ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར186ཡོད།  བཙལ་ཡུན་སྐར་ཆ 0.384 ཡིན།

སྟོབས་ལྔ།

དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་སྟོབས་ལྔ། ཡང་ན། འཕེན་པའི་སྟོབས་དང་། གོམས་པའི་སྟོབས། སུན་འབྱིན་པའི་སྟོབས། དཀར་པོ་ས་བོན་གྱི་སྟོབས། སྨོན་ལམ་གྱི་སྟོབས་ཏེ་བློ་སྦྱོང་དོན་བདུན་མའི་སྟོབས་ལྔའོ(བློ་སྦྱོང་ལས་བྱུང་བའི་སྟོབས་ལྔ)།དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན

སྟོབས་ལྔ།

དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་སྟོབས་ལྔ་ནི། དད་པ་ལ་སོགས་པ་ལྔ་བོ་འདི་ཉིད་རྒྱུན་རིང་དུ་བསྒོམས་པས། མ་དད་པ་དང་། ལེ་ལོ། དྲན་པ་ཉམས་པ། གཡེང་བ། ཤེས་བཞིན་མ་ཡིན་པ། མི་མཐུན་པའི་ཕྱོགས་ལྔ་བོ་འདིས་བར་ཆད་བྱ་མི་ནུས་པས་ན། དད་པ་ལ་སོགས་པའི་མཐུ་སྐྱེས་པའི་ཕྱིར་སྟོབས་ལྔ་ཞེས་བྱའོ

རྣམ་བྱང་གི་སྟོབས་ལྔ་ནི་གང་དག་ཡིན།

.①ང་རྒྱལ་བཅོམ་པས་ཡེ་ཤེས་ཀྱི་སྟོབས། ②ཐོས་པ་དང་མ་བྲལ་བས་ཤེས་རབ་ཀྱི་སྟོབས། ③ཁོང་ཁྲོ་བ་མེད་པས་བྱམས་པའི་སྟོབས། ④མཚན་ཡོངས་སུ་རྫོགས་པས་བཟོད་པའི་སྟོབས། ⑤འཁོར་དུ་བག་ཚ་བ་དང་། འཇིགས་དང་བྲལ་བས་མི་འཇིགས་པའི་སྟོབས་ཏེ། ཐམས་ཅད་མཁྱེན་པའི་སེམས་ཅན་ཐམས་ཅད་མི་གཏོང་བའི་སེམས་ཀྱི་སྟོབས་སོ། ། 《མདོ》ན་པ། ཤོག་གྲངས322

སྟོབས་ལྔའི་ངོས་འཛིན་མདོར་བསྡུས་ཏེ་བརྗོད་པ།

སྟོབས་ལྔའི་ངོས་འཛིན་མདོར་བསྡུས་ཏེ་བརྗོད་པ་འདི་ནི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགེ་བས་འགྲོ་ཀུན་བྱང་ཆུབ་སེམས་ལྡན་པའི་སྨོན་ལམ་དང་བཅས་སྦྱར་བའོ། །

རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལྔ་ནི་གང་དག་ཡིན།

1. ཤིན་ཏུ་ལྷག་པའི་བསམ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། 2.སྨོན་ལམ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། 3.དགེ་བའི་རྩ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། 4.བསྔོ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས། 5.ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་སོགས་དེའི་ནང་དུ་རྣམ་གྲངས་མང་བར་ཡོད་དོ། ། 《མདོ》ཕ་པ

བྱང་ཆུབ་སེམས་དཔའ་དད་པ་དང་ལྡན་པར་འགྱུར་བའི་སྟོབས་ལྔ་ནི་གང་དག་ཡིན།

1. མོས་པའི་སྟོབས། 2.བསོད་ནམས་ཀྱི་སྟོབས། 3.ལུས་ཀྱི་རྣམ་པར་སྨིན་པར་འཇུག་པའི་སྟོབས། 4.བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སྟོབས། 5.ཆོས་ཉིད་ལ་རྟོན་པའི་སྟོབས་སོ། 《མདོ》ན་པ། ཤོག་གྲངས187

