• ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མུའུ་ཉི་དང་མཇལ་འཛོམས་གནང་བ།
  • ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ཞེ་གཉིས་པར་མགོ་འཛིན་གནང་།
  • ཏེན་ཞུའེ་ཞང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་མན་སུའུ་ཨར་གཉིས་ཀྱིས་ཀྲུང་གོ་དང་ཨ་རབ་དངུལ་གཏོང་མཉམ་ལས་ཀྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་མཉམ་དུ་མགོ་འཛིན་མཛད།
  • ཏེན་ཞུའེ་ཞང་གིས་ཨུ་རུ་སིའི་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཆི་ཝེ་ལིའོ་ཧྥུའུ་ལ་མཇལ་འཕྲད་གནང་།
《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་ཁྲིད་ཀློག》ཅེས་པའི་ལེ་ཚན་གྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས།
ཝང་དབྱི་ཡིས་ཨོ་སོ་ཁྲུ་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལའེ་ཞིན་ཀི་དང་ཁ་པར་གྲོས་མོལ་བྱས།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རིམ་སྤོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱེད་སྒོ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་གཉེར་བ།
རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར།
ཝུའུ་ཞའོ་ཅུན་གྱིས་འཇར་མན་དང་ཧྥ་རན་སིའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོར་ཐུག་འཕྲད་གནང་།
ལུའོ་ཏུང་ཁྲོན་གྱིས་རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་དུ་རྟོག་ཞིབ་གནང་།

བརྙན་རིས་གསར་འགྱུར།

གསར་འགྱུར་འོས་སྦྱོར།

ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ཞེ་གཉིས་པར་མགོ་འཛིན་གནང་།

ཟླ4པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ཞེ་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་

ཨན་ཆིང་གྲོང་ཁྱེར་གྱིས་དཔྱིད་ཀའི་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་ཧུར་ཐག་སྤེལ་བ།

ཟླ་4པར་ཨན་ཆིང་གྲོང་ཁྱེར་གྱིས་དཔྱིད་ཀའི་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་བསྐངས་ཤིང་། འདི་ནི་ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་ཡུའེ་ཤིས་རྫོང་ཐེན་ཞ་མཛེས་ལྗོངས་ཁུལ་དུ་རི་སྐྱེས་སྟག་མ་མེ་ཏོག་རབ་ཏུ་བཞད་པའི་རྣམ་པ་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

ཝང་ཧུའུ་ཉིང་གིས་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་།

ཟླ4པའི་ཚེས23ཉིན། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུ་དེ་ཚེས23ཉིན་པེ་ཅིན་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། "སྲུང་སྐྱོང་གཉིས"ལེགས་པོར་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ལེགས་པོ་ཞུ་བ་དང་རོགས་ཤུགས་འདོན་དགོས།ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་བས། དུས་རབས་གསར་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཐད་མཐུན་སྒྲིལ་དང་ཡར་བརྩོན། གསར་འབྱེད། གསོན་ཤུགས་ལྡན་པ་བཅས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད། སྐྱོད་ལམ་གསར་བའི་སྟེང་། འཐབ་ཕྱོགས་གཅིག་གྱུར་བྱ་བ་དེ་གནས་བབ་གསར་བ་དང་གནས་ཚུལ་གསར་བར་འཕྲད་ཡོད་ལ། ལས་འགན་སྔར་ལས་ལྕི་ཞིང་བླང་བྱ་སྔར་ལས་མཐོ་བས། ཐོག་མཐའ་བར་གསུམ་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པ་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མཐོར་འདེགས་བཏང་ནས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་སྒོས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་འགན་འཁྲི་གལ་ཆེན་དམ་འཛིན་ནན་མོ་བྱས་ནས། མི་སེམས་གཅིག་སྡུད་དང་ཐུན་མོང་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་བྱ་བར་ལེགས་པོར་སྒྲུབ་དགོས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་རྒྱུན་འཁྱོངས་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། འཐབ་ཕྱོགས་གཅིག་གྱུར་ཁོངས་མིའི་མཐུན་སྒྲིལ་དང་འབྲེལ་གཏུག ཞབས་ཞུ། ཁྲིད་སྟོན་བཅས་མངོན་འགྱུར་བྱེད་དགོས།ཝང་ཧུའུ་ཉིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མཉམ་འཛིན་སྤྱི་འདོམས་ཀྱི་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། དངོས་འབེབས་དམ་འཛིན་གྱི་ནུས་པ་མཐོར་འདེགས་བཏང་སྟེ། དངོས་སྒྲུབ་ཁག་ཁུར་ལ་ཤུགས་སྣོན་པ་དང་བདེན་སྲུང་གསར་གཏོད་ལ་སྐུལ་འདེད་གཏོང་བ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་སོ་སོའི་བྱ་བ་དམ་འཛིན་ནན་མོ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་བ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་རུ་ཁག་སྒྲིག་འཛུགས་བྱས་ཏེ། སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་བློའི་རྣམ་པར་བརྟེན་ནས་ལས་སྒྲུབ་འགན་ཁུར་དང་ཁག་ཁུར་ལས་བརྩོན་བྱེད་དགོས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཚོགས་འདུར་མགོ་འཛིན་གནང་། ལིའོ་ཉིང་དང་། ཀྲེ་ཅང་། ཧུའུ་ནན། ཀོང་ཏུང་། ཞིན་ཅང་སོགས་ཞིང་ཆེན་གྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་པ་རེད། །

ས་མཐོའི་ཐོན་རྫས་ལ་རྒྱལ་ས་པེ་ཅིང་དུ་དགའ་བསུ་ཆེན་པོ་ཐོབ་པ།

ས་མཐོའི་དམིགས་བསལ་ཁྱས་ལྡན་ཐོན་རྫས་རྒྱལ་ས་པེ་ཅིང་དུ་འགྲེམས་སྤེལ་བྱེད་པའི་སྐབས་འདིར། གནས་འདིའི་གྲོང་མི་དང་ཡུལ་སྐོར་བ་ལ་སོགས་པའི་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག་ལ། ང་ཚོ་གསར་འགོད་པར་ཡང་གློ་བུར་དུ་རྔ་བ་ཞེས་པའི་གནས་མཆོག་དེར་སླེབས་པའི་མྱོང་ཚོར་ཆེན་པོ་ཞིག་སྐྱེས་བྱུང་། ད་ཐེངས་ཀྱི་བྱེད་སྒོ་འདི་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆངང་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་སྤྱིའི་སྣོད་བཅུད་རིག་གནས་ཡུལ་སྐོར་འཛུགས་སྐྲུན་བྱེད་པར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། པེ་ཅིང་དང་རྔ་བའི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་ཆེད། སྤྱི་ཟླ་4པའི་ཚེས་23ཉིན་ནས་ཚེས་28ཉིན་བར་གནམ་འོག་གཟི་ཚ་སྡེ་དགུ། མཛེས་པའི་རྔ་བ་ཁུལ་ཞེས་པའི་ཡུལ་སྐོར་དྲིལ་བསྒྲགས་ངོ་སྤྲོད་བྱེད་སྒོ་པེ་ཅིང་དུ་སྤེལ་དང་སྤེལ་མུས་རེད། བྱེད་སྒོའི་ཐོག ཐོན་རྫས་མཚམས་སྦྱོར་དང་། ཚོང་འགུགས་མ་འདྲེན། རིག་གནས་འགྲེམས་སྟོན། མངོན་མེད་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཀྱི་ཐོག་ནས་རྔ་བ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་མཐོའི་གོང་འཕེལ་གྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ད་རེས་ཀྱི་རིག་གནས་ཡུལ་སྐོར་མཚམས་སྦྱོར་གྱི་བྱེད་སྒོ་འདི་ནི་མིག་ཡིད་རྣ་བའི་དགའ་སྟོན་ཞིག་རེད་འདུག་ལ། དེ་བས་ཀྱང་པེ་ཅིང་དང་རྔ་བ་ས་ཆ་གཉིས་ཀྱི་མི་རིགས་རིག་གནས་སྤེལ་རེས་མཉམ་འདྲེས་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཐེ་རོན་ཕུའི་སྐད་ཆ་དེར་ཀྲུང་གོའི་ཕྱི་འབྲེལ་པུས་ལན་ཆ་འདི་ལྟར་བྱས།

ཐེ་རོན་ཕུས་ཀྲུང་གོའི་ཐོན་རྫས་ནས་བསྡུ་བའི་སྒོ་ཁྲལ་ཅིག་བྱས་ན་ཤུགས་ཆེན་གཅོག་རྒྱུ་ཡིན་ཞེས་བརྗོད་པའི་ཐད་རང་རྒྱལ་གྱི་ཕྱི་འབྲེལ་པུའུ་ནས་ལན་ཆ་བྱས་འདུག ཁ་ས་ཕྱི་འབྲེལ་པུའུ་ཡི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་ཡོད། གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་གསར་འགོད་པར། ཀྲུང་གོའི་ཐོན་རྫས་ནས་སྒོ་ཁྲལ་145%བསྡུ་བ་དེ་ནི་དངོས་འབྲེལ་མཐོ་དྲགས་འདུག གྲོས་ཆོད་བཞག་རྗེས་ཨ་རིས་ཀྲུང་གོའི་ཚོང་ཟོག་གི་སྒོ་ཁྲལ་ཤུགས་ཆེན་པོས་གཅོག་རྒྱུ་ཡིན། ཡིན་ནའང་ཀླད་ཀོར་བར་གཅོག་མི་སྲིད་ཅེས་བརྗོད་ཡོད། ཀྲུང་གོས་དེའི་ཐད་དཔྱད་གླེང་གང་གནང་གི་ཡོད་ཅེས་དྲིས་པར། དེའི་ཐད་མགྲིན་ཚབ་པ་ཀོ་ཅ་ཁུན་གྱིས། ཀྲུང་གོས་སྔ་ས་ནས་བཤད་པ་ཡིན། སྒོ་ཁྲལ་དམག་འཁྲུག་དང་ཉོ་ཚོང་དམག་འཁྲུག་ནང་རྒྱལ་ཁ་ཐོབ་མཁན་ཞིག་ཡོང་མི་སྲིད། སྲུང་སྐྱོབ་རིང་ལུགས་ལ་ཐར་ལམ་མེད་པ་དང་། ཚོང་འབྲེལ་བཅད་པའི་མཇུག་འབྲས་ནི་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་རྒྱུ་དེ་ལས་མེད། ཨ་རིས་བསླངས་པའི་སྒོ་ཁྲལ་དམག་འཁྲུག་ཐད་ཀྲུང་གོས་འཛིན་པའི་རྣམ་འགྱུར་ནི་ཁ་གསལ་ཐག་ཆོད་ཡིན། ང་ཚོ་འཐབ་རེས་བྱེད་འདོད་མེད་ལ། འཐབ་རེས་བྱེད་པར་ང་ཚོ་སྐྲག་གི་ཡང་མི་འདུག གལ་སྲིད་འཐབ་རེས་བྱེད་ཟེར་ན། ཡ་ལན་མཐར་ཕྱིན་པ་སྤྲད་ཆོག གལ་སྲིད་གླེང་མོལ་བྱེད་འདོད་ན། ང་ཚོས་གླེང་མོལ་གྱི་སྒོ་མོ་རྒྱ་ཆེར་ཕྱེ་ཡོད། གལ་སྲིད་ཨ་རིར་དངོས་གནས་གླེང་མོལ་གྲོས་མོལ་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ན། འཕྲལ་དུ་འཇིགས་སྐུལ་སྙད་འདོགས་བྱེད་མཚམས་འཇོག་དགོས་པ་དང་། འདྲ་མཉམ་དང་། བརྩི་བཀུར། གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་དང་གླེང་མོལ་བྱེད་དགོས་ངེས་ཡིན། ཕྱོགས་གཅིག་ནས་ཀྲུང་གོའི་བར་གྲོས་མཐུན་འཇོག་རྒྱུ་ཡིན་ཞེས་བརྗོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་ཟམ་མི་ཆད་པར་གནོན་ཤུགས་ཆེན་པོ་སྤྲོད་པ་དེ་ནི། ཀྲུང་གོའི་བར་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཡང་དག་པ་ཞིག་མ་རེད་ལ། དེ་ནི་ལུགས་དང་མཐུན་པ་ཞིག་ཀྱང་མ་རེད་ཅེས་གསུངས་འདུགཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

བོད་ལྗོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཕེལ་ཁ་བཟང་།

གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྐོང་ཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2025ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་717.21ཟིན་ནས་དུས་མཚུངས་ལས་7.9%འཕར་ཡོད་པ་རེད། དེ་ཡང་ཞིང་ལས་ཐོན་སྐྱེད་བརྟན་པོ་ཡིན་པ་དང་ཞིང་ནགས་འབྲོག་གསུམ་དང་ཉ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆ་10.5འཕར་བ་དང་། ཤ་ཚལ་སྒོང་གསུམ་དང་དཀར་ཆུའི་ཐོན་ཚད་བརྒྱ་ཆ་23.1འཕར་བ། དེ་བཞིན་བཟོ་ལས་དཔལ་འབྱོར་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་ལས་17.9%འཕར་བ། མ་འཇོག་དང་འཛད་སྤྱོད་ཀྱི་གསོན་ཤུགས་མུ་མཐུད་འཕེལ་ནས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་27.7%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་11.1%འཕར་བ་བཅས་བྱུང་ཡོད་པ་རེད། གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ་8.1འཕར་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད། ཡུལ་སྐོར་ཁྲོམ་ར་མུ་མཐུད་འཁྲུག་ཏུ་ཕྱིན་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དུས་མཚུངས་ལས་11.7%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་11.1%འཕར་ཡོད་པ་རེད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་མུ་མཐུད་འཕར་བ་དང་། དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་བརྒྱ་ཆ་5.9འཕར་ཡོད། ནོར་སྲིད་གཏོང་ཡོང་ཅུང་མགྱོགས་པོ་འཕར་བ་དང་། དངུལ་རྩའི་དངུལ་བུན་བརྟན་པོའི་ངང་འཕར་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་ལྡན་བྱུང་བ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་བརྒྱ་ཆ་12.4འཕར་ནས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད་པ་རེད། གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་གྱི་ལས་ཀའི་སྤྱིའི་གཞི་གདན་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལ་དམ་འཛིན་བྱེད་པ། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ལྷ་སར་དངུལ་ཁྲི་508ཁ་བསླུས་རྒྱག་པའི་གྱོད་གཞི་ཞིག་བཀག་འགོག་བྱས།

སྤྱི་ཟླ་4པའི་ཚེས་21ཉིན་ཆུ་ཚོད་16ཙམ་ལ། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ལས་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་ཁུངས་སྣེ་གལ་ཆེན་ཞིག་ཤེས་རྟོགས་བྱུང་བ་སྟེ། གྲོང་མི་སྐུ་ཞབས་ལི་ལགས(གསང་མིང་)ཀྱིས་ཉིན་གཉིས་པར་དངུལ་སྨར་སྒོར་ཁྲི་508ལེན་རྩིས་ཡོད་པ་དང་། མགོ་སྐོར་ཐེབས་པའི་ཉེན་ཁ་ཡོད་པ་རེད། ཁུངས་སྣེ་ཁོང་དུ་ཆུད་རྗེས། ཉེན་རྟོག་པས་འཕྲལ་མར་ཁ་བསླུས་ངོ་རྒོལ་གྱི་འཕྲལ་སྡོམ་ཐག་གཅོད་ཀྱི་གོ་རིམ་ལག་ལེན་བསྟར་ནས། དབྱེ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་མི་ངན་གྱིས་སྐུ་ཞབས་ལི་ལགས་ལ་ཁ་བསླུས་རྒྱག་ཉེན་ཡོད་པ་གཏན་འཁེལ་ཐུབ་ཡོད། ཛ་དྲག་པའི་སྐབས་འདིར། མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་ཆེད། མི་དམངས་ཉེན་རྟོག་པས་འཕྲལ་མར་བྱ་སྤྱོད་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་བྱས་པ་དང་། ཕྱོགས་མང་པོས་མཉམ་དུ་བཙལ་འཚོལ་བྱས་པ་བརྒྱུད་ཆུ་ཚོད་གཉིས་ཀྱི་རྗེས་སུ་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ནས་སྐུ་ཞབས་ལི་ལགས་རྙེད་པ་རེད། མ་དངུལ་གྱི་སྤྱོད་སྒོའི་ཐད་འདྲི་རྩད་བྱེད་སྐབས་སྐུ་ཞབས་ལི་ལགས་ཀྱིས་སྐད་ཆ་བཤད་ཙམ་སྐུང་ཙམ་བྱེད་ཀྱི་ཡོད། ཁོང་གི་མོས་མཐུན་ཐོབ་རྗེས། ཉེན་རྟོག་པས་ཁོང་གི་ལག་ཐོགས་ཁ་པར་ལ་བལྟས་པ་དང་། ཁ་པར་ནང་དུ་ཕབ་ལེན་བྱས་པའི་མ་འཇོག་དང་རྒྱུ་ནོར་དོ་དམ་གྱི་APPརྫུན་མར“ཁེ་སྤོགས་མཐོ་བ་དང་ཁེ་སྤོགས་བརྟན་པོ་ཡིན་པ”དང་“ནང་ཁུལ་གྱི་ཐབས་ལམ་ཐོག་ནས་མ་རྐང་འོས་སྐུལ་བྱེད་པ”སོགས་དཔེ་མཚོན་གྱི་ཁ་བསླུས་རྒྱག་པའི་སྐད་ཆ་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཉེན་རྟོག་པས་ཞིབ་ཚགས་དང་ནན་ཏན་ངང་ཁ་ཏ་བསླབ་བྱ་བྱས་པར་བརྟེན། མཐར་སྐུ་ཞབས་ལི་ལགས་མགོ་སྐོར་གྱི་རྨོངས་གཉིད་ལས་སད་པ་རེད།(拉萨市反诈骗中心民警为李先生播放类似的反诈骗宣传视频) སྐུ་ཞབས་ལི་ལགས་ཀྱིས་སེམས་སུ་དངངས་སྐྲག་སྐྱེ་བཞིན་ཕྱིར་དྲན་བྱས་དོན། “ལྷ་སའི་སྤྱི་བདེའི་ལས་མིར་བཀའ་དྲིན་ཆེ་ཞུ། ཁོང་ཚོ་མེད་ན་ངས་ལོ་འགའི་རིང་རྔུལ་ཁྲག་ལ་བརྟེན་ནས་བསགས་པའི་དངུལ་ཚང་མ་ཁ་བསླུས་བརྒྱབ་ནས་སྟོང་ཉེན་འདུག” དོན་དངོས་སུ། སྤྱི་ཟླ་4པའི་ཚེས་16ཉིན། ཁོང་གིས་བརྙན་ཐུང་སྟེགས་བུ་ཞིག་ནས་APPཞིག་ཕབ་ལེན་བྱས་རྗེས། “མ་རྐང་ཁེ་ཚོང་སློབ་དཔོན”ཡིན་ཟེར་མཁན་ཞིག་གིས“རིགས་གཅིག་མཁས་ཅན་གྱིས་མ་རྐང་འོས་སྦྱོར་བྱེད་པ”དང་“ཁེ་བཟང་བརྟན་པོ་ཐོབ་ནས་གྱོང་གུན་མི་ཕོག”ཅེས་པའི་སྐད་ཆས་བསླུ་བྲིད་བྱས་ནས་གོམ་སྟབས་རེ་རེ་བཞིན་འཇམ་ཁྲིད་བྱས་པ་རེད། སྐུ་ཞབས་ལི་ལགས་ཀྱིས་རྫུན་མ་བདེན་པར་ཡིད་ཆེས་ནས། དངུལ་ཁང་ནང་གི་ཐེབས་རྩའི་ཐོ་ཁོངས་ནས་སྒོར་ཁྲི་508ཚུར་བླངས་ཏེ། སྤྱི་ཟླ་4པའི་ཚེས་22ཉིན“ཉོ་ཚོང་རྫུན་མ”དེ་ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་འགག་རྩའི་དུས་སུ་ལྷ་སའི་སྤྱི་བདེས་དུས་ཐོག་ཏུ་ཁོང་རྙེད་པ་དང་འབྲེལ་ངང་རྒྱུད་རིང་པོས་བཀག་འགོག་བྱས་པས་ད་གཟོད་རྒྱུ་ནོར་འབོར་ཆེན་གྱི་གྱོང་གུན་བཟོས་མེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེས་བདེ་བླག་ངང་བཀག་འགོག་བྱས་པའི་ཁ་བསླུས་ཀྱི་དངུལ་གྲངས་མང་ཤོས་ཀྱི་གྱོད་གཞི་ཞིག་རེད། ཉེན་རྟོག་ཕྱོགས་ལ་ཐུགས་རྗེ་ཆེ་ཞུ་ཆེད། སྤྱི་ཟླ་4པའི་ཚེས་23ཉིན་གྱི་སྔ་དྲོ་སྐུ་ཞབས་ལི་ལགས་ཀྱིས“སེམས་ཁྲལ་དཀའ་ངལ་སེལ་བ་དམངས་ཀྱི་ཆེད། བློ་སེམས་གཅིག་གིས་དམངས་ལ་སྲི་ཞུ་སྒྲུབ”ཅེས་འཁོད་པའི་གོས་དར་ཞིག་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཉེན་རྟོག་པའི་ཕྱག་ཏུ་ཕུལ་ཡོད། མིག་སྔར། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས“དངུལ་འཛིན་ཀུང་སིའི་ལས་མི”(དོན་དངོས་ཐོག་གློག་འཕྲིན་ཁ་བསླུས་རྒྱག་མཁན་)ལ་དམིགས་ནས་ཁུངས་འདེད་མྱུལ་ཞིབ་བྱེད་བཞིན་པ་དང་། ནུས་ཤུགས་ཡོད་རྒྱུས་ཉེས་གསོག་གི་འབྲེལ་ཐག་བཅད་པ་དང་། གློག་འཕྲིན་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་མུས་ཡིན་པ་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཨ་རིར་སླར་ཡང་མངའ་སྡེ་11གིས་ཐེ་རོན་ཕུའུ་སྲིད་གཞུང་ཞུ་གཏུག་བྱས་པ།

ས་གནས་དེ་གའི་དུས་ཚོད་ཚེས་23ཉིན། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཨ་རིའི་ཉིའུ་གཡོད་མངའ་སྡེ་དང་ཡ་ལི་སང་ན་མངའ་སྡེ། ཁོ་ལོ་ལ་ཏུའོ་མངའ་སྡེ། ཁང་ཉེ་ཏི་ཀེ་མངའ་སྡེ། ཐེ་ལ་ཧྭ་མངའ་སྡེ། དབྱི་ལི་ནུའོ་ཡེ་མངའ་སྡེ། མེན་དབྱིན་མངའ་སྡེ། མིང་ཉི་སུའུ་ཏ་མངའ་སྡེ། མོ་ཞི་ཁོ་གསར་པ་མངའ་སྡེ། ཨེར་ལེ་ཀང་མངའ་སྡེ། ཧྥོ་མོང་ཐེ་མངའ་སྡེ་བཅས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཉོ་ཚོང་ཁྲིམས་ཁང་དུ་གཏུག་བཤེར་བྱས་ནས། ཐེ་རོན་ཕུའུ་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱེད་པར་བཀག་འགོག་བྱེད་རྩིས་བྱས་པ་མ་ཟད། ཁྲིམས་ཁང་གིས་གང་དེའི་སྒོ་ཁྲལ་སྲིད་ཇུས་གསར་པ་ནི་ཁྲིམས་འགལ་ཞིག་ཡིན་པ་ཁྱབ་བསྒྲགས་བྱ་རྒྱུའི་བརྩོན་ལེན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིའུ་གཡོད་མངའ་སྡེ་ཡི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་ལི་ཏི་ཞི་ཡ·ཀྲན་མུའུ་སི་ཡིས་གཏུག་བཤེར་སྐོར་གྱི་གསལ་བསྒྲགས་ཤིག་ནང་། ཙུང་ཐུང་ལ་གང་འདོད་དུ་ཁྲལ་བསྡུ་མཐོ་རུ་གཏོང་བའི་དབང་ཆ་མེད། འོན་ཀྱང་ཐེ་རོན་ཕུའུ་ཡིས་སྒོ་ཁྲལ་སྲིད་ཇུས་ཀྱི་གནད་དོན་ཐད་དེ་ལྟར་བྱས་པ་རེད་ཅེས་བཤད་པ་དང་། གཏུག་བཤེར་དེའི་ནང་ཐེ་རོན་ཕུའུ་ཡིས་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱེད་སྐབས་དྲངས་པའི《རྒྱལ་སྤྱིའི་ཛ་དྲག་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས》གཞིར་བཟུང་ཨ་རིའི་ཙུང་ཐུང་ལ་སྒོ་ཁྲལ་གང་འདོད་དུ་བསྡུ་བའི་དབང་ཆ་མེད་པའི་ངོས་འཛིན་བྱས་ཡོད། དེ་གོང་། ཨ་རིའི་ཁ་ལི་ཧྥུ་ཉི་ཡ་མངའ་སྡེ་ཡི་འགོ་འཛིན་ཅ་ཝུན·ཉིའུ་སེན་གྱིས་ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་སྒོ་ཁྲལ་གནད་དོན་ཐད་ཀྱི་རྐྱེན་པས་ཐེ་རོན་ཕུའུ་སྲིད་གཞུང་ལ་གཏུག་བཤེར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཁོང་གིས་ཐེ་རོན་ཕུའུ་ཡིས་སྒོ་ཁྲལ་སྲིད་ཇུས་གང་བྱུང་དུ་སྤྱོད་པའི་བྱ་སྤྱོད་ནི་ཁྲིམས་འགལ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་འདུག དེ་ནི་ཐེ་རོན་ཕུའུ་ཡི་སྒོ་ཁྲལ་གྱི“དབྱུག་པ་ཆེན་པོར”འགྲན་སློང་བྱས་པའི་ཨ་རིའི་མངའ་སྡེ་སྲིད་གཞུང་ཐོག་མ་དེ་རེད། ཁ་ལི་ཧྥུ་ཉི་ཡ་མངའ་སྡེའི་འགོ་འཛིན་གཞུང་དོན་ཁང་གིས་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། གཏུག་བཤེར་དེ་ཁ་ལི་ཧྥུ་ཉི་ཡ་མངའ་སྡེའི་བྱང་ཁུལ་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་དུ་བཏོན་པ་དང་། ཁྲིམས་ཁང་གིས་ཐེ་རོན་ཕུའུ་སྲིད་གཞུང་གིས་བསྡུས་པའི་སྒོ་ཁྲལ་རྩིས་མེད་དུ་གཏོང་བ་མ་ཟད་ལག་བསྟར་བྱེད་མི་ཆོག་པ་ཁྱབ་བསྒྲགས་བྱ་རྒྱུའི་རེ་བ་བཏོན་ཡོད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

སྐབས་137པའི་ཀོང་ཀྲོའུ་ཚོང་འདུས་དུས་ཐེངས་གཉིས་པ་འགོ་ཚུགས་འདུག

སྤྱི་ཟླ་4ཚེས་23ཉིན། སྐབས་137པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་གཉིས་པ་དངོས་སུ་འཚོགས་འགོ་ཚུགས་པ་དང་། དུས་ཐེངས་གཉིས་པའི་ཚོང་འདུས་དེ་“སྤུས་ལེགས་ཁྱིམ་ཆས”ཀྱིས་བརྗོད་བྱ་གཙོ་བོ་བྱས་པ་དང་། སྤྱི་ཟླ་4ཚེས་27ཉིན་བར་དུས་ཡུན་ཉིན་ལྔ་འཚོགས་རྒྱུ་རེད། དུས་ཐེངས་གཉིས་པའི་ཚོང་འདུས་ཐོག་ཁྱིམ་ཚང་གི་མཁོ་ཆས་དང་། ལག་རྟགས་དང་རྒྱན་སྤྲོས་ཅ་དངོས། ཨར་ལས་རྒྱུ་ཆ་དང་ཁྱིམ་ཆས་བཅས་ཆ་ཤས་གསུམ་གྱི་འགྲེམས་ཁུལ་15བཙུགས་ཡོད་པ་དང་། འགྲེམས་རྫས་ཁྲི་16.7ཙམ་ཡོད་ཅིང་། དུས་ཐེངས་གསུམ་ནང་ནས་མང་ཤོས་དེ་ཡིན་པ་རེད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་གཉིས་པའི་འགྲེམས་སྟོན་བྱ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་51.5དང་འགྲེམས་གནས་24735ཡོད་པ་དང་། ཚོང་འདུས་ལ་ཞུགས་མཁན་ཁེ་ལས་10313ཡོད་པ་དེ་སྐབས་གོང་མ་ལས་ཁེ་ལས་273མང་དུ་ཕྱིན་ཡོད། ཀོང་ཀྲོའུ་ཚོང་འདུས་ལས་དོན་ཁྲུའུ་ཡི་འགྲེམས་སྟོན་སྒྲིག་འཛུགས་གཉེར་སྐྱོང་ལས་དོན་ཅིང་ལི་དབྱང་ཅིང་གིས། དུས་ཐེངས་གཉིས་པར“ཁྱིམ་ཆས་ཆེན་པོའི”ནང་དོན་སྔར་བས་མངོན་གསལ་དོད་དུ་བཏང་ནས། ཆེད་ལས་ཀྱི་ཆ་ཤས་ཆེ་རུ་དང་སྟོབས་ཆེར་བཏང་སྟེ། མང་ཚོགས་ཀྱི་འཛད་སྤྱོད་རིམ་སྤོར་དང་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དེ་བས་འཚམ་པ་དང་། གོ་ལ་ཧྲིལ་པོའི་ཚོང་པས་སྤུས་ལེགས་ཁྱིམ་ཆས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་སྣ་མང་ཅན་གྱི་གདམ་ག་དེ་བས་ལེགས་པར་སྐོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་23ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་23ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་གྱི་ཐང་ཆེན་ཐོག་མཛད་སྒོ་འཚོགས་ནས། ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ལི་ཡེ་ཧྥུས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད། ཨ་ལི་ཡེ་ཧྥུར་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། ཙུང་ལི་གཞོན་པ། ཕྱི་འབྲེལ་པུའི་པུའུ་ཀྲང་སོགས་ཡོད་པ་རེད། དམག་དཔུང་རོལ་ཆ་ཚོགས་པས་ཨ་ཟེར་བྷེ་ཇེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཞིང་། གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད། ཨ་ལི་ཡེ་ཧྥུས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཡོད། ཨ་ལི་ཡེ་ཧྥུ་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་རེད། དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད། ཞི་ཅིན་ཕིང་གིས། བློ་ཁ་མཐུན་ན་རི་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང་། མ་གཞི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་དབར་གྱི་འབྲེལ་བ་ནི་ལེ་དབར་ཁྲི་སྟོང་གིས་ཆོད་ཀྱང་ཐུན་མོང་ངོས་འཛིན་གཅིག་མཐུན་ཡིན་ཞིང་། དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་བརྟན་དུ་འགྲོ་བཞིན་ཡོད་ཅེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས། ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་མཐའ་འཁྱོངས་བྱས་ཏེ། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་རོགས་ལས་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་གྱི་ཕྱོགས་ཡོངས་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་པ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དར་རྒྱས་ལ་རམས་འདེགས་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བའི་བསྐྲུན་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ་འཐབ་ཇུས་རོགས་ཟླ་ཡིན་པའི་དགོས་ངེས་ཀྱི་འོས་འགན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇེན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱས་ཏེ་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་ཐོག་མུ་མཐུད་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨ་ཟེར་བྷེ་ཇེན་ཕྱོགས་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་སྤེལ་ནས། སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། རྩེ་རིམ་ཇུས་འགོད་ལེགས་འགྱུར་བྱེད་པ་དང་། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བཅས་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གཏིང་ཟབ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས། སློབ་གསོ་དང་། རིག་གནས། ཡུལ་སྐོར། གཞོན་ནུ། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མཛའ་བཤེས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། སྒོ་ཁྲལ་དམག་འཐབ་དང་ཉོ་ཚོང་དམག་འཐབ་ཀྱིས་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་ཞིར་གཏོར་བཤིག་གཏོང་བ། འཛམ་གླིང་དཔལ་འབྱོར་སྒྲིག་ལམ་ལ་བརྡབ་གསིག་བཟོ་ཡི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་རྩ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས། རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད། ཨ་ལི་ཡེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་བྱུང་བ་དང་། རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། འཛམ་གླིང་འདི་ཉིད་མ་གཞི་ལོ་བརྒྱའི་འཕོ་འགྱུར་ཁྲོད་གནས་མོད། འོན་ཀྱང་ཨ་ཟེར་བྷེ་ཇན་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་པས། མཉམ་ལས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཉོ་ཚོང་འབྲེལ་བ་གོང་འཕེལ་མྱུར་པོ་བྱུང་བ། ས་གནས་ཀྱི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ། མཉམ་འབྲེལ་མཉམ་མཐུད་ལ་གོང་འཕེལ་མྱུར་པོ་བྱུང་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ས་ཆའི་ཁ་འབྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པ་མཐའ་འཁྱོངས་བྱེད་པ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་བྱས་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱིས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ལ་ཕན་ཐོགས་ཡོད་པས། ཨ་ཟེར་བྷེ་ཇན་གྱིས་དེར་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱེད་བཞིན་ཡོད། ཨ་ཟེར་བྷེ་ཇན་གྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཐོག རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། སྲིད་ཏང་དང་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ཀྱི་རོགས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རིམ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད། མཇལ་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག《ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཁྲིམས་འཛིན། ལྗང་མདོག་གོང་འཕེལ། གྲངས་འཛིན་དཔལ་འབྱོར། ཤེས་བྱའི་ཐོན་དབང་། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལ་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད། ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨ་ལི་ཡེ་ཧྥུ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད། ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།

སྨན་བཅོས་འགན་བཅོལ་སྐོར་གྱི་གཏམ་བཟང་།

ཉེ་ཆར། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་དང་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་མཉམ་དུ་བཙུགས་པའི“སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚབ་སྒྲུབ་ཀྱི་ཞབས་ཞུའི་ས་ཚིགས”6གི་སྒོ་བྱང་དངོས་སུ་བཀལ་བ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི“སྨན་བཅོས་འགན་བཅོལ་དང་དངུལ་ཁང་མཉམ་ལས”བྱེད་པ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས“སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚབ་སྒྲུབ་ཀྱི་ཞབས་ཞུའི་ས་ཚིགས”ནས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་། སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་འདྲི་རྩད། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་བཟོ་རོགས་བྱེད་པ་སོགས་ཀྱི་ལས་སྒོ་ཁག་14གཅིག་འཐུས་རྣམ་པའི་ཐོག་ནས་སྒྲུབ་ཆོག་པས། གཞི་རིམ་གྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེས་ཆེར་ཕྱིན་ཏེ་ལས་སྒོ་སྒྲུབ་ས་གཅིག་ནས་དོན་དག་མང་པོ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།མིག་སྔར། ལྷ་ས་གྲོང་ཁྱེར་དུ་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་ཚབ་སྒྲུབ་ཀྱི་ཞབས་ཞུའི་ས་ཚིགས9བཙུགས་ཡོད་པ་སྟེ། བོད་ལྗོངས་དངུལ་ཁང་རྔ་ཆེན་ལམ་ཉིང་ལག་དངུལ་ཁང་དང་། ཞིང་ལས་དངུལ་ཁང་མཁར་རྔ་གདོང་ལམ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་གྲོང་བྱང་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་གྲོང་ནུབ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་དཔལ་འབྱོར་གསར་སྤེལ་ཁུལ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཞིང་ལས་དངུལ་ཁང་སྣེའུ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་ལྷ་ས་གྲོང་ཁྱེར་ཡན་ལག་ཀུང་སི། ཀྲུང་གོ་མི་སྲོག་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སི་བཅས་ཡིན་པ་དང་། མང་ཚོགས་12000ལྷག་ཙམ་ལ་ཕན་པ་ཐོབ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

གསེར་གྱི་རིན་གོང་སླར་ཡང་ལོ་རྒྱུས་ཐོག་གི་མཐོ་ཤོས་ལ་སླེབས་འདུག

ཉེ་དུས་རྒྱལ་སྤྱིའི་གསེར་གྱི་རིན་གོང་ཡང་ཡང་འཕར་ཡོད། ཨ་རིས་སྒོ་ཁྲལ་སྲིད་ཇུས་གང་བྱུང་ལག་བསྟར་བྱས་པའི་དབང་གིས་གོ་ལ་ཧྲིལ་པོའི་ཉོ་ཚོང་དང་དངུལ་རྩའི་བརྟན་ལྷིང་ལ་བརྡབ་གསིག་ཕོག་སྟབས། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། མ་དངུལ་ཁག་གཅིག་ཉེན་ཁ་ལས་གཡོལ་ཆེད་གཅིག་རྗེས་གཉིས་མཐུད་ངང་གསེར་གྱི་ཁྲོམ་རར་བཏང་ཡོད་པས། རྒྱལ་སྤྱིའི་གསེར་གོང་གི་འཕར་ཚད་དེ་བར་སྐབས་ཤིག་གི་ནང་མཐོ་ཤོས་ལ་ཨང་སེ་ར

རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱིས་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་མྱུར་ཚད་ཇེ་མགྱོགས་དང་ཁྱབ་ཁོངས་རྒྱ་སྐྱེད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱིས་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་མྱུར་ཚད་ཇེ་མགྱོགས་དང་ཁྱབ་ཁོངས་རྒྱ་སྐྱེད་ཡོད་ཅིང་། ས་གནས་མང་པོའི་ཚོད་ལྟའི་ལས་འགན155ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བཞིན་ཡོད།ཉེ་ཆར་ཚོང་དོན་པུའུ་ཡིས《ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་མགྱོགས་པོར་གཏོང་བའི་ཇུས་གཞི》དང་རེས་སྐོར་གསར་པའི་ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་ལས་འགན་གྱི་གསལ་ཐོ་དཔར་འགྲེམ་བྱས་ཡོད་པ་དང་། ཏ་ལེན་དང་ཉིང་པོ། ཞ་མོན། ཆིན་ཏའོ། ཧྲེན་ཀྲེན། ཧོ་ཧྥེ། ཧྥུ་ཀྲོའུ། ཞི་ཨན། སུའུ་ཀྲོའུ་སོགས་གྲོང་ཁྱེར9ཚོད་ལྟའི་ཁྱབ་ཁོངས་ནང་བཅུག་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་ལིང་ཡུན་གྱིས་ཐེངས་འདིའི་ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ཁྲོད། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་ཤིང་ཐོན་ལས་ཀྱི་མཚོན་བྱེད་རང་བཞིན་ཆེ་བའི་ས་ཁོངས་སྔར་བས་མང་བ་ཞིག་ཚོད་ལྟའི་ནང་བཅུག་ཡོད། དེའི་ནང་མཚོ་རྒྱུད་ཀྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྲོང་ཁྱེར་ཚུད་པ་མ་ཟད་སྐམ་སའི་དབུས་ཁུལ་གྱི་སྦྲེལ་གནས་གྲོང་ཁྱེར་གལ་ཆེན་ཡང་ཚུད་པ་དང་། "མཚོ་རྒྱུད་ཀྱིས་སྣེ་ཁྲིད་ཅིང་། སྐམ་སའི་དབུས་ཁུལ་མཉམ་འགུལ་བྱེད་པའི་སྒོ་འབྱེད་རྣམ་པ་གྲུབ་པ་དང་། ཚོད་ལྟའི་གྲོང་ཁྱེར་གྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་ཐུབ་ཅེས་བཤད།ད་ཐེངས་ཁྱབ་བསྒྲགས་བྱས་པའི་ལས་འགན་གསལ་ཐོ་དེ་གློག་འཕྲིན་ཞབས་ཞུ་དང་དེ་བཞིན་འབྲེལ་ཡོད་གྲངས་འཛིན་ཐོན་ལས་ཀྱི་སྒོ་འབྱེད་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། སྨན་བཅོས་ལུས་གསོ་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་དང་ཞབས་ཞུའི་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དངུལ་རྩའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཚོང་དོན་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་གསར་གཏོད་གསོན་ཤུགས་ཆེ་རུ་གཏོང་བ། "ལས་རིགས་གཉིས"མཉམ་འདྲེས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་སོགས་ཕྱོགས14ལ་དམིགས་ནས་ཚོད་ལྟའི་ལས་འགན་ཁག་155བཏོན་ཡོད།ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་མྱུར་ཚད་ཇེ་མགྱོགས་སུ་གཏོང་དང་ཤུགས་སྣོན་རྒྱག་པ་ཕུད། རང་རྒྱལ་གྱིས་ད་དུང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ང་པོར་འཚོལ་ཞིབ་གཏིང་ཟབ་བྱེད་བཞིན་ཡོད། ཉེ་ཆར། ཚོང་དོན་པུའི་རང་མོས་ཉོ་ཚོང་ཁུལ་དང་གྲུ་ཁ་སིའི་སི་ཀྲང་མོང་ཧྭ་ཐིང་གིས་སླད་ཕྱིན་རང་རྒྱལ་གྱིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དུ་རང་བརྟེན་སྒོ་འབྱེད་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། ལྷག་པར་དུ་ཞབས་ཞུའི་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་དང་མངའ་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་དོན་འཁྱོལ་ཡག་པོ་བྱེད་པ་དང་། གློག་འཕྲིན་དང་ སྨན་བཅོས། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཤིང་། སྒོ་འབྱེད་སྲིད་ཇུས་དང་བྱེད་ཐབས་གསར་པ་རྒྱུན་མཐུད་ངང་ཞིབ་འཇུག་བྱས་ནས་འདོན་རྒྱུ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་ལས་དང་། ཁྲལ་སྲུང་ཉམས་གསོ་སོགས་ལས་རྣམ་གསར་པ་དང་མ་དཔེ་གསར་པ་གསར་གཏོད་དང་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་བྱས་ནས་ཁེ་ལས་ལ་འཕེལ་རྒྱས་བར་ཁྱམས་སྔར་ལས་ཆེ་བ་གཏོད་དགོས་ཞེས་བརྗོད་ཡོད། །

