་རུལ་བའི་གསེབ་ནས་སྐྱེ་བའི་རྩ་བ་སེར་པོ་སྤུ་ཅན་ཚོས་དང་ཚོན་དུ་རུང་བ།རྐང་ཕྲ་ལ་ལྡེམ་པ་ལོ་མ་སྲབ་མོ་དབྱིབས་སྲུབ་ཀ་དང་འདྲ་བའི་ཉ་ག་ཅན།མེ་ཏོག་སེར་པོ་བཅད་ཁར་འོ་མ་འབབ་པ་དེ་ཡིན།སྨན་དུ་སྦྱར་བྱ་རྩ་བ་ཡིན།

མྱང་རྩི་སྤྲས་ཀྱི་མིང་གཞན་ལ་ཅི་ཟེར།

མིང་གཞན་ལ་མྱང་སྤྲས་དང་། ལྡུམ་པོ་སེར་པོ། ཡང་རྩི་སྤྲས། ཧོང་ལེན་སེར་པོ། སེར་པོ་ཁྲག་རྐང་སོགས་ཀྱང་ཟེར།

རག་འདུལ་གྱི་ལག་ཤེས།

སེར་པོ་མདོག་བཟང་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་མཚུར་ནག་ཆུར་སྦྱང་དྭངས་ཁུར་བཙོ་བཤལ་བྱས་ནས་གསེར་ལྟར་འདུལ།དེ་རྗེས་སྙ་ལོའི་ཁུ་བའི་ནང་སེར་མཚུར་དང་བྱང་བུལ་བཟང་པོ་ལྷད་མེད་ཅུང་ཟད་བཅས་བཏབ་པའི་ནང་དུ་བཙོ་བཤལ་བྱས་རྗེས་ཡང་སྐྱར་གོང་ལྟར་འདུལ།བཏུལ་ཚར་ནས་དམ་རྩི་སྦྱར་བའི་སྐབས་སུ་མྱང་རྩི་སྤྲས་ཀྱིས་ཁ་བསྒྱུར་ན་གསེར་གྱི་མདོག་ལྟར་འབྱུང་ངོ

འབྲེལ་ཡོད་འཚོལ་བཤེར།

མཐོ་རིམ་འཚོལ་བཤེར།
མྱང་རྩི་སྤྲས།
  •     རྩྭ་སྨན་ཞིག་སྟེ། འདི་ལ་མྱང་རྩི་འབྲས་འབྲི་བའང་ཡོད། རྒྱ་སྐད་དུ་ཧོང་ལེན་ཟེར་བ་དེར་ངོས་འཛིན།
 
འདི་ནི་ཁྱེད་ཀྱི་བཀའ་བརྡ་ལྟར་ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་བཙལ་འབྲས་ཡིན་པ་ལས། དྲ་ཚིགས་དེ་གའི་ནང་དོན་དང་ལྟ་ཚུལ་ལ་འཐད་འདུན་ཅི་ཡང་བསྟན་མེད།