ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར1,253ཡོད།  བཙལ་ཡུན་སྐར་ཆ 0.153 ཡིན།

འདུས་མ་བྱས_ཡོངས་འཛིན་བརྙན་རིས།

མངོན་པ་མཛོད་ཀྱི་ཞིབ་འཇུག་གནས་བབས་སྐོར་གླེང་བ།

https://video.yongzin.com/video..... དེ་བས་མང་།

འདུས་མ་བྱས།

elementary, unconditional 1.དག་ཡིག་གསར་བསྒྲིགས་ལས། ཡོད་པ་ལ་རྟག་དངོས་གཉིས་སུ་ཕྱེ་ནས་དངོས་པོ་ཐམས་ཅད་འདུས་བྱས་དང་རྟག་པ་ཐམས་ཅད་འདུས་མ་བྱས་ཡིན་པར་བཤད་པའི་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་བཤད་ཚུལ་ཞིག 2.བརྡ་དག་མིང་ཚིག་གསལ་བ་ལས། ནམ་མཁའ་ལྟ་བུ་སྟེ་རྟག་པའོ།། 无为( 佛),如虚空,常住

འདུས་མ་བྱས་བརྒྱད།

(འདུས་མ་བྱས་ཀྱི་ཆོས་བརྒྱད)དེ་བཞིན་ཉིད་གསུམ(ཆོས་དགེ་བ་དང༌། ཆོས་མི་དགེ་བ། ལུང་མ་བསྟན་པ་བཅས་རྣམས་ཀྱི་དེ་བཞིན་ཉིད) ནམ་མཁའ། སོ་སོར་བརྟགས་མིན་གྱི་འགོག་པ། སོ་སོར་བརྟགས་འགོག མི་གཡོ་བ། འདུ་ཤེས་དང་ཆོར་བ་འགོག་པ་རྣམས་སོ། །དེ་དང་རྟག་པ་དོན་གཅིག་སྟེ། རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པའི་ཆོས་རྣམས་སོ། །མཚན་གཞི་ནི་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུའོ

.འདུས་མ་བྱས་བཞི་ནི་གང་དག་ཡིན།

1.སོ་སོར་བརྟགས་པས་འགོག་པ། 2.སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ། 3.དེ་བཞིན་ཉིད། 4.ནམ་མཁའ་བཅས་འདུས་མ་བྱས་པ་སྟོང་པ་ཉིད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་ལས་གཞན་དུ་འགྱུར་བ་མེད་པའོ༎

འདུས་མ་བྱས་ཀྱི་ཆོས་བཞི་ནི་གང་དག་ཡིན།

1.སོ་སོར་བརྟགས་པས་འགོག་པ། 2.སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ། 3.དེ་བཞིན་ཉིད། 4.ནམ་མཁའ་བཅས་འདུས་མ་བྱས་པ་སྟོང་པ་ཉིད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་ལས་གཞན་དུ་འགྱུར་བ་མེད་པའོ༎

འདུས་མ་བྱས་ཡིན་ན་རྟག་པ་ཡིན་པས་ཁྱབ་བམ།

འདུས་མ་བྱས་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་སྟེ། རི་བོང་གི་རྭ་འདུས་མ་བྱས་ཡིན་ཡང་རྟགས་པ་མ་ཡིན་པའི་ཕྱིར་རོ། །

འདུས་མ་བྱས་ཀྱི་ནམ་མཁའི་མཚན་ཉིད་ཅི་ཡིན།

ཐོགས་རིག་བཀག་ཙམ་གྱི་མེད་དགག་འདུས་མ་བྱས་པའི་ནམ་མཁའི་མཚན་ཉིད།

འཕགས་སེང་གི་ལུགས་ལ་འཕགས་པ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པ་ཡབ་སྲས་དགོངས་པ་གཅིག་ཏུ་བབས་པའི་གཏམ་ཨུཏ་པ་ལའི་ཕྲེང་བ།

སོ་སྐྱེ་ལ་ཡིན་གྱི་འཕགས་པ་རྒྱུད་མ་སྨིན་པ་ཁས་ལེན་པའི་ཤེས་ལྡན་སུ་ཞིག་ཡོད། འཕགས་སེང་གི་ལུགས་ལ་ཉན་རང་འཕགས་པ་ཆོས་ཉིད་མ་རྟོགས་པའང་ཡོད་ན་འཕགས་པའི་གང་ཟག་འགའ་ཞིག་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་ཞིང་འགའ་ཞིག་མ་ཕྱེ་བར་འདོད་དགོས་པས་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་ཇི་ལྟར་འཆད། ཞེས་དང་། སློབ་དཔོན་སེང་གེ་བཟང་པོས་ཀྱང

དུས་གསུམ་བྱ་བའི་སྒོ་ནས་བཞག་ན་བྱ་བ་ཐུག་མེད་ཡིན་པར་ཐལ་བ་དང་བྱ་བ་འདུས་མ་བྱས་ཡིན་པར་ཐལ་བའི་སྐྱོན་ཁས་བླངས་གང་གི་དབང་གིས་བརྗོད།

བྱ་བ་རང་ཉིད་དུས་གསུམ་དུ་འཇོག་བྱེད་ཀྱི་བྱ་བ་གཞན་ཡོད་པར་ཁས་བླངས་ན་བྱ་བ་ཐུག་མེད་དུ་ཐལ་བ་དང་།མེད་པར་ཁས་བླངས་ན་འདུས་མ་བྱས་སུ་འགྱུར་ཏེ་དུས་ཀྱིས་མ་བསྡུས་པའི་ཕྱིར་རོ།།ཞེས་པའོ།།

ནི་སྒྲ་ཐ་དད་ཙམ་དགར་བའི་དཔེ་ཕྲིས།

རྣམ་པར་ཤེས་པ་ནི་གཟུགས་མ་ཡིན། འདུས་མ་བྱས་ནི་གཞན་དུའོ། །ཞིང་པ་རྣམས་ནི་བཟོ་པ་མིན། མཐིང་ག་ནི་སྔོ་སངས་ལས་གཞན་ནོ། །

འབྲེལ་ཡོད་འཚོལ་བཤེར།

མཐོ་རིམ་འཚོལ་བཤེར།
འདུས་མ་བྱས།
  •     ༡ རང་ཉིད་རྒྱུ་རྐྱེན་ལས་མ་སྐྱེས་པའི་ཆོས། ༢ སྐྱེ་འགག་གནས་གསུམ་དང་བྲལ་བའམ་དངོས་པོ་མ་ཡིན་པ།
 
འདི་ནི་ཁྱེད་ཀྱི་བཀའ་བརྡ་ལྟར་ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་བཙལ་འབྲས་ཡིན་པ་ལས། དྲ་ཚིགས་དེ་གའི་ནང་དོན་དང་ལྟ་ཚུལ་ལ་འཐད་འདུན་ཅི་ཡང་བསྟན་མེད།