ཟི་ལིང་གིས་ཚན་རྩལ་ཚོང་འགུག་ལ་གནད་འཁེལ་ངང་ཤུགས་བསྣན་པས་དུས་ཚིགས་དང་པོར་སྒོར་དུང་ཕྱུར1.2ཡི་གན་རྒྱ་བཞག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི“གསར་གཏོད་ཞབས་ཞུ་རྟེན་གཞི་གཅིག་དང་། ལྟེ་བའི་གྲོང་ཁྱེར་གསུམ”གྱི་འཕེལ་རྒྱས་གནས་འཁེལ་དང་། “གསར་གཏོད་གྲོང་ཁྱེར”བསྐྲུན་པའི་བྱེ་བྲག་གི་བླང་བྱ་བཅས་ལ་དམིགས་ཏེ། ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་ཀྱིས་ཚོང་འགུག་སྒྲིག་སྲོལ་གསར་གཏོད་དང་། རིག་ལམ་གསར་གཏོད་ལ་ཉམས་ཞིབ། ཞབས་ཞུའི་ཕན་འབྲས་ཇེ་ལེགས་སུ་བཏང་བས། དུས་ཚིགས་དང་པོར་ཕྱི་ནས་ཚོང་འགུག་ཐེངས3སྤེལ་བ་དང་། ཁེ་ལས་གཙོ་བོ7དང་འབྲེལ་མཐུད་གང་ལེགས་བྱས་ཏེ། ཚོང་འགུག་དངུལ་འདྲེན་གྱི་མཉམ་ལས་མཐུན་སྦྱོར་ཡི་གེ2བྲིས་ལ། བསྡོམས་པས་སྒོར་དུང་ཕྱུར1.275ཡི་གན་རྒྱ་བཞགཟི་ལིང་གྲོང་ཁྱེར་གྱིས་ཚན་རྩལ་ཚོང་འགུག“བསམ་ཇུས་གཅིག་གི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། 《ཟི་ལིང་གྲོང་ཁྱེར་གྱི་ཚན་རྩལ་ཚོང་འགུག་བྱ་བའི་སྒྲིག་སྲོལ》དང《2025ལོའི་ཚན་རྩལ་ཚོང་འགུག་བྱ་བའི་ཇུས་གཞི》གཉིས་བཏོན། གྲོང་ཁྱེར་དང་རྫོང་ཁུལ(གླིང་ཁུལ)གྱི་ཚན་རྩལ་ཚོང་འགུག་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ་ཚན་རྩལ་ཚོང་འགུག་རྣམ་གྲངས་གྲོང་ཁྱེང་མངའ་ཁོངས་སུ་འཁོར་བར་སྐུལ་འདེད་བཏང་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐོན་ཁུངས་ཇེ་ལེགས་སུ་གཏོང་བའི་ཁྱབ་ཁོངས་གསར་གཏོད་བྱེད་པར་སྣེ་ཁྲིད། ཚོང་འགུག་དངུལ་འདྲེན་གྱི་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་པ་དང་ཚན་རྩལ་མདུན་ལྗོངས་ལ་རྒྱུས་མངའ་ཆེ་བ་དང་ཐོན་ལས་འཕེལ་ཕྱོགས་ལ་བྱང་ཆུད་པ། རྣམ་གྲངས་བརྒྱུད་རིམ་ལ་བྱང་ཆུད་པ་བཅས་ཀྱི་ཚན་རྩལ་ཚོང་འགུག་རུ་ཁག་བཙུགས། རྣམ་གྲངས་འདེམས་པ་དང་འབྲེལ་མཐུད། གྲོས་མོལ། གན་རྒྱ་འཇོག་པ། ལག་བསྟར་དོན་འཁྱོལ་བྱེད་པ། དཔྱད་ཞིབ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་བྱ་བའི་སྒྲིག་སྲོལ་བཙུགས། ཚན་རྩལ་གསར་གཏོད་བྱེད་མཁན་གཙོ་བོ་འགུག་པ་དང་ཚན་རྩལ་གསར་གཏོད་ཀྱི་འཇོན་མིའི་ཚོགས་པ་འགུག་པ། གྲུབ་འབྲས་སྤོ་བསྒྱུར་ལ་ཡར་སྐུལ་གཏོང་བ། ཐོན་ལས་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཕྱོགས་ནས་ཚན་རྩལ་ཚོང་འགུག་བྱ་བར་ལས་ཕྱོད་མཐོ་བ་དང་ཚད་ལྡན་ཡིན་པ། གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་ལ་སྐུལ་འདེད་བཏང་། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ། ལྗང་མདོག་རྩིས་ནུས་སོགས་ཟི་ལིང་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་དག་ལ་དམིགས་ནས་ཚན་རྩལ་ཚོང་འགུག་རིག་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ་ཕྱིར་བསྐྱོད་ཚོང་འགུག་དངུལ་འདྲེན་བྱེད་ཚད་ལ་ཤུགས་བསྣན། པེ་ཅིན་གྲོང་ཁྱེར་ལྕགས་རི་རིང་བོའི་ཁེ་ལས་འཐབ་ཇུས་ཞིབ་འཇུག་ཁང་དང་མཉམ་དུ་ཟི་ལིང་དང་པེ་ཅིན་ཐོན་ཁུངས་གསར་གཏོད་མཉམ་འབྲེལ་ཐུན་ཚོགས་དང་ཏུའུ་ཅོ་ཧྲུའུ་ཁེ་ལས་ཟི་ལིང་དུ་བསྐྱོད་པ་སོགས་ཀྱི་བྱེད་སྒོ་དང་གྲོས་མཐུན་བྱུང་། ཧང་ཀྲོའུ་ཡི“ལིའུ་ཞའོ་ལུང”གི་ཡ་གྱལ་དུ་གྱུར་བའི་ཀླད་སྟོབས་ཚན་རྩལ་གཉིད་ཆས་གསར་སྤེལ་ཚོགས་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་འབྲེལ་ཡོད་ཐོན་རྫས་ས་མཐོར་ར་སྤྲོད་བྱ་རྒྱུའི་ཐད་ཐོག་མའི་འདོད་བློ་བྱུང་བ་མ་ཟད། ཀུའེ་ཀྲོའུ་ཨན་ལི་མཁའ་འགྲུལ་རྒྱུ་ཆ་ཚད་ཡོད་ཀུང་སིའི་མཁའ་འགྲུལ་ལ་སྤྱོད་པའི་ཐེ་བསྲེས་ལྕགས་བཟོ་སྐྲུན་བཟོ་རྩལ་གསར་པ་དང་འགག་རྩའི་ལག་རྩལ་ཞིབ་འཇུག་རྣམ་གྲངས་ལ་རྗེས་འདེད་ཞབས་འདེགས་ཞུས་ནས་རྣམ་གྲངས་ཀྱི་གན་རྒྱ་འཇོག་པར་བདེ་བླག་ངང་སྐུལ་འདེད་བཏང་།ཟི་ལིང་ཚན་རྩལ་ཁྲོམ་ར་ཆེན་པོར་བརྟེན་ནས“གཅིག་འཐུས་རྣམ་པའི”ཚན་རྩལ་འགན་ལེན་ཞབས་ཞུ་སྤེལ་ཏེ། ཞིང་ཆེན་རིམ་པའི“ཁེ་ལས་ཚན་རྩལ་པ”85རྫོང་དང་ཆུས་ཀྱི་གླིང་ཁུལ་ཁག་གི་གཙོ་གནད་ཁེ་ལས་སུ་བདམས་ནས་རེས་སྐོར་མང་པོར་ཚན་རྩལ་ཞབས་ཞུ་ཡོངས་སུ་ཁྱབ་པ་དང་། ཁེ་ལས་ཀྱིས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་མ་བཏང་། མིང་དུ་གྲགས་པའི་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། རྒྱལ་ཁབ་ཕྱི་ནང་གི་སྣེ་ཁྲིད་ཁེ་ལས་བཅས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིབ་འཇུག་གསར་སྤེལ་དང་། ཞིབ་དཔྱད་ཞིབ་དཔེ། གོ་དོན་ར་སྤྲོད་སོགས་གསར་གཏོད་སྟེགས་བུ་ཁག་གཅིག་བསྐྲུན། གཙོ་གནད་ཐོན་ལས་ཕྲེང་འབྲེལ་མི་འདང་བའི་བརྒྱུད་རིམ་དང་། ཟུར་སྣོན་རིན་ཐང་མཐོ་བའི་བརྒྱུད་རིམ། གནད་འགག་གི་བརྒྱུད་རིམ། ཁེ་ལས་ཀྱི་ལག་རྩལ་དགོས་མཁོ་གལ་ཆེན་བཅས་ལ་དམིགས་ཏེ་ཁེ་ལས་ལ“ཐོན་ལས་ཀྱི་རིམ་པ་ལེགས་པ་དང་། ལག་རྩལ་གྱི་ཆུ་ཚད་མཐོ་བ། ཐོན་ལས་ཅན་གྱི་མདུན་ལམ་བཟང་པོ་བཅས་ཀྱི་ཚན་རྩལ་གྲུབ་འབྲས་ཡིད་དབང་འགུག་པར་ཁྲིད་སྟོན་བྱས་ཏེ། ལག་རྩལ་ཉོ་ཚོང་དང་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྤུས་ལེགས་ཚན་རྩལ་གྲུབ་འབྲས་སྔར་ལས་མང་བ་ཟི་ལིང་ས་ཁུལ་དུ་བསྒྱུར་ནས་དོན་ཐོག་ཏུ་འགྲོ་བར་སྐུལ་འདེད་བཏང་། དུས་ཚིགས་དང་པོའི་ནང་བསྡོམས་པས་ཁེ་ལས50ལྷག་ལ་གནད་འཁེལ་ངང་ཞབས་ཞུ་བྱས་པ་དང་། ལག་རྩལ་འཇོན་མིའི་དགོས་མཁོ་ཁག5སྔོག་འདོན་བྱས་ཏེ་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་གནད་དོན20ལྷག་ཐག་བཅད། །

ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་དཔལ་འབྱོར་དམིགས་ཚད་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། གསར་འགོད་པས2025ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་དུ་བོད་ལྗོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་པས། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་མགོ་ཡག་པོ་ཚུགས་པ་དང་འཕེལ་རྒྱས་རྣམ་པ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་པའི་མཇུག་འབྲས་གཞིར་བཟུང་། 2025ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར717.21མངོན་འགྱུར་བྱུང་བ་དང་། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཉམ་ལས7.9%འཕར་ཡོད། ཐོན་ལས་བགོས་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར19.67ཟིན་ནས་དུས་མཉམ་ལས10.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར287.05ཟིན་ནས12.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར410.49ཟིན་ནས5.4%འཕར་ཡོད།གླེང་རིན་ཡོད་པ་ཞིག་ནི2025ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དཔལ་འབྱོར་དམིགས་འཛིན་དང་འཕེལ་རྒྱས་དམ་འཛིན”བྱས་པའི་ཕན་འབྲས་མངོན་གསལ་ཡིན་ལ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་དཔལ་འབྱོར་དམིགས་ཚད་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཉམ་ལས7.9%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག2.5ལས་མཐོ་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་དུས་མཉམ་ལས27.7%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག23.5ལས་མཐོ་བ། དམངས་ཁྲོད་མ་འཇོག་དུས་མཉམ་ལས46.4%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག46.0ལས་མཐོ་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཉམ་ལས17.9%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག11.4ལས་མཐོ་བ། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་དུས་མཉམ་ལས11.1%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག6.5ལས་མཐོ་བ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཉམ་ལས8.1%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག2.6ལས་མཐོ་བ། གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཉམ་ལས7.0%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག2.1ལས་མཐོ་བ། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཉམ་ལས8.1%འཕར་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཚེག1.9ལས་མཐོ་བ་བཅས་སོ།ད་ལོར། ལྗོངས་ཡོངས་དཔལ་འབྱོར་གྱིས་ན་ནིང་གི་བསྐྱར་འཕར་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་མཐུད་བྱས་ནས་དཔལ་འབྱོར་གཞི་ཁྱོན་རྒྱུན་མཐུད་རྒྱ་སྐྱེད་དུ་བཏང་བ་དང་། དུས་ཚིགས་དང་པོའིGDPའཕར་ཚད་ལོ་གོང་མའི་ལོ་ཧྲིལ་བོའི6.3%ལས་བརྒྱ་ཆའི་ཚེག1.6ཇེ་མཐོར་ཕྱིན་ཡོད། མ་འཇོག་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་དམངས་ཁྲོད་མ་འཇོག་མགྱོགས་མྱུར་འཕར་བའི་གཞི་གྲངས་མངོན་གསལ་ཡིན་པས། ཁྲོམ་རས་བོད་ལྗོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཁས་ལེན་གང་ལེགས་བྱེད་ཤུགས་མངོན་ཡོད་ལ། དེ་ནི་ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་ཕྱིན་པའི་དངོས་དཔང་ཡིན་པས། ལས་གཏོད་མཁན་སྔར་ལས་མང་པོ་བོད་ལྗོངས་སུ་ཡོང་ནས་མ་འཇོག་གི་ཡིད་དབང་བཀུག་ཡོད། བོད་ལྗོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་དང་ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་ཐོན་ལས། མཁའ་འགྲུལ་ཐོན་ལས་བཅས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སླར་གསོ་བྱུང་ཡོད། །

ཝུའེ་ཧྥང་གི་བྱ་འཕུར་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་པ།

འདི་ནི་ཟླ་4ཚེས་19ཉིན། གྲོགས་པོ་ཆུང་ཆུང་ཚོས་བྱ་འཕུར་དུས་ཆེན་ལ་བྱ་འཕུར་གློད་བཞིན་པ།འདི་ནི་ཟླ་4ཚེས་19ཉིན། བྱ་འཕུར་དུས་ཆེན་གྱི་མི་ཁྲིའི་བྱ་འཕུར་བྱེད་སྒོའི་ཐོག་གི་བྱ་འཕུར་ཡིན་པ།འདི་ནི་ཟླ་4ཚེས་20ཉིན། ཡུལ་སྐོར་བས་བྱ་འཕུར་དུས་ཆེན་ལ་བྱ་འཕུར་གློད་བཞིན་པ།ཟླ་4ཚེས་19ཉིན་ཝུའེ་ཧྥང་རྒྱལ་སྤྱིའི་བྱ་འཕུར་དུས་ཆེན་སྐབས་ཞེ་གཉིས་པ་དང་2025ལོའི་ཝུའེ་ཧྥང་བྱ་འཕུར་གྱི་དགའ་ནེའུ་དུས་ཆེན་ཧྲན་ཏུང་ཝུའེ་ཧྥང་འཛམ་གླིང་བྱ་འཕུར་སྤྱི་གླིང་དུ་འགོ་ཚུགས་ཤིང་། མཁའ་དབྱིངས་སུ་རྒྱལ་ཁབ་དང་ས་ཁུལ་51གི་བྱ་འཕུར་2000ལྷག་ཙམ་ཕན་ཚུན་རྩལ་འགྲན་པ་ལྟར་སྣང་།བྱེད་སྒོ་སྤེལ་ཡུལ་དུ་བརྗོད་དོན་གཙོ་བོའི་འཛད་སྤྱོད་འགྲེམས་སྟོན་ཁུལ་ལྔ་ལ་མི་ཚོཌ་ཀྱིས་ཁེངས་ཤིང་། བཟའ་བཏུང་ཁུལ་དུ་ཧྲན་ཏུང་ཅའོ་ཏུང་གི་སྲོལ་རྒྱུན་ཐུག་པ་དང་ཀྲོའུ་ཚུན་ཆུས་ཀྱི་བག་བཀྲག་གི་དྲི་མ་ཞིམ་པ་དང་། ཡུལ་སྐོར་བས་བང་བསྒྲིགས་ནས་བག་ལེབ་བཀྲག་སྟངས་ཉམས་ལེན་བྱེད་བཞིན་མཆིས། རིག་གནས་རོལ་རྩེད་ཁུལ་དུ་མངོན་མིན་ཤུལ་བཞག་སྟེ་ཡང་ལ་ཕྱིའི་བཟོ་ལྟ་མཛེས་པའི་ལྟོ་ཕད་བཟོ་བ་དང་ལག་བྲིས་བྱ་འཕུར་སོགས་ཀྱི་བྱེད་སྒོ་ལས་མི་རྣམས་དེ་གར་གཱ་ཐོ་འགོད་པར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་རིག་ནུས་ལུས་གསོས་སྒྲིག་ཆས་དང་བྱེས་སྡོད་རྣམ་གྲངས་ཀྱི་བློ་འདྲིའི་ལས་སྟེགས་མདུན་ལ་རྒན་རྒོན་མང་པོ་སླེབས་ཡོད་པ་རེད།ཧྲན་ཏུང་གིས་བྱ་འཕུར་དུས་ཆེན་གྱི་ལས་སྟེགས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་དང་། འགྲན་བསྡུར་དཔལ་འབྱོར། བདེ་ཐང་འཛད་སྤྱོད་བཅས་སྦྲེལ་མཐུད་བྱས་ནས་འཛད་སྤྱོད་ཞབས་ཞུའི་དུས་ཚིགས་མཉམ་དུ་གཉེར་བ་དང་། ཁེ་ལས་མང་པོ་ཞིག་གིས་ཁྱད་ལྡན་ཐོན་རྫས་ཁྱེར་ནས་ས་གནས་ས་ཐོག་ཏུ་འདུ་འཛོམས་བྱས་ཏེ་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད།གྲངས་གཞི་ལས་མངོན་པར། བྱེད་སྒོ་འགོ་ཚུགས་པའི་ཉིན་དང་པོར་མཐའ་འཁོར་གསོལ་མགྲོན་ཁང་སྔོན་མངགས་བྱེད་ཚད་དུས་མཚུངས་ལས་120%འཕར་བ་དང་བཟའ་བཏུང་དང་ཚོང་ཁང་གི་ཚོང་གཉེར་ཡོང་འབབ་ཆ་སྙོམས་65%འཕར་ཡོད། ཝུའེ་ཧྥང་བྱ་འཕུར་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་མི་ཁྲི་10ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

བོད་ལྗོངས་གོང་དཀར་རྫོང་དུ་རྒྱལ་འཕྲུལ་ཚོགས་པའི་ས་མཐོའི་འཕྲུལ་གློག་སྒྲིག་ཆས་ཚོད་ལྟ་ཁང་སྐྲུན་འགོ་ཚུགས་པ།

ཉེ་ཆར། ཀྲུང་གོ་འཕྲུལ་ཆས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི(གཤམ་དུ“རྒྱལ་འཕྲུལ་ཚོགས་པ”ཞེས་བསྡུ་རྒྱུ)ས་མཐོའི་འཕྲུལ་གློག་སྒྲིག་ཆས་ཚོད་ལྟ་ཁང་བསྐྲུན་པའི་གན་རྒྱ་གོང་དཀར་རྫོང་དུ་དངོས་སུ་བཞག་ཅིང་། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2བཏང་ཡོད། ད་དུང་རྒྱལ་འཕྲུལ་ཚོགས་པས་ལྷོ་ཁ་གྲོང་ཁྱེར་དུ་བོད་ལྗོངས་རྒྱལ་འཕྲུལ་ས་མཐོའི་འཕྲུལ་གློག་སྒྲིག་ཆས་ཚན་རིག་ཞིབ་འཇུག་ཚད་ཡོད་ཀུང་སི་ཐོ་བཀོད་ནས་བཙུགས་པ་དང་། དེ་ཐོག་ནས་ལྷོ་ཁ་གྲོང་ཁྱེར་གྱིས“ཁེ་ལས་ཆེ་གྲས་ལ་དམིགས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བའི”ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད་པ་རེད།འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་ཤིག་ཡིན་པའི་རྒྱལ་འཕྲུལ་ཚོགས་པ་ནི་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་ཞིག་ཡིན་ཞིང་། ལོ་མང་པོ་ཀྲུང་གོའི་འཕྲུལ་ཆས་བཟོ་ལས་སྟོབས་ཆེན་བརྒྱའི་ཨང་རིམ་དང་པོ་བཟུང་ཡོད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

ཟླ་བ་བརྒྱད་མ་འགོར་བར་ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ཅི་ཡིན།

ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་8པར་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཚུན། ཟླ་4ཚེས་10ཉིན་བར་འཛད་སྤྱོད་པས་རིམ་རྩིས་བརྒྱབ་ན་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་10035གསར་པར་བརྗེས་ནས་ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་ཡོད་པ་རེད།ཁ་གྲངས་མང་དུ་འགྲོ་བའི་གྲངས་གཞི་དང་གཡུར་དུ་ཟ་བའི་གྲུབ་འབྲས་ལས། འཕར་འབོར་སྲིད་ཇུས་མང་པོ་ཞིག་གི་ཕན་ནུས་གསལ་པོར་མངོན་པ་མ་ཟད། རྒྱལ་ནང་གི་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡང་མངོན་ཡོད། ཟླ་བ་བརྒྱད་མ་འགོར་བར་ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ཅི་ཡིན།ཁྲོམ་ར་དང་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་ཕྱིན་པ།ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ནི་ཁ་གསབ་སྲིད་ཇུས་གསར་དུ་བཏོན་པ་ལས་བྱུང་བ་ཞིག་རེད།པེ་ཅིང་ཁྲའོ་དབྱང་གིས“མཁའ་རླུང་སྙོམས་ཆས་ཀྱི་ཁ་གསབ་གྲངས་འབོར་3བར་མང་དུ་བཏང་ཡོད” གྲོང་མི་ལི་ལགས་ཀྱིས་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་བསྟུན་ཏེ་ཁྲོམ་ར་ནས་སྡེབ་གཅིག་ལ་མཁའ་རླུང་སྙོམས་ཆས་3ཉོས་ཤིང་། ཁོང་གིས“བཟོ་གྲྭའི་རིན་ཕབ་དང་། རྒྱལ་ཁབ་ཀྱི་ཁ་གསབ། ཚོང་རའི་གཟིགས་སྐྱོང་བཅས་བསྡོམས་ན་འཕྲུལ་ཆས་3ལ་སྒོར་2000ཙམ་གྲོན་ཆུང་ཐུབ་ཀྱི་འདུག་པས། གྱོང་མི་འདུག”ཅེས་བཤད།འཛད་སྤྱོད་པར་ཕན་པ་དངོས་ཐོབ་ཡོད་ལ་ཁྱིམ་སྤྱོད་གློག་ཆས་ཀྱི་ཁེ་ལས་ལ་ཡང་ཕན་པ་ཐོབ་ཡོད།“ཁ་གསབ་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཐོན་རྫས་ཀྱི་ཕྱིར་འཚོང་ལ་སྔར་བས་སྐུལ་ཁྲིད་ཐུབ་ཀྱི་འདུག” ཧའེ་ཨེར་གློག་ཆས་ཀྱི་འབྲེལ་ཡོད་འགན་འཁུར་བས། སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་ཁྱིམ་གྱི་ཁང་པ་མང་པོའི་མཁའ་རླུང་སྙོམས་ཆས་རྙིང་པ་རྣམས་བརྗེ་བའི་དགོས་མཁོ་གཅིག་སྡུད་དུ་ཐོན་ཡོད། དུས་ཚིགས་དང་པོར་ཧའེ་ཨེར་གྱི་མཁའ་རླུང་སྙོམས་ཆས་ཐོན་རྫས་ཕྱིར་འཚོང་བྱེད་ཚད་དུས་མཚུངས་ལས་30%ལས་བརྒལ་ཡོད་ཅེས་བཤད།དྲ་ཐོག་ཚོང་དོན་གྱི་ལས་སྟེགས་གཙོ་བོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ཞིང་། ཅིང་ཏུང་གི་འཛད་སྤྱོད་པས“རྒྱལ་ཁབ་ཀྱི་ཁ་གསབ”ལོངས་སུ་སྤྱོད་པའི་རྨང་གཞིའི་ཐོག་ད་དུང་ལས་སྟེགས་ཀྱི་འཕྲུལ་ཆས་རྙིང་པའི་ཁ་གསབ་འཐོལ་པ་ལོངས་སུ་སྤྱོད་རྒྱུ་ཡོད། ཁྱུག་དབྱིངས་ཚོང་ཁང་གིས་ལག་ཐོགས་ཁ་པར་ཚུད་པའི་3Cརིགས་ཀྱི་གྲངས་འཛིན་ཐོན་རྫས(རྩིས་འཁོར་རིགས་དང་། འཕྲིན་གཏོང་རིགས། འཛད་སྤྱོད་རིགས་ཀྱི་གློག་རྡུལ་ཐོན་རྫས)ལ་དམིགས་ནས“རྒྱལ་ཁབ་ཀྱི་ཁ་གསབ”བྱེད་སྒོ་གསར་པ་བཏོན་པ་དེར་ཚོང་ཟོག་སྣ་ཁ་ཁྲི་བཅུ་ཕྲག་ཁ་ཤས་ཟིན་ཡོད།“ན་ནིང་གི་དུས་ཚིགས་བཞི་པར། ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ནང་འཚོང་ཁྲོམ་རའི་སིལ་འཚོང་གྲངས་འབོར་དུས་མཚུངས་ལས་22.5%འཕར་ཡོད” ཀྲུང་གོ་ཁྱིམ་སྤྱོད་གློག་ཆས་མཐུན་ཚོགས་ཀྱི་ལས་འཛིན་གཞོན་པ་ཞུས་ཏུང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་སུ་ཁེ་ལས་ཀྱིས་ཤུགས་བརྒྱབ་པ་བརྒྱུད། འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་ཡོད། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་ཀྱི་ཚོང་ཟོག་སིལ་འཚོང་གྲངས་འབོར་འདི་ལོའི་དུས་ཚིགས་དང་པོའི་དུས་མཚུངས་ལས་19.3%འཕར་བ་དང་ལོ་གོང་མའི་ཟླ་9པ་ནས་བཟུང་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། གོང་གི་ཟླ་བ་གཉིས་རིང་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་9.9%འཕར་བ་དང་ཁེ་སྤོགས་10.3%འཕར་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།ཐོན་ལས་དང་ཁྲོམ་རའི་སྒུལ་ནུས་ཕྱོགས་སྒྱུར་བྱེད་མགྱོགས་པ།ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ནི་མཁོ་སྤྲོད་ཕྱོགས་ཀྱི་རིམ་སྤོར“གསར་བརྗེར”ཐུག་ཡོད།2024ལོར་རྙིང་པ་གསར་པར་བརྗེ་བའི་ནུས་འབྲས་རིམ་པ་དང་པོའི་ཐོན་རྫས་ཀྱི་ཕྱིར་འཚོང་བསྡུར་ཚད་90%ལས་བརྒལ་བ་དང་། ཁེ་ལས་ཆིག་སྟོང་ལྷག་གིས་ལྗང་མདོག་རིག་ནུས་ཐོན་རྫས་གསར་པ་ཁྲི་ཁ་ཤས་བཏོན་ནས་ལྗང་མདོག་རིག་ནུས་འཛད་སྤྱོད་ཀྱིས་ཐོན་ལས་མགྱོགས་མྱུར་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད།ལྗང་མདོག་ཁྱིམ་སྤྱོད་གློག་ཆས་བརྗེ་རྒྱུ་དེ་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།“རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལས་ནུས་འབྲས་མཐོ་བའི་ཐོན་རྫས་འཛད་སྤྱོད་བྱེད་མཁན་མང་དུ་ཕྱིན་ནས་འབྲེལ་ཡོད་ཁྱིམ་སྤྱོད་གློག་ཆས་མགྱོགས་མྱུར་ཁྱབ་གདལ་གཏོང་བར་སྐུལ་མ་ཐེབས་ཡོད” ཞུས་ཏུང་ཧྲེང་གིས། རིན་གོང་ལ་ཚོར་བ་སྐྱེན་པའི་འཛད་སྤྱོད་པས་སྤུས་ཚད་ལེགས་ལ་རིན་གོང་དམའ་བའི་ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས་དེ་བས་ཉོ་འདོད་བྱེད་ཀྱི་ཡོད་ཀྱང་སྤུས་ཚད་ལ་སྣང་ཆེན་བྱེད་མཁན་འཛད་སྤྱོད་པས་རིག་ནུས་ལག་རྩལ་ལྡན་པའི་ལྗང་མདོག་ཁྱིམ་སྤྱོད་གློག་ཆས་ལ་དགའ་པོ་བྱེད་ཀྱི་ཡོད་པས། དགོས་མཁོ་མི་འདྲ་བས་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད།ཚུར་བསྡུའི་དགོས་མཁོ་མང་དུ་ཕྱིན་ནས་ལས་ཆོད་ཆེ་རུ་ཕྱིན་པ།ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ནི་ཚུར་བསྡུའི་མ་ལག་རྒྱུན་མཐུད“གསར་བརྗེས”བྱས་པས་རེད།2024ལོར་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུ་བྱེད་ཚད་ཏུན་ཁྲི་63ལས་བརྒལ་ནས་དུས་མཚུངས་ལས་14.83%འཕར་བ་དང་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚད་ལྡན་ངང་བཤིག་པའི་གྲངས་འབོར་དུས་མཚུངས་ལས་འཕར་ཚད་20%བརྒལ་ཡོད། སྔོན་དཔག་བྱས་ན་འདི་ལོ་རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུའི་བསྡོམས་འབོར་དུང་ཕྱུར་2ལས་བརྒལ་རྒྱུ་ཡིན་པ་རེད།“ཚུར་བསྡུའི”ཐོན་ལས་འཁོར་འབྲེལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།ཁྱིམ་སྤྱོད་གློག་ཆས་རྙིང་པ་ཐག་གཅོད་འོས་འཚམ་བྱ་ཆེད། ཧའེ་ཨེར་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཀྱིས“ཚུར་བསྡུ—བཤིག་པ—བསྐྱར་སྐྱེད—བསྐྱར་སྤྱོད”ཀྱི་འབྲེལ་ལམ་ཡོངས་ཀྱི་གདུབ་ཟུམ་མ་ལག་བཙུགས་ཤིང་། བེད་མེད་འཁྱགས་སྒམ་རྙིང་པ་ཚུར་བསྡུ་ལ་དཔེ་བཞག་ན། སྤྱོད་མཁན་གྱིས་ཧའེ་ཅིན་ཚུར་བསྡུའི་ལས་སྟེགས་ནས་ཚུར་བསྡུའི་རེ་ཞུ་བཏོན་རྗེས། ཆུ་ཚོད་48ནང་སྒོ་རྩར་ཡོང་ནས་ཚུར་བསྡུ་བྱེད་ཀྱི་ཡོད་པ་དང་། དེ་ནས་ཧའེ་ཨེར་གྱི་འཁོར་རྒྱུག་བསྐྱར་མའི་འབྲེལ་མཐུད་བཟོ་གྲྭར་སླེབས་ནས་བཤིག་གི་ཡོད་པ་རེད། རང་འགུལ་ཅན་གྱི་ལས་རིམ་རབ་དང་རིམ་པ་བརྒྱུད་བེད་མེད་འཁྱགས་སྒམ་རྙིང་པ་དེ་ནས་ངར་ལྕགས་48%དང་། འགྱིག་སོབ་25% སྤོས་འགྱིག་17% ལྕགས་རིགས་གཞན་དག་ཉུང་ཤས་བཅས་བཤིག་ཐུབ་ཀྱི་ཡོད། ལྕགས་རིགས་རྒྱུ་ཆ་དག་བཙོ་སྦྱང་བཟོ་གྲྭར་བཙོངས་ནས་ལས་སྣོན་བྱས་ཏེ་སླར་ཡང་བེད་སྤྱོད་བྱེད་ཆོག་པ་དང་། སྤོས་འགྱིག་ཀྱང་ཐོན་སྐྱེད་འཁོར་ཁང་དུ་དབོར་ནས་རྒྱུ་ཆ་གསར་པ་བཟོ་ཐུབ་ཀྱི་ཡོད།“རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་བརྟེན་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་མ་ཟད། ད་དུང་ཚུར་བསྡུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་ཕྱིན་ནས‘དཔལ་འབྱོར་གྱི་ལྕག་སྐུལ——ངོས་འཛིན་རིམ་སྤོར——བྱ་སྤྱོད་གཞན་སྒྱུར’གྱི་ལྗང་མདོག་འཛད་སྤྱོད་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ཡོད” ཀྲུང་གོ་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ལག་རྩལ་གསར་གཏོད། འདུ་ཤེས་རིམ་སྤོར་བཅས་བརྒྱུད་དེ། ལྗང་མདོག་འཛད་སྤྱོད་ཀྱི་ཁོར་ཡུག་གསར་པ་སྐྲུན་བཞིན་ཡོད་ཅེས་ཞུས་ཏུང་ཧྲེང་གིས་བརྗོད། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

༄༅།།དུས་ཚིགས་དང་པོར་གསར་བཙུགས་གཉེར་སྐྱོང་བྱེད་པོ་ཁྲི་606.3ཟིན་པ།

● དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་བཙུགས་དམངས་གཉེར་ཁེ་ལས་ཁྲི་197.9ཟིན་ཏེ་དུས་མཚུངས་ལས་7.1%འཕར་ནས་ལོ་3གོང་གི་ཆ་སྙོམས་འཕར་ཚད་ལས་བརྒལ་ཡོད། འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཟླ་4ཚེས་21ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་བཙུགས་གཉེར་སྐྱོང་བྱེད་པོ་ཁྲི་606.3ཟིན་ཡོད། དེའི་ཁྲོད་གསར་བཙུགས་ཁེ་ལས་ཁྲི་210.0དང་། གསར་བཙུགས་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་394.9 གསར་བཙུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.4བཅས་ཡོད་པ་དང་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་སྤྱིར་ན་བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་མངོན་ཡོད། དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་བཙུགས་དམངས་གཉེར་ཁེ་ལས་ཁྲི་197.9ཟིན་ཏེ་དུས་མཚུངས་ལས་7.1%འཕར་ནས་ལོ་3གོང་གི་ཆ་སྙོམས་འཕར་ཚད་ལས་བརྒལ་ཡོད། ཟླ་གསུམ་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་དམངས་གཉེར་ཁེ་ལས་ཁྲི་5700ལྷག་ཙམ་ཟིན་ཏེ་ཁེ་ལས་ཀྱི་སྤྱི་འབོར་གྱི་92.3%བཟུང་ཡོད། རང་རྒྱལ་གྱི་དམངས་གཉེར་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་བ་འཕེལ་རྒྱས་ཐད་མཉེན་ཤུགས་ཆེན་པོ་ལྡན་པ་མངོན་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད། དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་བཙུགས་ཀྱི“གསར་པ་བཞིའི(ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ། བྱེད་སྟངས་གསར་པ)”དཔལ་འབྱོར་གྱི་དམངས་གཉེར་ཁེ་ལས་ཁྲི་83.6ཟིན་ཏེ་དུས་མཚུངས་ཀྱི་གསར་བཙུགས་དམངས་གཉེར་ཁེ་ལས་ཀྱི་སྤྱི་འབོར་གྱི་བཅུ་ཆ་བཞི་ཡན་བཟུང་ནས་དུས་མཚུངས་ལས་1.4%འཕར་ཡོད།

༄༅།།དུས་ཚིགས་དང་པོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་དུས་མཚུངས་ལས་5.9%འཕར་བ།

● འདི་ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་23.08ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ལས་བརྒྱ་ཆའི་གྲངས་4.6བརྒལ་བ།● ཕྱིར་གཏོང་སྒོར་དུང་ཕྱུར་19.5ཟིན་པ་དེ་གཞི་རྩའི་ཆར་དོ་སྙོམས་བྱུང་བ་དང་། ནང་འདྲེན་སྒོར་དུང་ཕྱུར་3.58ཟིན་ནས་56.7%འཕར་ཡོད།འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་23.08ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ལས་བརྒྱ་ཆའི་གྲངས་4.6བརྒལ་བའི་ནང་། ཕྱིར་གཏོང་སྒོར་དུང་ཕྱུར་19.5ཟིན་པ་དེ་གཞི་རྩའི་ཆར་དོ་སྙོམས་བྱུང་བ་དང་། ནང་འདྲེན་སྒོར་དུང་ཕྱུར་3.58ཟིན་ནས་56.7%འཕར་ཡོད།ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས། དུས་ཚིགས་དང་པོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འགོ་ཚུགས་བཀྲ་ཤིས་བྱུང་ནས། ཟླ་འཁོར་གྱི་འཕེལ་ཕྱོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཆ་དང་ནང་སྐྱེས་སྒུལ་ཤུགས་ཀྱང་རིམ་བཞིན་ཆེ་རུ་ཕྱིན་ཏེ་ལོ་ཧྲིལ་པོའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་འབོར་མཐོ་བ་དང་བརྟན་པོར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད་པ་རེད།འདི་ལོ་ཚུན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རེས་སྐོར་གསར་པའི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་12སྤྱད་ནས། སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”སྔར་བས་ལེགས་སུ་གཏོང་བ་དང་། ལྟ་འདོམས་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ“འགྲོ་ལམ་སྦྲེལ་མཐུད་དང་། ཐོན་ལས་དར་རྒྱས། མཐའ་མཚམས་བརྟན་ལྷིང”བཅས་ཀྱི་ས་མཐོའི་སྒོ་དབྱེའི་མཐོ་ས་གཏོད་པར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བཞིན་ཡོད། འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ལས་སྒོ་ཡོངས་ཁྱབ་ཐུབ་ཡོད་ལ། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས“སྒུལ་ཤུགས་གཉིས”ཀྱི་ནུས་པའང་བཏོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་13.77བྱས་པ་དེས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་59.6%ཟིན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་9.07བྱས་ནས་22.2%འཕར་ཡོད། དུས་མཚུངས་ས་ཁུལ་དང་གྲོང་ཁྱེར་གཞན་དག་ཚང་མས་ཕྱི་ཕྱོགས་ཚོང་དོན་གྱི་མངོན་མེད་སྟོབས་ཤུགས་གོ་རིམ་ལྡན་པའི་ངང་འདོན་བཞིན་ཡོད་པ་རེད།(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)

མཐོ་གྲང་གསོ་རླུང་དཀོན་པའི་ཡུལ་ཞིག“རྒྱལ་ཡོངས་ཀྱི་མ་འཇོག་གི་གཏིང་ཤུགས་ཆེ་བའི་ཆུས་ལེགས་གྲས་བརྒྱའི”གྲས་སུ་བདམས་དོན་ཅི་ཡིན།