འཕོ་བ་སྟོབས་ལྔ་མའི་བཤད་པ། བདེ་ལེགས་རིག་པའི་རལ་གྲི།

དེ་དང་དེ་བཞིན་དུ་དམ་པ་རྣམས་ཀྱིས། སྟོབས་ལྔ་བོ་འདི་ནི་ཚེ་གང་གི་ཉམས་ལེན་ཧཱུཾ་གཅིག་ཏུ་དྲིལ་བའི་གདམས་པ་ཡིན་ཞེས་ཡང་ཡང་གསུངས་པས་རྩིས་པོ་ཆེར་བལྟ་བར་བྱ། འོ་ན་སྟོབས་ལྔ་པོ་ནི་གང་དག་ཡིན་ནམ། དེ་དང་ཚེ་གང་གི་ཉམས་ལེན་ཇི་ལྟར་འདྲིས་པར་བྱ་དགོས་སམ་སྙམ་ན། བཤད་པར་བྱ་སྟེ། དང་པོ་སྟོབས་ལྔ་ནི་འདི་ལྟར་ཏེ། དཀར་པོ་ས་བོན་གྱི་སྟོབས

རྒྱལ་སྲས་འཆད་ཁ་བའི་བློ་སྦྱོང་དོན་བདུན་མའི་རྩ་ཚིག །

སྟོང་ཉིད་བསྲུང་བ་བླ་ན་མེད། ། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག ། ཕྲལ་ལ་གང་བྱུང་སྒོམ་དུ་སྦྱར། །བཞི་བ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། ། སྟོབས་ལྔ་དག་དང་སྦྱར་བར་བྱ། ། ཐེག་ཆེན་འཕོ་བའི་གདམས་ངག་ནི། ། སྟོབས་ལྔ་ཉིད་དང་སྤྱོད་ལམ་གཅེས། །ལྔ་བ་བློ་འབྱོངས་པའི་ཚད་ནི། ཆོས་ཀུན་་དགོས་པ་གཅིག་ཏུ་འདུས

དཔལ་སྒྲུབ་པར་བྱེད་པའི་སྟོབས་ལྔ་གང་དག་ཡིན།

1.ངང་ཚུལ་བཟང་པོའི་སྟོབས། 2.གྲོགས་དང་མཛའ་བཤེས་བཟང་པོའི་སྟོབས། 3.མི་ཞན་པའི་སྟོབས། 4.ཡིད་གཅུགས་པའི་སྟོབས། 5.ཆོས་ཀྱི་སྟོབས་སོ༎

བསླབ་པའི་སྟོབས་ལྔ་ནི་གང་དག་ཡིན།

1. དད་པ། 2.བརྩོན་འགྲུས། 3.ངོ་ཚ་ཤེས་པ། 4.ཁྲེལ་ཡོད་པ། 5.ཤེས་རབ་ཀྱི་སྟོབས་རྣམས་སོ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ཤོག་གྲངས3056

འབྲེལ་ཡོད་འཚོལ་བཤེར།

མཐོ་རིམ་འཚོལ་བཤེར།
སྟོབས་ལྔ།
  •     དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་སྟོབས་ལྔ། ཡང་ན། འཕེན་པའི་སྟོབས་དང་། གོམས་པའི་སྟོབས། སུན་འབྱིན་པའི་སྟོབས། དཀར.....
 
འདི་ནི་ཁྱེད་ཀྱི་བཀའ་བརྡ་ལྟར་ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་བཙལ་འབྲས་ཡིན་པ་ལས། དྲ་ཚིགས་དེ་གའི་ནང་དོན་དང་ལྟ་ཚུལ་ལ་འཐད་འདུན་ཅི་ཡང་བསྟན་མེད།