འདི་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཉེ་འདབས་སུ་གནས་པའི་ལྷ་ས་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་གླིང་དུ་ཅིང་ཏུང་ཟོག་འགྲེམས་ཀྱི་ལས་དོན་པས་ཚོང་ཟོག་དབྱེ་བ་ཕྱེ་བཞིན་པ། འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་ཀྲུང་གོ་ཉིང་རྡུལ(བོད་ལྗོངས)ནུས་རྒྱུ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཀྲའོ་ཝ་40ཟིན་པའི་འོད་ཤུགས་གློག་ཁང་ཡིན་པ།འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་རྩམ་པ་ཚད་ཡོད་ཀུང་སིའི་ལས་མིས་རྩམ་པ་ཐུམ་རྒྱག་བཞིན་པ།ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་འཕེལ་རྒྱས་ཀྱི་སྟོན་གྲངས་ཞིབ་འཇུག་བྱ་གཞི་ཚོགས་ཆུང་དང་གོ་ཤིན་གྲོང་ཁྱེར་འབྲིང་ཆུང་གི་སྟོན་གྲངས་ཞིབ་འཇུག་ཁང་གིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི“2024ལོའི་ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོན་གྲངས་ཞིབ་འཇུག་གྲུབ་འབྲས”ནང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལོ་གསུམ་བསྟུད་མར“རྒྱལ་ཡོངས་ཀྱི་མ་འཇོག་གི་གཏིང་ཤུགས་ཆེ་བའི་ཆུས་ལེགས་གྲས་བརྒྱའི”གྲས་སུ་ཚུད་ཡོད་ལ། དེ་ནི་བོད་ལྗོངས་ནས་ཚུད་པའི་རྫོང(ཆུས)འབའ་ཞིག་ཀྱང་ཡིན་པ་རེད།ཁེ་ལས་མང་པོ་རྩ་བ་ཚུགས་ནས་ཚོང་འགུཌ་མ་འདྲེན་ཚ་རླབས་འཕྱུར།དཔྱིད་དུས་སུ། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཉེ་འདབས་སུ་གནས་པའི་ལྷ་ས་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་གླིང་དུ་སྐྱོད་སྐབས་གསར་འགོད་པས་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མཐོང་བྱུང་།ཅིང་ཏུང་ཟོག་འགྲེམས་མཁོ་སྤྲོད་འཁོར་འབྲེལ་གྱི་སྨི་ངོས་གྲུ་ཁྲི་2.6ཟིན་པའི་མཛོད་ཁང་ཁུལ་དུ། ཟོག་སྒྲོམ་སྟེང་འབྲས་གྲོ་ཞིབ་དང་། སྣུམ། རྒྱུན་མཁོའི་དངོས་རྫས། ཁྱིམ་སྤྱོད་གློག་ཆས་སོགས་བསྒྲིགས་ཡོད་པ་དང་། མཛོད་ཁང་གི་འཕྲུལ་མི་ཕར་འགྲོ་ཚུར་འོང་བྱས་ནས་སྐྱེལ་འདྲེན་བྱེད་པ་དང་མཛོད་ཁང་ནས་དངོས་ཟོག་འདོན་མཁན་ལས་དོན་པས་གོ་རིམ་ལྡན་པའི་སྒོ་ནས་དབྱེ་བ་ཕྱེ་བ་དང་ཐུམ་སྒྲིལ་རྒྱག་བཞིན་ཡོད་ཅིང་། མཛོད་ཁང་གི་ཕྱི་རུ། ཟོག་འགྲེམས་རླངས་འཁོར་ཕར་འགྲོ་ཚུར་འོང་གིས་དངོས་ཟོག་འབེབས་པ་དང་དངོས་ཟོག་བསྐུར་བར་བྲེལ་བཞིན་ཡོད།ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཐོན་ལས་ལེགས་སྒྲིག་རིམ་སྤོར་ཁྲོད་ཕན་པ་ཐོབ་ནས་ཁེ་ལས་མང་པོས་སྟོད་ལུང་བདེ་ཆེན་ཆུས་སུ་མགྱོགས་མྱུར་གཞིས་ཆགས་པར་བྱེད་ཀྱི་ཡོད། མིག་སྔར་ས་གནས་དེ་གར་ལིང་ཧྥེང་རིག་ནུས་ཟོག་འགྲེམས་གླིང་དང་ས་མཐོའི་ཟས་རིགས་གྲང་ཕྲེང་ལྟེ་གནས་ཚུད་པའི“གླིང་གསུམ་དང་ལྟེ་གནས་གཅིག”བཅས་ཀྱི་ཟོག་འགྲེམས་གླིང་ཆེ་གྲས་ཤིག་ཆགས་པ་དང་། ངར་ལྕགས་རྒྱུ་ཆ་ཉོ་ཚོང་ཁྲོམ་ར་དང་བཟོ་སྐྲུན་འཕྲུལ་ཆས་ཁྲོམ་ར་སོགས“ཆེད་ལས་ཀྱི་ཁྲོམ་ར་ཆེན་པོ་བཞི”བསྐྲུན་ཡོད་པ་རེད།ཕྱོགས་སྒྱུར་རིམ་སྤོར་བྱེད་སྐབས། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་གསུམ་བསྟུད་མར་ལོ་རེར་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་ཁག་30ལེགས་སྒྲུབ་བྱས་པ་དང་ལོ་རེར་ཆ་སྙོམས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་གྱི་ཡོད་པ་རེད། སྣེ་འདྲེན་ཁེ་ལས་དང་ལས་རྣམ་གསར་པའི་ཐོན་ལས་ཁག་གཅིག་སྟོད་ལུང་བདེ་ཆེན་ཆུས་སུ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད།སྟོད་ལུང་བདེ་ཆེན་ཆུས་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཝང་ཧྥུའུ་ཆི་ཡིས། ས་གནས་དེ་གས་ཕྱོགས་གཅིག་ནས་ཁེ་ལས་ཀྱི་ཡིད་དབང་འགུག་པ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་ལ་ཤུགས་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་སོགས་སྲིད་ཇུས་ཀྱི་བླང་བྱ་དང་མི་མཐུན་པའི་རྡོ་རྒྱུ་ལས་སྣོན་བཟོ་གྲྭ་21དང་། ས་ཕག་དང་སོ་ཕག་བཟོ་གྲྭ་15 ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་ཁེ་ལས་6སོགས་སྔ་རྗེས་སུ་སྒོ་རྒྱག་ཏུ་བཅུག་ཡོད་ཅེས་བཤད།ས་མཐོའི་གྲོང་རྡལ་ཆུང་ངུར་ཁེ་ལས་གཅིག་ཏུ་འདུས་ནས་ས་ཁོངས་ཀྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2010ལོར་སྒོར་དུང་ཕྱུར་10ལས་བརྒལ་བ་དང་། 2018ལོར་སྒོར་དུང་ཕྱུར་30ལས་བརྒལ་བ། 2023ལོར་སྒོར་དུང་ཕྱུར་70ལས་བརྒལ་བ་བཅས་དང་། 2024ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་82.13ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་6.5%འཕར་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད་པ་རེད།བྱ་ཐབས་གསུམ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོད་པ།གངས་ལྗོངས་ས་མཐོའི་ས་བབ་མཐོ་ཚད་སྨི་4000ཟིན་ལ་ཉེ་བའི་རྫོང་དང་ཆུས་ཤིག་གིས་ཇི་ལྟར་བྱས་ནས་ཁེ་ལས་འབོར་ཆེན་ཞིག་མ་འཇོག་དང་གཞིས་ཆགས་པར་ཡིད་དབང་བཀུག་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པར་བྱས་སམ།སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཡུན་པིན་གྱིས། ས་གནས་དེ་གས་ཞབས་ཞུའི་འཐབ་ཇུས་ཆེན་པོ་འདོན་པ་དང་། འཕེལ་ཕྱོགས་ཆེན་པོར་དམིགས་པ། ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་བྱ་ཐབས་གསུམ་སྤྱད་དེ་སྤུས་འབོར་གཉིས་ལྡན་གྱི་འཕེལ་རྒྱས་ལམ་བུ་ཞིག་ལེགས་གྲུབ་ལྡན་པའི་ངང་བཙལ་ཡོད་ཅེས་བཤད།—— ས་བབ་ཀྱི་ལེགས་ཆ་བཏོད་ནས་མཉམ་འདུས་རྣམ་པའི་ཚོང་དོན་གླིང་བསྐྲུན་ཞིང་། བོད་ལྗོངས་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་སའི་སྐམ་སའི་གྲུ་ཁ་རྣམ་པའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་གཞི་རྟེན་ལས་སྟེགས་ལ་བརྟེན་ནས་ཟོག་འགྲེམས་གླིང་ཆེ་གྲས་མང་པོ་བསྐྲུན་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ས་ཁོངས་ཚོང་དོན་ལྟེ་གནས་དང་དེང་རབས་ཟོག་འགྲེམས་དཔེ་སྟོན་གྲོང་ཁྱེར་སྐྲུན་གང་ཐུབ་བྱེད་ཀྱི་ཡོད།ཝང་ཧྥུའུ་ཆི་ཡིས། ཚོང་དོན་གླིང་ནི་ཁེ་ལས་ཀྱི་ཡིད་དབང་འགུག་པའི་སྒུལ་ཤུགས་སུ་གྱུར་ནས་གྲགས་ཅན་ཁེ་ལས་དང་སྣེ་འདྲེན་ཁེ་ལས་དེ་བས་མང་བ་སྟོད་ལུང་བདེ་ཆེན་དུ་གཞིས་ཆགས་པ་དང་གླིང་ཁུལ་ནང་ཐོན་ལས་འཁོར་འབྲེལ་གྱི་སྟོད་རྒྱུད་དང་སྨད་རྒྱུད་ཕན་ཚུན་འབྲེལ་མཐུད་བྱུང་ནས་མཉམ་འདུས་ནུས་འབྲས་དེ་བས་ཆེ་བ་ཐོན་ཡོད་ཅེས་བཤད།—— འཕེལ་ཕྱོགས་ཆེན་པོ་དང་བསྟུན་ཏེ་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་རླུང་ནུས་དང་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་ཆོག་གི་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གས་ནུས་རྒྱུ་གཙང་མའི་ཁེ་ལས་ལ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཉེ་བའི་ལོ་གསུམ་རིང་ནུས་རྒྱུ་གཙང་མའི་རིགས་ཀྱི་རྣམ་གྲངས་ཁག་5གཞིས་ཆགས་པར་རིམ་རྩིས་བརྒྱབ་ན་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་7.9ཟིན་གྱི་ཡོད་པ་རེད།ཀྲུང་གོ་ཉིང་རྡུལ(བོད་ལྗོངས)ནུས་རྒྱུ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཀྲའོ་ཝ་100ཟིན་པའི་ཞིང་ལས་དང་འོད་ཤུགས་གསབ་རེས་ཀྱི་རྣམ་གྲངས་སྐྲུན་བཞིན་ཡོད། ཀུང་སིའི་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་དབྱང་ཐིང་ཡུང་གིས། མིག་སྔར་ཀྲའོ་ཝ་40ཟིན་པའི་རྣམ་གྲངས་བསྐྲུན་ཟིན་པ་དང་དེ་ནས་བཏང་བའི་གློག་གློག་དྲ་ཆེན་པོར་སྦྲེལ་ཡོད། “འབྱུང་འགྱུར་ང་ཚོའི་ཐོན་ལས་མཉམ་འདུས་དང་སྟོད་སྨད་རྒྱུད་ཀྱི་ཁེ་ལས་མཉམ་འདུས་ཅན་གྱི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ངེས་རེད”ཅེས་ངོ་སྤྲོད་བྱས།—— ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་འགོ་ཁྲིད་ལས་བྱེད་པས་རྗེས་སྙེག་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁས་ལེན་དོན་ཚན་ལ་འགུལ་རྣམ་ཞིབ་བཤེར་དང་ཁེ་ལས་ཀྱི་སྒོ་རྩར་བསྐྱོད་ནས་ཞབས་ཞུ་དང་རོགས་སྐྱོར་བྱེད་པ་སོགས་ཀྱི་ཆེད་དོན་ལས་དོན་རྒྱུན་གཏན་ངང་སྤེལ་ནས“འགོ་ཁྲིད་ལས་བྱེད་པས་གོ་རིམ་བརྒྱུད་པ”མ་ཟད། སྤྱི་པའི་དོན་ཚན་ཁག་57གྱི་ཞབས་ཞུ་བསྐྱར་སྒྲིག་དང་གོ་རིམ་བསྐྱར་འགོད་བྱེད་པར་སྐུལ་འདེད་བཏང་ཡོད།མཆན་འགོད་དང་། ཁྲལ་བསྡུ། དངུལ་རྩ། ཚོང་འགུགས་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་བས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། “ཀུང་སི་གཞིས་ཆགས་ཚུན་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་དང་། ཚད་ལྡན་གྱི་བཟོ་ཁང་། དེ་བཞིན་ལས་ཀ་བྱ་ཡུལ་དང་། ཞབས་ཞུ་སྤུས་ལེགས་བཅས་མཁོ་འདོན་བྱས་པ་མ་ཟད། ལས་མི་དཀོན་པ་སོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་བསལ་ནས་ང་ཚོས་རྗེས་མཐུད་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་བར་གོ་སྐབས་བསྐྲུན་བྱུང” བོད་ལྗོངས་ཅིའུ་ཤིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལུའོ་ཁྲེན་གྱིས། ཁེ་ལས་ཀྱིས་གན་རྒྱ་བཞག་ནས་གཞིས་ཆགས་རྗེས་ལོ་དེ་རང་ལ་ལས་འགོ་ཚུགས་པ་དང་ལོ་དེ་རང་ལ་ཚོད་ལྟའི་ཐོན་སྐྱེད་བྱེད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།ཞན་ཆ་གསབ་པར་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།“གྲུབ་འབྲས་གཟེངས་སུ་ཐོན་པའི་ཚོང་འགུགས་མ་འདྲེན་ལས་དོན་ལ་བརྟེན་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་ཡོད” བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེན་ཕུའུ་ཡིས“འོན་ཀྱང་ས་གནས་འདི་གའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཁོར་འབྲེལ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ད་དུང་འགྲན་སློང་མང་པོ་ཡོད་པས་འབྲེལ་ཡོད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས”ཞེས་བཤད།གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ནི་ཁེ་ལས་གཞིས་ཆགས་ཐད་གདམ་ག་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ། ས་གནས་དེ་གའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་དང་ཡང་འབྲེལ་བ་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ཐོགས་མེད་སྟོད་ལུང”གི་བྱ་སྤྱོད་འཆར་གཞིར་རྒྱུན་མཐུད་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་གཞུང་ལམ་དྲ་བ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་བསྐྲུན་ཟིན་པའི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་493ཟིན་པ་དང་ཤར་བགྲོད་ཐུབ་ཚད་100%ཟིན་པས“ཕྱིར་སྐྱོད”ཀྱི་ལམ་ཁ་ཡངས་སུ་ཕྱིན་པ་དང“ནང་དུ་ཡོང་བའི”སྐྱིད་སྣང་ཆེ་རུ་སོང་ཡོད།“དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཞུང་ལམ་དང་། མདོང་དྲ། རླངས་འཁོར་འཇོག་ས། ཚོང་ཟོག་ཕྱོགས་བསྡུས་ཁྲོམ་ར་ཆེ་གྲས་སོགས་ཀྱི་ཐད་ད་དུང་མི་འདང་ས་ཡོད། གོམ་སྟབས་རྗེས་མར་ང་ཚོས་གྲུབ་ཆ་རང་མོས་འཁོར་རྒྱུག་དང་། ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག འཆར་འགོད་གཅིག་གྱུར་ལག་བསྟར་བཅས་ཀྱི་བསམ་ཕྱོགས་ལྟར་ཞན་ཆ་སྔར་བས་གསབ་ནས་ཁེ་ལས་འཕེལ་རྒྱས་གཏོང་བར་ཁྲོམ་རའི་རྒྱུ་རྐྱེན་ལེགས་སྒྲིག་དང་གཉེར་སྐྱོང་མ་གནས་དམའ་རུ་གཏོང་རྒྱུ་ཡིན”ཞེས་ཧྲི་ཡུན་པིན་གྱིས་བཤད།“ང་ཚོས་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་དང་དཔྱད་གཞིར་བཟུང་སྟེ་དམིགས་གཞི་མཐོ་པོས་སྟོད་ལུང་གྲོང་གསར་འཆར་འགོད་འཛུགས་སྐྲུན་དང་དོ་དམ་བྱེད་རྩིས་ཡོད”སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཀྲང་ཕུར་བུ་རྒོད་སྐྱེས་ཀྱིས་སླད་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱེད་པ་དེ་དམ་འཛིན་བྱ་གཞིར་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་དང་སྤྱི་པའི་ཞབས་ཞུ་ལེགས་གཏོང་བྱ་སྤྱོད་ལག་ལེན་བསྟར་ནས་ཁེ་ལས་དང་མི་འབོར་མཉམ་འདུས་བྱེད་པར་རྨང་གཞི་དེ་བས་ལེགས་པ་དང་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བཤད།གཞན་ཡང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་གསབ་པའི་ཐད་སྔར་བས་ཤུགས་སྣོན་བརྒྱབ་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་སྤུས་ཚད་མཐོ་བའི་རྣམ་གྲངས་ནང་འདྲེན་དང་ལྗང་མདོག་ཐོན་ལས་སྐྱེད་སྲིང་བྱེད་པ་དམ་འཛིན་བྱ་གཞིར་བྱས་པས“མཉམ་འདུས་འཁོར་འབྲེལ”གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མར་ཆགས་ཡོད།ཝང་ཧྥུའུ་ཆི་ཡིས“སླད་ཕྱིན་ང་ཚོས་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་དང་ཐོན་ལས་ཚོ་འདུས་ཀྱི་ནུས་པ་འདོན་རྒྱུ་ཡིན”“གཙོ་ཁྲིད་ཐོན་ལས་ལ་དམིགས་ཏེ་འཁོར་འབྲེལ་སྣུར་སྲིང་དང་གསབ་སྣོན་ཟམ་མི་ཆད་པར་བྱེད་པ་དང་ཐོན་ལས་ཚོ་འདུས་ཆགས་པར་བྱེད་པ་དང་ཆབས་ཅིག ཤེས་ལྡན་པ་མཉམ་འདུས་དང་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་མི་འདྲ་བའི་ཤེས་ལྡན་པའི་དགོས་མཁོ་བསྐངས་ནས་ཁུལ་ཁོངས་འཕེལ་རྒྱས་ལ་སྔར་བས་འདེགས་སྐྱོར་བྱེད་ཀྱི་ཡིན”ཞེས་བཤད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

ཀོང་ཀྲོའུ་ཡིས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་དང་རྒྱལ་ནང་གི་ཉོ་སྒྲུབ་ཚོང་པའི་དབར་གྱི་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ།

ཉེ་ཆར། ཀོང་ཀྲོའུ་གྲོང་ཁྱེར་ཀོང་ཀྲོའུ་ཚོང་འདུས་ཚོམས་ཆེན་དུ་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་དང་རྒྱལ་ནང་གི་ཉོ་སྒྲུབ་ཚོང་པའི་དབར་གྱི་འབྲེལ་མཐུད་ཀྱི་ཚོགས་འདུ་ཞིག་འཚོགས་ཤིང་། བྱེད་སྒོ་དེ་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཀོང་ཏུང་ཞིང་ཆེན་ཚོང་དོན་ཐིང་དང་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་ཡོད། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་དང་ནང་མཁོའི་སྒུལ་ནུས་གསར་པ་འཕེལ་བར་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། སྤུས་ལེགས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་300ལྷག་ཙམ་དང་རྒྱལ་ནང་གི་ཉོ་སྒྲུབ་ཚོང་པ་360མཉམ་དུ་འཛོམས་ཤིང་། སྲིད་ཇུས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་གནད་སྨིན་འབྲེལ་མཐུད་སོགས་བྱེད་ཐབས་མང་པོ་བརྒྱུད་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ནང་འཚོང་རྒྱ་སྐྱེད་ཀྱི་ལས་སྟེགས་བསྐྲུན་ནས་འཛད་སྤྱོད་རིམ་སྤོར་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལྡན་ཕན་ཚུན་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱས་ཡོད། ས་ཡུལ་དངོས་སུ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་མང་པོ་དང་ཉོ་སྒྲུབ་ཚོང་པའི་དབར་འདོད་མཐུན་མཉམ་ལས་གྲོས་མཐུན་བཞག་ནས་འདོད་མཐུན་ཚོང་འགྲིག་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་6.8ལས་བརྒལ་ཡོད།ད་ཐེངས་ཀྱི་བྱེད་སྒོ་དེ“ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་ཀྱི་ཀྲུང་ཧྭའི་བྱ་སྤྱོད”ཀྱི་རྒྱལ་ཡོངས་ཀྱི་རིམ་སྤེལ་བྱེད་སྒོའི་ས་གནས་ས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀོང་ཏུང་ཞིང་ཆེན་གྱིས་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་། སྤུས་ཚད་མཐོ་བའི་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་རྫས་རྒྱལ་ནང་གི་ཁྲོམ་རར་མཁོ་སྤྲོད་བྱེད་པར་སྐུལ་འདེད་གཏོང་བ། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསར་གཏོད་ལག་ལེན་ཞིག་ཀྱང་རེད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

4·15དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ།

4·15དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ།དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་བཙུགས་པའི་དུས་ཆེན་ཞིག་ཡིན།2015ལོའི་ཟླ7པའི་ཚེས1ཉིན་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ ཁྲིམས》ཀྱི་དོན་ཚན་བཅུ་བཞི་པའི་གཏན་འབ

2025ལོའི་ཟླ་4ཚེས་24ཉིན་ནས་ཟླ་12ཚེས་25ཉིན་བར་སློབ་གསོའི་ཁྱབ་ཁོངས་ལ་བཅོས་སྒྲིག་བྱེད་རྒྱུ་རེད་འདུག

སློབ་གསོའི་ཁྱབ་ཁོངས་ལ་བཅོས་སྒྲིག་གཏིང་ཟབ་བྱས་ནས་སྤུས་ལེགས་ཀྱི་སློབ་གསོའི་ཁོར་ཡུག་ཅིག་གཏོད་ཆེད། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་2025ལོའི་ཟླ་4ཚེས་24ཉིན་ནས་བཟུང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། སློབ་གསོའི་ལས་རིགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དགེ་སློབ་ཀྱི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་རྒྱུ་ཡིན་པ་རེད།བཅོས་སྒྲིག་གི་བྱ་སྤྱོད་གཙོ་བོ་གཤམ་གྱི་གནད་དོན་ཁག་ལྔ་ལ་དམིགས་ནས་སྤེལ་རྒྱུ།●དགེ་རྒན་གྱི་ཀུན་སྤྱོད་ཉམས་པར་ཞིབ་བཤེར་ནན་པོ་བྱེད་རྒྱུ། དགེ་རྒན་གྱི་གཏམ་སྤྱོད་ཚུལ་དང་མི་མཐུན་པ་དང་སྒྲིག་འགལ་ངང་གསབ་ཁྲིད་བྱེད་པར་བཅོས་སྒྲིག་བྱེད་རྒྱུ།●སློབ་གསོའི་དངུལ་གང་བྱུང་དུ་བསྡུ་བར་བཅོས་སྒྲིག་བྱེད་རྒྱུ། ལྐོག་ལ་དངུལ་བསྡུ་བ་དང་བཙན་ཤེད་ཀྱིས་དངུལ་བསྡུ་བ་སོགས་ཀྱི་གནས་ཚུལ་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ།●སློབ་གྲྭ་འཛུགས་གཉེར་ཚད་ལྡན་དུ་གཏོང་རྒྱུ། སློབ་གྲྭའི་དོ་དམ་ཐད་སྐྱོན་ཆ་ཡོད་མེད་བརྟགས་ནས་སློབ་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ།●སློབ་མའི་ལྟོ་ཆས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སློབ་མའི་བཟའ་བཏུང་གི་བདེ་འཇགས་དང་བདེ་ཐང་ལ་འགན་ལེན་བྱེད་རྒྱུ།●སློབ་ཕྱིའི་གསབ་སྦྱོང་གི་སྒྲིག་གཞིར་དོ་དམ་ནན་པོ་བྱེད་རྒྱུ། ལག་འཁྱེར་མེད་པར་སློབ་གྲྭ་གཉེར་བ་དང་དྲིལ་བསྒྲགས་རྫུན་མ་བྱེད་པ་སོགས་ཀྱི་སྒྲིག་འགལ་གྱི་རིགས་ལ་རྡུང་རྡེག་གཏོང་རྒྱུ།དུས་ཚོད་དང་ཁྱབ་ཁོངས།●བཅོས་སྒྲིག་དུས་ཚོད། 2025ལོའི་ཟླ་4ཚེས་24ཉིན་ནས་ཟླ་12ཚེས་25ཉིན་བར།●བཅོས་སྒྲིག་བྱ་ཡུལ། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ(སློབ་ཕྱིའི་གསབ་སྦྱོང་སྒྲིག་གཞི་ཚུད་པ)དང་ཆེད་བསྐོས་དགེ་རྒན་ཡིན།དམངས་ཡོངས་ཀྱིས་ལྟ་སྐུལ་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་མཉམ་དུ་གཉེར་དགོས།གལ་ཏེ་སྒྲིག་འགལ་གྱི་ཁུངས་སྣེ་རྙེད་ཚེ་འཕྲལ་མར་གཤམ་འོག་གི་ཐབས་ལམ་བརྒྱུད་དེ་ཐེར་འདོན་བྱེད་དགོས།●ཐེར་འདོན་ཁ་པར་ཨང་གྲངས། 0891-6329496(ལས་ཀའི་དུས་ཚོད། 9:30ནས་13:00བར་དང་། 15:30ནས་18:30བར)●ཐེར་འདོན་སྦྲག་སྒམ། lsjydds66@126.com●ཐེར་འདོན་ཡི་གེ་བསྐུར་ཡུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་རྒྱུད་ལམ་སྒོ་རྟགས་ཨང་20པ།གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ནན་གྱིས་ཁས་ལེན་ཞུ་རྒྱུར།ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ནན་པོ་སྲུང་རྒྱུ་དང་། ཁུངས་སྣེ་དེད་ནས་རྩད་མཐའ་གཅིག་ཏུ་གཅོད་རྒྱུ། སྒྲིག་འགལ་བར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ལོ་འདི་གའི་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ཐུབ་པར་རམ་འདེགས་བྱས་པ།

འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་ཇུས་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏོང་བ་དང་། ལྗོངས་ཕྱིའི་ལས་ཞུགས་མཉམ་ལས་ཟབ་ཏུ་གཏོང་བ། ལས་གཏོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་ཞབས་འདེགས་གནད་སྨིན་ཡོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་ནས་མངོན་གསལ་དོད་པའི་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།སྲིད་ཇུས་རང་བཞིན་གྱི་ལས་གནས་རྒྱ་ཆེར་བཏང་སྟེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་དམིགས་བསལ་ཚོགས་སྤྱི་ལས་ཞུགས་གང་ལེགས་ཐུབ་པ་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱི་2025ལོའི་གཞུང་གི་ལས་ཞབས་པའི་ལས་གནས་ཡོངས་བསྒྲགས་རྒྱུགས་བསྡུའི(གདན་ཞུ)ལས་དོན་ཟླ་1པོར་སྤེལ་འགོ་ཚུགས་པ་དང་། ཐོ་འགོད་བྱ་ཡུལ་ནང་བོད་དུ་ཡོད་པའི་ལས་བྱེད་ལས་བཟོའི་བཟའ་ཟླ་དང་དེ་བཞིན་བུ་ཕྲུག་དང་། ཉིན་གང་ལམ་ལུགས་མིན་པའི་སློབ་རྒྱུས་ལྡན་མཁན་གྱི་སློབ་ཐོན་སློབ་མ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་ཚོགས་སྤྱི་ཚུད་ཡོད་པ་རེད།ལྗོངས་ཕྱིའི་ལས་ཞུགས་མཉམ་ལས་ཟབ་ཏུ་བཏང་ནས་ཞིང་སྒྲོལ་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཞིང་། 2024ལོའི“ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་འཛུགས་སྐྲུན”གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་དཔེ་བལྟས་ནས་འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་མཉམ་ལས་རྒྱུན་མཐུད་ཟབ་ཏུ་བཏང་ཡོད།ཧུའུ་པེ་ཞིང་ཆེན་གྱི་བྱ་གཞག་ཚན་པའི་ཆེད་དོན་གདན་ཞུའི་ནང་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་33བསྡུ་རྒྱུའི་གཏན་འཁེལ་བྱས་པ་དང་། ཧུའུ་ནན་དང་ཨན་ཧུའེ་སོགས་ཀྱི་ཆེད་དོན་གདན་ཞུའི་ཡིག་རྒྱུགས་ལས་དོན་བསྒྲུབས་ཡོད། དུས་ཚིགས་དང་པོའི་བར་གྲོང་ཁྱེར་དེ་ཡོངས་སུ་ལྗོངས་ཕྱིའི་ལས་ཞུགས་ལས་གནས་200ལྷག་ཙམ་གསར་འཕར་བྱུང་བའི་ནང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།ལས་གཏོད་རོགས་སྐྱོར་དང་རྩལ་ནུས་གསོ་སྦྱོང་གི་བྱ་ཐབས་གཉིས་མཉམ་སྤྱོད་བྱས་ཤིང་། སློབ་ཐོན་སློབ་མའི་ལས་གཏོད་ཀྱི་གསོན་ཤུགས་འཕེལ་ཆེད། ད་ལོ་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་30ཁྲེང་ཏུའུ་རུ་ལས་གཏོད་དངོས་སྦྱོང་ནང་ཞུགས་ནས་ཁྲོམ་རར་ཞུགས་པའི་འཇོན་ཐང་ཆེ་རུ་བཏང་བ་རེད།གསར་དར་ཁྱབ་ཁོངས་དང་གཞི་རིམ་རྣམ་གྲངས་ལ་མཉམ་དུ་ཤུགས་བརྒྱབ་ཅིང་། རྒྱལ་ཡོངས་ཀྱི་ལས་ཞུགས་ཁྲོམ་རའི་དུས་བབ་དང་ཟུང་འབྲེལ་གྱིས་ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་མཐོ་སློབ་སློབ་ཐོན་སློབ་མ་དམའ་དབྱིངས་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་པ་མ་ཟད། ཤེས་ལྡན་པ་གཞི་རིམ་དུ་ཕྱོགས་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད། རྒྱ་ཚ་རྫོང་ལ་མཚོན་ལ་རྫོང་དེས“སློབ་གྲྭ་ཆེ་མོ་བའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི”ཚོད་ལྟའི་ལག་བསྟར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་ནས་གཞི་རིམ་གྱི་སྨན་བཅོས་བྱ་གཞག་ལ་ཞབས་ཞུ་བསྒྲུབས་སུ་བཅུག་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

ཀོང་བོད་དགེ་སློབ་ཀྱིས་མི་ཐབས་རིག་ནུས་ཀྱི་སློབ་ཚན་གཅིག་འཚོགས་པ།

ཉིན་ཤས་གོང་ཀོང་ཀྲོའུ་གྲོང་ཁྱེར་གྱི་སློབ་འབྲིང་དགུ་བཅུ་གོ་བདུན་པའི(གཤམ་དུ“ཀོང་ཀྲོའུ་སློབ་འབྲིང་97པ”ཞེས་བསྡུ་རྒྱུ)དགེ་སློབ་ཀྱི་འཐུས་མིས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སློབ་འབྲིང་གི་དགེ་སློབ་དང་མཉམ་དུ་གསོན་ཉམས་དོད་པའི“AI(མི་ཐབས་རིག་ནུས)སློབ་གསོ་སྤེལ་རེས་ཀྱི་སློབ་ཚན”ཞིག་འཚོགས་པ་རེད། ཀོང་བོད་དགེ་སློབ་ཀྱིས་ཐུན་མོང་ཐོག་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ་ས་ཁོངས་སྒྲོལ་བའི“མི་ཐབས་རིག་ནུས་ལ་བརྟེན་ནས་རིག་ཚན་ལས་བརྒལ་བའི་རྣམ་གྲངས་རྣམ་པའི་སློབ་སྦྱོང་ལག་ལེན་བྱེད་སྒོ”ཞིག་སྤེལ་བ་རེད།བྱེད་སྒོ་སྤེལ་ཡུལ་དུ་ཀོང་ཀྲོའུ་གྲོང་ཁྱེར་གྱི་དགེ་རྒན་ཡེ་ཡུས་དབྱིན་དང་སྤོ་བོ་རྫོང་གི་དགེ་རྒན་ཀྲོའུ་ཝན་ཉན་གྱིས་སློབ་མའི་སྣེ་ཁྲིད་དེ་ཁོང་ཚོའི་བྱ་རིམ་ཆུང་ངུའི་བརྩམས་ཆོས་འགྲེམས་སྟོན་བྱས་པ་རེད། ཀོང་ཀྲོའུ་གྲོང་ཁྱེར་གྱི་དགེ་རྒན་ཀྲུང་ཐའེ་ལིན་གྱིས“བྱ་རིམ་ཆུང་ངུའི་སློབ་གསོའི་ལས་སྟེགས་བཀོལ་སྤྱོད་ཀྱི་རྨང་གཞིའི་སློབ་ཚན”སློབ་ཁྲིད་བྱས་པ་དང་སློབ་མ་ཚོར་AIལག་ཆར་བརྟེན་ནས་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུའི་བརྩམས་ཆོས་ཇི་ལྟར་བཟོ་སྟངས་བསླབ་པ་རེད། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ཡོན་ཀྲང་ས་མཐོའི་གསོ་རིག་ལྟེ་གནས་ཀྱི་ཀྲུའུ་རེན་ལུའོ་ཧྥེང་མིང་གིས་བརྙན་ལམ་སྦྲེལ་ནས་ཀོང་ཀྲོའུ་སློབ་འབྲིང་97པའི་སློབ་གྲོགས་ཚོས་བཟོས་པའི“ལ་དུག་གི་ཉེན་ཁ་སྔོན་དཔག”བྱ་རིམ་ཆུང་ངུར་ཆེད་ལས་ཀྱི་དཔྱད་བརྗོད་བྱས་པ་རེད། ལུའོ་ཧྥེང་མིང་གིས“སློབ་གྲོགས་ཚོས་གསར་སྤེལ་བྱས་པའི་བྱ་རིམ་ཆུང་ངུ་དེ་ས་མཐོར་ཡུལ་སྐོར་དང་ལས་ཀར་འགྲོ་བའི་མི་ཚོར་གོ་ཆོད་ཆེན་པོ་ཡོད། སློབ་གྲོགས་ཚོས་ཚན་རྩལ་གསར་ཤོས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་དངོས་ཡོད་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་རྒྱུ་ཡིན”ཞེས་བཤད།ཟླ་4ཚེས་12ཉིན་ནས་ཚེས་15ཉིན་བར་ཀོང་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་དང་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཆུས་སློབ་གསོ་ཅུས་ཀྱི་རྒྱབ་སྐྱོར་འོག ཀོང་ཀྲོའུ་སློབ་འབྲིང་97པའི་དགེ་སློབ་ཁག་གཅིག་གིས་བོད་ལྗོངས་སྤོ་བོ་རྫོང་དུ་བརྗོད་དོན་གཙོ་བོའི་རྣམ་པའི“དཔྱིད་གསེང”ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་བ་རེད། ཀོང་ཀྲོའུ་སློབ་འབྲིང་97པའི་སློབ་མའི་བརྩམས་ཆོས་ཀྱིས་དངོས་ཡོད་ཀྱི་འཚོ་བའི་ཁྲོད་རྩིས་རིག་དཔེ་དབྱིབས་འཛུགས་པའི་བེད་སྤྱོད་ལ་གཙོ་གནད་ཐོག་དམིགས་ཡོད། སྤོ་བོ་རྫོང་སློབ་འབྲིང་གི་སློབ་མའི་བརྩམས་ཆོས་སུ་ཀུན་སྤྱོད་དང་ཁྲིམས་སྐྱོང་རིག་ཚན་གྱི་སློབ་སྦྱོང་གྲུབ་འབྲས་གཙོ་གནད་དུ་བཟུང་ནས་མངོན་པར་བྱས་ཡོད།ཀོང་ཀྲོའུ་གྲོང་ཁྱེར་གྱི་སློབ་གསོའི་བོད་སྐྱོར་ལས་བྱེད་པས་གསར་འགོད་པར། “འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ཀོང་ཀྲོའུ་གྲོང་ཁྱེར་གྱིས་བོད་ལྗོངས་སྤོ་བོ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ད་ཐེངས་ཀྱི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དེས་ཀོང་ཀྲོའུ་དང་བོད་ཀྱི་སྤོ་བོ་རྫོང་གི་དགེ་སློབ་ལ་AIཡི་སློབ་ཚན་གཅིག་མཉམ་དུ་འཚོགས་ནས་མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དཔྱད་གཞིར་འཛིན་ཆོག་པའི‘ཀོང་བོད་ཀྱི་མ་དཔེ’མཁོ་འདོན་བྱས་ཡོད་ལ་མི་ཐབས་རིག་ནུས་དུས་རབས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གསར་གཏོད་ལག་ལེན་ཞིག་ཀྱང་རེད”ས་གནས་གཉིས་ཀྱི་དགེ་སློབ་ཚོས“ས་མཐོར་བསྐྱོད་པའི”རྣམ་གྲངས་གཞི་རྟེན་དུ་བྱས་ནས་གསར་བརྗེའི་སློབ་གསོ་དང་སྐྱེ་ཁམས་ཤེས་དཔལ་སློབ་གསོ་མཉམ་འབྲེལ་ཐོག་སྤེལ་བ་དང་། ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་ཁྲོད་སློབ་ཆེན་དང་། མཐོ་འབྲིང་། དམའ་འབྲིང་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྤེལ་རེས་དང་འགྲོ་འོང་ཁྲོད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས”ཞེས་བཤད།《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

གསེར་རྟ་རྫོང་སློབ་འབྲིང་གིས་དཔེ་ཀློག་བྱེད་སྒོ་འདི་འདྲ་སྤེལ།

དཔེ་ཀློག་ནི་དམའ་འབྲིང་སློབ་མའི་ནར་སོན་གྱི་གོ་རིམ་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། སློབ་མ་རྣམས་ཀྱི་དཔེ་ཀློག་གི་སྤྲོ་བ་བསྐྱེད་པ་དང་། དཔེ་དེབ་ཀྱི་གོ་བ་ལོན་པ། བརྡ་སྤྲོད་ཀྱི་དག་ཆ་འདོན་པ། གཏན་ཚིགས་ཀྱི་རིགས་ལམ་སྦྱོང་བ། གཞན་འཛམ་གླིང་དཔེ་ཀློག་དུས་ཆེན་ལ་བསུ་མ་སོགས་གནད་འགའ་ལ་དམིགས་ཏེ། སྤྱི་ཟླ4པའི་ཚེས16ནས་18ཉིན་རིང་ལ་གསེར་རྟ་རྫོང་སློབ་འབྲིང་བོད་ཡིག་སློབ་དཔྱོད་སྡེ་ཁག་གིས་དཔེ་ཀློག་མྱོང་རོལ་གྱི་འགྲན་སྡུར་སྤེལ་བ་རེད། སློབ་གྲྭའི་འཛིན་གྲྭ37གྱི་ཁྲོད་ནས། འཛིན་གྲྭ་རེའི་མི3རེ་འགྲན་སྡུར་དུ་ཞུགས། བསྡོམས་པས་འགྲན་ཞུགས་སློབ་མ111ཡོད། འགྲན་ཞུགས་སློབ་མ་འདི་དག་ལས་སློབ་མ21ལ་བྱ་དགའ་ཐོབ་པའོ།། སྤྱི་ཟླ4པའི་ཚེས22ཉིན་ལ། ད་ཐེངས་ཀྱི་འགྲན་ཞུགས་སློབ་གྲོགས་ཚང་མར་ལོ་རིམ་བཞིན་དུ་བྱ་དགའ་བསྩལ།

«ཉི་མ་ལྟ་བུའི་དགེ་བསྙེན»བཀླགས་པའི་དྲན་པ་ཐ་ཐོར།

ཐོས་པ་གོ་ཡུལ་དུ་ལུས་པའི་གྱི་ན་བ་བདག་ལ་མཚོན་ན། ཉམས་ཆུང་ཚོགས་གཉིས་ཀྱི་སྐྱེད་ཆུང་ཞིང་། ཤེས་རབ་རྣམ་གསུམ་གྱི་བློ་དམན་པ་བརྩོན་འགྲུས་ཀྱི་གོ་ཆ་སྲབ་ཅིང་། ལེ་ལོ་སྙོམ་ལས་ཀྱི་དུས་འདའ་བ་ཞིག་ལ། མེ་ཁྱེར་ཉི་དཀྱིལ་དུ་ལྷུང་བ་སྨོས་མ་དགོས་ཤིང་། དོན་གྱི་གནད་ལ་སོ་མ་ཐེབས་པ་དང་ལྟ་བའི་གནད་ལ་བློ་མ་སྨིན་པ། ལས་ཀའི་མྱོང་བས་ལག་ཐོགས་པ་ཞིག་ཏུ་སྲིད་པས། རྩིང་པོ་ཞིབ་ཏུ་འཐག་ཅིང་ཞིབ་མོ་ཚགས་ཀྱིས་བཙགས་ནས་རྡོག་རྡོག་ལག་ཏུ་འཇོག་རྒྱུ་དང་ལྷབ་ལྷེབ་རྒྱབ་ལ་གཡོགས་རྒྱུ་མེད་པས། བླུན་པོའི་ཡིད་འཁུལ་བ། མཁས་པའི་ཡིད་འཕྲོག་པ། མཁས་རྨོངས་ཀུན་གྱིས་བསྔགས་པའི་ཡུལ། བསྟོད་པའི་གནས། དགའ་བའི་རྒྱུར་འགྱུར་དཀའ་ཡང་། རིང་ཡང་མགོ་ལུས་འཚམས་པ་དང་། ཐུང་ཡང་ཡན་ལག་རྫོགས་པ་ཞིག་ལ་འབུངས་བར་བྱ། «ཆུའི་བསྟན་བཅོས»ལས། བསམ་པ་བཟང་ན་འཇིག་རྟེན་གྱི། །བྱ་བ་ཀུན་ཀྱང་ཆོས་སུ་འགྲོ། །ཟོ་ཆེན་ལ་བརྟེན་འོབས་ཀྱི་ཆུ། །ཤིན་ཏུ་མཐོ་བའི་རི་རྩེར་འགྲོ། །ཞེས་པ་བཞིན་བསམ་པ་རྣམ་དག་དང་ཀུན་སློང་གཙང་མ་ཞིག་གིས་ཀུན་ནས་བསླངས་ཏེ། དེ་རིང་ངས་འཛམ་གླིང་དཔེ་ཀློག་ཉིན་མོར«ཉི་མ་ལྟ་བུའི་དགེ་བསྙེན»ཞེས་པའི་སྐྱེས་བུ་ཆེན་པོ་ཞིག་གི་རྣམ་ཐར་བཀླགས་པའི་མྱོང་ཚར་ཐོར་བུ་ཞིག་དགེ་སློབ་ཡོངས་ལ་མཉམ་སྤྱོད་བྱ་རྒྱུ་ཡིན། ཐོག་མར་ང་རང་དཔེ་བལྟས་ཧ་ལས་པ་མེད་ཀྱང་དཔེ་ཆ་བླུ་རྒྱུར་ཧ་ཅང་དགའ་བ་ཡིན། ངའི་དཔེ་སྒྲོམ་དང་ཉལ་ཁྲི། ལས་ཤག ཐ་ན་འགྲོ་ས་འདུག་ས་གང་སར་གཡུག་པའི་དཔེ་ཆ་གཡའ་མི་དག་པ་ཡོད། ཁོམ་སྐབས་དང་བྲེལ་ཟིང་གང་རུང་གི་ཧྲག་བར་ནས་དཔེ་ཆ་རྫོགས་པའི་གོམས་གཤིས་ཡག་པོ་ཞིག་ཡོད་ཀྱང་ཕྱི་ཡུལ་ལ་གོ་རྒྱ་གཅོད་པ་དང་ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་ཡོན་ཏན་མ་འབྱོར། དེ་ནི་གཡག་ལྟོགས་ཀྱིས་རྩྭ་ཟ་པ་བཞིན་དཔེ་ཆ་གཅིག་ཆ་ཚང་བཀླགས་མ་ཚར་བར་ལག་ལ་ཐོན་ཚད་ཧེབ་ཀྱིས་རྫོགས་པས་ལན་ཡང་སྲིད། གང་ལྟར་དཔེ་ཆའི་ཁ་བྱང་དང་དཀར་ཆག་མང་པོ་མཐོང་མྱོང་བས་རྒྱུ་ཆ་རེ་འཚོལ་བར་སྟབས་ཧ་ཅང་བདེ་བར་སྣང་། ད་ཐེངས་ངས«ཉི་མ་ལྟ་བུའི་དགེ་བསྙེན»ཞེས་པའི་དཔེ་ཆ་འདི་བདམས་ནས་དཔེ་ཀློག་མཉམ་སྤྱོད་བྱར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ། གཅིག རྣམ་ཐར་འདི་ལས་བོད་མི་རིགས་ནི་ཤེས་རབ་ལ་དགའ་བའི་མི་རིགས་ཤིག་ཡིན་པ་བླ་ལྷག་ཏུ་མཚོན་ཐུབ་ལ། གཉིས་ནས་རྩོམ་མཁན་ཡང་ང་ཚོའི་མང་རྫོང་གི་དགེ་བཤེས་ཤེས་རབ་བསྟན་དར་རམ་རྒྱ་གྲོལ་ཚང་རེད། ཐག་ཉེ་ན་མིག་གིས་རྫི་མ་མི་རིག་ཅེས་པའི་དཔེ་ལྟར་ཁོང་གི་ཐུན་མོང་མ་ཡིན་པའི་དེང་རབས་ཀྱི་འབྲི་ཐབས་དང་བློས་བསླངས། སྲོལ་རྒྱུན་གྱི་ཚིག་རིས་ལས་འཁྲུངས་པའི་རྩོམ་རྩལ་ལ་ང་ཚོ་རྒན་དར་གཞོན་གསུམ་མེད་པར་དགའ་བསུ་འཐོབ་ས་ཞིག་ཡིན་པས་ང་ཚོས་ཅི་ནས་ཀྱང་རོལ་མྱོང་བྱ་བར་རིགས། ཡོལ་སྒོ་རེ་རེའི་ཕག་ན་ཁྱད་མཚར་བའི་གཏམ་རྒྱུད་རེ་རེ་སྐུང་བའི་ལེའུ་སོ་བརྒྱད་ཀྱི་བརྩམས་ཆོས་འདི་ཐེངས་གཉིས་ལ་ཞིབ་བལྟས་བྱས་པ་ཡིན། ལར་བརྡ་རྙིང་བ་ལ་བརྡ་གསར་བའི་འགྲེལ་བཤད་མི་དགོས་མོད། ད་ལྟ་རང་སྐད་ལ་གཞན་སྐད་ཀྱི་ལོ་ཙཱ་དགོས་པའི་དུས་རབས་འདིར་བརྡ་རྙིང་གོ་དཀའ་བ་བརྡ་གསར་དུ་ཕབ་པའི་བརྩམས་ཆོས་འདི་ཚིག་དོན་གཉིས་ཆར་ནས་བྲིན་ཆེ་བར་འདུག ལྷག་པར་དུ་རིག་གནས་ཀྱི་རང་རྟོན་རང་བཞིན་མངོན་པར་གསལ་བས་སེམས་ཀྱི་དང་བ་འདྲེན་པ་དང་ཡིད་ཀྱི་བརྟན་པ་འཕྲོག་པ་ལན་གཅིག་མིན། དེ་ཡང་ཉི་མ་ལྟ་བུའི་དགེ་བསྙེན་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཏེ། རུས་འབྲོམ་དང་ཆེ་བརྗོད་ཀྱི་མིང་ལ་སྟོན་པ། དགེ་བསྙེན་གྱི་མིང་ལ་རྒྱལ་བའི་འབྱུང་གནས་ཟེར། ༡ མ་ཡུར་གྱི་སྡུག་འོག་ནས་རྐྱེན་ངན་གྲོགས་སུ་འཆར་བའི་བྱང་ཆུབ་སེམས་དཔའ་ཞིག་སྟེ། གསེར་དངུལ་ས་རྡུལ་ནང་ནས་རྙེད་ཅིང་བདེ་སྐྱིད་དཀའ་སྡུག་བར་ནས་འཚོལ་བའི་བདེན་པ་བདག་གིར་བཞེས། ཁོ་ཆུང་དུས་མ་ཡར་གྱིས་བཞོན་མ་བཞོ་བ་འདྲོགས་སུ་བཅུག་ནས་འོ་མ་འཕོ་བས་མ་ཡར་གྱིས་བརྡུངས་ནས་ཞེ་འགྲས་སུ་སོང་བས་ལོ་བཅུ་གསུམ་བར་ཞང་བོའི་སར་བྱོན། དགུང་ལོ་བཅུ་བཞི་བར་ཡབ་ཀྱི་རྗེས་སུ་འབྲངས་ནས་སྙེ་མོར་ཚོང་རྒྱག་ཏུ་སོང་། བུ་གཞོན་པའི་དུས་སུ་རྒྱལ་ཁམས་འགྲིམ།ཞེས་པ་བཞིན་དུ་ཕྱིར་ཡུལ་དུ་མ་ལོག་པར་ཡི་གེ་སྦྱངས། ༢ རྟ་གཡོག་ཐབ་གཡོག་གནང་བའི་སློབ་གཉེར་བ་ཞིག ཁོང་དགུང་ལོ་བཅུ་བདུན་པར་ཇོ་བོ་སེ་བཙུན་དབང་ཕྱུག་གཞོན་ནུ་སྟེ་བླ་མ་བཟང་བོ་ཞིག་དང་འཕྲད། འབྲོམ་གྱིས་སྐུ་རྒྱབ་ཏུ་གཡག་གྲོད་ནང་འོ་མ་བླུགས་ཏེ་དཀྲོག་པ་དང་། ཕྱག་གིས་རང་འཐག་སྐོར་བཞིན་དཔེ་ཆ་རང་འཐག་གི་ཁར་བཞག་སྟེ་གཟིགས་པ་ལ་སོགས་པའི་སློབ་གཉེར་ལ་བརྩོན་པ་མཛད། ཉིན་དཀར་ཕྱུགས་འཚོར་མཚན་མོ་མེལ་ཚེ་བགྱིས། གྲོགས་པོ་ཞིག་གིས་གྲོགས་བྱས་པས་ཉིན་བདུན་ལས་མ་ནུས་པ། ཁོང་གིས་མི་ལོ་ཉི་ཤུར་རྒྱུན་བསྐྱངས། ༣ ཕྱི་ཡུལ་མ་འགྲིམ་པར་ཕྱི་ཡིག་ལ་མཁས་པའི་ལོ་ཙཱ་བ་ཞིག འབྲོམ་དང་ས་པཎ། བུ་སྟོན་སོགས་ཡོད། ༤ སློབ་མས་བླ་མ་བཅུད་ཅན་བསྟེན་པར་དཀའ་བ་སྤྱད་པའི་རྣམ་ཐར་མང་དུ་ཡོད་ཀྱང་། བླ་མས་སློབ་མ་སྣོད་རུང་བཙལ་ནས་རྒྱལ་ཁབ་ཕྱི་ནང་བརྒལ་བ་འདི་ཙམ་ལགས། བླ་མའི་ཐུགས་སྨོན་ཤོར་བའི་སློབ་མ་ཞིག མཉམ་མེད་ཇོ་བའི་ཞལ་ནས། སློབ་མ་འདི་འདྲ་རྒྱ་གར་ནའང་མེད་པར་གསུངས། ༥ དད་པ་གསར་གཏོད་བྱེད་པའི་བསམ་བློ་བ་ཞིག བཀའ་གདམས་པའི་སྲོལ་འབྱེད་ཡིན། ༦ «མི་ཆོས་གནད་ཀྱི་ཕྲེང་བ»ནི་རྒས་རྒྱུ་མེད་པའི་མི་ཆོས་བསླབ་བྱ་རྨད་དུ་བྱུང་བ་ཞིག་སྟེ། མི་ཆོས་རྩ་བ་ཀུན་དང་མཐུན་པ་ཡིན། །མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །འགྲོགས་ལུགས་དགྲ་ལ་འཚོལ་དང་ཟབ་པ་ཡིན། །དེ་བཞིན། ཐ་མ་ཞིག་གྲོགས་བཟང་བོ་དང་འགྲོགས་ཀྱང་འབྲིང་ལས་མི་ཐིངས། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བར་ཚགས་མེད་གསུངས་བ་ཅི་མ་བདེན་འདོད་སྤྱད་ཀྱི་གསུང་གསེར་ནག་གི་ཐིགས་པ་འདྲ་བ་མང་དུ་ཡོད། «སྤྱོད་འཇུག་ཆེན་མོ»ལས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་དང་། རྗེ་རིན་པོ་ཆེས། མང་ཐོས་བག་ཆགས་སེམས་ལ་གོམས་རྣམས་ཀྱིས། །མང་པོ་ཤེས་བྱ་ཤེས་པར་དཀའ་བ་མིན། །ཞེས་པ་བཞིན་མི་ཞིག་ལེགས་འགྲུབ་འབྱུང་མིན་གྱི་འབྱུང་རྩ་ནི་གོམས་གཤིས་བཟང་ངན་ལ་རག་བ་ལས་བསྙོན་དུ་མེད། དེ་ཡང་ཇི་སྐད་དུ། ཟས་ཐུན་གཅིག་མ་ཟོས་ཀྱང་ཆོག གཉིད་ཐུན་གཅིག་བཅག་ཀྱང་ཆོག དཔེ་ཀློག་ཐེངས་ཤིག་ཀྱང་ཆགས་མི་རུང་ཟེར་བའི་དཔེ་ལྟར། རང་རའི་གཙོ་འཛིན་མའོ་ཙེ་ཏུང་གིས་ཀྱང་། ཉིན་གཅིག་ལ་དཔེ་ཀློག་མ་བྱས་ན་གཞན་གྱི་རྗེས་མི་ཆོད་ཅེས་གསུངས་མྱོང་། རྫ་དཔལ་སྤྲུལ་གྱིས། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ། ཞེས་གསུངས་པ་བཞིན།དཔེ་ཀློག་ལ་ཡང་གོམས་པ་གལ་ཆེའོ། །ཁམ་གྱི་ཟས་ལ་མ་སྤྱད་ན་མི་རྣམས་འཇིག་རྟེན་དུ་འཚོ་མི་ནུས་ལ། བསམ་བློའི་ཟས་ལ་མ་རོལ་ན་མི་རྣམས་འཇིག་རྟེན་དུ་འཚོ་ཡང་དོན་སྙིང་གིས་དབེན་པར་འགྱུར་བས། ཟས་སྔ་མ་ལ་རོལ་ཤེས་ཙམ་ནི་འཇིག་རྟེན་འདིའི་སྲོག་ལྡན་ཐམས་ཅད་ལ་ལྷན་སྐྱེས་སུ་ཡོད་ཀྱང་། ཟས་ཕྱི་མར་རོལ་ཤེས་པའི་ཆ་ནས་ནི་འགྲོ་བ་མི་ཉིད་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པར་གྱུར་པ་རེད། དཔེ་ཀློག་བྱེད་པ་ནི་དོན་གྱིས་ཤེས་རབ་འཚོལ་བའི་ལམ་བུ་ཡིན། ང་ཚོ་བོད་པ་ཚོ་ནི་ཤེས་རབ་ལ་དགའ་བའི་མི་རིགས་ཤིག་སྟེ། སྔར་བོད་ལོ་པཎ་རྣམས་ཀྱི་གསུང་འབུམ་པོ་ཏི་མང་པོ་བྲག་རྩིག་རྩིག་བྱས་པ་ལས་རྟོགས་ཐུབ། དེ་མིན་མི་ཚེ་དཔེ་ཀློག་ལ་བསྟིམས་པའི་སྐྱེ་བུས་ས་སྟེང་ཁེངས་ཡོད་དེ། ས་པཎ་གྱིས། རིག་པ་ནང་པར་འཆི་ཡང་སློབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་མི་ཚེ་ཕྲེང་བརྒྱུད་ཀྱི་སློབ་སྦྱོང་གི་སྙིང་སྟོབས་མཚོན་ཡོད། དཔེ་ཀློག་བྱས་ཏེ་གདེང་ཐོབ་པའི་སྐྱེས་ཆེན། ཐོན་མའི་ང་རྒྱལ་གྱི་གླུ་ལས། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་དང་། དེ་བཞིན་ས་པཎ་མཆོག་གི་ང་རྒྱལ་དང་མཁས་དབང་དགེ་ཆོས་སོགས་ཅི་མང་ཞིག་ཡོད་པ་གཅིག་ཤེས་ཀུན་གྲོལ་ལོ། ། དཔེ་ཀློག་བྱེད་སྟངས་ལ«གུང་ཐང་བསླབ་བྱ»ལས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། །ཞེས་ཚིག་དོན་གཉིས་ལ་དོ་སྣང་བྱེད་དགོས་ལ། སློབ་པ་གསུམ་གལ་ཆེ། མིག་གིས་ལྟ་བ། ངག་ལ་གྱེར་བ། བསམ་གཞིག་བྱེད་པ། དཔེ་ཀློག་ཟིན་བྲིས་འབྲི་བ་ལས་མ་འདས། མདོར་ན་དཔེ་དེབ་ཅིག་གི་ཁ་ཕྱེས་པ་ནས་འཛམ་གླིང་གི་སྐྱེས་ཆེན་རྣམས་དང་ཁ་བརྡ་གློད་མགོ་བརྩམས་པ་ཡིན་ལ། དཔེ་ཆ་ཀློག་པ་ནི་དོན་གྱིས་རང་ཉིད་ཀློག་པ་ཡིན། ངས་ཆེས་ཤེས་པ་ནི་ང་རང་གིས་ཅི་ཡང་མི་ཤེས་པ་དེ་ཤེས་སོང་། །

བྱིས་པའི་དཔེ་ཀློག་གོམས་གཤིས་ཇི་ལྟར་སྐྱོང་།

བྱིས་པའི་དཔེ་ཀློག་གོམས་གཤིས་ཇི་ལྟར་སྐྱོང་།ཟླ4པའི་ཚེས22ཉིན། 《ཨ་མ་ནི་སྒྱུ་རྩལ་གྱི་དགེ་རྒན་ཡག་ཤོས་ཡིན》ཞེས་པའི་རྩོམ་པ་པོ་སྐལ་བཟང་ལགས་ཀྱིས་ལྷ་ས་གྲོང་ཁྱེར་དུ་འཚོ་བ་སྙན་ངག་ཏུ་བཟུང་ནས་མི་ཚེ་སྒྱུ་རྩལ་གྱི་ལམ་ལ་འཇུག་ཅེས་པ་བརྗོད་བྱར་བྱས་པའི་དཔེ་ཀློག་གི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་མཉམ་སྤྱོད་བྱས་འདུག སུང་ཆིང་ལིན་བྱིས་པའི་དཔེ་ཀློག་ཁང་གི་མཛུབ་སྟོན་དགེ་རྒན་ཡིན་པའི་ངོས་ནས་སྐལ་བཟང་ལགས་ཀྱིས་འཚོ་བའི་ནང་བརྙན་ཐུང་བལྟ་མང་བ་དང་། མི་ཐབས་རིག་ནུས་དུས་རབས་ཀྱི་འགྲན་སློང་སོགས་ལ་དམིགས་ནས་ཁྱིམ་ཚང་ནང་ཕྲུ་གུར་མཛེས་ཆོས་ལྟ་བ་གསོ་སྐྱོང་བྱེད་དགོས་པའི་འདོད་ཚུལ་བཏོན་ཡོད།མི་ཉུང་ཤས་ལ་མ་གཏོགས་དཔེ་ཀློག་གི་གོམས་གཤིས་མེད་པའི་སྐབས། ཁྱིམ་བདག་གིས་རང་ཉིད་ཀྱི་བྱེད་ལུགས་བྱེད་སྟངས་ཐོག་ནས་ཕྲུ་གུའི་མིག་དཔེར་གྱུར་བ་བྱེད་དགོས། སྐལ་བཟང་ལགས་ཀྱིས། ཆ་འཕྲིན་སྣ་མང་འདུས་པའི་དུས་རབས་འདིར་བྱིས་པར་དཔེ་ཀློག་གི་གོམས་གཤིས་ཤིག་འཇགས་པར་བྱེད་དགོས་ན། ཁྱིམ་ཚང་གི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་རྒྱུ་ནས་འགོ་འཛུགས་དགོས་ཞེས་བརྗོད་འདུག ཁོང་གིས་ཁྱིམ་བདག་ནས་དུས་ཁོམ་བྱུང་རིམ་བཞིན་དཔེ་དེབ་བལྟ་ཀློག་བྱས་ཏེ། རང་ཉིད་ཀྱི་བྱེད་ལུགས་བྱེད་སྟངས་ཐོག་ནས་ཕྲུ་གུར་དཔེ་དེབ་བལྟ་ཀློག་གི་གོམས་གཤིས་འཇགས་པར་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་པའི་དྲན་སྐུལ་གནང་འདུགདཔེ་དེབ་ཀྱི་རིགས་ཕུན་སུམ་ཚོགས་པ་དང་། གྲངས་འབོར་མང་བར་གཞིགས་ནས་སྐལ་བཟང་ལགས་ཀྱིས་ཁྱིམ་བདག་ནས་དཔེ་དེབ་འདེམས་རོགས་དང་། ཡག་ཉེས་དབྱེ་འབྱེད་བྱེད་རོགས་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ལ། ཕྲུ་གུའི་ལོ་ནའི་ཁྱད་ཆོས་ལ་འཚམ་པའི་ལྟ་འདོད་པ་དང་། རིན་ཐང་ཡོད་པའི་དཔེ་དེབ་འདེམས་དགོས་པའི་དྲན་སྐུལ་གནང་འདུགའཛམ་གླིང་དཔེ་ཀློག་ཉིན་མོ་འདིར་ཁྱིམ་བདག་ལྷན་རྒྱས་ནས་ཁྱིམ་ཚང་གི་དཔེ་ཀློག་ཁོར་ཡུག་སྐྲུན་རྒྱུ་ནས་འགོ་བཙུགས་ཏེ་བྱིས་པར་དཔེ་ཀློག་གི་གོམས་གཤིས་འཇག་རྒྱུར་མཐུན་རྐྱེན་བསྐྲུན་རྒྱུའི་རེ་བ་ཞུ་བཞིན་ཡོད།

ཁྱིམ་ཚང་སློབ་གསོའི་གསེར་གྱི་ལྡེ་མིག

ཁྱིམ་ཚང་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་གང་ལ་ཆ་མཚོན་ནས་བཤད་ནའང་ཆེས་གཞི་རྩར་གྱུར་པའི་སློབ་གསོའམ་ཡང་ན་གལ་འགངས་ཆེ་ཤོས་ཀྱི་སློབ་གསོ་དེར་བརྩི་བཞིན་ཡོད། དེ་བཞིན་རང་རེ་ལ་མཚོན་ནའང་གནའ་སྔ་མོ་ནས་བཟུང་རྒན་བཀུར་གཞོན་གཅེས་དང་བྱས་པ་དྲིན་གཟོ་སོགས་ཡ་རབས་གུས་ལུགས་དང་མཐུན་པའི་སློབ་གསོར་གཙིགས་ཆེན་བྱེད་ཀྱི་ཡོད། དེ་ཡང་ཕ་མའི་ཡང་དག་པའི་སྒོ་གསུམ་གྱི་བྱ་སྤྱོད་ནི་ཁྱིམ་ཚང་སློབ་གསོ་རྩེར་སོན་དེ་ཡིན་ལ། ཕྲུ་གུ་ཚོའི་བསླབ་གཞིའི་སློབ་དེབ་ཡག་ཤོས་དེ་ཡང་ཡིན། དེ་ལྟར་ཁ་ཡིས་བརྒྱ་བཤད་པ་ལས་ལུས་ཀྱི་དཔེ་སྟོན་གཅིག་དགའ་བས། རྒྱུན་དུ་ཁྱིམ་བདག་དང་ལྷག་པར་ཕ་མ་དག་གིས་དེར་དོ་སྣང་གིས་བྱིས་པ་རྣམས་ཀྱི་སློབ་གསོའི་དུས་བཟང་དེར་ཕ་མས་ལུས་ངག་ཡིད་གསུམ་གྱི་ཐོག་ནས་གུས་བཀུར་བྱེད་ལུགས་དང་། ཡར་ཐོན་གྱི་བརྩོན་སེམས། བྱམས་བརྩེའི་ཁྱིམ་ཚང་བཅས་ཀྱི་དཔལ་ཡོན་ལྡན་པའི་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་རྒྱུ་ནི་འཇིག་རྟེན་འདིའི་ཐོག་གི་ཡ་མཚན་ཆེ་ཤོས་ཀྱི་སློབ་གསོའི་དཔེ་དེབ་གསོན་པོ་ཞིག་དང་ཆེས་བཟང་བའི་དགེ་རྒན་ཞིག་ཀྱང་ཡིན་ལ། ཕ་མའི་ཤ་ཚ་ཞེས་པའང་དོན་ལ་དེ་འདྲ་ཞིག་ཡིན་པ་གོར་མ་ཆག །ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

༄༅།།སློབ་ཆེན་དངོས་གཞིའི་ཚན་ཁག་གི་ཆེད་ལས་ལ་འགྱུར་བ་ཡོད་པ་ཡོངས་བསྒྲགས་བྱས།

ཚེས་22ཉིན། སློབ་གསོ་པུའུ་ཡིས་《སྤྱིར་བཏང་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཀྱི་དཀར་ཆག་(2025ལོ་)》གསར་དུ་བརྗེས་པ་ཁྱབ་བསྒྲགས་བྱས་ནས། ཆེད་ལས་གསར་པ་29ཁ་སྣོན་བརྒྱབ་པ་རེད། དཀར་ཆག་གསར་པའི་ནང་ཆེད་ལས་རིགས་93དང་ཆེད་ལས་རིགས་845ཚུད་ཡོད་པས། ཆེད་ལས་ཀྱི་བཀོད་པ་ཇེ་ཆེར་བཏིང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་དང་ལེན་བྱ་རྒྱུར་ཤུགས་སྣོན་སྔར་ལྷག་རྒྱག་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཆེད་ལས་གསར་པ་29མང་དུ་བཏང་བ་དེས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཁྲོམ་རའི་དགོས་མཁོ། ཚན་རྩལ་འཕེལ་རྒྱས་ཀྱི་སྣེ་ཁྲིད་བཅས་གང་ལེགས་མཚོན་གྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཐད་ས་ཁོངས་ཀྱི་རྒྱལ་ཁབ་དབྱེ་བའི་རིག་པ་དང་། ཐཱན་སྙོམ་གྱི་ཚན་རིག་དང་ལས་གྲྭ། རྒྱ་མཚོའི་ཚན་རིག་དང་ལག་རྩལ། བདེ་ཐང་དང་སྨན་བཅོས་འགན་སྲུང་སོགས་པའི་ཆེད་ལས་མང་དུ་བཏང་བ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་མདུན་གྲལ་ལ་ཕྱོགས་ནས་རིག་ནུས་ཆ་རྡུལ་ལས་གྲྭ་དང་། སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ལས་གྲྭ། དུས་དང་བར་སྟོང་ཆ་འཕྲིན་ལས་གྲྭ་སོགས་པའི་ཆེད་ལས་མང་དུ་བཏང་བ། རང་འགུལ་ངང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་ནས་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་དོ་དམ་དང་མཁའ་འགྲུལ་ལུས་རྩལ་སོགས་པའི་ཆེད་ལས་མང་དུ་བཏང་བ་རེད། དེ་དང་ཆབས་ཅིག་རིག་ནུས་བཅོས་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུར་དམིགས་ནས། རིག་ནུས་བཅོས་མའི་སློབ་གསོ་དང་། རིག་ནུས་ཀྱི་བལྟ་ཉན་ལས་གྲྭ། གྲངས་འཛིན་གྱི་ཟློས་གར་སོགས་པའི་ཆེད་ལས་མང་དུ་བཏང་བ་རེད། རྒྱལ་ཁབ་ཀྱི་འཐབ་ཇུས་སྔར་བས་མགྱོགས་པོར་དང་ལེན་བྱེད་ཆེད། སློབ་གསོ་པུའུ་ཡིས་འཐབ་ཇུས་ལ་འཕྲལ་དུ་མཁོ་བའི་ཆེད་ལས་ཀྱི་རྒྱུན་ལྡན་མིན་པའི་བཀོད་སྒྲིག་ལམ་སྲོལ་ཐོག་མར་བཙུགས་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་གསར་ཤོས་དང་ཚད་མཐོའི་དོ་ཁུར་བྱེད་པའི་འཐབ་ཇུས་ཁྱབ་ཁོངས་ཐད་འབྲེལ་ཡོད་ཆེད་ལས་བཀོད་སྒྲིག་འཕྲལ་དུ་དང་ལེན་བྱེད་པའི་“ཉེན་མེད་བགྲོད་ལམ”བཏོད་ཡོད། མཁའ་དམའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་ཏེ་གཅིག་སྡུད་ཐོག་རེ་བ་ཞུ་བའི་ཚོད་འཛིན་ལས་བརྒལ་ནས་པེ་ཅིང་མཁའ་སྐྱོད་མཁའ་འགྲུལ་སློབ་ཆེན་སོགས་མཐོ་སློབ་6ལ་མཁའ་དམའི་ལག་རྩལ་དང་ལས་གྲྭའི་ཆེད་ལས་མང་དུ་གཏོང་རྒྱུའི་མཛུབ་ཁྲིད་བྱས་པ་རེད། མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(2025ལོར།)

2024ལོར་རྒྱལ་ཡོངས་ཀྱི་མཐོ་སློབ་ཏུ་ཆེད་ལས་ས་ཚིགས1839གསར་དུ་བསྣན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས22ཉིན་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། ཉེ་སྔོན་སློབ་གསོ་པུའུ་ཡིས2024ལོའི་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཐོ་འགོད་དང་ཞིབ་བཤེར་ཆོག་མཆན་འགོད་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭར་ཆེད་ལས་ས་ཚིགས1839གསར་དུ་བསྣན་པ་དང་། སློབ་གནས་སྤྲོད་པའམ་ཡང་ན་སློབ་སྦྱོང་བྱེད་པའི་ཆེད་ལས་ལོ་ཚད་ས་ཚིགས157ལེགས་སྒྲིག་བྱས་ཤིང་། ཆེད་ལས་བསྡུ་མཚམས་བཞག་པའི་ས་ཚིགས2220དང་། ཆེད་ལས་རྩིས་མེད་དུ་བཏང་བའི་ས་ཚིགས1428བཅས་ཡོད་པས། ཆེད་ལས་ལེགས་སྒྲིག་ལེགས་སྒྱུར་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།སློབ་གསོ་པུའུ་ཡིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(2025ལོ)》དུས་མཉམ་དུ་གསར་སྒྱུར་དང་ཁྱབ་བསྒྲགས་བྱས་ནས། ཆེད་ལས་གསར་པ་རིགས29ཁ་སྣོན་བྱས། དཀར་ཆག་གསར་པར་ཆེད་ལས་རིགས93དང་ཆེད་ལས་སྣ845ཡོད་པས། ཆེད་ལས་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་དང་ལེན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།ཤེས་གསལ་ལྟར་ན། ད་ཐེངས་གསར་དུ་བསྣན་པའི་ཆེད་ལས་གསར་པ་རིགས29ཡོད་པ་དེས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཚོང་རའི་དགོས་མཁོ། ཚན་རྩལ་འཕེལ་རྒྱས་ཀྱི་སྣེ་ཁྲིད་བཅས་སྣེ་ཁྲིད་དུ་བཟུང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཐད་ས་ཁོངས་རྒྱལ་ཁབ་ཁག་རིག་པ་དང་། ཐཱན་སྙོམ་སྒྲིག་ཚན་རིག་དང་ལས་གཞི། རྒྱ་མཚོ་ཆེན་པོའི་ཚན་རིག་དང་ལག་རྩལ། བདེ་ཐང་དང་སྨན་བཅོས་འགན་སྲུང་སོགས་ཆེད་ལས་གསར་སྣོན་བྱས་པ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་མདུན་གྲལ་ལ་ཕྱོགས་ནས་རིག་ནུས་ཆ་རྡུལ་ལས་གཞི་དང་། སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ལས་གཞི། དུས་དང་བར་སྟོང་གི་ཆ་འཕྲིན་ལས་གཞི་སོགས་ཆེད་ལས་ཇེ་མང་དུ་བཏང་ཡོད། རང་འགུལ་ངང་ཁྲོམ་རའི་དགོས་མཁོ་དང་བསྟུན་པར་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུ་དོ་དམ་དང་མཁའ་འགྲུལ་འགུལ་སྐྱོད་སོགས་ཆེད་ལས་ཇེ་མང་དུ་བཏང་ཡོད། དེ་དང་ཆབས་ཅིག མི་ཐབས་རིག་ནུས་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དམིགས་ཏེ། མི་ཐབས་རིག་ནུས་ཀྱི་སློབ་གསོ་དང་། རིག་ནུས་བལྟ་ཉན་ལས་གཞི། གྲངས་འཛིན་ཟློས་གར་སོགས་ཀྱི་ཆེད་ལས་ཇེ་མང་དུ་བཏང་ཡོད།རྒྱལ་ཁབ་ཀྱི་འཐབ་ཇུས་སྔར་བས་མགྱོགས་མྱུར་ངང་དང་ལེན་བྱ་ཆེད། སློབ་གསོ་པུའུ་ཡིས་འཐབ་ཇུས་འཕྲལ་མཁོའི་ཆེད་ལས་ཀྱི་རྒྱུན་ལྡན་མིན་པའི་ལམ་སྲོལ་ཐོག་མར་བཙུགས་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་གསར་ཤོས་དང་ཚད་མཐོའི་དོ་ཁུར་བྱེད་པའི་འཐབ་ཇུས་ཀྱི་ཁྱབ་ཁོངས་ཐད། འབྲེལ་ཡོད་ཆེད་ལས་གསར་འཛུགས་བྱས་ནས་དུས་ཐོག་ཏུ“ལྗང་མདོག་བགྲོད་ལམ”དང་ལེན་བྱས་ཡོད། དམའ་དབྱིངས་དཔལ་འབྱོར་མགྱོགས་པོར་འཕེལ་རྒྱས་འགྲོ་བའི་དགོས་མཁོར་དམིགས་ཏེ། གཅིག་བསྡུས་སྙན་ཞུའི་ཚོད་འཛིན་ལས་བརྒལ་ནས། པེ་ཅིན་མཁའ་སྐྱོད་མཁའ་འགྲུལ་སློབ་ཆེན་སོགས་མཐོ་སློབ6ཏུ་དམའ་དབྱིངས་ལག་རྩལ་དང་ལས་གཞིའི་ཆེད་ལས་འཛུགས་རྒྱུར་མཛུབ་ཁྲིད་བྱས། །

མཚོ་སྔོན་གྱིས་བརྟག་དཔྱད་ནན་མོར་བརྟེན་ནས་སློབ་སྦྱོང་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ།

སློབ་སྦྱོང་སློབ་གསོ་དེ་སྔར་ལས་གཞི་རིམ་དང་དོན་དངོས་ལ་དམ་དུ་འབྲེལ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ལས་བྱེད་པའི་བརྟག་དཔྱད་དང་མགོ་ཁྲིད་སྡེ་ཁག་གི་ཆེད་དོན་བརྟག་དཔྱད། སློབ་སྦྱོང་སློབ་གསོའི་ཆེད་དོན་འཛིན་གྲྭའི་འབྲེལ་གནས་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་རྫོང་ཞེ་ལྔ། ཁེ་ལས་སོ་དགུ་བཅས་ལ་སོང་ནས། གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་གནད་དོན་གཙོ་བོར་རྒྱུས་ལོན་ཟབ་མོ་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་།ཞིང་ཆེན་ཏང་ཨུས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོས་མགོ་ཁྲིད་གཙོ་བོའི་ལས་འགན་ལག་བསྟར་ནན་མོ་བྱེད་པ་དང་། ཁོངས་གཏོགས་མི་སྣས་ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་བའི་བླང་བྱ་ལྟར། འགན་བགོས་སྡེ་ཁག་གི་སློབ་སྦྱོང་སློབ་གསོ་དམ་འཛིན་ལེགས་པོ་བྱས། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་དང་སྦྲེལ་ཞིང་། འབྲེལ་གཏུག་བྱེད་སའི་ཁེ་ལས་གཙོ་བོའི་བྱ་བའི་བཀོད་སྒྲིག་དང་སྦྲེལ། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་སོ་ལྔས་གྲོང་གསེབ་དར་སྤེལ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད། སོ་སོར་རྫོང་གཅིག་དང་ཁེ་ལས་གཙོ་བོ་གཅིག་ལ་འབྲེལ་གཏུག་མཛུབ་སྟོན་བྱས་ཏེ། སློབ་སྦྱོང་སློབ་གསོའི་བརྗོད་དོན་ལ་དམིགས་ནས། སིམ་འཐིམ་རྣམ་པའི་བརྟག་དཔྱད་བྱས་ལ། གཞི་རིམ་གྱི་བསམ་འཆར་གྲོས་གཞི་དང་རེ་འདུན་ལ་ཉན་ཞིང་། ས་ཁུལ་དང་ཁེ་ལས་ལ་མཛུབ་སྟོན་དང་བརྟག་དཔྱད་བྱས་ཏེ་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ་དང་། བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ནས། སློབ་སྦྱོང་སློབ་གསོའི་གནས་ཚུལ་ལ་རྒྱུས་ལོན་བྱས།ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་དོན་བརྟག་དཔྱད་འཆར་འགོད་ཞིབ་མོར་བཟོས་པ་དང་། འབྲེལ་ཡོད་ལས་རིགས་སྡེ་ཁག་དང་མཐུན་སྦྱོར་བྱས་ཤིང་། ལས་སྒྲུབ་སྟོབས་ཤུགས་གཙོ་བོ་བཀོད་སྒྲིག་བྱས་ནས། བརྟག་དཔྱད་བྱ་བའི་ཚན་ཆུང་བརྒྱད་བཙུགས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཁག་གཅིག་དང་མཐོ་རིམ་སློབ་གྲྭ། སྨན་ཁང་། ཁེ་ལས་སོགས་ཀྱི་ཁྱབ་ཁོངས་སུ་སོང་ནས་ཡུལ་དངོས་བརྟག་དཔྱད་བྱས་པ་དང་། བཞུགས་མོལ་བརྗེ་རེས་ཀྱི་བྱེད་ཐབས་སྤྱད་དེ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ། ཡུལ་ཚོ་དང་གྲོང་རྡལ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དཀྱུས་མ། ཏང་ཡོན་དང་མང་ཚོགས། རང་ཁྱབ་ཁོངས་དང་རང་ཁོངས་གཏོགས་ཀྱི་ལས་བཟོ་པ་དཀྱུས་མ། ཞབས་ཞུ་བྱ་ཡུལ་སོགས་སུ་ཐེངས་བཅུ་གཅིག་ལ་བཞུགས་མོལ་བརྗེ་རེས་བྱས་ཤིང་། གཞི་རིམ་གྱི་ཏང་ཡོན་མང་ཚོགས་དྲུག་བརྒྱ་ལྷག་ལ་གནས་ཚུལ་དྲིས་ཤིང་། ཞིབ་བཤེར་འདྲི་ཤོག་བཞི་བརྒྱ་བཀྲམ་ནས། གཙོ་བོ་ཁྱབ་ཁོངས་སོ་སོའི་མངོན་གསལ་གྱི་གནད་དོན་དང་དེའི་ཞིབ་ཕྲའི་མངོན་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རིམ་པོ་སོ་སོའི་མགོ་ཁྲིད་དང་ཏང་ཡོན་ལས་བྱེད་པའི་འབུར་ཐོན་གནད་དོན་ལ་ཐོག་མའི་རྒྱུས་ལོན་བྱས་ཤིང་། གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདུན་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་གཞི་རིམ་གྱི་ལས་ཡུལ་དང་པོའི་ཆ་འཕྲིན་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་ཚན་གྱིས་ཆ་འཕྲིན་འགག་རྩའི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་པ་དང་། ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས། བྱེད་ཐབས་སྣ་མང་སྤྱད་དེ་མཛུབ་སྟོན་དེ་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་མེད་སའི་གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་སུ་ཆེད་ཚན་བཀོད་སྒྲིག་བྱས་ནས་འབྲེལ་གཏུག་མཛུབ་སྟོན་བྱས། འབྲེལ་གཏུག་མཛུབ་སྟོན་ལས་རིམ་རི་མོ་དང་སློབ་སྦྱོང་སློབ་གསོའི་བྱ་བའི་སྐུལ་འདེད་རེའུ་མིག་གཏན་འབེབས་ཞིབ་མོ་བྱས་ཏེ། ཐིན་རིམ་པའི་མགོ་ཁྲིད་བཞི་ཡིས་སྣེ་ཁྲིད་མཛུབ་སྟོན་བྱས་པ་དང་། འབྲེལ་གཏུག་མི་སྣ་བཅུ་བཞིས་རྗེས་འདེད་སྤྱི་འདོམས་བྱས་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག་གྱ་གཉིས་དང་། ཁུལ་དང་གྲོང་ཁྱེར་བརྒྱད་དུ་གཅིག་གཏད་གཅིག་གི་འབྲེལ་གཏུག་མཛུབ་སྟོན་གྱི་བྱ་བའི་རྐྱེན་སྲོལ་བཙུགས། ཞིང་ཆེན་རིམ་པའི་ཆེད་ཚན་དང་ལྟ་ཞིབ་ཚད་འཇལ་བྱེད་ཡུལ་གྱི་འབྲེལ་གཏུག་མཛུབ་སྟོན་རྐྱེན་སྲོལ་ལ་བརྟེན་ནས། གཞི་རིམ་གྱི་ལྟ་ཞིབ་ཚད་འཇལ་བྱེད་ཡུལ་བཅོ་ལྔ་བཙུགས་པ་དང་། སྐབས་དང་བསྟུན་ནས་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་དོན་བརྟག་དཔྱད་མཛུབ་སྟོན་སྤེལ། ཟླ་བཞི་པའི་ཟླ་དཀྱིལ་བར་དུ། ལྟ་ཞིབ་ཚད་འཇལ་བྱེད་ཡུལ་གྱིས་གནད་དོན་གྱི་ཁུངས་སྣེ་སོ་དྲུག་ཕྱིར་ལྡོག་བྱས་པ་དང་། དེའི་ཁྲོད་ཀྱི་དོན་ཚན་སོ་གཅིག་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་བྱས་ལ། དོན་ཚན་ལྔ་ནི་གསར་དུ་བསྣན་པའི་ཁུངས་སྣེ་རེད། བྱ་བའི་གསལ་འདེབས་དང་བྱ་བའི་དྲིས་ལན་བསམ་འཆར་འགྲེམ་སྤེལ་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་ལས་རིགས་ཁོངས་གཏོགས་སོ་སོའི་གཙོ་གཉེར་སྡེ་ཁག་བཀོད་སྒྲིག་བྱས་ནས་ལས་རིགས་ཁོངས་གཏོགས་ཀྱི་རང་ངོས་དགེ་མཚན་འདོན་སྤེལ་བྱས་ཤིང་། ཁོངས་གཏོགས་ཀྱི་སློབ་སྦྱོང་བགྲོ་གླེང་དང་གནད་དོན་ཞིབ་བཤེར། གཅིག་སྡུད་ལེགས་བཅོས། སྒོ་འབྱེད་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་མཛུབ་སྟོན་བྱས་ཏེ། ལས་རིགས་སོ་སོ་དང་ཁོངས་གཏོགས་སོ་སོས་ནུས་ལྡན་མཉམ་འགུལ་དང་། ཐོན་ཁུངས་མཉམ་སྤྱོད། མཐུན་སྦྱོར་སྐུལ་འདེད་བྱེད་པ་བཅས་མངོན་འགྱུར་བྱུང་།

འོད་སྟོང་འཕྲོ་བའི་ལོ་རྒྱུས་ཉམས་སུ་མྱོང་། འབད་འབུངས་སྟོབས་ཤུགས་རྒྱུད་ལ་འཇགས་པར་བྱས།

འདི་ནི་ཁྲེང་ཀོན་ཆུས་ཞིང་ལས་གྲོང་གསེབ་དང་ཆུ་བེད་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་འགྲེམས་སྟོན་ཚོམས་ཆེན་དུ་ལྟ་སྐོར་བྱེད་བཞིན་པ། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིང་ལས་གྲོང་གསེབ་དང་ཆུ་བེད་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མའི་རྟེན་མཛོད་ཁང་དུ་ལྟ་སྐོར་ལ་བསྐྱོད་ཡོད། ཏང་ཡོན་ཡོང

༄༅། །དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱེད་དགོས།

དཔེ་དེབ་ནི་མཁས་པའི་རྣམ་ཤེས་གསོན་པོ་ཞིག་ཡིན་ཞིང་། གང་ཞིག་དཔེ་དེབ་ཀློག་པར་སྤྲོ་བ་ནི་མཁས་པ་དང་འགྲོགས་པ་ཡིན་ཞེས་པ་ལྟར། སྐྱེ་བོ་སུ་དང་གང་ཞིག་དཔེ་ཆ་ཀློག་པར་སྤྲོ་ཞིང་། དཔེ་ཀློག་གི་ཁྲོད་ནས་སྣ་མང་ཤེས་བྱའི་ལོངས་སྤྱོད་ལ་རོལ་བ་ནི་ཤེས་རིག་གི་དེད་དཔོན་གང་ཞིག་དང་མཉམ་དུ་མི་ཚེའི་གཏན་ཚིགས་སམ། འཚོ་བའི་མྱོང་བ། རིགས་ལམ་གྱི་ཐབས་ཤེས་སོགས་ལ་བགྲོ་གླེང་བྱེད་པ་དང་ཀུན་ནས་མཚུངས། ནམ་རྒྱུན་ལས་ཀའི་ཞོར་དང་སློབ་གསེང་གི་ཁོམ་སྐབས། ངལ་གསོའི་དུས་སུ་རང་གིས་རང་ལ་དུས་ཚོད་ཕྲན་བུ་རེ་བཙལ་ཏེ་རང་གི་ཡོན་ཚད་མཐོར་འདེགས་དང་བློ་སྐྱེད་ནུས་པའི་དཔེ་དེབ་ཅིག་དམིགས་སུ་བཟུང་ནས་ལྟ་ཀློག་བྱས་ན། རིག་པ་འཁྱག་གིས་མ་བསྡམས་པར། འཆད་རྩོད་རྩོམ་གང་ལའང་རིག་པའི་ཀློང་བརྡོལ་ཏེ་མཁས་པའི་དབུས་སུ་ཉི་མ་བཞིན་ལྷམ་མེར་བཀྲ་བ་ཞིག་དང་། ཟླ་བ་བཞིན་དུ་གསལ་ལེར་མངོན་པ་ཞིག་ཡོང་རྒྱུ་སྨོས་ཅི་དགོས། དེ་ཡང་འཆད་རྩོད་རྩོམ་གསུམ་ནི་མཁས་པའི་བྱ་བ་རྣམ་གསུམ་ཡིན་ལགས་ན། ཀུན་གྱིས་དཔེ་ཀློག་གི་བགྱི་བར་གཞོལ་ནས་འཆད་རྩོད་རྩོམ་གསུམ་ལ་སྨན་པའི་ཤེས་བྱའི་རྒྱགས་ཕྱེ་གསོག་དགོས། ཧྥ་རན་སེ་བསམ་བློ་བ་ཧྥུའར་ཐའེ་ཡིས། “དཔེ་དེབ་ཀློག་པ་ནི་ཆེས་གསལ་བའི་སྒྲོན་མེ་ཞིག་དང་མཚུངས་པ་སྟེ། དེས་ཁྱེད་ཀྱི་མི་ཚེའི་ལམ་བུར་འོད་སྣང་སྦྱིན་པ་ཡིན”ཞེས་གསུངས་པ་ལྟར། སུ་ཞིག་དཔེ་ཀློག་གི་བགྱི་བར་འཇུག་པ་ན། དེ་ལས་ཐོབ་པའི་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལས་རང་གི་མི་ཚེའི་འགྲོ་འདུག་གི་གསལ་ཁ་དང་། འཚོ་བའི་བདེན་རྫུན་གྱི་དབྱེ་འབྱེད། ལེགས་ཉེས་གསལ་འགྲིབ་ཀྱི་བརྡར་ཤ་སོགས་ཆོད་པར་གྱུར་ཏེ། རང་ཉིད་ཀྱི་མི་ཚེའི་ལམ་བུ་དེ་སྣ་མང་ཤེས་བྱའི་སྒྲོན་འོད་ཀྱིས་བཀྲ་བར་བྱེད་པ་དང་། བདེ་སྡུག་གི་གནས་མལ་གང་ཞིག་ཏུ་ཡང་ཡིད་ཚིམ་པའི་བློ་སྐྱེད་ཅིག་འབྱུང་ངེས་ལ། ཕུགས་བསམ་མངོན་འགྱུར་གྱི་ལམ་བུའང་དེ་བས་ཡངས་ཤིང་བདེ་བ་ཞིག་ཡོང་རྒྱུ་གོར་མ་ཆག གནའ་ནས་ད་བར་བྱོན་དང་འབྱོན་བཞིན་པའི་སྒྱུ་རྩལ་པ་དང་བསམ་བློ་བ། རྩོམ་པ་པོ། ཚན་རིག་མཁས་པ་སུ་ཞིག་ཡིན་རུང་། དཔེ་ཀློག་གི་བྱ་བ་དོར་ཏེ་མཁས་པའི་ཡང་རྩེར་སོན་པ་ཞིག་བྱུང་མ་མྱོང་ལ། ཕྱིས་འབྱུང་ཡང་འབྱུང་མི་སྲིད་དོ། དེ་ལ་ས་པཎ་མཆོག་གིས། མཁས་གང་ཤེས་བྱ་དེ་ཁོ་ན། །ཇི་བཞིན་རྟོགས་པར་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པར་འདོད། །ཅེས་གསུངས་པ་ལྟར། དཔེ་དེབ་ལ་འཛིན་པའི་བློ་མིག་དྲང་ཞིང་ཤེས་བྱའི་གནས་ཀུན་ལ་སྦྱོང་བའི་དད་བརྩོན་གྱིས་ཕྱུག་པ། བླང་དོར་གནས་ལུགས་འབྱེད་པའི་དཔྱོད་ཤེས་མངའ་བ། སྐབས་དང་སྐབས་ཀྱི་ཆགས་སྡང་གི་ཞེན་པར་མི་འཁྲུལ་བའི་སྟོབས་དང་ལྡན་པ་སོགས་དད་བརྩོན་དྲན་ཤེས་བརྟན་པོས་དཔེ་ཀློག་གི་བགྱི་བར་འཇུག་ན། “མཁས”ཞེས་པའི་ཐ་སྙད་འདི་ཁྱོད་ཀྱི་དཔལ་དང་རྒྱན། མི་ཚེའི་རྒྱབ་རྟེན་དུ་འགྱུར་བར་ཐེ་ཚོམ་ཅི། ཕྱོགས་གཞན་ཞིག་ནས་བཤད་ན། དཔེ་དེབ་ཀློག་དོན་ནི་རང་སེམས་ཞི་དུལ་དུ་གཏོང་ཕྱིར་ཡིན་ལ། རང་བློ་རང་གཅུན་བྱེད་ཐབས་ཤིག་ཀྱང་ཡིན་པས། ང་ཚོས་དཔེ་དེབ་ཀློག་པ་དེ་དད་མོས་ཤིག་དང་། དཔེ་ཀློག་ནི་འཕེལ་རྒྱས་ཀྱི་རྩ་བ་དང་འཆམ་མཐུན་གྱི་རྨང་རྡོ། དཔལ་ཡོན་གྱི་འབྱུང་ཁུངས། མདུན་སྐྱོད་ཀྱི་དུང་བརྡ། དཔྱོད་ཤེས་ཀྱི་བདུད་རྩི་ཞིག་ཏུ་བརྩིས་ཏེ། ཚད་ཡོད་ཀྱི་མི་ཚེའི་ནང་དཔེ་དེབ་གང་མང་གང་ལེགས་བཀླགས་ནས། “རིག་པ་ནངས་པར་འཆི་ཡང་སློབ”པའི་སྙིང་སྟོབས་རྒྱུན་འཛིན་གྱིས་ནམ་ནམ་ཞར་ཞར་དུ་རང་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་འཇགས་པར་འབད་དགོས།

སྟ་རེས་ཤིག་དཀྲོངས་ཚུལ།*

----ཨུ་རུ་སུའི་གྲགས་ཅན་རྩོམ་པ་པོ་ཌོ་སི་ཊོ་ཡེ་ཝ་སི་ཀིའི《ཉེས་པ་དང་ཆད་པ》ཞེས་པ་བལྟས་རྗེས་ཀྱི་མྱོང་སྣང་སྙན་ངག་ལམ་ནས་མཚོན་པར་བྱེད་པ། 1སྟ་རེ་རྣོན་པོ་ཞིག་གནམ་ལ་འདེགས་ཞོརལྕམ་སྲིང་གཉིས་ཀྱི་མགོ་བོ་དུམ་བུར་གཏུབསདངངས་འཚབ་དང་གཏུམ་སྤྱོད་ཀྱི་དོ་རརྐྱེན་ངན་དང་རླུང་རྟ་ཡི་ཐོབ་ཤོརཕྱོགས་དུས་ཀུན་ཀྱང་རེ་ཞིག་ཁྲག་རྩི་ལྟར་སྙལ 2གློ་བུར་འཇིག་རྟེན་ཧྲིལ་པོསྐྱེས་པ་ཞིག་གིས་སྒལ་བར་ཁྱེར་འགྲོཉིན་སྲིབ་གྲངས་མེད་ལ་འཁུན་སྒྲ་དང་བཅསགསང་བ་ལྐོག་འགྱུར་ཞིག་གི་ཕྱིརརང་ཉིད་ལ་ཚ་འདྲི་ནན་པོ་གཏོང 3སེམས་ཀྱི་བུ་ག་ནས་འཕྱུར་འོང་བའི་དུ་ཞག་ནག་པོསགྲོང་ཁྱེར་དེའི་མཁའ་དབུགས་དེ་བས་གུ་དོག་པར་བྱེདམི་གཤིས་ཀྱི་གཙང་པོའི་རབ་ཁ་ནས་རྡོལ་བའི་རྦ་རླབསའཚོ་བའི་མཐོང་སྣེ་སྣ་ཚོགས་ནས་ཆལ་ཆིལ་དུ་ལུདདེ་དག་ནི ཨུ་རུ་སུའི་རྒྱལ་པོའི་ཕོ་བྲང་གིསྒེའུ་ཁུང་རེ་རེ་དང་འདྲ་ལ གྲོང་ཁྱེར་དེའིགྲུ་ཟུར་ཁག་གི་དགོང་མོའི་མཚམས་སྤྲིན་དང་མཉམ 4གནའ་བོའི་གངས་འདབས་རལ་བོ་འདི་ནསམི་གཤིས་གཉུག་མའི་གླུ་དབྱངས་དེར་སེམས་པ་བླག་ཚེརུས་རྐང་གི་གསེང་སྲུབས་ནས་ཐོན་པའི་དབྱངས་སྙན་ལ་ཉན་ཚེརྒྱ་སེ་མེ་ཏོག་རྐང་གཅིག་དང་འདྲ་བའི་རླབས་ཆེན་གྱི་བརྩམས་ཆོས་དེ་དང་འཕྲད་པབསོད་ནམས་ཀྱི་བགོ་སྐལ་འཁྲུལ་མེད་དུ་རློམས་ཏེདགའ་སྐྱོ་ཟུང་འབྲེལ་གྱི་འཆི་མ་ཡང་ཡང་ཐིགས་དགོས་བྱུངགློ་བུར ངས་ཙོང་ཁ་པའི་ཞལ་ཆེམས་དྲོན་མོ་དེའང་ལྷང་ངེར་དྲནགནམ་ལྕགས་འབར་བ་ལྟ་བུའི་གླེགས་བམ་དག་མིག་ལམ་དུ་འཁོར 5སྡིག་བཤགསཤི་ཕོ་ལི་ཡའི་མཐའ་གྲོང་གི་བཙོན་རའི་འཚོ་བསྒྲིབ་སྦྱོངཡུལ་དུས་ངེས་མེད་ཀྱི་སྟོབས་བཞིའི་སྒྲུབ་པ་ཉམས་ལེན 6དུས་ཚོད་རློན་པ་དེའི་ཁུད་ནཆོས་ཐམས་ཅད་སྒྱུ་མར་ཤེས་པའི་རྟོག་གེ་པ་ཞིགད་དུང འཚོ་ཚིས་ཀྱི་སྒོ་ཐེམ་ན་འཕྱང་མོ་ཉུག་ཏུ་ལུསགློ་བུར ཐོ་སི་ཐོ་ཡེ་ཧྥུ་སི་ཅིསཤེས་རབ་ཀྱི་སྟ་རེ་ཞིག་ཁྱོད་ཀྱི་མགོ་ཐོག་ཏུ་སྣུན *མཆན་འགོད། བརྩམས་སྒྲུང་དེའི་ནང་མི་སྣ་གཙོ་བོ་ལཱ་སེ་ཁེ་ཧྥུ་ནི་ཁེ་སེས་སྐྱེ་ཆེན་བུ་ལོན་གཏོང་བ་པོ་རྒན་མོ་སྡུག་རྩུབ་ཅན་དེ་དཀྲོངས་བ་ནི་ཤིག་ཅིག་དཀྲོངས་བ་རང་ཡིན་པའི་ངེས་པ་རྙེད།རྩོམ་སྒྲིག་པ། ལྷ་སྐྱིད། རྩོམ་ཁུངས། ངེད་དྲ་བ།

“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱ་རྒྱུའི་གྲོས་འགོའི་ཡི་གེ

ས་གཞི་ཆེན་པོ་སྔོ་ལྗང་གིས་བརྒྱན་པའི་དཔྱིད་ཀྱི་དུས་འདིར། ང་ཚོས་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཐེངས་30པ་བསུས་ཏེ། 2025ལོའི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔེ་ཀློག་ནི་མིའི་རིགས་ལ་ཤེས་བྱ་ཐོབ་པ་དང་། བློ་རིག་འཕེལ་བ། ཀུན་སྤྱོད་གསོ་སྐྱོང་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རྣམས་ཀྱི་བསམ་བློའི་བློ་སྒོ་ཕྱེ་ཐུབ་པ་དང་བླ་ན་མེད་པའི་ཕུགས་བསམ་འཛུགས་ཐུབ་པ་མ་ཟད། སྙིང་སྟོབས་ཀྱང་འཕེལ་ཐུབ། སྤྱི་ཚོགས་ཡོངས་དཔེ་ཀློག་ལ་ཞུགས་ནས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།དཔེ་ཀློག་ནི་རྒྱལ་དམངས་བྱང་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་རྒྱལ་ཁབ་ཅིག་གི་རིག་གནས་མཉེན་ཤུགས་ཀྱི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན་ལ། མི་ཞིག་གི་རིག་གནས་བྱང་ཚད་དང་རིག་གནས་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དེ་བས་ཀྱང་ཡིན། དེར་བརྟེན་ང་ཚོས་ལྗོངས་ཡོངས་ལ་གྲོས་འགོ་འདོན་རྒྱུ་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་། སྙིང་སྟོབས་འཕེལ་བ། ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་དང་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་མཉམ་དུ་སྐྲུན་པ་དང་། གཞོན་ནུ་ལོ་ཆུང་ཚོར་དཔེ་ཀློག་གི་གོམས་གཤིས་འཇགས་པ་དང་སྤྲོ་སྣང་ཆེན་པོས་དཔེ་ཀློག་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་དར་སྤེལ་ཧུར་ཐག་གཏོང་བ། དཔེ་ཀློག་གི་དྲི་ཞིམ་སློབ་གྲྭའི་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་བྱས་ཏེ་རྒྱང་རིང་གི་ཕུགས་བསམ་དང་རེ་བར་འོད་སྣང་སྦྱིན་པ། ནང་མི་དང་མཉམ་དུ་དཔེ་དེབ་ཡག་པོ་ཀློག་པ་དང་། གསུང་རབ་ལ་རོལ་མྱོང་བྱེད་པ། སྤྱོད་བཟང་རྒྱུན་འཛིན་བཅས་བྱས་ཏེ་ཁྱིམ་ཚང་ཚང་མར་དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་པར་བྱས་ཏེ་དེ་བས་སྤུས་ཚད་ལེགས་པ་དང་དྲོ་སྐྱིད་ལྡན་པའི་འཚོ་བར་རོལ་བ། སྤྱི་ཚོགས་ཡོངས་དཔེ་ཀློག་སློབ་སྦྱོང་ལ་ཧུར་ཐག་ཞུགས་པར་སྐུལ་སློང་བྱས་ནས་དཔེ་ཀློག་ཁྲོད་མི་རྣམས་བློ་རིག་འཕེལ་བ་དང་གནས་ལུགས་ཤེས་པ་དང་། འཇོན་ཐང་ཆེ་རུ་འགྲོ་བ། འབྱུང་འགྱུར་ལ་གྲུབ་འབྲས་ཐོབ་པ་བཅས་བྱས་ཏེ་དཔེ་ཀློག་སློབ་སྦྱོང་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་གོམས་གཤིས་སུ་འགྱུར་བ་བཅས་བྱས་ནས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།དཔེ་ཀློག་ནི་མི་རིགས་ཤིག་གི་བྱང་ཚད་དང་སྟོབས་ཤུགས་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཅིག་གི་མདུན་ལམ་དང་ལས་དབང་ལའང་ཤུགས་རྐྱེན་ལྡན་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དེ་བས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་སྟངས་འཛིན་ནན་པོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དེ་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་འདྲེས་བྱེད་པ། “རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། ཕན་ཡོད་ཀྱི་རིག་གནས་མཐུན་རྐྱེན་བཅས་མཁོ་འདོན་བྱེད་དགོས།དཔེ་དེབ་བཀླགས་ན་ཤེས་བྱ་འཕེལ། སློབ་སྦྱོང་བྱེད་པར་རྫོགས་རྟགས་མེད། ང་ཚོས་དཔྱིད་དཔལ་རབ་དུ་བཞད་པའི་དུས་དེར་མཉམ་དུ་དཔེ་དེབ་བཀླགས་ནས“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་འགོ་འཛུགས་ས་གསར་པར་བྱས་ཏེ་དཔེ་ཀློག་སློབ་སྦྱོང་བྱ་རྒྱུ་དེ་ང་ཚོ་ཚང་མའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བ་བྱེད་པ་དང་། དེ་འཚོ་བའི་རྣམ་འགྱུར་དང་། ལས་ཀའི་འགན་འཁྲི། བསམ་པའི་དོན་གཉེར་བཅས་ལ་བརྩི་བ། དཔེ་དེབ་བཀླགས་ནས་ང་ཚོའི་མིག་རྒྱང་ཆེ་རུ་གཏོང་བ། དཔེ་དེབ་བཀླགས་ནས་ང་ཚོའི་སེམས་ཁམས་གུ་ཡངས་སུ་གཏོང་བ། ང་ཚོའི་མི་ཚེ་དཔེ་ཀློག་དང་འགྲོགས་ནས་དེ་བས་ངོ་མཚར་ལྡན་པ་བཅས་བྱེད་དགོས།ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་དཔེ་དེབ་བཀླགས་ཚེ་མི་ཚེའི་ལམ་བུར་འོད་སྣང་སྦྱིན་ཐུབ། དུས་རབས་གསར་པར་དཔེ་དེབ་བཀླགས་ནས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་དོ། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་མཉམ་དུ་དཔེ་དེབ་ཀློག་པར་ཕེབས་ཤོགབོད་རང་སྐྱོང་ལྗོངས་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ཐིང་དབར་གྱི་མཉམ་འབྲེལ་གྲོས་ཚོཌ་གཞུང་དོན་ཁང་ནས།2025ལོའི་ཟླ་4ཚེས་23ཉིན། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་སྐབས་བཞི་པ་ཨེ་ཅིབ་ཏུ་འཚོགས་པ།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་སྐབས་བཞི་པ་ཉིན་ཤས་གོང་ཨེ་ཅིབ་ཀྱི་དབྱི་སི་མེ་ལི་ཡཱ་རུ་འཚོགས་ཤིང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གནའ་བོའི་བློ་གྲོས་དང་དེང་རབས་ཀྱི་རིན་ཐང——ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གནའ་བོའི་ཤེས་དཔལ་གྱིས་དེང་རབས་ཀྱི་གོ་ལ་ཧྲིལ་པོའི་འགྲན་སློང་གི་བློ་འབྱེད་དང་དཔྱད་གཞིའི་མེ་ལོང”ཞེས་པ་དེ་རེད། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

རེ་རྐང་གླིང་གི་སྙན་དེབ་གསར་བ«ཕོ་ཨ་ལོང་། ཕོ་ཨ་ལོང»ཞེས་པ་པར་དུ་བསྐྲུན།

ཉེ་སྔོན། བོད་ཀྱི་སྙན་ངག་པ་རེ་རྐང་གླིང་གི་སྙན་དེབ་གསར་བ«ཕོ་ཨ་ལོང་། ཕོ་ཨ་ལོང»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།སྙན་དེབ«ཕོ་ཨ་ལོང་། ཕོ་ཨ་ལོང»གི་གླེང་གཞི།སྐྱབས་ཆེན་བདེ་གྲོལ། རྩོམ་རིག་གསར་རྩོམ་གྱི་ལམ་ཀ་དེ་བདམས་པ་ནས། ང་ལ་མཚོན་ན་ཡིད་རྟོན་རུང་བའི་རྩོམ་གྲོགས་རེ་གཉིས་ཡོད་པ་དེ་ཁོ་རང་ཚོ་འཚོ་གཞེས་གནང་སའི་ཡུལ་གྲུ་གང་དེའི་ལྗོངས་རྒྱུའམ་གནས་མཇལ་གྱི་རིན་ཐང་ལས་ཡོངས་སུ་བརྒལ་བར་གྱུར། དེ་བས་གཙོས་དང་བླ་བྲང་གང་རུང་ནས་རེབ་གོང་གི་ཐག་ཉེར་སླེབས་པའམ། ཡང་ན་རེབ་གོང་བརྒྱུད་ནས་ཟི་ལིང་སོགས་ལ་འགྲོ་དུས་ངའི་སེམས་ལ་རྟག་པར“རེ་རྐང་གླིང་ཁྱིམ་ན་ཡོད་དམ”ཞེས་པའི་དྲི་བ་དེ་འཁོར་ཡོང་བ་དང་། རེ་རྐང་གླིང་མེད་པའི་རེབ་གོང་དེ་སེམས་ནས་རྟོག་བཏགས་ཙམ་ཡང་བྱེད་མི་ཕོད་པ་ཞིག་ཡིན། ང་དང་རེ་རྐང་གླིང་གཉིས་ངོ་ཤེས་ནས་ཕལ་ཆེར་ལོ་ཉི་ཤུར་ཉེ་བ་ཞིག་ལོན་ཡོད། འདྲིས་ཆ་ཆེན་པོ་དེར་བརྟེན་ནས་ཁོང་ངོ་སྤྲོད་བྱ་དགོས་ན“ལྐོག་གྱུར་གྱི་སྙན་ངག”དང་། “སྒྱུ་འཕྲུལ་གྱི་བརྩམས་སྒྲུང་།”སོགས་རྩོམ་རིག་གི་རྟགས་ཐམ་ཁ་ཤས་ལས་གཞན་རྨ་ལྷོ་ཚགས་པར་དང་། རང་གྲོལ། མི་རྒོད། དགེ་ཆོས་དྲ་བ། མི་རབས་གསུམ་པ། འཛམ་གླིང་རྩོམ་རིག རྨ་ལྷོའི་རྩོམ་རིག་མཐུན་ཚོགས་སོགས་རང་རེའི་རྩོམ་རིག་གི་གསོན་ཤུགས་དང་སྐྱེ་སྟོབས། གཟབ་བརླིང་བཅས་མཚོན་པའི་བརྡ་ཆད་ཁ་ཤས་ཀྱང་མི་གླེང་ཐུ་མེད་ཡིན། སྔ་མས་ཁོང་གི་གསར་རྩོམ་གྱི་ཐོད་རྒལ་དང་གདོང་མཆོང་། གཏོར་བཤིག་གི་སྙིང་སྟོབས་དེ་མཚོན་པ་དང་ཕྱི་མས་གཟབ་ནན་དང་ཞིབ་ཚགས། དཔྱོད་ཤེས་ཀྱི་ཆ་དེ་སྟོན་ཐུབ་པར་སྙམ། ཡིན་ཀྱང་འདི་ཙམ་གྱིས་རེ་རྐང་གླིང་ངོ་སྤྲོད་ཐུབ་པ་མ་ཡིན་པས། ཐེངས་འདིར་པར་དུ་བཏོན་པའི་སྙན་དེབ«ཕོ་ཨ་ལོང་། ཕོ་ཨ་ལོང»ཞེས་པ་འདིས་དུས་ཀྱི་སྔ་རོལ་ཏུ་གོམ་པ་སྤོ་བར་རྩོམ་པའི་སྙན་ངག་པ་ཞིག་གི་རྣམ་ཤེས་དང་བླ་སྲོག་གི་ངོས་ཤིག་ཡི་གེས་གྲུབ་པའི་ཆུ་མིག་རེ་རེ་དང་འདྲ་བར་ཁྱོད་ཀྱི་ཚོར་ཤེས་ཀྱི་གཏིང་ཟབ་སར་བཞུར་དུ་འཇུག་ངེས་ཤིང་། དེ་ནི་རེབ་གོང་གི་མི་ཕོ་རྫིག་པོ་ཁ་སྤུ་ཡག་པོ་ཅན་དེའི་ཕྱིའི་སྣང་བརྙན་ཙམ་ལས་ཡོངས་སུ་བརྒལ་བའི་སྒྱུ་རྩལ་གྱི་གསོལ་རས་གྱ་ནོམ་པ་ཞིག་ཏུ་བལྟ་ཆོག རེ་རྐང་གླིང་གི་མཚན་དངོས་ལ་རྡོ་རྗེ་ཚེ་བརྟན་ཞུ་ཞིང་རེབ་གོང་གི་སྔགས་པ་གྲགས་ཅན་ཞིག་ལ་སྲས་བཞི་འཁྲུངས་པའི་བར་བ་ཡིན། གཞོན་པའི་དུས་སུ་ལོ་འགར་སློབ་ཆུང་དགེ་རྒན་བྱས་ཤིང་ཕྱིས་སུ་རྨ་ལྷོ་ཁུལ་གྱི་རྨ་ལྷོ་ཚགས་པར་ཁང་དུ་ལས་གནས་སྤར་རྗེས་ད་ལྟའི་བར་དུ་ལས་ཁུངས་དེར་ལས་ཀ་བསྒྲུབས་པ་དང་ཞོར་དུ«རང་གྲོལ»དུས་དེབ་ཀྱི་གཙོ་སྒྲིག་པ་དང་། «འཛམ་གླིང་རྩོམ་རིག»བོད་ཡིག་པར་མའི་རྩོམ་སྒྲིག་པ། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཡོད། ལོ་འདི་གར་སྐད་འཕྲིན་འཕྲིན་སྟེགས་མི་རྒོད་རྩོམ་རིག་ཅེས་པའང་གཉེར། ཕྲན་རང་ངོས་ནས་ལས་ཀ་འདི་དག་གིས་ཁོས་རྩེ་གཅིག་རྩོམ་རིག་གསར་རྩོམ་ལ་གཏད་པའི་དམིགས་པ་དེར་བར་ཆད་མང་པོ་བརྩམས་ཡོད་པར་འདོད་མོད། འོན་ཏེ་ཁོ་ལ་མཚོན་ན་རྩོམ་རིག་གསར་རྩོམ་གྱི་ཁོར་ཡུག་ཅེས་པ་ནི་གཞན་གྱིས་བཟོས་ཟིན་པ་དེའི་ནང་རྐང་པ་འཇོག་རྐྱང་བྱས་པས་མི་ཡོང་བར་མི་སོ་སོའི་ངོས་ནས་ལས་ཀ་སྣ་ཚོགས་བསྒྲུབ་ཚེ་ད་གཟོད་ཡག་པོ་ཆགས་སྲིད་པ་ཞིག་ཡིན། དེ་ཕྱིར་རེ་རྐང་གླིང་མེད་ཚེ་ད་ལྟའི་རེབ་གོང་གི་འཁྲུག་ཆ་ཆེ་ཞིང་རྣམ་པ་མང་པའི་སྒྱུ་རྩལ་གསར་རྩོམ་གྱི་ཁོར་ཡུག་དེ་འདྲ་ཡོད་སྲིད་པར་དོགས་པ་བཟའ་དགོས་པ་ཞིག་ཡིན། རེ་རྐང་གླིང་རི་མོ་འབྲི་བར་མཁས་ནའང་ངས་ཁོས་གཞས་གཏོང་བ་ཧ་ལམ་ཐོས་མྱོང་མེད། ཡིན་ནའང་ཁོས་རི་མོ་འབོར་ཆེན་བྲིས་ཏེ་དེའི་ཕྱོགས་ཀྱི་འཇོན་ཐང་ཆེད་དུ་ངོམ་མ་མྱོང་། ཁོས་ང་ཚོའི་མཐོང་སྣང་གི་འཇིག་རྟེན་འདི་གས་སྲུབས་དང་ཆག་གྲུམ་ཅན་དང་། ཡང་ན་ཉམ་ཞན་ནུས་མེད་དུ་མཐོང་བས་སླར་ཡི་གེའི་གཟུགས་སུ་དེ་དག་ཕྱིར་མངོན་པར་བྱེད་ཅིང་དེ་ནི་ཧྥ་རན་སེའི་སྔ་རབས་བསྡུས་བརྗོད་རིང་ལུགས་པ་དག་གིས་བཞེངས་པའི་སྒྱུ་རྩལ་གྱི་ཁམས་དེ་དང་འདྲ་བར་ཤིན་ཏུ་མི་སྡུག་པའི་ཉམས་ཅན་ཞིག་ཡིན། དཔེར་ན་ཁོའི་སྨྱུག་འོག་གི“སྨད་འཚོང་མ”ལྟ་བུ་སྟེ། ཕྲན་གྱིས་བརྡ་དོན་དེ་ནི་གློག་ཞུ་དམར་པོའི་འོག་ཏུ་ཤེ་སྦྱོར་གྱི་ཉོ་ཚོང་ལ་ཞུགས་པའི་བུད་མེད་དེ་ཚོར་གོ་ན་འཇིག་རྟེན་ཀུན་རྫོབ་ཀྱི་གོ་བ་ཆེ་དྲགས་པར་སྣང་། དེ་ནི“ལུད་པ”དང་། “ལྗོན་པའི་ལག་པ” “སྐར་མའི་རལ་བ” “སྣག་ཚའི་གཤོག་པ” “རྨི་ལམ་གྱི་རབ་ཁ” “བྲན་གཡོག་དམར་པོ”སོགས་ཁོའི་སྙན་ངག་ནང་རྒྱུན་དུ་འབྱུང་བའི་བརྡ་ཆད་གཞན་དག་དང་འདྲ་བར་སྒྱུ་འཕྲུལ་གྱི་འཕྲུལ་འཁོར་དེ་གྲུབ་བྱེད་ཀྱི་ལྷུ་ལག་དག་ཡིན། དེ་དག་གིས་གྲུབ་པའི་འཇིག་རྟེན་ནི་ཚིག་གི་སྦྱོར་བ་ཁོ་ན་མ་གཏོགས་རི་མོར་བྲི་མི་ཐུབ་ཅིང་དབྱངས་རྟར་ཡང་དགུག་མི་ཐུབ། དེ་ནི་འགྲོ་བ་མིའི་ཕྱོགས་ལྷུང་གི་སེམས་ཀྱིས་བཟོས་ཤིང་རྗེས་ཐོབ་ཀྱི་རིགས་པ་ལས་བྱུང་བའི་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་སོགས་ཀྱི་བརྡ་ཆད་དང་མི་འདྲ་བར་དེ་དག་གིས་བཅོམ་སྟེ་འཁྱོག་པོར་བསྒྱུར་བའི་སེམས་ནད་པ་དག་གི་མདུན་དུ་རང་བཞིན་གཤིས་དང་འགྲོགས་པའི་འཇིག་རྟེན་གསར་པ་ཞིག་མངོན་པར་བྱེད་པའི་རྫས་ཕྲ་མོ་ཉིད་དོ། ། ཐེངས་འདིར་གསར་དུ་བཏོན་པའི་རེ་རྐང་གླིང་གི་སྙན་དེབ«ཕོ་ཨ་ལོང་། ཕོ་ཨ་ལོང»ནི་མགོ་མཇུག་བར་གསུམ་དུ་གསིག་ལྡེམ་རོལ་མོའི་གླུ་གཞས་ཆེད་ཚོགས་ཤིག་དང་འདྲ་བས་དེས་མགོ་ནས་མཇུག་བར་ཁྱོད་ཀྱི་གློ་མཆིན་ལ་ན་ཟུག་གཏོང་ཞིང་རྩིག་སྲུབས་ལ་མེ་སྦར་ཏེ་ཀླད་རྩར་གཏར་ཁ་བྱེད་པས་ཁྱོད་རང་ལུས་སེམས་གཉིས་ཉོབ་པོར་གྱུར་ཏེ་ཅི་བྱེད་ཆ་མ་འཚལ་བའི་སྐབས་སུ་སེམས་ལ་ངར་ལང་བྱེད་ཀྱི་སྙན་ངག་གི་བཏུང་བ་འདི་ལན་ཅིག་བཏུངས་ཚེ་སྐྱ་ཟད་སྔོ་སྡུག་ཏུ་སྣང་བའི་འཇིག་རྟེན་དེ་ཁྱོད་ཀྱི་སྣང་ངོ་ནས་དར་ཅིག་ཚོན་མདངས་དང་གསོན་ཤུགས་ལྡན་པ་ཞིག་ཏུ་འགྱུར་ངེས་སྙམ། རེ་རྐང་གླིང་གི་མིག་ལམ་དུ་ལོ་ངོ་སྟོང་ཕྲག་ལ་བསྐྱར་ཟློས་དང་རྒྱུད་འཛིན་བྱས་པའི་སྲོལ་རྒྱུན་གྱི་བརྡ་ཐབས་རྙིང་པ་དེ་ནི་སྐྱེ་བོ་མང་པོས་ཁ་ལ་བླངས་ཏེ་སྐྱུག་ལྡད་ལན་མང་བྱས་པའི་ཟས་ཤིག་གམ་བུད་མེད་བརྒྱ་ཕྲག་ལ་འགྲོགས་ཏེ་བརྩེ་དུང་གི་བྲོ་བ་མི་ཚོར་བར་གྱུར་པའི་སྐྱེས་པ་ནད་པ་ཞིག་ལས་མ་འདས་པས། ཁོས་གཞོན་པའི་དུས་སུ་གསར་རྩོམ་གྱི་འགོ་འཛུགས་སའི་གནས་དེ་ནི་མི་མང་པོ་ཞིག་གི་མཇུག་མཐའི་ཚིགས་མལ་དུ་གྱུར་ཡོད། དེ་བས་རེ་རྐང་གླིང་དང་བཅས་པའི་མི་རབས་གསུམ་པ་བ་ཚོ་དང་དེང་གི་རང་ཤེད་ཚ་བའི་གཞོན་ནུ་འགའ་ཞིག་གི་སྨྱུག་འོག་གི་འཇིག་རྟེན་ནི་རང་རེའི་རྩོམ་བྱུང་ལོ་རྒྱུས་ལ་མཚོན་ནའང་མཛེས་འཛིན་ལྟ་བའི་འགྱུར་མཚམས་ཆེན་པོ་ཞིག་གི་མཚོན་བྱེད་ཡིན། མང་པོ་ཞིག་གིས་རང་ལ་རྒྱུས་མངའ་ཆེ་བ་དང་ལོབས་པར་གྱུར་པའི་གཏན་ཚིགས་ལས་ཅུང་ཙམ་འདས་ཚེ་ཧ་གོ་ཡི་མི་འདུག་ཟེར་ནས་སྡུག་སྐད་འདོན་ནའང་འཇིག་རྟེན་འདི་ཉིན་རེ་ནས་ཉིན་རེར་རྣམ་པ་གཞན་དུ་འགྱུར་བཞིན་པ་དང་། གཞོན་རབས་པ་དག་གི་སྨྲ་བརྗོད་དང་གཤིས་སྤྱོད། བསམ་བློ་གཏོང་སྟངས་སོགས་ལའང་རྦ་ཀློང་དྲག་པོ་དེའི་རྒྱུན་དང་ལྷན་ཅིག་འགྱུར་བ་འགྲོ་བཞིན་པས་དེ་ལ་ཅི་མ་སྙམ་པར་རང་ཤེད་ཚ་བོས་ཨུ་ཚུགས་བྱས་ཚེ་ཁྱོད་ཀྱིས་ཧ་མི་གོ་བའི་དོན་ཇེ་མང་ཇེ་མང་དུ་འགྲོ་སྲིད་ཅིང་། མཐར་ཁྱོད་དང་གཞོན་རབས་པའི་བར་གྱི་བརྡ་སྤྲོད་ཀྱི་ཟམ་པ་དེ་ཁ་ཆག་སྣ་རལ་དུ་འགྱུར་ངེས། དུས་ཀྱི་འགྲུལ་ལམ་རིང་མོ་འདིའི་ནང་དུ་བྱུང་བའི་རྩོམ་རིག་དང་སྙན་ངག་གི་གཏམ་རྒྱུད་ཇི་སྙེད་ཅིག་སྐྱེས་པ་སྒེར་པ་རེ་རེའི་སྨྱུ་གུར་གས་ཆག་བྱུང་ཞིང་གསར་རྩོམ་གྱི་སྤོབས་པ་ཉམས་པ་དང་འབྲེལ་ཏེ་བརྗེད་ངས་ཀྱི་དབང་དུ་གྱུར་ཏེ་གཏན་དུ་ཡལ་བར་འགྱུར་བཞིན་ནའང་རེ་རྐང་གླིང་ནི་ད་དུང་ཡང་ཕོ་ལོ་ཉི་ཤུའི་ནང་གི་གཞོན་ནུ་དེ་དང་འདྲ་བར་རེབ་གོང་གི་རྩོམ་པ་པོ་དང་སྙན་ངག་པ། རི་མོ་པ་དང་གཞས་མཁན་སོགས་སྒྱུ་རྩལ་གྱི་དཔུང་སྡེ་མཐུག་པོ་དེའི་རུ་འདྲེན་ནམ་དར་ཆ་ལྟ་བུར་འགྲེང་ཚུགས་སུ་ལངས་ཡོད་པ་སྙན་དེབ་འདི་ཙམ་མ་ཟད་ཁོས་ཕྱིས་ཀྱི་བརྩམས་ཆོས་ཀྱིས་ར་སྤྲད་སྲིད་ལ། མ་འོངས་པའི་ཉིན་ཞིག་ལ། བགྲེས་སོང་དུ་གྱུར་པའི་ཨཱལ་ཕཱ་སེ་ནོས«བུད་མེད་ཀྱི་དྲི་བསུང»ནང་ནས་ཚེ་སྲོག་གི་ངར་ཤུགས་ངོམ་པ་བཞིན་རེ་རྐང་གླིང་གིས་ཀྱང་དུས་རབས་འདིའི་རྩོམ་རིག་མཁན་པོ་ཞིག་གི་རྒན་དར་གཞོན་གསུམ་གྱི་སྣང་བརྙན་མ་ལུས་པ་བོད་རྩོམ་གྱི་ལོ་རྒྱུས་དེབ་ཐེར་དུ་འཇོག་སྲིད་པའི་ཡིད་ཆེས་ཆེན་པོ་ཡོད་དོ། །ཞབས་དག ལྷ་རྒྱལ་ལོ། །༢༠༢༤ལོའི་ཟླ༥པའི་ཚེས༣༡ཉིན་ཧུའེ་ཉིང་ནས། ནང་དོན་ཡོང་ཁུངས། མི་རྒོད་རྩོམ་རིག་འཕྲིན་སྟེགས།

«ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གིས་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་རེས་འཁོར་ཡུན་ཚད་ལས་ཐར་བར་བྱེད་པའི་ལམ་ལྷོང་ཐབས་ལམ་འཚོལ་ཞིབ་བྱུང་ཡོད།»

ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱུན་རྣམ་དང་ཡུན་རིང་བསྒྱུར་བཅོས་བྱེད་པའི་ལྟ་སྐུལ་བསྒྲིལ་ཤུགས་ཤིག་ཆགས་པ་བྱེད་དགོས། ངེས་པར་དུ་ཏང་གིས་རང་ངོས་ལ་ལྟ་སྐུལ་དང་མི་དམངས་ཀྱིས་ལྟ་སྐུལ་བྱེད་པ་ཤུགས་ཆེར་གཏོང་བར་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་སྤེལ་གཏོང་དགོས་ཤིང་། ཏང་ནང་གི་ལྟ་སྐུལ་གྱིས་གཙོ་ཁྲིད་བྱེད་པ་དང་། ལྟ་སྐུལ་རིགས་མི་འདྲ་བ་ཁག་ཅིག་འདྲེས་དང་མཐུན་སྦྱོར་ཡོང་བའི་ལམ་སྲོལ་འཛུགས་པ། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལྟ་སྐུལ་ལམ་ལུགས་ཀྱི་དགེ་མཚན་སྔར་བས་ལེགས་པའི་སྒོ་ནས་བཅོས་སྐྱོང་གི་ཕན་ནུས་སུ་སྒྱུར་དགོས།—«ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གིས་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་རེས་འཁོར་ཡུན་ཚད་ལས་ཐར་བར་བྱེད་པའི་ལམ་ལྷོང་ཐབས་ལམ་འཚོལ་ཞིབ་བྱུང་ཡོད།» (༢༠༢༢ལོའི་ཟླ༡ཚེས༡༨ཉིན།) «བདེན་འཚོལ»དུས་དེབ༢༠༢༣ལོའི་རྒྱ་ཡིག་པར་གཞི། འདོན་ཐེངས༣པ། 坚持完善党和国家监督制度,形成全面覆盖、常态长效的监督合力。必须依靠强化党的自我监督和人民监督推进党的自我革命,构建以党内监督为主导、各类监督贯通协调的机制,强化对权力运行的制约和监督,把监督制度优势更好转化为治理效能。—《全面从严治党探索出依靠党的自我革命跳出历史周期率的成功路径》(2022年1月18日),《求是》杂志2023年第3期

བོད་ལྗོངས་ཀྱིས་དཔེ་ཀློག་བྱེད་སྒོ་སྤེལ།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས21ཉིན། འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཐེངས30པ་སླེབས་ལ་ཉེ་པའི་དུས་འདིར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི2025ལོའི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་དཔེ་ཀློག་དང་། ལྷོ་ཁ་གྲོང་ཁྱེར་གྱི“དུས་རབས་གསར་པར་ལྟ་ཀློག་དང་། རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད”ཅེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས། བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་ཡུལ། འགོ་ཚུགས་མཛད་སྒོའི་ཐོག་ཏུ། 2025ལོའི་བོད་ལྗོངས་ཀྱི“རིག་དཔལ་དར་བའི་ཚན་པ”དང“ཞིང(འབྲོག)ཁྱིམ་གྱི་དཔེ་ཁང་མཛེས་ཤོས”ཀྱི་བྱ་དགའ་ཐོབ་པའི་འཐུས་མིར་བྱང་བུ་སྤྲད་ཅིང་། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་ལྷན་ཚོགས་དང་། ཐའོ་ཧྥིན་ཐེབས་རྩ་ལྷན་ཚོགས། ཧྲང་ཧའེ་དབྱིང་ཅའོ་དྲ་རྒྱའི་ཚན་རྩལ་ཀུང་སི། དུས་རབས21པའི་དཔེ་སྐྲུན་ཁང་ཚོགས་པ། པེ་ཅིང་ཀྲུང་ཧྲུའུ་མཉམ་འགུལ་རོལ་རྩེད་དྲ་རྒྱའི་ཚན་རྩལ་ཚད་ཡོད་ཀུང་སི། ཧུའུ་ནན་ཞིང་ཆེན་ཤིན་ཧྭ་དཔེ་ཚོང་ཁང་བཅས་ཀྱིས་ཁྱོན་རིན་ཐང་སྒོར་ཁྲི250ཟིན་པའི་ཕུལ་བྱུང་དཔེ་སྐྲུན་དངོས་པོ་ཞལ་འདེབས་བརྒྱབ། “ཞིང(འབྲོག)ཁྱིམ་གྱི་དཔེ་ཁང་མཛེས་ཤོས”ཀྱི་བྱ་དགའ་ཐོབ་པའི་འཐུས་མི་དང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཆབ་ནག་ཞང་ཤེལ་དཀར་མོན་པ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཏུང་ཧུང་ཧྲུའོ་ཡིས། ཉེ་བའི་ལོ་ཤས་རིང་ལ། ང་ཚོས“ཚོགས་རིགས་དབྱེ་བ་དང་ལྗོངས་རྣམ་ཅན་ཟུང་དུ་འབྲེལ་བའི”ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས། གཞི་རིམ་གྱི་དྲིལ་བསྒྲགས་པ་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། དམངས་ཕན་སྲིད་ཇུས་གསལ་འགྲེལ་བྱེད་པ་དང་། ཟླ་རེར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་དཔེ་ཀློག་མཉམ་སྤྱོད་འདུ་ཚོགས་གཉེར་བར་མ་ཟད། ད་དུང་མོན་པ་རིགས་ཀྱི་རྒན་པ་དག་གདན་དྲངས་ཏེ། ལོ་རྒྱུས་བཤད་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ངོམ་སྟོན་བྱས་ཡོད། ད་ཆ། དཔེ་ཀློག་ས་ཚིགས་ཞིང་གྲོང་དུ་རྒྱ་བསྐྱེད་དེ། དུས་དང་རྣམ་པ་ཀུན་ཏུ་ལྟ་ཀློག་ཐུབ་པར་བྱས་ཡོད་ཅེས་བཤད། དཔེ་དེབ་ཞལ་འདེབས་རྒྱག་བཞིན་པ། “ཞིང(འབྲོག)ཁྱིམ་གྱི་དཔེ་ཁང་མཛེས་ཤོས”ཀྱི་བྱ་དགའ་ཐོབ་པའི་འཐུས་མི་དང་། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཞང་སྡེ་ཆེན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཕུན་ཚོགས་དགྲ་འདུལ་གྱིས། གཟི་བརྗིད་མཚན་སྙན་དེ་ཐོབ་པ་ནི་ང་ཚོས་གྲོང་གསེབ་ཀྱི་རིག་གནས་གཏིང་ཟབ་བཏོད་པར་ཁས་ལེན་བྱས་པ་ཞིག་ཡིན་པས། ང་ཚོས་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས། དེ་བས་མཐོ་བའི་ཚད་གཞི་དང་། དེ་བས་ཕུན་སུམ་ཚོགས་པའི་བྱེད་སྒོ། དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་བཅས་ལ་བརྟེན་ཏེ་རིག་གནས་ཀྱི་གཡུལ་སའི་ནུས་པ་མུ་མཐུད་འདོན་སྤེལ་གྱིས་རིག་དཔལ་གྲོང་གསེབ་ཡོངས་སུ་ཁྱབ་པར་བྱ་རྒྱུ་ཡིན་ཞེས་བཤད། གྲོང་མི་ཚོས་ཡིག་རིས་འགྲེམས་སྟོན་ལ་ལྟ་བཞིན་པ། བྱེད་སྒོའི་ཡུལ་དངོས་སུ་ད་དུང་བརྗོད་དོན་གཙོ་བོའི་ཕུལ་བྱུང་དཔེ་སྐྲུན་དངོས་པོ་དང་། ཡིག་རིས་པར་ལེན་བརྩམས་ཆོས། རྫོང(ཆུས་དང་གྲོང་ཁྱེར)ཁག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་སོགས་བཙུགས་ཡོད་པས། ལྟད་མོ་བ་ཚོས་ངོ་མཚར་ཆེ་བའི་ལེ་ཚན་མྱོང་རོལ་བྱེད་པ་དང་ཆབས་ཅིག ལྟ་ཀློག་བྱེད་སྒོར་དངོས་སུ་ཞུགས་ནས། ལྟ་ཀློག་གི་མཚར་སྡུག་དང་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ།

འཛམ་གླིང་དཔེ་ཀློག་ཉིན་མོར་དེབ་ཡག་འོས་སྦྱོར་ཞུ།

ཉེ་ལམ། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་བརྩམས་གནང་བའི་དེབ་གསར«བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་གནང་མ་ཐག་ཡིན་མོད། ཉིན་འདི་ཚོར་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་དེབ་ལ་འདི་ལ་དོ་སྣང་དང་བཀླག་འདུན་གྱི་ཚ་རླབས་ཤིག་ག་ས་གང་དུ་འཕྱུར་བཞིན་འདུགནང་དོན་མདོར་བསྡུས། བརྩམས་ཆོས་འདི་ཡི་ནང་དོན་གཙོ་བོ་རྣམས་ངོ་སྤྲོད་ཞུས་ན་འདི་ལྟར་ཡིན་ཏེ། གཅིག་ནི་ཁོ་བོས་ལོ་ངོ་བཞི་བཅུ་ཙམ་གཅེས་ཉར་བྱས་པའི་བཀའ་ཤག་གི་སྒེར་པའི་ཁྱིམ་ཚང་གི་ཐོ་གཞུང་འདྲ་བཤུས་ཤིག་མཚམས་སྦྱོར་དང་དེ་ལ་བརྟག་ཞིབ་ཅུང་ཞིབ་ཙམ་བྱས་པ་དེ་ཡིན། གཉིས་ནི་རབ་བྱུང་བཅུ་གཅིག་པའི་ཆུ་རྟ1642ལོ་ནས་རབ་བྱུང་བཅུ་དྲུག་གི་ས་ཕག1959ལོའི་བར་དགའ་ལྡན་ཕོ་བྲང་སྲིད་དབང་གི་ལོ་ངོ317རིང་གི་སྒེར་པའི་ཁྱིམ་རྒྱུད་ཀྱི་འབྱུང་ཁུངས་དང་། ཡབ་གཞིས་དང་། སྡེ་དཔོན། མི་དྲག སྒེར་པ་ཞེས་པའི་སྒེར་པ་རིམ་གྲས་དྲག་འབྲིང་དཀྱུས་གསུམ་ལ་འགྲེལ་པ་ཞུས་ཡོད། གསུམ་ནི་བཀའ་ཤག་དང་ཡིག་ཚང་ལ་སོགས་པའི་སྲིད་དབང་སྒྲིག་གཞི་དང་། སྡེ་སྲིད། སྲིད་སྐྱོང་། སྲིད་བློན། བཀའ་བློན། མདའ་དཔོན། རྩིས་དཔོན། ཕོགས་དཔོན། སྤྱི་ཁྱབ། བཀའ་མགྲོན། བཀའ་དྲུང་སོགས་པའི་དཔོན་གནས་དང་། ཝང་། གུང་། ཛ་སག ཐའི་ཇི། པའི་ལེ། པའི་སི་སོགས་པའི་མི་དྲག་གི་མཚན་གནས་སོགས་པ་ངོ་སྤྲོད་བྱས་པ་དེ་ཡིན། བཞི་ནི་སྒེར་པའི་ཁྱིམ་རྒྱུད་ཡབ་གཞིས་དྲུག་དང་སྡེ་དཔོན་བཞི། མི་དྲག་བཅོ་བརྒྱད། བཀའ་བློན་ལས་ཞབས་སུ་འཁོད་པའི་སྒེར་འབྲིང་དཀྱུས་ཀྱི་ཁྱིམ་རྒྱུད་བཅུ་གཉིས། རྩིས་དཔོན་གསུམ། མདའ་དཔོན་གསུམ། སྒེར་འབྲིང་དཀྱུས་ཁྱིམ་རྒྱུད་སུམ་ཅུ་བཅས་བསྡོམས་སྒེར་པའི་ཁྱིམ་རྒྱུད་བདུན་ཅུ་དོན་དྲུག་གི་དར་རྒུད་འཕེལ་རིམ་རྒྱས་མིན་ལ་མ་བལྟོས་པར་མཚམས་སྦྱོར་བྱས་ཡོད། ལྔ་ནི་སྒེར་དྲག་འབྲིང་དཀྱུས་གསུམ་གྱི་གཞིས་ཀའི་དབྱེ་བ་དང་། གཞིས་ཀའི་ས་ཞིང་རྒྱ་ཁྱོན། གཞིས་ཀའི་ལོ་རེའི་ཡོང་འབབ་དང་འགྲོ་སོང་། གཞིས་ཀ་སྩོལ་བའི་ལམ་སྲོལ། གཞིས་ཀ་གཞུང་བཞེས་ཀྱི་ལམ་སྲོལ་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད། དྲུག་ནི་སྒེར་དྲག་འབྲིང་དཀྱུས་གསུམ་གྱི་གཉེན་སྒྲིག་གི་སྤྱིར་བཏང་འགྲོ་ལུགས་དང་། བག་མ་ལེན་སྲོལ། མག་པ་ལེན་སྲོལ། དམིགས་བསལ་གཉེན་སྒྲིག་གི་ལམ་སྲོལ་སོགས་ཀྱི་སྐོར་ལ་རང་གི་ལྟ་བ་ཚང་ཚིང་རྣམས་སྨྲ་བརྗོད་བྱས་ཏེ་གྲོས་སུ་འདེབས་པའི་ཚུལ་དུ་བྲིས་ཡོད། བདུན་ནི་སྲིད་དོན་དང་འབྲེལ་བའི་གཞས་ཚིག་སྟེ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་སྲིད་དོན་ཐོག་ལ་གནས་ཚུལ་འདྲ་མིན་བྱུང་ཚེ་སྤྱི་ཚོགས་ནང་དམངས་གཞས་སམ་ཁྲོམ་གཞས་ཀྱི་རྣམ་པའི་ཐོག་ནས་ཟུར་ཟ་དང་། རྒྱག་གཏམ། འཕྱ་སྨོད། དམའ་འབེབས་སོགས་ཅི་རིགས་བྱས་པའི་སྐོར་རྣམས་བཀོད་ཡོད།འོས་སྦྱོར་ཞུ་བའི་རྒྱུ་མཚན། གཅིག་ནས་བོད་རྙིང་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གཉིས་ནས་རྒྱ་ཆེའི་ཀློག་པ་པོ་ཚོས་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་ཕྲན་བུ་ཡོང་རྒྱུ། གསུམ་ནས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་སོགས་པའི་བོད་རིག་པའི་ཞིབ་འཇུག་བྱ་གཞག་མ་ཉམས་གོང་འཕེལ་ལ་སྨན་པ་གྱུར་ཅིགརྩོམ་པ་པོ་ངོ་སྤྲོད། པ་ཚབ་པ་སངས་དབང་འདུས། གཞིས་རྩེ་ཞོལ་ནས་ཡིན་ཞིང་། པ་ཚབ་པ་ཞེས་པའི་ཁྱིམ་དུ་འཁྲུངས། པ་ཚབ་ཅེས་པ་ནི་ཁྱིམ་ཚང་གི་མིང་དེ་ལྟར་ཐོགས་པ་ལས་རུས་ཀྱི་མིང་ཡིན་མིན་རྩད་ཁུངས་མ་ཆོད་གསུངས། བྱིས་པའི་དུས་ནས་མེས་པོ་ཕུར་བུ་ཚེ་རིང་དང་ཡབ་དམ་ཆོས་གཉིས་ཀྱི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་གཞིས་ཀ་རྩེ་གེ་སར་ལྷ་ཁང་སློབ་ཆུང་དང་། གཞིས་རྩེ་དམའ་རིམ་སློབ་འབྲིང་རིམ་བཞིན་འགྲིམས། སྤྱི་ལོ1966ལོར་ལྷ་ས་མཐོ་རིམ་སློབ་འབྲིང་ནས་སློབ་ཐོན་བྱུང་། སྤྱི་ལོ1969ལོའི་ཟླ9པ་ནས་ལོ་གཅིག་དང་ཟླ་བ་གསུམ་རིང་གཞོན་ནུ་ཤེས་ཡོན་ཅན་གྱི་མིང་ཐོག་ནས་སྟོད་ལུང་ལམ་པ་གྲོང་ཚོར་ཞིང་ལས་གནང་། དེ་རྗེས་ལོ་དགུའི་རིང་ལྷ་ས་གྲོང་ཁྱེར་ཆུ་བེད་ལས་ཁུངས་ཀྱི་ཚན་རིག་ལག་རྩལ་མི་སྣ་ཞེས་པའི་ལས་གནས་བཞེས། སྤྱི་ལོ1980ལོར་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་ལ་ཞུགས་པས་རྒྱུགས་འཕྲོད་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པའི་ལས་གནས་བཞེས། དེ་ནས་བཟུང་སྐུ་ཚེའི་ལོ་དུས་ཕལ་ཆེ་བར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་གི་ཡི་གེ་དང་བང་སོ། ཡིག་རྙིང་བྲིས་མ། ལོ་རྒྱུས་ས་མིང་། ཉེ་རབས་དབུས་གཙང་སྒེར་པའི་ལོ་རྒྱུས་སོགས་ཀྱི་ཞིབ་འཇུག་དང་སྦྲགས་རྩོམ་འབྲི་གནང་དང་གནང་མུས་ཐོག བོད་རྒྱ་ཡིག་རིགས་གཉིས་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་དང་དཔྱད་རྩོམ་འབོར་ཆེན་སྤེལ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སོགས་ཀྱི་ལས་གནས་བཞེས་མུས་ཡིན།

སོག་རུ་ཀརྨ་ཀུན་ཁྱབ་ཀྱི་ལྷུག་རྩོམ་དེབ་གསར«བྱང་ཐང་བསྐོར་བའི་གཏམ་རྒྱུད»པར་སྐྲུན་བྱས།

ཉེ་ཆར། བོད་ལྗོངས་ནག་ཆུའི་རྩོམ་པ་པོ་གྲགས་ཅན་སོག་རུ་ཀརྨ་ཀུན་ཁྱབ་ཀྱིས་བརྩམས་པའི་བྱང་ཐང་སྐོར་གྱི་མུ་འབྲེལ་ལྷུག་རྩོམ་ཁག་དང་པོ«བྱང་ཐང་བསྐོར་བའི་གཏམ་རྒྱུད»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས། དཔེ་དེབ་དེ་ནི་བོད་ཀྱི་རྩོམ་པ་པོ་སོག་རུ་ཀརྨ་ཀུན་ཁྱབ་ཀྱིས་ལྷུག་རྩོམ་ཕྱོགས་བསྒྲིགས«བྱང་ཐང་གི་བཞུར་རྒྱུན»དང«འབྲི་མར་སེར་པོ»ཞེས་པ་གཉིས་བཏོན་པའི་རྗེས་སུ་གསར་རྩོམ་བྱས་པའི་ལྷུག་རྩོམ་ཁག་ཉི་ཤུ་ལས་གྲུབ་པ་ཞིག་ཡིན་ཞིང་། དེབ་དེར་དེ་སྔོན་དུས་དེབ་ཆེ་གྲས་ཁག་ནང་བཏོན་མྱོང་བའི«ས་ཆེན་གྱི་སྒལ་ཚིགས། གཙང་ཆུའི་འགོ་ཁུངས»དང«ས་ཡི་བརྟན་ཕུར་ནམ་ར»སོགས་བོད་ཀྱི་རྩོམ་རིག་སྡེ་ཁག་ནང་གྲགས་འགུལ་ཆེན་པོ་བྱུང་མྱོང་བའི་ལྷུག་རྩོམ་གྲགས་ཆེན་མང་པོ་ཡོད་ལ། དེ་སྔོན་ཀློག་པ་པོ་དག་གི་མིག་ལམ་དུ་གཏན་ནས་བཤམས་མྱོང་མེད་པའི་ལྷུག་རྩོམ་གསར་པ་ལྟ་འདོད་ལ་ཉན་སྤྲོ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཁག་ཅིག་ཀྱང་ཡོད། རྩོམ་ཡིག་དེ་དག་ཚང་མ་གསང་བ་ཡང་གསང་དུ་གནས་པའི་བོད་བྱང་ཐང་གི་རིག་གནས་དང་ཡུལ་སྲོལ། ས་ཁམས། མི་སྣ་སོགས་བརྗོད་གཞིར་བྱས་ཤིང་། རིག་གནས་ལྷུག་རྩོམ་གྱི་འབྲི་ཐབས་ལ་བརྟེན་ནས་ཚིག་སྦྱོར་དང་ནང་དོན་གཉིས་ཐད་ནས་ཀློག་པ་པོའི་ཡིད་ཀྱི་དྭངས་པར་འདྲེན་པར་བྱས་ཡོད། «བྱང་ཐང་བསྐོར་བའི་གཏམ་རྒྱུད»དེ་ཉིད་སྤྱི་ལོ༢༠༢༤ལོའི་བོད་རང་སྐྱོང་ལྗོངས་རིག་རྩལ་རོགས་སྐྱོར་རྣམ་གྲངས་གྲས་སུ་ཚུད་པ་དང་། དུས་ཡུན་ལོ་ངོ་གཅིག་ལྷག་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པས་ཚིག་སྦྱོར་དང་ནང་དོན་གཉིས་ཐད་ལ་ཞུན་བརྡར་ཡང་ཡང་བྱས་ཏེ། དངོས་སུ་དཔེ་ཚོང་ཁང་དག་ནས་འགྲེམ་སྤེལ་བྱེད་ལ་ཉེ་བར་ཡོད།རྩོམ་པ་པོ་ངོ་སྤྲོད། སོག་རུ་ཀརྨ་ཀུན་ཁྱབ། བོད་ལྗོངས་ནག་ཆུ་ཤེལ་ཚྭ་རྫོང་དུ་སྐྱེས། ད་ལྟ་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན། ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་དང་དམངས་ཁྲོད་རིག་རྩལ་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན། 1998ལོར་གསར་རྩོམ་གྱི་ལས་སུ་ཞུགས་པ་ནས་བཟུང་། སྔ་རྗེས་སུ་རིག་གནས་ལོ་རྒྱུས་ཀྱི་དེབ«ནག་ཚང་ཤེལ་ཚྭ་རྫོང་གི་ལོ་རྒྱུས»དང་། ལྷུག་རྩོམ་དེབ«བྱང་ཐང་གི་བཞུར་རྒྱུན» «འབྲི་མར་སེར་པོ»སོགས་དཔེ་དེབ་བརྒྱད་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། སྔ་རྗེས་སུ་བོད་ཀྱི་དུས་རབས་གསར་བའི་རྩོམ་རིག་བྱ་དགའ་དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ། སྐབས་བཅུ་གཅིག་པའི«སྦྲང་ཆར»རྩོམ་རིག་བྱ་དགའ་དང་བྱང་ཐང་རྟགས་ཅན་གྱི་སྣོད་བཅུད་སྲུང་སྐྱོང་བྱ་དགའ་ཨང་དང་པོ་སོགས་ཐོབ་མྱོང་།

འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པས་སྤྱི་དམངས་ལ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

ཉེ་ཆར། འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པས་སྤྱི་དམངས་ལ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས། ཚན་རྩལ་དང་། ལུས་གསོ། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་ཐོན་རྫས་དང་ཞབས་ཞུའི་ཐོན་རྫས་སྤྱི་དམངས་ལ་ཉམས་ལེན་བྱེད་དུ་བཅུག་ཡོད། འདི་ནི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པ་འཚོག་ཡུལ་དུ་ལྟད་མོ་བ་ཚོས་འཕྲུལ་ཁྱིའི་འཁྲབ་སྟོན་ལ་ལྟ་བཞིན་པ།

ལས་ལ་གཞོལ་བ།

ཉེ་ཆར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་སན་ཅང་ཁུལ་གསར་དབྱི་པིན་ཁའེ་དབྱི་རླངས་འཁོར་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བརྒྱུད་རིམ་ཁག་ཐོན་སྐྱེད་ལས་ལ་གཞོལ་བཞིན་ཡོད་ལ། མི་རིང་བར་རླངས་འཁོར་ཁག་གཅིག་ཡོ་རོབ་དང་དབུས་ཤར་སོགས་ས་ཁུལ་དུ་ཕྱིར་གཏོང་བྱེད་རྩིས་ཡོད། ཉེ་བའི་ལོ་ཤས་རིང་། དབྱི་པིན་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཚོགས་པ་གང་མགྱོགས་བཙུགས་ནས་རླངས་འཁོར་གྱི་ལྷུ་ལག་སྒྲིག་སྦྱོར་ཐོན་ལས་ཀྱི་རྟེན་གཞི་སྐྲུན་པ་དང་རླངས་འཁོར་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་ཡོད་ཁེ་ལས་ནང་འདྲེན་གྱིས་ཐོན་ལས་འཁོར་འབྲེལ་གྱི་སྐྱེ་ཁམས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། འདི་ནི་ཀུང་སིའི་ཚ་ལ་རྒྱག་ཁང་དུ་ལས་དོན་པས་འཁོར་རིགས་ཀྱི་ལྷུ་ལག་ལ་ཚ་ལ་རྒྱག་བཞིན་པ། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འཛད་ཟོག་དངོས་མང་སྟོན་ཚོགས་ཐོག་འཕྲུལ་མི་མང་པོ་འགྲེམས་སྟོན་བྱས་པ།

འཛད་ཟོག་དངོས་མང་སྟོན་ཚོགས་ཐོག་གི་གནའ་མིའི་གྱོན་ཆས་གྱོན་པའི་འཕྲུལ་མི་ཡིན་པ།འཛད་ཟོག་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་པའི་འཕྲུལ་མིས་ཨ་རག་སྡེབ་སྦྱོར་བྱེད་བཞིན་པ།ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་དངོས་མང་སྟོན་ཚོགས་སྐབས་ལྔ་པས་འབྱུང་འགྱུར་ཚན་རྩལ་ལ་དམིགས་ཏེ། འཕྲུལ་མི་འདྲ་མིན་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་འགྲེམས་སྟོན་བྱས་པ་དང་ཚན་རྩལ་གསར་ཤོས་ཀྱི་སྟོབས་ཤུགས་དང་གསར་གཏོད་བཀོལ་སྤྱོད་ལ་བརྟེན་ནས་འབྱུང་འགྱུར་གྱི་འཚོ་བའི་རྣམ་པ་གསར་པ་མངོན་པར་བྱས་པ་རེད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

༄༅།།ཀྲུང་གོའི་མི་མེད་གནམ་གྲུས་བརྙན་ཕབ་ཡོང་བར་སྐྲག་ཅེས་བཤད་པའི་ཐད།

གསར་འགོད་པ་ཞིག་གིས། དབྱིན་ཇི་སྲིད་གཞུང་གིས་ཀྲུང་གོས་བཟོས་པའི་མི་མེད་གནམ་གྲུ་སྤྱད་དེ་དབྱིན་ཇིའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་པར་ལེན་པར་སེམས་ཁྲལ་བྱེད་ཀྱི་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ལིན་ཅན་གྱིས་ཀྲུང་གོ་སྲིད་གཞུང་གིས་ཁེ་ལས་ལ་ཁྲིམས་འགལ་གྱི་རྣམ་པའི་ཐོག་ནས་གཞི་གྲངས་འཚོལ་བསྡུའམ་ཡང་ན་གསོག་ཉར་བྱེད་དགོས་པའི་བླང་བྱ་གཏན་ནས་བཏོན་མེད་ལ་འདོན་ཡང་མི་སྲིད། འབྲེལ་ཡོད་ཕྱོགས་ཀྱིས་དོན་དངོས་ཀྱི་གཞི་འཛིན་ས་མེད་པའི་གནས་ཚུལ་འོག ཀྲུང་གོར་རྒྱུ་མཚན་མེད་པའི་དོགས་པ་དང་དམའ་འབེབས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། དབྱིན་ཇི་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་བདེ་འཇགས་ཁྱབ་འགྱུར་ཅན་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོའི་ཚན་རྩལ་མཐོ་བའི་ཁེ་ལས་ལ་གནས་ལུགས་མེད་པའི་སྐྱོན་བརྗོད་དང་གནོན་ཤུགས་གཏོང་མཚམས་འཇོག་དགོས་པ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་ཕན་པའི་བྱ་བ་མང་ཙམ་བསྒྲུབ་དགོས་པ་བསྟན།

༄༅།།འདི་ལོའི་དུས་ཚིགས་དང་པོར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་གྲངས་གནས་གཉིས་འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། རླངས་འཁོར་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་རྒྱུན་མཐུད་པ་དང་འབྲེལ། དོན་འཁྱོལ་མགྱོགས་མྱུར་བྱེད་པ་དང་། འཛད་སྤྱོད་ཁྲོམ་རའི་སྤུས་ཚད་ལེགས་སུ་གཏོང་བ། ཁེ་ལས་ཀྱི་ཐོན་རྫས་གསར་པ་ཡང་ཡང་བརྗེ་བ། འཛད་སྤྱོད་པའི་ཡིད་ཆེས་ཆེ་རུ་ཕྱིན་པ་བཅས་ལས་ཕན་པ་ཐོབ་ནས། དུས་ཚིགས་དང་པོར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་གྲངས་གནས་གཉིས་འཕར་ཏེ་འགོ་ཚུགས་བཀྲ་ཤིས་བྱུང་ཡོད།དུས་ཚིགས་དང་པོར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་756.1དང་ཁྲི་747སོ་སོར་ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་14.5%དང་11.2%སོ་སོར་འཕར་བའི་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་318.2དང་ཁྲི་307.5སོ་སོར་ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་50.4%དང་47.1%སོ་སོར་འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་རླངས་འཁོར་གསར་པའི་ཕྱིར་ཚོང་བསྡོམས་འབོར་གྱི་41.2%ཟིན་ཡོད།(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)

ལྷ་གྲུ་ཨང་བཅུ་དགུ་པ་རྟགས་ཅན་གྱི་མཁའ་སྐྱོད་ཚོ་ཆུང་འཁོར་ལམ་དུ་བསྡད་ནས་ཟླ་བ་ལྔའི་རིང་གི་ལས་འགན་ཁག་བདེ་བླག་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མིག་སྔར་ལྷ་གྲུ་བཅུ་དགུ་པ་རྟགས་ཅན་གྱི་མཁའ་སྐྱོད་ཚོ་ཆུང་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་ནས་ཉིན་150ལྷག་ཙམ་ཟིན་པ་དང་། མཁའ་སྐྱོད་པ་ཚའེ་ཞུས་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་ཀྱི་ལུས་སེམས་བདེ་ཐང་ཡིན་པ་དང་། བར་སྣང་གི་ཚན་རིག་ཚོད་ལྟ་དང་ཚོད་ལྟའི་ལས་འགན་ཁག་བདེ་བླག་བྱུང་ཡོད། འཆར་གཞི་ལྟར་ན། མཁའ་སྐྱོད་ཚོ་ཆུང“ལྔ་གཅིག”གི་སྔ་རྗེས་སུ་སའི་གོ་ལའི་ཁྱིམ་གཞིས་སུ་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད། ཀྲུང་གོའི་མི་ཞུགས་མཁའ་སྐྱོད་ལས་གྲྭའི་གཞུང་དོན་ཁང་གིས་ཟླ་4ཚེས་6ཉིན་ཁྱབ་བསྒྲགས་བྱས་པའི་འཁོར་ལམ་ཐོག་གི་བརྙན་ལམ་ལས་མངོན་པར། འཕྲུལ་ཆས་དཔུང་པའི་རྒྱབ་སྐྱོར་འོག མཁའ་སྐྱོད་ཚོ་ཆུང་གིས་ལྷུ་ལག་དང་སྒྲིག་ཆས་གྲུ་ཚང་ཕྱི་རོལ་གྱི་ཀུན་སྤྱོད་ཚོད་ལྟའི་སྒྲིག་ཆས་གྲུ་ཚང་ནང་དུ་བསྐྱོད་པ་དང་། མ་དཔེ་ཕྱིར་བསྡུ། སྒྲིག་སྦྱོར་ཚོད་ལྟ། དེ་བཞིན་གྲུ་ཚང་ནས་ཐེངས་གཉིས་པ་ཐོན་པའི་བྱེད་སྒོ་སོགས་ཀྱི་ལས་དོན་ལེགས་གྲུབ་བྱས་པ་དང་། རྣམ་གྲངས་དེར་ཐོབ་པའི་དཔྱད་གྲངས་དང་འཁོར་ལམ་ཐོག་གི་ཁྱད་ཆོས་གྲངས་གཞིས་ནུས་མཐོའི་བར་སྟོང་ཉེར་སྤྱོད་ལྷུ་ལག་ཞིབ་འཇུག་གསར་སྤེལ་ལ་འགག་རྩའི་གྲངས་གཞིའི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། གཞན་ཡང་། མཁའ་སྐྱོད་པས་འཆར་གཞི་ལྟར་བར་སྣང་ས་ཚིགས་ཀྱི་སྦུབས་ལམ་ཞིབ་དཔྱད་ཚད་ལེན་འཕྲུལ་མིའི་འཁོར་ལམ་ཐོག་གི་ཚོད་ལྟ་ར་སྤྲོད་ལས་དོན་སྤེལ་ནས། རླུང་རྒྱུག་སྦུབས་ལམ་ནང་གི་པར་རིས་ཞིབ་དཔྱད་ཚད་ལེན་ཐུབ་པ་བྱས་ཏེ། བར་སྣང་ས་ཚིགས་ཀྱི་སྦུབས་ལམ་རང་འགུལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་ལག་རྩལ་གྱི་རྨང་གཞི་བཏིང་ཡོད། མཁའ་སྐྱོད་གསོ་རིག་ཚོད་ལྟའི་ཁྱབ་ཁོངས་སུ། མཁའ་སྐྱོད་ཚོ་ཆུང་གིས་ཁྲག་འཚོལ་བསྡུ་དང་ལྟེ་བྲལ་ཐག་གཅོད་སོགས་ཀྱི་བཀོལ་སྤྱོད་ལས་འགན་ལེགས་གྲུབ་བྱུང་བ་དང་། ས་ངོས་ཚན་ཞིབ་མི་སྣས་ཁྲག་གི་མ་དཔེ་སྤྱད་དེ་རུས་པའི་བརྗེ་ཚབ་ཕན་ཚུན་སྙོམས་སྒྲིག་དང་བར་སྟོང་མཚམས་ཚིགས་དང་གཉིད་སོགས་ཚོད་ལྟའི་ཞིབ་འཇུག་མང་པོ་བྱ་རྒྱུ་ཡིན་པ་རེད། མཁའ་སྐྱོད་པས་ད་དུང་མིག་འགུལ་དཔྱད་ཆས་སོགས་སྒྲིག་ཆས་བརྒྱུད་མིག་འགུལ་གྲངས་གཞི་བླངས་ནས། བར་སྟོང་གི་ལྗིད་ཤུགས་ཕྲ་མོའི་ཁོར་ཡུག་ཁྲོད་མིའི་རིགས་ཀྱི་འབྲེལ་བའི་ཤེས་རྟོགས་ཆོས་ཉིད་དང་དེའི་དབང་རྩའི་རྨང་གཞིར་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད། བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་ཚུན། མཁའ་སྐྱོད་པ་གསུམ་གྱིས་གྲུ་ཚང་ནས་ཕྱིར་ཐོན་པའི་བྱེད་སྒོ་ཐེངས་གསུམ་ལེགས་གྲུབ་བྱུང་ཡོད། མིག་སྔར། བར་སྣང་ཚན་རིག་གི་ཚོད་ལྟ་དང་ཚོད་ལྟའི་ལས་འགན་ཁག་བདེ་བླག་བྱུང་ཡོད།

ཁ་གསབ་དངུལ་ལེན་སྟངས་འདིར་ཡོད།

འདི་ལོའི་ཚུན་དུ་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་3000བར་མང་དུ་བཏང་ཡོད་པ་དང་། རྒྱབ་སྐྱོར་བྱེད་པའི་ཐོན་རྫས་དང་ཁ་གསབ་ཁྱབ་ཁོངས་ཀྱང་དེ་བསྟུན་གྱིས་རྒྱ་ཆེར་བཏང་ཡོད། ཁྱིམ་སྤྱོད་གློག་ཆས་ཀྱི་ཅ་དངོས་རེར་ཁ་གསབ་དངུལ་མཐོ་ཤོས་སྒོར་2000ཡོད་པ་དང་། ལག་ཐོགས་ཁ་པར་ལ་ཁ་གསབ་དངུལ་མཐོ་ཤོས་སྒོར་500ཡོད་པ་རེད། གཞན་ཡང་རླངས་འཁོར་རྙིང་པ་བཙོངས་རྗེས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོས་ཚེ། རླངས་འཁོར་རེར་ཁ་གསབ་དངུལ་མཐོ་ཤོས་སྒོར་15000ཡོད་ཅིང་། ད་དུང་གློག་སྒུལ་སྦག་སྦག་ལའང་ཁ་གསབ་ཡོད་པས་འཛད་སྤྱོད་དངོས་རྫས་རིགས་ད་ལྟ་གསར་པ་བརྗེས་ན་བརྗེ་རིན་ཡོད།1༽ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་གྲངས་འཛིན་ཐོན་རྫས་དང་། ཁྱིམ་སྤྱོད་གློག་ཆས་རིགས་གསར་པ་བརྗེ་མཁན་ཚོས་འདིར་གཟིགས་དང་། གོང་གི་བྱ་རིམ་ཆུང་གྲས་འདིའི་ནང་འཛུལ་ན་གཟིགས་ཐུབ།རེ་ཞུ་བྱེད་སྟངས།1-རང་ཉིད་ཀྱི་དགོས་མཁོ་ལྟར་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་བདམས་ནས་གསར་པ་ཉོ་བའམ་ཡང་ན་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་དགོས།2- ཁྱེད་རང་གནས་སའི་གྲོང་ཁྱེར་བདམས་ནས་ཕྱོགས་སྟོན་ལྟར་ས་གནས་དེ་གའི་སྲིད་ཇུས་འདྲི་རྩད་དང་འབྲེལ་ཡོད་གཟིགས་སྐྱོང་བླངས་ཆོག2༽རླངས་འཁོར་གསར་པ་བརྗེ་དགོས་ན་འདིར་གཟིགས། གོང་གི་བྱ་རིམ་ཆུང་གྲས་ནང་འཛུལ་ན་གཟིགས་ཐུབ།རེ་ཞུ་བྱེད་སྟངས།1-སྤྱི་ལོ་2025ལོའི་བེད་མེད་དུ་བཏང་སྟེ་རེ་ཞུ་བྱེད་ས་ཞེས་པ་གནོན་ཏེ་དེའི་ནང་ཞུགས་དགོས།2-ཁ་གསབ་བདག་སྤྲོད་བྱ་ཡུལ་བདམས་ཏེ་ཕྱོགས་སྟོན་ལྟར་མི་སྒེར་གྱི་ཆ་འཕྲིན་དེའི་ནང་བཅུག་ནས་གོམ་སྟབས་རྗེས་མ་གནོན་དགོས།3-བྱ་རིམ་ནང་གི་དྲན་སྐུལ་གཞིར་བཟུང་རེ་ཞུ་བྱེད་མཁན་གྱི་ཆ་འཕྲིན་དང་། རླངས་འཁོར་བེད་མེད་དུ་བཏང་བའི་ཆ་འཕྲིན། རླངས་འཁོར་གསར་པ་ཉོ་སྒྲུབ་ཀྱི་ཆ་འཕྲིན་བཅས་བྲིས་ཚེ། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱེད་ཆོགཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

སི་རི་ལན་ཁར་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་དགའ་བསུ་ཐོབ་པ།

འདི་ནི་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར་གནས་པའི་པི་ཡ་ཏི་ཚོང་ཁང་དུ་འཛད་སྤྱོད་པས་རླངས་འཁོར་ཉོ་བཞིན་པ།འདི་ནི་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར་པི་ཡ་ཏི་སི་རི་ལན་ཁའི་བརྒྱུད་ཚོང་པ་དང་གཡོད་ཧན་ཅིར་སི་CGརླངས་འཁོར་ཚད་ཡོད་ཀུང་སིའི་རླངས་འཁོར་སྡེ་ཚན་གྱི་སྤྱི་ཁྱབ་ཅིང་ལི་ཆ་ལི་ཐེ·ཕན་ཏི་ཐེ་ལ་ཐེ་ན་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།འདི་ནི་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་ནས་པར་བརྒྱབ་པའི་པི་ཡ་ཏི་ཚོང་ཁང་ཡིན་པ།སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་གྲོང་ཁྱེར་ལྟེ་བའི་ལམ་བཞི་མདོ་ཁ་ཞིག་ཏུ་ཉིན་ལྟར་གྱི་ཞོགས་པ་དང་དགོང་མོ་རླངས་འཁོར་མང་བའི་དུས་སུ་སྲོལ་རྒྱུན་གྱི་སྣུམ་སྤྱོད་སྤྱི་སྤྱོད་རླངས་འཁོར་དང་། སྦག་སྦག “ཐུའུ་ཐུའུ་རླངས་འཁོར”བཅས་ཀྱིས་འབུད་པའི་མཇུག་རླངས་ཡུན་རིང་ཡལ་གྱི་མེད། གཞུང་ལམ་སྒྲོལ་མཁན་མི་རྣམས་ཀྱིས་རྟག་ཏུ་ལམ་འགྲམ་གྱི་ཚོང་ཁང་གསར་པ་ཞིག་ལ་ལྟ་བཞིན་མཆིས།འདི་ནི་སི་རི་ལན་ཁར་བཙུགས་པའི་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྤུས་རྟགས་པི་ཡ་ཏི་ཚོང་ཁང་དང་པོ་དེ་རེད། སི་རི་ལན་ཁའི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་བསྐྱར་དུ་འཕར་བ་དང་བསྟུན་ནས། འདི་ལོའི་ཟླ་2པར་སི་རི་ལན་ཁ་སྲིད་གཞུང་གིས་སྒེར་གྱི་རླངས་འཁོར་ནང་འདྲེན་བཀག་རྒྱ་དངོས་སུ་གློད་ཡོད། ཚོང་ཁང་འདི་སྒོ་ཕྱེ་བ་ནས་བཟུང་སྐུ་མགྲོན་རྒྱུན་མཐུད་མང་དུ་ཕྱིན་པ་མ་ཟད། ཐ་ན་མི་ཚོགས་ཀྱིས་ཁེངས་པའི་རྣམ་པ་ཐོན་ཡོད།ན་ནིང་ཟླ་བརྒྱད་པར་སྒོ་ཕྱེ་ཚུན། ཁོ་ལོན་པོ་རུ་པི་ཡ་ཏི་ལྟེ་གནས་ཚོང་ཁང་དེའི་ཚོང་ཧ་ཅང་ཡག་པོ་བྱུང་ཞིང་། པི་ཡ་ཏི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་སི་རི་ལན་ཁ་རྒྱལ་ཁབ་ཀྱི་ཅིང་ལི་ཧུའུ་ཙི་ཡུས་ཀྱིས། སྤུས་རྟགས་དེའི་ཕྱིར་ཚོང་ཁང་གྲོང་ཁྱེར་ཁོ་ལོན་པོ་དང་། དབུས་རྒྱུད་ཀྱི་གྲོང་ཁྱེར་ཁང་ཐི། ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཅ་ལི་བཅས་གྲོང་ཁྱེར་གསུམ་དུ་བཙུགས་པ་དང་། མིག་སྔར་མངག་ཐོ་སྟོང་ཕྲག་ཁ་ཤས་འབྱོར་ཡོད། དེའི་ནང་ཟླ་3ཚེས་14ཉིན་ཁག་དང་པོའི་རླངས་འཁོར་462ཧན་པན་ཐོ་ཐ་གྲུ་ཁར་འབྱོར་བ་དང་། ཚེས་27ཉིན་དངོས་སུ་རྩིས་སྤྲད་པ་རེད།པི་ཡ་ཏི་སི་རི་ལན་ཁའི་བརྒྱུད་ཚོང་པ་དང་གཡོད་ཧན་ཅིར་སི་CGརླངས་འཁོར་ཚད་ཡོད་ཀུང་སིའི་རླངས་འཁོར་སྡེ་ཚན་གྱི་སྤྱི་ཁྱབ་ཅིང་ལི་ཆ་ལི་ཐེ·ཕན་ཏི་ཐེ་ལ་ཐེ་ན་ཡིས། སི་རི་ལན་ཁས་སྒེར་གྱི་རླངས་འཁོར་ཉོ་བའི་སྲིད་ཇུས་ཀྱི་བཀག་རྒྱ་གློད་ཚུན། ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་པ་དང་། དམངས་ཚོགས་ཀྱིས་རླངས་འཁོར་ཉོ་སྐབས་རིག་ནུས་ཚན་རྩལ་དང་། བདེ་པོ། བཟོ་དབྱིབས་བཅས་ཀྱི་ཐད་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ལེགས་ཆ་ལྡན་པ་ཤེས་རྟོགས་ཐུབ་ཡོད། “ན་ནིང་ཟླ་12པའི་ཁོ་ལོན་པོའི་རླངས་འཁོར་འགྲེམས་སྟོན་ཐོག་པི་ཡ་ཏི་དང་། མིང་ཅུའེ། སའེ་ལི་སི་སོགས་ཀྲུང་གོའི་རླངས་འཁོར་སྤུས་རྟགས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་ལ་ཞུགས་པས་དགའ་བསུ་ཆེན་པོ་ཐོབ་ཡོད། ལོ་འདི་དག་རིང‘ཀྲུང་གོས་བཟོས་པ’ང་ཚོའི་སེམས་ནང‘ཀྲུང་གོའི་རིག་སྐྲུན’ལ་གྱུར་ནས་ནུས་པ་ཆེ་བ་དང་། ཚན་རྩལ་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་རླུང་ཕྱོགས་སྟོན་རྟགས་ལ་གྱུར་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མི་གཟུགས་འཕྲུལ་མིས་རྒན་གསོ་ནད་སྐྱོང་ལ་རམ་འདེགས་ཐུབ་རྒྱུ་ཡིན་པ།

འདི་ནི་མི་གཟུགས་འཕྲུལ་མིས་སྨི་བརྒྱ་རིམ་པའི་རྒྱུགས་ཤར་གློད་བཞིན་པ། ཁྲེན་ཏུང་ཏུང་གིས་པར་བརྒྱབ། (མི་དམངས་འདྲ་པར)ཉེ་ཆར་ཀྲུང་གོ(མན་དབྱང)ཚན་རྩལ་གྲོང་གི་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སི་ཁྲོན་མན་དབྱང་ཡུན་ཆོན་ལམ་སློབ་གྲྭར་གཉེར་བ་རེད། ཀྲུང་གོ་ནི་འཛམ་གླིང་ཐོག་འཕྲུལ་མིའི་ལག་རྩལ་རྒན་གསོའི་ཁྱབ་ཁོངས་སུ་སྤྱོད་པའི་སྲིད་ཇུས་གཏན་འབེབས་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་འགོར་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ་རྒན་གསོའི་ཚན་རྩལ་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་དང་བཀོལ་སྤྱོད་ཇེ་མགྱོགས་སུ་བཏང་ནས། མི་གཟུགས་འཕྲུལ་མི་དང་། ཀླད་འཕྲུལ་སྦྲེལ་མཐུད། མི་ཐབས་རིག་ནུས་སོགས་ལག་རྩལ་གྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ཡོད།མི་འབོར་གྱི་གནད་དོན་ནི་ཀྲུང་གོར་འཕྲད་པའི་འགྲན་སློང་གི་གྲས་ཤིག་ཡིན། དེ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པ་སྟེ། མིག་སྔར་ཀྲུང་གོར་རྒན་གསོའི་ནད་སྐྱོང་བ་ཁྲི་1000དགོས་ཀྱི་ཡོད།ཀྲུང་གོ་སྲིད་གཞུང་གིས་ལག་རྩལ་འཚོལ་ཞིབ་བྱས་ནས་ཐག་གཅོད་ཇུས་གཞི་བཟོས་ཏེ་རྙོག་དྲ་ཆུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། གྲོང་ཁྱེར་ཧ་ཅང་ཆེ་གྲས་ཧྲང་ཧའེ་ཡིས་སྔོན་ལ་མི་གཟུགས་འཕྲུལ་མིའི་དོ་དམ་སྒྲིག་སྲོལ་བཟོས་པ་དང་། པེ་ཅིང་གིས་ཀྱང་དུས་ཡུན་ལོ་གཉིས་ཀྱི་བྱ་སྤྱོད་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་ནས་འཕྲུལ་མིས་བརྩེ་དུང་གི་རོགས་ཟླ་དང་། བདེ་ཐང་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན། ནང་ལས་བྱེད་རོགས་བཅས་ཀྱི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།སྤྱི་ཚོགས་རིགས་གཅིག་མཁས་ཅན་གྱིས། འཕྲུལ་མིའི་ནད་གཡོག་རྒྱུག་མཁན་བཀོད་སྒྲིག་བྱས་པའི་རྒན་གསོ་ཁང་དུ་རྒན་རྒོན་གྱི་སེམས་ཁམས་བདེ་ཐང་ལེགས་སུ་ཕྱིན་ཡོད། མི་ཐབས་རིག་ནུས་སྤྱད་པའི་སྡོད་རོགས་འཕྲུལ་མིས་སྐད་ཆ་ཤོད་རེས་དང་། རོལ་རྩེད་རྩེ་བ། དྲན་ཤེས་སྦྱོང་བརྡར་བཅས་བརྒྱུད་རྒན་རྒོན་དང་མཉམ་འགུལ་བྱས་ཚེ་ཁེར་རྐྱང་གི་ཚོར་བ་ཆུང་དུ་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།—— སི་ཕེན་གྱི《རྒྱལ་ཁབ་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ནང་འདྲེན་བྱས་པའི་རླངས་འཁོར་ལ་སྒོ་ཁྲལ25%ཁ་སྣོན་བསྡུ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས།

ཚེས4ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས།ཉེ་ལམ་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སྤྱི་བསྒྲགས་སྟེང་མིང་རྟགས་བཀོད་ནས།ནང་འདྲེན་རླངས་འཁོར་དང་ལྷུ་ལག་ཁག་ཅིག་ལ་སྒོ་ཁྲལ25%སྣོན་བསྡུ་བྱ་རྒྱུ་ཁྱབ་བསྒྲགས་བྱས། དོན་དེར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་།ཨ་རི་ཕྱོགས་ཀྱིས་ཐོན་ལས་ལས་རིགས་ཀྱི་འབོད་སྐུལ་དང་དུ་བླངས་ནས་མྱུར་དུ་ནོར་འཁྲུལ་གྱི་བྱ་སྤྱོད་དེ་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུའི་རེ་བ་བཏོན་པ་ཡིན།གསལ་བསྒྲགས་ལས་བསྟན་དོན།རླངས་འཁོར་ནི་ཚད་མཐོའི་རྒྱལ་སྤྱི་ཅན་གྱི་ཐོན་ལས་ཤིག་ཡིན་པ་དང་།ཕན་འབྲས་མཐོ་ལ་རྒྱལ་ཁོངས་བརྒལ་བའི་མཁོ་སྤྲོད་སྦྲེལ་ཐག་གི་མ་ལག་བརྒྱུད་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་ལེགས་ཤོས་མངོན་འགྱུར་བྱས་ཏེ།འཛམ་གླིང་གི་ས་གནས་སོ་སོའི་བཀོལ་སྤྱོད་མཁན་ལ་བདེ་འཇགས་དང་སྟབས་བདེའི་འགྲིམ་འགྲུལ་ཡོ་བྱད་མཁོ་འདོན་བྱས་ཡོད་པ་རེད། ཨ་རི་ཕྱོགས་ཀྱིས་རང་གི་ཁེ་ཕན་གྱི་ཆེད་དུ་སྒོ་ཁྲལ་ཁ་སྣོན་བསྡུ་བ་ནི།དཔེ་མཚོན་རང་བཞིན་གྱི་ཕྱོགས་རྐྱང་རིང་ལུགས་པའི་བྱེད་སྟངས་ཤིག་ཡིན་ཞིང་།གོ་ལ་ཧྲིལ་པོའི་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་ཚབས་ཆེན་བྱས་ཏེ།རྒྱུན་ལྡན་གྱི་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་བཏང་པ་དང་།གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་ཀྱི་ཐོན་སྐྱེད་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་ཕོག་ཐུག་ཅུང་ཆེན་པོ་བཟོས་པར་མ་ཟད།རླངས་འཁོར་གྱི་རིན་གོང་སྔར་ལས་མཐོ་རུ་ཕྱིན་ནས་ཨ་རི་དང་བཅས་པའི་རྒྱལ་ཁབ་སོ་སོའི་འཛད་སྤྱོད་མཁན་ལ་ཁུར་པོ་ལྷག་མ་ཞིག་བསྣན་པ་ཡིན་ལ།གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་འབྱུང་བར་ཡང་ཤུགས་རྐྱེན་ངན་པ་ཐེབས་སྲིད།ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཨ་རི་སྲིད་གཞུང་གིས་ཐོན་ལས་ལས་རིགས་ཀྱི་འབོད་སྐུལ་ལ་ཉན་ནས།ནོར་འཁྲུལ་གྱི་བྱ་སྤྱོད་དེ་དུས་ཐོག་ཏུ་ཡོ་བསྲང་བྱས་ནས་གྲོས་མོལ་བརྗེ་རེས་བྱས་པ་བརྒྱུད་དེ།གཉིས་ཕན་མཉམ་རྒྱལ་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ་སྒོ་འབྱེད་དང་བསྟུན་མཁས།མཉམ་ལས་བཅས་ཀྱི་རྣམ་འགྱུར་གྱིས་རྒྱལ་སྤྱིའི་ཚོང་དོན་སྤེལ་ནས།མཉམ་དུ་གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་ཀྱི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་བྱས་པ་ཡིན། དེ་དང་མཉམ་དུ་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ལས་རིགས་གཅིག་པའི་བར་ཧུར་ཐག་གིས་འབྲེལ་གཏུག་དང་མཉམ་ལས་བྱས་ཏེ།འགྲན་སློང་དེར་མཉམ་དུ་ཁ་གཏད་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།གཡང་འབུམ་རྒྱལ་གྱིས་བསྒྱུར།

དགེ་འདུན་པ13ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2025ལོའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་ཟླ4པའི་ཚེས15ཉིན་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད། ཐེངས་འདིའི་བྱ་འགུལ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པ་དང་དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་ལམ་ལུགས་སླར་གསོ་བྱས་ནས་ལོ་འཁོར20ལོན་པའི་དུས་སུ་འཁེལ་ཡོད། 2025ལོའི་བོད་བརྒ

དགེ་འདུན་པ13ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ།

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། 2025ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད། ད་ཐེངས་ཀྱི་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བ་དང་། དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་ལམ་ལུགས་སླར་གསོ་བྱས་ནས་མཚན་གནས་ལག་ཁྱེར་སྤྲད་དེ་ལོ20འཁོར་བ་དང་ཏག་ཏག་འཁེལ་ཞིང་། 2025ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་ཐོབ་ཐང་རག་པའི་རྒྱུགས་འབུལ་དགེ་འདུན་པ་དང་། རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱི་ཁོངས་མི། རྒྱུགས་རོགས་དགེ་འདུན་པ་སོགས་དགེ་འདུན་པ281མཛད་སྒོར་ཞུགས་ཡོད། དམ་བཅའ་འཇོག་པའི་མཛད་སྒོ་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཡོད། སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་རྒྱུགས་འབུལ་དཔྱད་བསྡུར་ཨུ་ལྷན་གྱི་དཔྱད་བསྡུར་འོག རྒྱུགས་འབུལ་དགེ་འདུན་པ13གྱིས་རྒྱུགས་རོགས་དགེ་འདུན་པས་བཏོན་གནང་བའི་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་བཀའ་པོད་ལྔ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་དམིགས་ནས་རྟགས་གསལ་བཏང་། དཔྱད་བསྡུར་ཨུ་ལྷན་གྱིས་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད། དབྱེན་འདུམ་དགོན་གྱི་བྱམས་པ་གཡང་ནོར་ལ་ཨང་དང་པོ་དང་། འབྲས་སྤུངས་དགོན་གྱི་ངག་དབང་ཆོས་སྨྲ་ལ་ཨང་གཉིས་པ། སེ་ར་དགོན་གྱི་ཐུབ་བསྟན་སྐལ་ལྡན་ལ་ཨང་གསུམ་པ་བཅས་ཐོབ་པ་དང་། ཆབ་མདོ་སྡེ་གསུམ་དགོན་གྱི་བློ་བཟང་འཇིགས་མེད་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་ཤེས་རབ་ཕུན་ཚོགས། རྭ་སྟོད་དགོན་གྱི་བློ་བཟང་དཔལ་ལྡན། ནག་ཆུ་རབ་བརྟན་དགོན་གྱི་བསྟན་འཛིན་དར་རྒྱས། ཆབ་མདོ་དཔའ་ཤོད་དགོན་གྱི་ངག་དབང་བཀྲ་ཤིས། ཆབ་མདོ་བྱམས་པ་གླིང་དགོན་གྱི་འཇམ་དབྱངས་ཐབས་མཁས། དགའ་ལྡན་དགོན་གྱི་ཡེ་ཤེས་སྦྱིན་པ། ཆབ་མདོ་དབུ་ཐོག་དགོན་གྱི་ངག་དབང་མཐར་ཕྱིན། ནག་ཆུ་ཆོས་འཁོར་དགོན་གྱི་ཐུབ་བསྟན་ཚུལ་ཁྲིམས། ཡུན་ནན་བདེ་ཆེན་དགའ་ལྡན་སུམ་རྩེན་གླིང་དགོན་གྱི་ཡེ་ཤེས་འཕེལ་རྒྱས་བཅས་ལ་ཨང་བཞི་པ་ནས་ཨང་བཅུ་གསུམ་བར་ཐོབ་ཡོད། དམ་བཅའ་འཇོག་པའི་མཛད་སྒོ་མཇུག་འགྲིལ་རྗེས། དགེ་འདུན་པ་དམངས་ནས་ཞལ་འདོན་སྨོན་ལམ་བསྔོ་བ་གནང་བ་དང་། མང་ཇ་དང་བཞེས་ཐུག་མིང་བཏགས་ཕུལ་ཡོད། དགེ་བཤེས་ལྷ་རམས་པའི་མཚན་གནས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐའི་མདོ་ཕྱོགས་ཀྱི་སྲོལ་རྒྱུན་གྱི་མཚན་གནས་མཐོ་ཤོས་ཡིན་ཞིང་། མིག་སྔའི་བར། ཁྱོན་དགེ་འདུན་པ202ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་ཡོད།

མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་།

ཁྲི་ཀ་ནི་ཨ་མདོའི་བོད་ཀྱི་རིག་གནས་རྫོང་མཐུག་པའི་ས་ཆ་ཞིག་ཡིན།དེང་སང་རྒྱ་མི་རྣམས་ཀྱིས་མཚོ་སྔོན་གྱི་ཅང་ནན་དུ་འབོད་ཅིང་།མི་རིགས་གཞན་ཇེ་མང་དང་གཉུག་མར་གནས་པའི་བོད་པ་ཇེ་ཉུང་དུ་གྱུར། ཡང་ན་རྣམ་པ་གཞན་དུ་གྱུར།ངས་ཁྲི་ཀ་ནས་བདེ་སྲུང་གསར་རྒོད་ཅིག་མཐོང་། ཁོས་འདྲེ་སོགས་སྣ་ཚོགས་མཐོང་ཟེར། ཡིན་ཡང་།བོད་མི་དེ་དག་གིས་སྔར་བཞིན་ཉམ་ཆུང་བའི་ངང་བོད་ཀྱི་རིག་གནས་འཛིན་སྐྱོང་གནང་བཞིན་ཡོད།སྔོན་ཆད་སྡེ་བ་རེ་ན་དགོན་པ་རེ་ཡོད་ཅེས་གྲགས་ཤིང་།དགོན་པ་དེ་དག་ད་དུང་ཨུ་ཚུགས་ཀྱིས་གནས། མཆོད་རྟེན་སྐེའི་དགོན་པ་འདི་ཀ་རིང་ན་ཡོད་སྐད་ཐོས་ཀྱང་།ཀ་རིང་གི་གང་ཞིག་ན་ཡོད་མེད་ཚོད་དཔག་བྱེད་མ་ཐུབ། འདིར་ངག་ཐོག་ནས་ག་གཞུར་དུ་འབོད་དོན་ནི། སྡེ་འདིའི་ས་འཛིན་པ་ཐོག་མ་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ གི་ཆོས་འཁོར་ཚོ་བ་བཅུ་གཉིས་སམ་ཤིས་ཚང་ཚོ་བའི་ནང་ཚན་ཏེ། ག་གཞུར་ཞེས་ པའི་ཚོ་བ་དེ་ནས་ཕྱོགས་འདིར་མཆེད་འོངས་ནས་གཞིས་ཆགས་པས།ཚོ་བའི་རང་མིང་མ་འགྱུར་བར་སྡེ་བ་འདི་ལ་ཐོགས་ནས་ད་ལྟའི་ བར་རྒྱུན་འབྱམས་སུ་གྱུར་པ་ཞིག་ཡིན་པར་བཤད། ཡིག་ཐོག་ནས་ཀ་རིང་དུ་འབྲི་དོན་ནི། སྐུ་ཕྱོགས་དགུ་རོང་སྐུ་ཕྲེང་གསུམ་ པ་སྟེ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཚང་ཀ་རིང་དུ་ཕེབས་དུས། ག་ གཞུར་ཞེས་པ་དེ་ཀ་རིང་དུ་བཅོས་སྟབས། དེ་ནས་བཟུང་ད་ལྟ་ཡིག་ཐོག་ནས་ཀ་རིང་དུ་འབྲི་བའི་ཕྱག་རྒྱུན་འདི་རྒྱུན་འབྱམས་སུ་གྱུར་པར་བཤད། མཆོད་རྟེན་སྐེ་དགོན་པ་ནི་ཁྲི་ཀ་རྫོང་མཁར་ནས་སྤྱི་ལེ་ཉེར་བཞི་དང་ཕྱེད་ཀྱིས་ཆོད་པའི་ས་སྟེ། དེང་གི་ཀ་རིང་ཡུལ་ཚོའི་ནུབ་ཕྱོགས་ཀྱི་སྤྱི་ལེ་གཅིག་དང་ཕྱེད་ཀའི་མཚམས་སུ་ཆགས་ཡོད་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན་ལ་ དགོན་པའི་མཚན་ཆ་ཚང་ལ་མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཟེར། དགོན་པ་འདི་ནི་སྒོ་མེ་གྲགས་པ་རྒྱ་མཚོ་ཟེར་བའི་མཁས་པ་དེའི་དགོན་པ་ཡིན་སྐད། མདོ་སྨད་ཆོས་འབྱུང་ལས།བྱ་ཁྱུང་སྟོད་ན་སྒོ་མེ་སྟོད་སྨད་གཉིས་ཡོད་པའི་སྨད་དུ་མཆོད་རྟེན་སྐེས་དགོན་ཆེན་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ནི། ཐོག་མར་སྨྲ་བའི་ཁྱུ་མཆོག་སྒོ་མེ་གྲགས་པ་རྒྱ་མཚོས་བཏབ་པ་ཡིན་ལ། ཞེས་གསུངས།སྒོ་མེ་གྲགས་པ་རྒྱ་མཚོ་འདི་བའི་ལོ་རྒྱུས་ནི་མདོ་སྨད་ཆོས་འབྱུང་ལས།འདི་པ་རྨ་ཆུ་ཁའི་སྒོ་མེ་ཧོར་ཀྱཱ་ནས་འཁྲུངས་པས་ཧོར་ཀྱཱའི་གྲགས་རྒན་ཟེར། དབུས་སུ་ཕེབས། ཀླུ་འབུམ་སྤྱི་ཁང་གོང་མའི་ར་སྐོར་དུ་མཚན་འཁྱོངས་སྐབས་གཟིམས་དཀྲོག་བྱེད་དུ་བརྡུང་བའི་རྡོ་ཀོང་དང་། གཤག་ཏུ་མགྲིན་པ་དང་གདུང་མ་སྦྲེལ་བྱེད་འཆར་ལོང་རྟེན་དུ་ཡོད་འདུག །གྲྭ་ཐོག་དེར་སྒོ་མང་དགེ་བཤེས་ཆེ་གྲས་ཡིན་པ་ཙམ་དུ་མ་ཟད། སྨྲ་ངན་ཚར་གཅོད་པ་ལ་རྣམ་དཔྱོད་མཆོག་ཏུ་གྱུར་པའི་མཚན་ཉིད་པ་མགོ་མཁྲེགས་ཀྱི་ཚད་དུ་གྲགས། ཞེས་གསུངས། སྐུ་འབུམ་རྒྱུད་པའི་ཁྲི་རབས་བཅུ་གཉིས་པ་སྨྲ་བའི་ཁྱུ་མཆོག་སྒོ་མེ་གྲགས་པ་རྒྱ་ མཚོ་ནི། ཁྲི་ཀའི་ཧོར་ཀཱར་འཁྲུངས། ཁོང་དབུས་སུ་ཕེབས་ནས་འབྲས་སྒོ་མང་གྲྭ་། ཚང་དུ་ཞུགས། བཀའ་པོད་ཀྱི་གཞུང་ལ་ཐུགས་གཉེར་རྡོ་རུས་ཐུག་པ་གནང་། དུས་ ཐོག་དེར་ཁོང་སྒོ་མང་དགེ་བཤེས་ཆེ་གྲས་ཡིན་པར་མ་ཟད། སྨྲ་ངན་ཚར་གཅོད་པ་ལ་ རྣམ་དཔྱོད་མཆོག་ཏུ་ཡངས་པའི་གྲགས་པ་ཕྱོགས་སུ་རྒྱས། 5རྒྱལ་དབང་མཆོག་གིས་ཕྱིས་བཀའ་ཤོག་དང་གདུགས་དར་སོགས་གནང་། ཕྱིས་མདོ་སྨད་དུ་ཕེབས་ཏེ་གྲུབ་ ཆེན་སྐལ་ལྡན་རྒྱ་མཚོའི་ཞབས་ལ་གཏུགས་ནས་ཐོས་བསམ་གྱི་ཉམས་ལེན་ལ་འབད། རབ་ཉི་མེ་གླང་ཕྱི་ལོ་ 1695 ལོར་སླར་ཡང་དབུས་སུ་ཕེབས་ནས་ཀུན་མཁྱེན་འཇམ་ དབྱངས་བཞད་པའི་རྡོ་རྗེ་སོགས་བཤེས་གཉེན་དུ་མ་བསྟེན་ནས་ཆོས་བཀའ་མང་དུ་གསན། སླར་མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་རྒྱུད་པའི་བླ་མ་དབུ་མཛད་དང་རྒྱུད་པའི་ཁྲིར་བཞུགས་ ནས་སྒྲིག་ལམ་ཀུན་སྤྱོད་སོགས་ལ་སྐྱོང་བཀུར་སྔར་ལས་ལྷག་པ་མཛད།ནེའུ་ལུང་ ངག་དབང་ཚུལ་ཁྲིམས་རྒྱ་མཚོས་དགོན་རྙིང་བཀྲ་ཤིས་ཆོས་གླིང་ཕུལ་བ་ཕྱིས་ཕྱི་ལོ་ 150 9 ལོར་རྒྱལ་མོ་རིའི་ཞོལ་ད་ལྟའི་གནས་འདིར་སྤོར་ནས་ཁྲི་ཀའི་མཆོད་རྟེན་སྐེ་དགོན་པ་གསར︽དུ་བཏབ་ཅེས་གྲགས། ཁོང་གིས་མཐུན་རྐྱེན་གང་ཡོད་སྦྱར་ནས་དགོན་པ་གསར་བསྐྲུན་ གྱི་སྐོར་ལ་བཀའ་བཀོད་གནང་སྟེ་འདུ་ཁང་དང་ལྷ་ཁང་སོགས་རྟེན་བརྟེན་པ་གསར་བཞེངས་མཛད་དེ་མཚན་ལ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཞེས་གསོལ། དུས་དེར་སྒོ་མེ་གྲགས་པ་རྒྱ་མཚོ་ཞེས་མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ ཤིང་། ཁོང་གིས་སྒོ་མེ་གོང་འོག་བར་གསུམ་གྱི་གྲྭ་རྒྱུན་བསྡུས་ཏེ་དགེ་འདུན་ཞལ་ གྲངས་ལྔ་བརྒྱ་ཙམ་བཞུགས་སྐད། རྒྱུད་སྡེའི་སྒྲུབ་མཆོད་དང་མཚན་ཉིད་གསར་དུ་ བཙུགས། ཆོས་གྲྭར་འགྲིམ་མཁན་རྣམས་ལ་དཔེ་ཁྲིད་དང་རྒྱུགས་བརྩི་བཞག་འཛིན་སྐྱོར་སྦྱང་སོགས་ལ་རྟིང་སྐུལ་མཛད་དེ། འཆད་ཉན་ཡར་ངོའི་ཟླ་བཞིན་འཕེལ་ཞིང་ རྒྱས་པར་བསྐྱངས། དེ་ལྟར་ཁོང་གི་བཞེད་པ་མཐའ་དག་ལྷུན་གྱིས་གྲུབ་ནས་མཐར་རབ་ ཉི་ས་བྱ་ཕྱི་ལོ་ 1529 ལོར་སྐུའི་བཀོད་པ་བསྡུས་སོ། །དེང་གི་ལོ་རྒྱུས་དག་ཏུ།སྤྱི་ལོ1555ལོར་ཨ་ལགས་ནེའུ་ལུང་ཚང་གིས་ཕྱག་འདེབས་མཛད་པ་དང་། རབ་བྱུང་བཅུ་གཉིས་པའི་སྒང་ཙམ་ལ་ནེའུ་ལུང་སྐུ་ཕྲེང་གསུམ་པ་ངག་དབང་ཚུལ་ཁྲིམས་རྒྱ་མཚོས་བཀྲ་ཤིས་ཆོས་གླིང་དགོན་འདི་སྒོ་མེ་གྲགས་པ་རྒྱ་མཚོར་ཕུལ། རབ་ཉིས་གླང་སྤྱི་ལོ1709ལོར་སྒོ་མེ་གྲགས་པ་རྒྱ་མཚོས་རྐྱེན་འགའ་ཞིག་གི་དབང་གིས་ད་ལྟའི་གནས་འདིར་སྤར་ནས་དགོན་པའི་རྟེན་དང་བརྟེན་པ་ཡོངས་བཞེངས་ཟེར། སྐུ་ཕྲེང་གསུམ་པ་ནས་སྒོ་མེ་ལྕང་རའི་མགོན་ཀྱཱ་སྡེ་བ་ནས་སྐུ་འཁྲུངས་པས་ཨ་ལགས་མགོན་ཀྱཱ་ཟེར།སྐུ་ཕྲེང་བཞི་བའི་རིང་ལ་ལ་མཆོད་རྟེན་སྐེས་དགོན་པ་རྒོད་རྩེ་བྲག་རྩར་སྤོས། སྐུ་ཕྲེང་ལྔ་བ་བློ་བཟང་ཚུལ་ཁྲིམས་བསམ་གཏན་རྒྱ་མཚོ་སྐུ་འབུམ་དུ་སློབ་གཉེར་གནང་། སྨན་པ་གྲྭ་ཚང་དང་ཁྲི་བར་བཞུགས། ཁྲི་ཟུར་གནང་ནས་མཆོད་རྟེན་སྐེས་དགོན་པར་གཏན་བཞུགས་གནང་། དགེ་འདུན་སུམ་བརྒྱ་ལྷག་བཞུགས། དེ་དག་ལ་གོང་མའི་མཛད་ནས་ཕོགས་གནང། སྒོ་མང་ཡིག་ཆའི་སྟེང་ནས་འཆད་ཉན་གྱི་ཕྱོགས་ལ་ལྟ་སྐུལ་གང་ལེགས་གནང་། རབ་ཚེས་ལྕགས་ལུག་ལོར་དགོན་པ་ཇག་དམག་གིས་གཏོར་རྗེས་སླར་ཡང་ད་ལྟའི་གནས་སུ་སྤོར། དེ་རིང་ཆེད་དུ་དགོན་པ་འདིར་མཇལ་དུ་སོང་བས་དགོན་པ་འདི་གཞུང་ལམ་གྱི་ཉེ་སར་འདུག་པ་ཤེས། ལམ་ཕྲན་ཞིག་དེད་ནས་ཐོད་ཅིག་ལ་བུད་དུས་དགོན་པ་མཐོང་ཞིང་། དགོན་པའི་གོང་གི་སྐེ་ན་མཆོད་རྟེན་འགའ་འདུག མཆོད་རྟེན་སྐེ་ཞེས་པ་དེ་ཡིན་ནམ་སྙམ། ངེད་ཚོས་ཁྱམས་རར་སླེབས་དུས་ཧ་ལས་པ་ནི་དགོན་པ་འདི་གནའ་བོའི་འཛུགས་སྐྲུན་རྙིང་བ་མ་ཉམས་པར་འདུག་པ་དེ་རེད། ཅིའི་ཕྱིར་དགོན་པ་འདི་གནའ་བོའི་འཛུགས་སྐྲུན་རྙིང་བ་མ་ཉམས་པར་འདུག་པ་ཡིན་ནམ། རྗེས་སུ་ཤེས་པ་ལྟར་ན་ཚོགས་ཆེན་འདུ་ཁང་འདི་ཉིད་དཀར་བརྗིད་ཞིང་གི་འབྲུ་མཛོད་ཁང་བྱས་པ་དང་། ཁྱམས་ར་རྔ་ཁང་སུམ་ཐོག་ཅན་བཅས་ལའང་རིག་གསར་ལོ་བཅུའི་གནོད་པ་མ་བྱུང་བ་ནི་ཆེས་ངོ་མཚར་བ་ཞིག་མ་ཡིན་ནམ། འདི་ལས་ཤེས་ཐུབ་པ་ནི་སྐྱེས་བུ་དམ་པ་ཞིག་གིས་ཐབས་ཀྱིས་བསྐྱབས་པ་དེ་ཡིན། དགོན་པ་འདིའི་ལྷ་སྡེ་ལ་སྒོ་མེ་གོང་འོག་བར་གསུམ་གཙོ་བྱས་པའི་དད་ལྡན་མང་ཚོགས6000ལྷག་ཡོད་ཅིང་། ལོ་རྒྱུས་སྟེང་དགོན་པར་བླ་སྤྲུལ10དང་དགེ་ འདུན་པ500ལྷག་ལ་བུད་མྱོང་། མིག་སྔར་བླ་སྤྲུལ3དང་དགེ་འདུན་པ15ཡོད། དགོན་སྡེ་འདི་ཨ་ལགས་ནེའུ་ལུང་ཚང་དང་ཨ་ལགས་མགོན་ཀྱཱ་ཚང་གཉིས་ཀྱིས་རེས་མོས་ཀྱིས་བདག་སྐྱོང་བྱེད་ཀྱིན་ཡོད་ལ་དགོན་པའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ33350ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9597ཡོད། འདུ་ཁང་གཙོ་བོ་ལ་སྤྱི་ ལོ1709ལོའི་ཡས་མས་སུ་གསར་བཞེངས་མཛད་པའི་ཚོགས་ཆེན་སྤྱིའི་བླ་བྲང་། བྱམས་ཁང་། འཆམ་པ་གྲྭ་ཚང་། བདག་འཇུག་གྲྭ་ཚང་དང་བཅས་ཡོད་ལ། དེའི་རྗེས་སུ་གསར་དུ་བཞེངས་པའི་ཡུལ་ལྷའི་ལྷ་16 རྒྱལ་བོའི་ལྷ་ཁང་། མན་ཁང་སོགས་ཡོད། རྟེན་གཙོ་བོ་ལ་རྗེ་རིན་པོ་ཆེའི་སྐུ་བཞུགས་ཡོད། ངེད་ཅག་ལམ་ནས་གཞན་ཞིག་གིས་སྒུག་ཡོད་པས་བྲེལ་མ་འཚུབ་ཀྱིས་ཕྱིར་འགྲོ་བའི་ལམ་དུ་བཞུད།འོན་ཀྱང་རྒྱུས་ཅུང་ཟད་ཀྱང་མ་ལོན་ཞིང་འདྲི་སའང་མ་རྙེད་པས་ཕངས་པ་དང་བཅས་འགྲོ་དགོས་བྱུང་ནའང་། ད་དུང་ཕྱིར་ཐེངས་གཅིག་ཡོད་དགོས་སྙམ།རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོགདྲ་བའི་སྦྲེལ་ཐགhttp://www.tb1025.cn

ཞིང་བ་བུད་མེད་ཅིག་གི་དཔེ་ཀློག་ཉིན་ཐོ།

བླ་མ་དང་དཔེ་ཆ། 2025ལོ་ཟླ་3ཚེ་1ཉིན། བླ་མ་དང་དཔེ་ཆ་ནི་ངའི་མི་ཚེ་ནང་ཆེ་་རིན་ཐང་ཆེ་བ་དེ་ཡིན། དེ་རིང་ངས་ཉི་མ་ལྟ་བུའི་དགེ་བསྙེན་ཞེས་པའི་དཔེ་ཆ་ཞིག་ལ་བལྟས། ཉི་མ་ལྟ་བུ་དགེ་བསྙེན་ཞེས་པའི་དཔེ་ཆ་ངའི་བླ་མ་ལགས་ཀྱིས་བརྩམས་པ་རེད། ངས་དཔེ་ཆ་ལ་ལྟ་བཞིན་ང་རང་དབང་མེད་པར་མིག་ཆུ་བཞུར་སོང་། བླ་ཆེན་ཀྱི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཁོང་རྣམ་ཀྱིས་དཀའ་སྡུག་དང་སྙིང་སྟོབས་བྱང་སེམས་དང་སྙིང་རྗེ་མ་འོངས་བའི་རེ་བ་དང་དཀའ་སྡུག་སྐུ་ཚེགས་མང་པོ་བརྒྱུད་པའི་ཁོང་རྣམས་ཀྱི་རྣམ་ཐར་རྣམས་མཐོང་སོང་། རྣམ་ཐར་དྲན་བཞིན་དྲན་བཞིན་ཡང་རང་དབང་མེད་པའི་མིག་ཆུ་ཤོར་སོང་། བླ་ཆེན་ཀྱི་ཁོང་རྣམ་པའི་དྲིན་ལན་ངའི་སེམས་གཏིང་གནས་འཇལ་འདོད་སྐྱེས་སོང་། བཀའ་དྲིན་ཆེ་བའི་དཀོན་མཆོག་གསུམ་པོ། བཀའ་དྲིན་ཆེ་བའི་བླ་མ་རིན་པོ་ཆེ། བཀའ་དྲིན་ཆེ་བའི་དྲིན་ཆེན་ཕ་མ། དྲིན་ཆེ་བའི་སྐྱེ་བ་སྔོན་མའི་ཚོགས་བསགས་ཀྱིས་ང་ལ་རྩ་ཆེན་མང་པོ་ངོ་སྤྲོད་སོང་། དྲིན་ཆེ་བའི་དྲིན་ལན་ཐམས་ཅད་ཆོས་ཀྱིས་མཇལ་བར་སྨོན།རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོགདྲ་བའི་སྦྲེལ་ཐགhttp://www.tb1025.cn

སྐྱ་སེར་རྣམས་ཀྱིསས་ཚེ་འདས་ལ་བསྔོ་སྨོན་སྟབས་བདེ་གསུང་ཚུལ།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ་སངྒཱ་ཡ། ཞེས་དེ་སྐད་ཆེད་དུ་བརྗོད་དུ་བཅུག་ན། མི་འདི་འཆི་འཕོས་ནས་ངན་སོང་གསུམ་དུ་མི་འགྲོ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ནས་གང་དུ་དད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལ་མཐར་གྱིས་རིམ་གྲོ་བྱེད་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བར་འགྱུར། འཇམ་དཔལ་དང༌། ཀུན་ཏུ་བཟང་པོས་ཐེག་པ་ཆེན་པོའི་ཕྱོགས་སུ་རྒྱས་པ་བཤད་པའང་ཐོས་པར་འགྱུར། ཐོས་ནས་ཀྱང་དེ་མ་ཐག་ཏུ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར། བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས། བདག་དང་ཕ་མ་རིགས་དྲུག་སེམས་ཅན་མ་ལུས་པ། །དཀོན་མཆོག་གསུམ་འདུས་བླ་མ་རྣམས་ལ་སྐྱབས་སུ་མཆི། །བསྟན་པའི་བདག་པོ་རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །འགྲོ་བའི་སྒྲོན་མེ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །ཐེག་གསུམ་འཕགས་ཚོགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཡི་དམ་མཁའ་འགྲོ་ཆོས་སྲུང་ཀུན་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །གསོལ་བ་འདེབས་སོ་བྱིན་རླབས་ལྕགས་ཀྱུས་དྲང་དུ་གསོལ། །མི་བཟད་ལས་དང་ཉོན་མོངས་འཆིང་བ་བཅད་དུ་གསོལ། །འདི་དང་བར་དོ་ཕྱི་མའི་འཇིགས་ལས་བསྐྱབ་ཏུ་གསོལ། །ཁྱད་པར་འཆི་ཚེ་འདི་སྣང་ཞེན་ཆགས་བཟློག་ཏུ་གསོལ། །དད་གུས་དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས། །གནད་གཅོད་སྡུག་བསྔལ་ཚོར་བ་དྲག་པོ་བསལ་དུ་གསོལ། །འབྱུང་བ་ལོག་པའི་སྒྲ་བཞིའི་འཇིགས་ལས་བསྐྱབ་ཏུ་གསོལ། །དུག་གསུམ་རང་མདངས་གཡང་ས་གསུམ་ལས་བསྒྲལ་དུ་གསོལ། །འོད་གསལ་སེམས་ཉིད་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །རྒྱུས་མེད་བར་དོའི་འཕྲང་ལས་བདེ་བར་དྲང་དུ་གསོལ། །འཇིགས་རུང་གཤིན་རྗེའི་ཕོ་ཉའི་འཇིགས་ལས་བསྐྱབ་ཏུ་གསོལ། །སྲིད་པར་འདྲེན་པའི་ཆགས་སྡང་ཀུན་རྟོག་བསལ་དུ་གསོལ། །འཁྲུལ་སྣང་བདེན་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དེ་ཚེ་བླ་མ་ལྷ་ཡི་ཞལ་བཟང་མངོན་གྱུར་ཅིང༌། །སྙན་པའི་གསུང་གིས་དབུགས་དབྱུང་དགའ་དད་ཤུགས་དྲག་སྐྱེས། །དེ་ཡིས་ས་མཁན་མཛད་ནས་བདེ་བ་ཅན་སོགས་སུ། །འདབ་སྟོང་པདྨའི་སྙིང་པོར་རྫུས་ཏེ་སྐྱེ་བར་ཤོག །མདོར་ན་ཚེ་རབས་ཀུན་ཏུ་དམ་པའི་མགོན་གྱིས་བཟུང༌། །ཕྱིན་ཅི་ལོག་གི་བློ་སྣ་ངན་པ་མི་སྐྱེ་ཞིང༌་། །ཚང་ལ་མ་ནོར་རྒྱལ་བའི་བསྟན་ལ་ལེགས་བསླབས་ཏེ། །འགྲོ་ཀུན་དོན་དུ་བླ་མེད་བྱང་ཆུབ་མྱུར་ཐོག ། ཅེས་བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་མདོར་བསྡུས་པ་འདི་ནི་དད་ལྡན་དགེ་སློང་ངག་དབང་དོན་གྲུབ་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༄༅། །འདི་ཕྱི་བར་དོའི་འཇིགས་པ་ལས་སྐྱོབ་པའི་གསོལ་འདེབས་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །༄༅། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་གྱི། །བདག་ཉིད་རིགས་གསུམ་མགོན་དང་དབྱེར་མེད་པའི། །ཀུན་མཁྱེན་རྒྱལ་བའི་དབང་པོ་ཙོང་ཁ་པ། །སྙིང་ནས་འདུད་དོ་བརྩེ་བའི་ལྕགས་ཀྱུས་ཟུངས། །ཚེ་རིང་ནད་མེད་བདེ་སྐྱིད་འབྱོར་པ་རྒྱས། །ཆོས་མཐུན་བསམ་པ་གོང་ནས་གོང་དུ་འཕེལ། །མི་མཐུན་རྒུད་པ་མ་ལུས་ཞི་བ་ཡི། །འདོད་དོན་ཐམས་ཅད་སྩོལ་ཅིག་ཙོང་ཁ་པ། །རིགས་དྲུག་སྤྱི་དང་སོ་སོའི་སྡུག་བསྔལ་གྱིས། །ཐོག་མ་མེད་ནས་ད་བར་ཤིན་ཏུ་མནར། །ད་དུང་ཕྱི་མཐར་ཐུག་པར་བཟོད་དཀའ་བའི། །སྡུག་བསྔལ་མྱོང་ལས་སྐྱོབས་ཤིག་ཙོང་ཁ་པ། །ཁྱད་པར་འདི་སྣང་འགག་པར་འགྱུར་བའི་ཚེ། །རང་གིས་བསགས་པའི་ལས་ངན་རྐྱེན་དབང་གིས། །འཁྲུལ་སྣང་འཇིགས་སྐྲག་གནད་གཅོད་སྣ་ཚོགས་པའི། །སྡུག་བསྔལ་འཇིགས་ལས་སྐྱོབས་ཤིག་ཙོང་ཁ་པ། །འབྱུང་བ་ཐིམ་པ་ཤེད་ཉམས་རླན་སྐམ་ཞིང་། །དྲོད་ཆུང་དབུགས་བརྩེགས་ནང་རྟགས་སྨིག་རྒྱུ་དང་། །དུ་བ་མེ་ཁྱེར་མར་མེ་འབར་འདྲ་བ། །(༢ན)ཤར་ཚེ་འཁྲུལ་ལས་སྐྱོབས་ཤིག་ཙོང་ཁ་པ། །དེ་དུས་སྐྱབས་འགྲོ་ལ་སོགས་དགེ་བའི་ཕྱོགས། །མ་གཏོགས་ཆགས་ཞེན་ཁོང་ཁྲོ་ལ་སོགས་པ། །ངན་འགྲོར་ད་ལྟ་ཉིད་དུ་སྒྱུར་བའི་རྒྱུ། །དྲག་པོས་འཇོམས་ལས་སྐྱོབས་ཤིག་ཙོང་ཁ་པ། །ཕྱི་དབུགས་ཆད་ནས་གཉིས་སྣང་འགག་པ་ན། །དཀར་དམར་ནག་པོས་ཁྱབ་པའི་ཉམས་ཤར་ཚེ། །སྣང་གསུམ་ཤར་བར་ཤེས་ཏེ་སྟོང་པ་ཉིད། །དྲན་པར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །ཐོ་རངས་ནམ་མཁའ་གཡའ་དག་ལྟ་བུ་ཡི། །སྟོང་སང་ཤར་ཚེ་འཆི་བ་འོད་གསལ་ དུ། །ཤེས་ནས་བདེ་སྟོང་རྣལ་འབྱོར་ཟབ་མོ་ལ། །སྦྱོར་བར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །འོད་གསལ་དེ་ལས་ལངས་ནས་བར་དོའི་ལུས། །གྲུབ་ནས་ངེས་དང་མ་ངེས་རྟགས་དྲུག་དྲུག། །ཤར་ཚེ་སྒྲ་བཞི་འཇིགས་སྣང་གསུམ་ལ་སོགས། །ཞི་བར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །དེ་ཚེ་བར་དོ་བར་དོར་ངོ་ཤེས་ཤིང་། །ཕྱི་ནང་གསང་བ་བསྒྱུར་བའི་རྣལ་འབྱོར་གྱིས། །དམ་ཆོས་རྣམ་དག་སྒྲུབ་(༢བ)པའི་རྟེན་བཟང་པོ། །རྙེད་པར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །རྟེན་བཟང་རྙེད་ནས་རྒྱལ་བའི་བསྟན་པ་ལ། །ཞུགས་ནས་ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཏེ། །འགྲོ་ཀུན་དོན་དུ་ཀུན་མཁྱེན་གོ་འཕང་མཆོག །འཐོབ་པར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །དེ་ལྟར་ཤུགས་དྲག་གསོལ་བ་བཏབ་པ་དང་། །རྗེ་བཙུན་བླ་མའི་ཐུགས་རྗེ་བྱིན་རླབས་མཐུ། །ཚོགས་པའི་རྟེན་འབྲེལ་སྟོབས་ཀྱིས་ལེགས་པའི་ཚོགས། །ཐམས་ཅད་སྨོན་པ་ཇི་བཞིན་འགྲུབ་པར་ཤོག། །།ཅེས་པ་འདི་ནི་ལུགས་གཉིས་ལ་རྣམ་དཔྱོད་ཡངས་ཤིང་དཀར་ཕྱོགས་ལ་འདུན་པའི་བསམ་པ་དགེ་བ་ཅན་ནམ་མཁའ་རབ་འབྱམས་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་བན་རྒན་སྙོམས་ལས་པ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོས་རྒྱལ་ཁབ་པེ་ཅིང་གི་བྱམས་ཆེན་ལྷ་ཁང་དུ་སྦྱར་བའི་ཡི་གེ་པ་ནི་དཔྱོད་ལྡན་བསྟན་འཛིན་ཆོས་དར་རོ། །འདིས་ཀྱང་རྒྱལ་བ་བློ་བཟང་གྲགས་པའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ།། །།འཕོ་བ་བདེ་ཅན་ཞིང་བགྲོད་མ།༄༅།།ན་མོ་གུ་རུ་མཉྫུ་གྷཽ་ཥ་ཡ།བདེ་བ་ཅན་གྱི་ཞིང་དུ་འགྲོ་འདོད་པས། ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། ། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། ། རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། ། སྐུ་མདོག་དམར་པོ་མཚན་དཔེའི་གཟི་འོད་འབར། ། འཇུམ་པའི་ཞལ་ལྡན་གཙུག་གཏོར་ནོར་བུས་མཛེས། ། ཕྱག་གཉིས་མཉམ་གཞག་དྲང་སྲོང་སྣོང་མཆོག་འཛིན། ། ཆོས་གོས་གསུམ་ལྡན་འོད་ཕུང་འབར་བའི་དབུས། ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཐུགས་ཀ་ལས། ། འོད་འཕྲོས་བདེ་བ་ཅན་ནས་འོད་དཔག་མེད། །འཁོར་བཅས་སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། ། ལྷ་མིའི་བླ་མ་འདྲེན་པ་འོད་དཔག་མེད། ། འཁོར་དང་བཅས་ལ་ཕྱག་འཚལ་མཆོད་པ་འབུལ། །ཉེས་ཚོགས་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཕྱིར་རྒྱུན་ཏུ་རྟག་བཞུགས་གསོལ། ། འདིས་མཚོན་རྣམ་དཀར་ཕུང་བོ་ཅི་མཆིས་པ། ། བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་ཀྱང་། །འོད་དཔག་མེད་ཀྱི་སྲས་ཀྱི་མཆོག་གྱུར་ནས། །འགྲོ་ལ་ཕན་བདེ་བསྒྲུབ་པའི་རྒྱུ་རུ་བསྒོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞབས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། ། ཞེས་བརྒྱ་རྩ་སོགས་བརྗོད་ནས་གསོལ་འདེབས ། །མ་རིག་མུན་པ་སེལ་བའི་ཉིན་མོར་བྱེད། ། སྡུག་བསྔལ་ནད་ཀུན་འཇོམས་པའི་སྨན་པ་མཆོག ། རྣམ་གྲོལ་གླིང་དུ་འཁྲིད་པའི་དེད་དཔོན་ཆེ། ། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས ། ། བདག་དང་མ་རྒན་འགྲོ་བ་མ་ལུས་བ། ། གནད་གཅོད་ངན་སོང་འཇིགས་པ་ལས་བསྒྲལ་ཏེ། ། ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། ། ཞིང་མཆོག་བདེ་བ་ཅན་དུ་དྲང་དུ་གསོལ། ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ། ཞེས་སོགས་ཤོ་ལོ་ཀ་གཅིག་དང་། ། འདི་ནས་ཉིང་མཚམས་སྦྱར་མ་ཐག ། ཅེས་སོགས་བྱའོ ། ། ཚུལ་འདི་ཡང་དད་པ་དང་གཏོང་བའི་ཡོན་ཏན་དང་ལྡན་པ་གུ་ག་རྒྱལ་མོ་ནོར་བུའི་ཐུགས་དམ་དུ་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ ། །ལམ་རིམ་བསྡུས་དོན།༄༅། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་བས་རྣམ་རོལ་བ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང༌། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིགས་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཤི་ནས་ངན་འགྲོར་མི་སྐྱེའི་གདེངས་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང༌། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམས་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ལམ་མཆོག་སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རྙེད་བར་དུ་ས་ཆོད་མི་འོང་བས། །དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ། །སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང༌། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང༌། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སེར་སྣའི་མདུད་པ་གཅོད་པའི་མཚོན་ཆ་མཆོག །མ་ཞུམ་སྙིང་སྟོབས་བསྐྱེད་པའི་རྒྱལ་སྲས་སྤྱོད། །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོག་པའི་གཞི། །དེ་ལྟར་ཤེས་ནས་ལུས་དང་ལོངས་སྤྱོད་དགེ །ཡོངས་སུ་གཏོང་བའི་ལམ་བཟང་མཁས་པས་བསྟེན། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་རྒུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླངས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག །ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །དེ་ལྟར་ཤེས་ནས་བཟོད་མཆོག་གོ་ཆ་ལ། །རྣམ་པ་སྣ་ཚོགས་ཚུལ་གྱིས་གོམས་པར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །མི་བཟློག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །དེ་ལྟར་ཤེས་ནས་རྣལ་འབྱོར་དབང་པོ་རྣམས། །རྣམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་དུ་བསྟེན། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེ་མཆོག་ཏུ་གྲགས། །དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡི། །ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རྩེ་གཅིག་བསམ་གཏན་ཙམ་ལ་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང༌། །ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས། །ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ལྡོག་པས། །ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི། །ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རྩེ་གཅིག་གོམས་པས་ཏིང་འཛིན་འགྲུབ་པ་ནི། །སྨོས་པར་ཅི་འཚལ་ཚུལ་བཞིན་དཔྱོད་པ་ཡི། །སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ། །གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི། །ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། །ཟུང་འབྲེལ་སྒྲུབ་ལ་བརྩོན་རྣམས་ཡ་མཚན་ནོ། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་བ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པར་སྐལ་བཟང་རྣམས་ཀྱི་ལུགས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེའི་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བསྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང༌། །སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང༌། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྗེ་བཙུན་བླ་མས་སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་བདག་ཀྱང་དེ་བཞིན་འདེབས་འཚལ་ལོ། །སྟོན་པ་བླ་ན་མེད་པའི་བསྟན་པ་དང། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད་པའོ། །ཡོན་ཏན་གཞིར་གྱུར་མ་བཞུགས་སོ།།༄༅། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་ བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པས་འཆི་བ་དྲན་པ་དང་། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་ བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་ དང་། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་ དང་ལྡན་པར་བྱིན་གྱིས་རློབས། །སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་ རིག་ནས་ཐར་བའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་ རློབས། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་ བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོར་ཐར་བ་ལ། ། སྒྲུབ་པ་སྙིང་བོར་བྱེད་པར་བྱིན་གྱིས་རློབས། །རང་ཉིད་སྲིད་མཚོར་ ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་ འབྱོངས་པར་བྱིན་གྱིས་རློབས། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་ རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་ པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར་ བྱིན་གྱིས་རློབས། །ལོག་པའི་ཡུལ་ལ་གཡེངས་པ་ཞི་བྱེད་ཀྱང་། །ཡང་ དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་ འབྲེལ་བའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་ འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་ པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་ རློབས། །དེ་ནས་རྒྱུད་སྡེའི་སྙིང་བོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། ། དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་། །ཚུལ་བཞིན་སྒྲུབ་ པའི་གྲོགས་རྣམས་ཞབས་བརྟན་ཅིང་། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་ མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད་པའོ། །རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོགདྲ་བའི་སྦྲེལ་ཐགhttp://www.tb1025.cn

༄༅། །ཀརྨ་རང་བྱུང་རྡོ་རྗེའི་གསུང་མགུར་ཚན་པ་འགའ།

ཀརྨ་པ་རང་བྱུང་རྡོ་རྗེ། 1284___ 1339༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱེ་མ་འཁོར་བའི་རྒྱ་མཚོ་ན། །གཟུང་འཛིན་གྱིས་བཅིངས་སྐྱེ་བོ་རྣམས། །གཟུང་འཛིན་དྲ་བས་རྒྱུད་བཅིངས་ཏེ། །སྡུག་བསྔལ་དཔག་མེད་གནས་སུ་འཁོར། །མ་རིག་འཁྲུལ་པའི་རྣམ་རྟོག་མང་། །འཁོར་བའི་མེ་དོང་ཚ་ཞིང་རྩུབ། །གཏི་མུག་མུན་པའི་དཔག་རུམ་འཐིམས། སྐྱེ་རྒས་ན་འཆིའི་ཆུ་བོ་ཆེ། །ང་རྒྱལ་བྲག་རི་གཟར་ལ་མཐོ། ཕྲག་དོག་རླུང་དམར་དཔག་མེད་འཁྲུག །ཚིག་ངན་ཚེར་མ་བཞིན་དུ་རྣོ། །བློ་ཡ་ངའི་སྐྱེས་བུ་མི་བརྟན་པས། །ང་བདག་འཁྲུལ་པ་ལམ་དུ་ཞུགས། །དེ་ལས་བཟློག་པར་དཀའ་བའི་ཕྱིར། །རྒྱལ་དང་བྱང་ཆུབ་སེམས་དཔའ་རྣམས། ཐུགས་རྗེའི་སྤྲིན་ཕུང་དཔག་མེད་ཀྱང་། །དེང་སང་སྙིགས་མ་ལྔ་བདོའི་དུས། །འགྲོ་ཀུན་ཉོན་མོངས་གྱིས་བཅིངས་པས། །གཟུང་འཛིན་གྲོལ་བ་དཀའ་བ་གདའ། །ཀྱེ་མ་གསོན་དང་ཆོས་མཛད་ཀུན། །འཇིག་རྟེན་ཆོས་ཀྱིས་འཆིང་འཆིང་འདྲ། །ད་ནི་སྐྱེ་མེད་ལྟ་རེ་རན། །ཟང་ཟིང་གཡེངས་བས་འཆིང་འཆིང་འདྲ། །ད་ནི་ཡོད་ཚད་བཏང་རེ་རན། །ནོར་དང་རྫས་ཀྱིས་འཆིང་འཆིང་འདྲ། །ད་ནི་གང་ལ་ཡང་འདུ་འཛི་སྤོངས། །འཚོ་རྫས་ཟས་ཀྱི་འཆིང་འཆིང་འདྲ། །ད་ནི་དཀའ་ཐུབ་ཉམས་སུ་ལོངས། །འཁོར་དང་གཡོག་གིས་འཆིང་འཆིང་འདྲ། །ད་ནི་གཅིག་པུར་རི་ཁྲོད་འགྲིམས། །གནས་དང་ཡུལ་གྱིས་འཆིང་འཆིང་འདྲ། །ད་ནི་རྒྱལ་ཁམས་ཕྱོགས་མེད་བསྐོར། ཀུན་རྫོབ་བདེན་པས་སླུ་སླུ་འདྲ། །ད་ནི་དོན་དམ་བདེན་མེད་ལྟོས། །གསོན་དང་སྐྱེས་བུ་ཆོས་མཛད་ཀུན། །འདི་ལྟར་མ་རུངས་སྙིགས་མའི་དུས། །བློ་གྲོས་ངན་པའི་སྐྱེས་བུ་ཀུན། །གཟུང་འཛིན་མངོན་ཞེན་དམ་པའི་ཕྱིར། །ཡུན་རིངས་འཁོར་བའི་འདམ་དུ་བཅིངས། །དེ་ཕྱིར་བདག་སོགས་འགྲོ་བ་རྣམས། །ཐུགས་རྗེ་ལྡན་པའི་རྒྱལ་སྲས་ཀྱིས། །འཆི་བ་འདི་ལས་བཀྲོལ་དུ་གསོལ། །གང་ཞིག་བདག་ནི་འཆིང་འགྲོལ་ཡང་། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཐོག་མར་སེམས་བསྐྱེད་མཛད་པའི་ཚེ། །གང་ཞིག་སེམས་ཅན་གཅིག་ཉིད་ཀྱང་། །སྡུག་བསྔལ་བཅིངས་ལས་མ་གྲོལ་ཚེ། །ས་བཅུའི་ཆ་ལུགས་འཆང་ཞེས་གསུངས། །བདག་ཀྱང་དེའི་རྗེས་འཇུག་ཕྱིར། །བདག་མེད་མངོན་དུ་གྱུར་ནས་ཀྱང་། །འགྲོ་རྣམས་འཆིང་བ་ལས་གྲོལ་ཚེ། །བདག་ཀྱང་འགྲོ་དོན་སྤྱོད་པར་ཤོག །རང་བྱུང་རྡོ་རྗེས་སྟག་ལོ་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་འགྲོ་ཕུར་གསུངས་པའོ།། །།༈ རྗེ་འགྲོ་བའི་དཔལ་མགོན་རིན་པོ་ཆེ། །བདག་གཞན་དགོས་འདོད་འབྱུང་བའི་གནས། །བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འཛམ་གླིང་སྙིང་པོ་བོད་ཀྱི་ཡུལ། །རི་བོ་བྱང་ཕྱོགས་རྒྱུད་འདི་རུ། །ཚུལ་བཞིན་ཉམས་སུ་ལེན་བྱེད་པ། །མི་ལ་མཆོག་ལ་གསོལ་བ་འདེབས། །དེའི་རྗེས་འཇུག་འདོད་པ་རྣམས། །སྒྲུབ་བརྒྱུད་འཛིན་པའི་སྐྱེས་བུ་རྣམས། །ཐོག་མར་བླ་མ་དམ་པ་བསྟེན། བྱིན་བརླབས་ཡོན་ཏན་འབྱུང་བར་ངེས། །དལ་འབྱོར་རིན་ཆེན་ཐོབ་དུས་འདིར། །ཡང་དག་རྒྱལ་བའི་བསྟན་པ་ལ། །འཇུག་ཅིང་ཉམས་སུ་བླངས་པ་ན། །རང་བཞིན་དོན་གཉིས་འགྲུབ་པར་ངེས། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད། །ཟབ་དོན་རྒྱུད་ལས་གསུངས་པ་ལྟར། །མ་ནོར་རྩལ་སྦྱོངས་གནད་དུ་བསྣུན། །མྱུར་དུ་འཁོར་བ་ལས་ཐར་ངེས། །སྟོང་ཉིད་སྙིང་རྗེའི་ངོ་བོ་ཉིད། །དབྱེར་མེད་གཅིག་ཏུ་ཉམས་བླངས་ཤིང་། །མདོ་རྒྱུད་རྒྱུན་དུ་གོམས་བྱས་ན། །ཐེག་དམན་གྱི་གོལ་ས་ཆོད་པར་ངེས། །དེ་དག་མདོ་རྒྱུད་ཀྱི་དགོངས་པ་ཡིན། །ཕྱོགས་གཅིག་བསྡུས་ནས་བརྗོད་པ་ལགས། །འདིར་བཞུགས་ཀུན་གྱིས་ཉམས་སུ་ལོངས། །ནོར་འཁྲུལ་ཀུན་གྱི་བཟོད་པར་གསོལ། །དཔལ་ལྡན་རང་བྱུང་རྡོ་རྗེ་ཡིས། །དབེན་གནས་རི་ཁྲོད་ལྷ་སྟེང་དུ། །སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི། །ཉི་ཤུ་ལྔའི་དུས་སུ་ཡང་། །སྨིན་གྲོལ་རིགས་གཏད་གནང་དུས་གསུངས།། །།ན་མོ་གུ་རུ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་གིས་ཉམས་སུ་མ་མྱོང་ན། །གཞན་གྱིས་བརྗོད་པ་ཐ་སྙད་ཡིན། །བླ་མའི་བྱིན་བརླབས་མ་ཞུགས་ན། །ཚིག་ལ་མཁས་ཀྱང་ཟིན་མེད་ཡིན། །དད་པ་གཏིང་ནས་མ་སྐྱེས་ན། །ཁ་སྤྱང་ཆེ་ཡང་སྡུག་སྐད་ཡིན། །སྲེད་པ་རྩད་ནས་མ་ཆོད་ནས། །བྱ་བྲལ་བྱས་ཀྱང་གཟུགས་བརྙན་ཡིན། །སྙིང་རྗེ་གཏིང་ནས་མ་སྐྱེས་ན། །གཞན་དོན་བྱེད་པ་ཟོག་པོ་ཡིན། །འདུ་བྱེད་རྩ་བ་མ་ཆོད་ན། །རྐྱེན་རྟོག་ཆོམ་ཡང་ལོ་མ་ཡིན། །སྣང་བ་སྒྱུ་མར་མ་རྟོག་ན། །ཚོར་བ་བཀག་ཀྱང་གཏི་མུག་ཡིན། །སྤྲོས་བྲལ་རྒྱུད་ལ་མ་ཁེལ་ན། །ལྟ་བ་ཟེར་ཡང་ཁ་ལྟ་ཡིན། །ཅིར་སྣང་ཐད་ཀར་མ་གྲོལ་ན། །བསྒོམ་པ་བཟང་ཡང་འཁོར་བའི་ལམ། །གང་བྱས་དོན་དུ་མ་འགྱུར་ན། །སྤྱོད་པའི་འཇིག་རྟེན་ལས་མ་འདས། །ཟག་པ་བྲལ་བར་མ་གྱུར་ན། །འབྲས་བུ་ཟེར་ན་ཡིད་སྨོན་ཡིན། །སྣང་བ་དཔེ་རུ་མ་ཤེས་ན། །དཔེ་ཆ་མང་ཡང་དུམ་བུ་ཡིན། །ཆོས་དོན་རྒྱུད་ལ་མེད་པ་ན། །བཤད་ལུང་མང་ཡང་འཇོག་རྒྱུ་ཡིན། །དབང་བསྐུར་སེམས་ལ་མ་ཐོབ་ན། །བཀའ་ལུང་མ་ཡང་བུམ་སྟོང་ཡིན། །བསྐྱེད་རྫོགས་བརྟན་པ་མ་ཐོབ་ན། །སློབ་མ་བསྡུ་བ་གཟུགས་བརྙན་ཡིན། །དབང་ཐོབ་དམ་ཚིག་མི་བསྲུང་ན། །དམྱལ་བར་འཁྲིད་པའི་སྣ་ཐག་ཡིན། །ཐོས་པ་ཉམས་སུ་མ་བླངས་ན། །སངས་རྒྱས་བཀའ་དང་འགལ་བ་ན། །རྡོ་རྗེ་དམྱལ་བའི་ས་བོན་ཡིན། །ཉམས་སུ་བླངས་ནས་ཞེན་གྱུར་ན། །ལྟ་ངན་ནང་དུ་ཞེན་པ་ཡིན། །འཛིན་པ་གང་གིས་བཅིངས་གྱུར་ཀྱང་། །བདུད་ཀྱིས་ཞགས་པས་བཅིངས་པ་ཡིན། །དེས་ན་རང་བྱུང་རྡོ་རྗེ་ལ། །རང་གིས་བསྐུལ་ཕྱིར་བྲིས་པ་ཡིན། །མི་མཐུན་ཕྱོགས་རྣམས་རབ་སྤངས་ནས། །མཐུན་པའི་དོན་དེ་བསྒྲུབ་པ་ཡིན། །མཐུན་དང་མི་མཐུན་གཉིས་ཀ་ཡང་། །ཞེན་པ་མེད་པར་སྦྱོང་བ་ཡིན། །རྟའི་ལོ་ལ་ལྷ་སྟེང་དུ། །རྟོགས་པའི་དུམ་བུ་བྲིས་པ་ཡིན། །ཤུབྷཾ།།༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཆོག་གི་སྤྲུལ་པ་རིན་པོ་ཆེ། །དུས་གསུམ་སངས་རྒྱས་མི་གཟུགས་ཅན། །གྲུབ་ཐོབ་རྣམས་ཀྱི་བྱིན་གྱིས་བརློབས། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །རྒྱལ་བའི་བསྟན་པ་རྙེད་ཟེར་ཞིང་། ཐེག་ཆེན་ཆོས་དང་མཇལ་བར་བཀའ། །མྱུར་དུ་བརྩོན་འགྲུས་བསྐྱེད་ན་ལེགས། །མྱུར་དུ་བརྩོན་པ་བསྐྱེད་ནས་ཀྱང་། །མདོ་རྒྱུད་ཀྱི་དགོངས་པ་དཔག་མེད་ལ། །ཐེ་ཚོམ་བྲལ་བར་བརྗོད་བྱ་ཞིང་། བས་མཐའ་རི་ཁྲོད་དགོན་པ་ན། །ཚུལ་བཞིན་བསྒྲུབ་པ་དང་དུ་བླང་། །དེ་ལྟར་བླ་མ་རྣམས་ཀྱི་གསུངས། །གལ་ཏེ་བརྩོན་འགྲུས་མ་བསྐྱེད་ན། །ཚེ་མི་རྟག་རྩ་ཁའི་ཟིལ་པ་འདྲ། མྱུར་དུ་གཡོ་ཞིང་འགྲོ་བའི་ཕྱིར། །ཡེངས་མེད་བརྩོན་འགྲུས་བགྱིད་ཀྱང་འཚལ། །འདི་ལྟར་བརྩོན་པས་ཉམས་བླངས་ན། །རང་གཞན་འབྲས་བུ་ཐོབ་པའི་ཕྱིར། །ཡེངས་བ་མེད་པར་བསྒྲུབ་པར་བྱ། །རྟ་ལོ་ཟླ་བ་བཅུ་ཅིག་པའི་ཉི་ཤུ་ལ་ལྷ་སྟེངས་ཀྱི་རི་ཁྲོད་དུ་རང་བྱུང་རྡོ་རྗེས་ཡི་གེར་བཀོད་པའོ།། །།༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བ་འདྲེན་པར་བྱིན་གྱིས་བརློབས། །འདིར་འཚོགས་སྐྱེས་བུ་སྐལ་ལྡན་རྣམས། །མ་ཡེངས་དར་གཅིག་སྙན་གསན་མཛོད། །འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །ཁྱད་པར་གནས་མཆོག་ཆེན་པོ་འདི། །ཀུན་གྱིས་བགྲོད་པ་རབ་དཀའ་བས། །རྡོ་རྗེ་བྲག་རིའི་ཚོགས་ཀྱིས་བསྐོར། །ཆུ་ཀློང་སྣ་ཚོགས་ཕྱོགས་མེད་འབབ། །ལྗོན་ཤིང་མེ་ཏོག་ཚོགས་ཀྱིས་གང་། །ལྷ་དང་ལྷ་མིན་མིའམ་ཅི། །འབྱུང་པོ་ཀུན་གྱིས་མཆོད་པའི་གནས། །ཕྱི་ནི་དཀྱིལ་འཁོར་རྣམ་པ་ཅན། །ནང་ནི་རང་བྱུང་ལྷའི་ཚོགས། །ངོ་མཚར་ཅན་གྱི་གྲུབ་གནས་ན། །འདི་དོན་རྣལ་འབྱོར་རྣམས་ཀྱིས་ཀྱང་། །ནང་དོན་རྟོགས་ན་དངོས་གྲུབ་འབྱུང་། །དེ་ཕྱིར་མདོ་ཙམ་བཤད་པར་བྱ། །སྤྱིར་རང་གི་ཕུང་པོའི་ལུས་འདི་ཡང་། །རང་སེམས་ལྷན་ཅིག་སྐྱེས་པའི་དོན། །མ་རྟོགས་དབང་གིས་དངོས་པོར་སྣང་། །རྟོགས་ན་རྩ་རླུང་བྱང་ཆུབ་སེམས། །དབྱེར་མེད་ཨ་བ་དྷཱུ་ཏི་ལ། །ཁྱད་པར་འཁོར་ལོ་བཞིའི་དབུས། །རང་གི་ལྷན་ཅིག་སྐྱེས་པའི་རྟེན། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འབབ། །ཡན་ལག་ཉིང་ལག་ཐམས་ཅད་ཀུན། །རྩ་གནས་ལྗོན་པའི་ཚོགས་ཀྱི་བརྒྱན། །དབང་པོའི་མེ་ཏོག་འབྲས་བུར་བཅས། །ཕྱི་མ་རིག་འཁྲུལ་པའི་རྩ་བ་འདིས། །ཤིན་ཏུ་དམ་པར་བསྐོར་བའོ། །ནང་ན་ལྷན་ཅིག་སྐྱེས་པའི་དོན། །རང་སེམས་འཁོར་ལོ་སྡོམ་པའི་གནས། །དེ་དོན་མངོན་དུ་ཞལ་གཟིགས་ནས། །རང་བྱུང་ཙ་རི་མཐོང་བར་ངེས། །ཁྱད་པར་གཞི་མཉམ་གནས་མཆོག་ན། །ལྷན་ཅིག་སྐྱེས་པའི་བླ་མ་ཡང་། །ཨེ་བཾ་བཞིའི་རང་བཞིན་དུ། །མཆོད་རྟེན་མངོན་དུ་རྟོགས་པ་ཡང་། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །རང་སེམས་རྡོ་རྗེ་མཐོང་བ་ཡིན། །ནང་དང་ཕྱི་རོལ་དབྱེར་མེད་པ། །རང་སེམས་གནས་ལུགས་མཚོན་པ་འདི། །འདིར་བཞུགས་རྣམས་ཀྱི་སྙན་དུ་ཕུལ། །རྒྱས་པར་སླད་ཀྱི་མཁྱེན་པར་མཛོད། །ཅེས་པའི་མགུར་འདི་བྱི་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་གནས་མཆོག་ཆེན་པོ་དཔལ་གྱི་ཙ་རི་ཏྲའི་དབེན་གནས་ཆེན་པོ་བཀྲ་ཤིས་ལྗོངས་སུ་ཚོགས་ཀྱི་མཆོད་པའི་དུས་སུ་རང་བྱུང་རྡོ་རྗེས་སྦྱར་བའོ། །ཤུབྷྃ།། །།༈ འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །ཁོ་བོའི་སྤྱི་གཙུག་བརྒྱན་དུ་བཞུགས། །གཞན་སྣང་དག་པར་བྱིན་གྱིས་བརློབས། །དབེན་གནས་བགྲོད་པའི་སྒོམ་ཆེན་རྣམས། །རང་ལུས་དབེན་པར་མ་ཤེས་ན། །ཕྱིའི་དབེན་པས་དགོས་པ་ཆུང་། །རང་སེམས་བླ་མར་མ་ཤེས་ན། །ཐ་སྙད་ཀྱི་བླ་མས་དགོས་པ་ཆུང་། །སྣང་བ་དཔེ་ཆར་མ་ཤེས་ན། །ཡིག་ནག་པོ་ཏིས་དགོས་པ་ཆུང་། །ཉོན་མོངས་ཀྱི་དགྲ་ལས་མ་རྒྱལ་ན། །ཁེ་གྲགས་ཀྱི་དགྲ་རྒྱལ་དགོས་པ་ཆུང་། འཇིག་རྟེན་གྱི་བྱ་བ་མ་སྤངས་ན། །ཚུལ་འཆོས་ཆོས་ཀྱིས་དགོས་པ་ཆུང་། །ཐམས་ཅད་སེམས་སུ་མ་ཤེས་ན། །ཕྱི་སྣང་བའི་ཡུལ་གྱིས་དགོས་པ་ཆུང་། །ཟས་ཞིམ་མངར་གྱི་ཞེན་པ་མ་བྲལ་ན། །དོན་མེད་ཀྱི་ཚོགས་འཁོར་དགོས་པ་ཆུང་། །བློ་དང་ཆོས་སུ་མ་འདྲེས་ན། །དོན་མེད་སྡོམ་པས་དགོས་པ་ཆུང་། །དོན་ཆོས་དང་མཐུན་པར་མ་བྱུང་ན། །མགུར་མའི་དབྱངས་ཀྱིས་དགོས་པ་ཆུང་། །ཐམས་ཅད་དོན་ལ་མ་གཡོས་ན། །དེ་ཁོ་ན་ཉིད་དུ་རྟོགས་པ་ན། །རྒྱལ་བའི་ཐུགས་དང་ཉེ་བ་ལགས། །དོན་བསྟན་བཅུའི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་གྱི་གོ་བར་མཛོད། །མགུར་མ་འདི་ནི་བྱི་བ་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ། །ཙ་རི་ཏྲའི་ལྗོངས་ཞེས་བྱ་བར་མཛད་པའོ།། །།༈ །བླ་མ་དམ་པ་རིན་པོ་ཆེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་རིག་རྨུགས་པ་དངས་པ་ན། །ཕྱིའི་ན་བུན་འཐིབས་ཀྱང་བཟོད། །ཡེ་ཤེས་ཉི་མ་ཤར་བ་ན། །ཕྱིའི་ཉི་མ་ནུབ་ཀྱང་བཟོད། །རྣམ་རྟོག་ཆར་པ་ཟད་པ་ན། །ཕྱིའི་ཆར་པ་བབ་ཀྱང་བཟོད། །འཁོར་བའི་གཡང་ས་རྟོགས་པ་ན། །ཕྱིའི་ཅོང་རོང་གཟར་ཡང་བཟོད། །ཞེ་སྡང་གི་ཚེར་མ་མེད་པ་ན། །ཕྱིའི་ཚེར་མ་རྩུབ་ཀྱང་བཟོད། །སྲེད་པའི་ཆུ་བོ་སྐམ་པ་ན། །ཕྱིའི་ཆུ་བོ་འབྲུབ་ཀྱང་བཟོད། །ང་རྒྱལ་རི་བོ་ནོན་པ་ན། ཕྱིའི་རི་བོ་མཐོ་ཡང་བཟོད། །ཏིང་འཛིན་ཟས་ཀྱི་རོ་མྱོང་ན། །ཟས་ཀྱི་རྣམ་པ་མེད་ཀྱང་བཟོད། །ཉོན་མོངས་ཤིང་རོང་མེད་གྱུར་ན། །ཕྱིའི་ཤིང་རོང་འཐིབས་ཀྱང་བཟོད། །བཟོད་པ་བརྒྱད་ཀྱི་དབྱངས་ཆུང་འདི། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །ཅེས་པའི་མགུར་འདི་རང་བྱུང་རྡོ་རྗེས་པད་ཕུག་ཏུ་འགྲོ་བའི་ལམ་དུ་སྦྱར་བའོ།། །།རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།

མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །

བསོད་ནམས་ཞིང་མཆོག་ཐུབ་བསྟན་ཀུན་གསལ་ཏུ། །གྲགས་པའི་འོད་སྟོང་འཕྲོ་ལ་ཟླ་མེད་པ། །དཔལ་ལྡན་མཁས་མང་འདབ་བརྒྱའི་གཉེན་གཅིག་པུ། །སྨྲ་བའི་ཉིན་བྱེད་དབང་པོས་རིང་དུ་སྐྱོངས། [1]།བསོད་ནམས་ཛམྦུ་ནཱ་དའི་རྩིབས་སྟོང་གིས། །ཐུབ་བསྟན་ས་གསུམ་ཁྱོན་ལ་དབང་སྒྱུར་བའི། །གྲགས་པའི་དབྱར་རྔ་སྟོང་དུ་དགོད་པ་ཅན། །ཟླ་མེད་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག [2]།ཅེས་བསྟོད་ཡུལ་དུ་གྱུར་པའི་འཇམ་མགོན་རྒྱལ་བ་གཉིས་པའི་མི་འཇིགས་གསེར་གྱི་ཁྲི་ལ་དབང་བསྒྱུར་བའི་རྩོད་དུས་ཀྱི་མ་ཧཱ་པཎྜིཏ་ཆེན་པོ། སྐབས་དོན་བཤད་བྱ་རྩ་བའི་གཞུང་ཡུམ་དོན་གསལ་བའི་སྒྲོན་མེའི་བྱེད་པོ། བུ་སྟོན་ཐམས་ཅད་མཁྱེན་པའི་སྐྱེ་བའི་ཕྲེང་བ་འཛིན་པ[3]། མདོ་སྔགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཁྲི་ཆེན་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེ་ནི[4]། རབ་བྱུང་བརྒྱད་པའི་ས་ཁྱི་སྟེ་ཕྱི་ལོ་༡༤༧༨ལོར་ལྷོ་ཁ་ [5]རྩེད་ཐང་གི་ཉེ་འདབས་སུ་ནང་པར་ལམ་པའི་སྲས་སུ་འཁྲུངས[6]། སྐུ་ན་ཤིན་ཏུ་ཕྲ་བའི་དུས་རྩེད་ཐང་གི་ལས་ཆེན་པ་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་སྟེ་མཚན་ལའང་བསོད་ནམས་གྲགས་པ་ཞེས་གསོལ་པར་བཤད་དེ། དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་ལས། ཆེན་པོ་བསོད་ནམས་བཀྲ་ཤིས་ལ་རབ་ཏུ་བྱུང་སྟེ་མཚན་བསོད་ནམས་གྲགས་པར་གསོལ། [7]ཞེས་དང་། གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ་ལས། རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་དཔལ་བཟང་པོ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལའང་བསོད་ནམས་གྲགས་པ་ཞེས་གསོལ། [8]ཞེས་གསུངས་མོད། འོན་ཀྱང་། པཎ་ཆེན་རང་ཉིད་ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས། མཁན་སངས་རྒྱས་བཟང་པོ་བས་ནི་ར་ཚག་བཟུང་ནས་གཞན་དོན་མཛད་པ་ལས་ཞལ་སྔ་ནས་མཁས་བཙུན་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་ལྟ་བུ་ཞལ་སློབ་ཏུ་བྱོན། ཁོ་བོས་ཀྱང་རབ་བྱུང་གི་མཁན་པོ་ཞུས་པ་ཡིན་ནོ། [9]།ཞེས་གསུངས་པར་ལྟར་ན། རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་ལ་བརྟེན་ནས་རབ་བྱུང་བཞེས་ཚུལ་གསལ་པོ་མི་སྣང་བ་མ་ཟད། རབ་བྱུང་གི་མཁན་པོ་འོད་སྣེའི་ཆོས་རྗེ་སངས་རྒྱས་བཟང་པོ་ཡིན་པར་གསུངས་སོ། །གནད་འདིར་གཟིགས་པའི་མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་དུང་དཀར་ཚིག་མཛོད་ཆེན་མོ་ལས། རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་བྱུང་བཞེས་པའི་མཚན་ལ་བསོད་ནམས་གྲགས་པ་གསོལ་ཞེས་ལོ་རྒྱུས་གཞན་ཞིག་ལས་གསལ་ཡང༌། རང་ཉིད་ཀྱིས་མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ལས། འོད་སྣའི་བླ་མ་ལ་རབ་བྱུང་གི་མཁན་པོ་ཞུས་ཞེས་གསུངས་ཡོད། ཅེས་གསུངས་སོ། ། མདོར་ན་རང་ཁུངས་བཙན་བར་སྙམ་མོ། ། ཡིན་ན་ཡང་པཎ་ཆེན་བསོད་ནམས་གྲགས་པའི་དངོས་སློབ་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པའི་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད་ལས། རྩེད་ཐང་ལས་ཆེན་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་བསོད་ནམས་གྲགས་པ་ཞེས་བཏགས་པར་གསུངས་སོ། [10]། པཎ་ཆེན་རང་ཉིད་ཀྱིས་མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས། གསུང་ཆོས་གསན་པའི་སྡེ་སྣོད་འཛིན་པའི་དབང་ཏུ་བྱས་ན་རིན་པོ་ཆེ་སྨོན་ལམ་དཔལ། ཆོས་རྗེ་པཎ་ཆེན། རྒྱུད་པ་ཀུན་དགའ་དོན་གྲུབ། ཆོས་རྗེ་འཕགས་པ་ལྷ། པཎ་ཆེན་ཡེ་ཤེས་རྩེ་མོ། བྱང་སེམས་ཤ་མི་གསོལ་བ། དྲུང་གཞོན་གྲགས་པ། གྲུ་དཀར་ཆོས་མཛད། ཆོས་རྗེ་བསོད་བཀྲས་པ། སྤོ་འབོར་བ་སེང་གེ་རྒྱལ་མཚན་ཞེས་དང་། དེའི་འོག་ཏུ་ཤོག་གྲངས་གཅིག་ཙམ་ན་ཁོ་བོས་ཀྱང་རབ་བྱུང་གི་མཁན་པོ་ཞུས་པ་ཡིན་ནོ། ཞེས་གོང་གསལ་ཆོས་རྗེ་བསོད་བཀྲས་པ་ཞེས་པ་ནི་བསོད་ནམས་བཀྲ་ཤིས་ཡིན་ནམ་སྙམ་པའི་དོགས་པའི་རྦ་རླབས་ཆེར་ཆེས་འཕེལ་སོང་། གང་ལྟར་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་བྱུང་སྡོམ་པ་བཞེས་པར་བཤད་ན་ལེགས་པོ་ཡོད་དེ། ཕྱིས་སུ་པཎ་ཆེན་རང་ཉིད་ཀྱི་བླ་མ་རྒྱལ་མཆོག་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་སྐུ་མྱང་ངན་ལས་འདས་ནས། དེའི་ཡང་སྤྲུལ་རྒྱལ་མཆོག་གསུམ་པའི་ཡོངས་འཛིན་མཛད་དེ་རྒྱལ་མཆོག་གསུམ་པའི་མཚན་ལའང་བསོད་ནམས་རྒྱ་མཚོ་ཞེས་གསོལ་ལོ། །དེང་སང་འགའ་རེས་འོད་སྣེའི་བླ་མར་བསྟེན་ནས་དགེ་ཚུལ་དང་བསྙེན་རྫོགས་མཛད་པར་བཤད། [11]།རྒྱུ་མཚན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོར་བརྟེན་ནས་བཤད་ཚུལ་ཞིག་སྣང་སྟེ། དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་ལས། འོད་སྣེའི་བླ་མ་སངས་རྒྱས་བཟང་པོ་ལ་དགེ་ཚུལ་དང་བསྙེན་པར་རྫོགས། རྒྱུད་སྟོད་དུ་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་པ་བསྟེན་ནས་སྔགས་ལ་སྦྱངས་པས་དགེ་བཤེས་ཆེན་པོར་གྱུར་ཏེ། རྒྱུད་སྟོད་པའི་འཆད་ཉན་ལོ་བཅུ་བཞི་མཛད། [12]ཅེས་གསུངས། གང་ལྟར་སྡེ་སྲིད་པས་གསུངས་བ་བཞིན་ལས་ཆེན་བསོད་ནམས་བཀྲ་ཤིས་ནི་རབ་བྱུང་གི་མཁན་པོ། ཆོས་རྗེ་སངས་རྒྱས་བཟང་པོ་ནི་བསྙེན་རྫོགས་མཁན་པོ་ཡིན་པས་འགལ་བར་མི་སེམས་སོ། ། དེ་ནས་རྩེད་ཐང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་དག་ལ་གསན་བསམ་མི་ཉུང་བ་མཛད། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལས་ཚད་མའི་གཞུང་ལ་དོགས་གཅོད་ཞུ་སྟེ་ཁྱད་པར་དུ་འཕགས། དེ་ནས་སྦྲགས་གཡང་བཟང་དུ་ཕེབས་ཏེ། ཆོས་རྗེ་དྭགས་པོ་རབ་འབྱམས་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་སོགས་བསྟེན་ནས་བགྲང་བྱ་དུ་མའི་རིང་ལ་ཐོས་བསམ་རྒྱ་ཆེར་མཛད་ཅིང་། དགུང་ལོ་བཅུ་དྲུག་པ་ཆུ་གླང་༡༤༩༣ལོར་རྗེ་ཙོང་ཁ་པའི་ཐུགས་སྲས་[13]བྱམས་ཆེན་ཆོས་རྗེས་ཕྱག་འདེབས་པའི་མཁས་གྲུབ་བྱེ་བའི་འབྱུང་གནས་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་གནང་ཞིང་། གདན་ས་སེ་ར་ཐེག་ཆེན་གླིང་དུ་[14]ཀུན་མཁྱེན་དོན་ཡོད་དཔལ་ལྡན་མཆོག་དང་། [15]གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་ལ་ཡོངས་འཛིན་དུ་བསྟེན་ནས་བགྲང་བྱ་བཅུ་གཉིས་ཀྱི་བར་ལ་ཚད་མའི་མདོ། རྣམ་འགྲེལ། རྣམ་ངེས། རིགས་ཐིག་སོགས་གསན་ཏེ་དོགས་གཅོད་མང་དུ་མཛད་ཅིང་། གཞན་ཡང་ལམ་རིམ་ལ་སོགས་པའི་གཞུང་ཆེན་དག་ལ་ཐོས་བསམ་རྒྱ་ཆེན་མཛད་དེ། རྒྱ་བོད་ཀྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན། དགུང་ལོ་ཉི་ཤུ་ལ་འོད་སྣའི་བླ་མ་སངས་རྒྱས་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས[16]། མདོ་ཕྱོགས་ཀྱི་མཚན་ཉིད་རིག་པའི་སློབ་གཉེར་ཐོན་ནས་དགེ་བཤེས་མཁས་པའི་ཡང་རྩེར་སོན། དགུང་ལོ་ཉེར་བདུན་ནས་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བསྟེན་ནས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ཇི་སྙེད་གསན་ཏེ་གསང་བ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སུམ་ཅུ་བ་ལ་རྕེད་ཐང་ཆོས་གྲྭར་སླར་ཡང་རབ་འབྱམས་པའི་གྲྭ་སྐོར་པ་དང་། རྩེད་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གི་དྲུང་ནས་གཙང་ཊིཀྐའི་སྟེང་ནས་མདོ་རྩ་བའི་ཞིབ་བཤད། འདུལ་བ་མེ་ཏོག་འཕྲེང་བརྒྱུད་ཀྱི་བཤད་ལུང་སོགས་ལ་ཐོས་བསམ་རྒྱ་ཆེན་མཛད་དེ་འདུལ་བར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་། རིམ་བཞིན་དབུས་སུ་ཕེབས་ཏེ། འབྲས་སྤུངས་སུ་ [17]ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་ཀྱི་དྲུང་ནས་གསང་བདེ་འཇིགས་གསུམ། དུས་འཁོར་གྱི་ཀུན་རིག་སོགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མང་པོའི་དབང་དང་། བདེ་གསང་དུས་འཁོར་རྣམས་ཀྱི་བསྐྱེད་རིམ། ལྷ་ཚོགས་མང་པོའི་རྗེས་གནང་སོགས་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པར་ཐོས་བསམ་མཛད། དེ་ནས་དགུང་ལོ་སོ་གཅིག་པ་རབ་བྱུང་དགུ་པའི་ས་འབྲུག་༡༥༠༨ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་ཀྱི་ཞབས་ལ་གཏུགས་ནས་དཔལ་གསང་བ་འདུས་པའི་དབང་རྒྱུད་འགྲེལ་པ་མན་ངག་དང་བཅས་པ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་གསན་ཅིང་། བགྲང་བྱ་གསུམ་གྱི་བར་དུ་བླ་མ་འདི་ཉིད་ལ་བསྟེན་ནས་རྗེ་བླ་མའི་སྔགས་གཞུང་དག་ལ་སྦྱངས་པར་མཛད། དེ་ནས་གདན་ས་དགའ་ལྡན་དུ་ཆོས་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཐོག་བཅུ་གཉིས་པ་[18]འཇམ་དབྱངས་ཤེས་རབ་དར་ལེགས་པར་བློ་གྲོས་ཀྱི་དྲུང་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་ལ་ཤིན་ཏུ་མཁས་པའི་མཆོག་ཏུ་གྱུར་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་ཀརྨ་ཤ་ཏམ། དཔལ་གསང་བ་འདུལ་པའི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་ཆ་ལག་དང་བཅས་པ། རྗེ་བདག་ཉིད་ཆེན་པོའི་གསུང་འབུམ། མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་གསུང་འབུམ་སོགས་གསན། བེ་རི་དགེ་བཤེས་ཀྱིས་སྐབས་ཤིག་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་སྐུ་ཁམས་སྙུན་བའི་ཚུལ་བསྟན་པའི་ཚེ། རྗེ་བླ་མ་འདི་ཉིད་ཀྱིས་སྙུན་གཡོག་སོགས་སྐུའི་རིམ་གྲོ་ཉིན་མཚན་ཁོར་མོ་ཡུག་ཏུ་འབད་པ་ཆེན་པོས་བསྐྲུན་པས་ཐུགས་ཤིན་ཏུ་དགྱེས་ཤིང་། ཞིང་གཤེགས་ཁར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བསྟན་པའི་བྱ་བའི་ཁུར་ཐམས་ཅད་དམ་པ་འདི་ཉིད་ལ་ཕོག་ཏེ། རྒྱུད་གྲྭ་འདིའི་འཆད་ཉན་ནམ་ཡང་མི་ཉམས་པར་བྱ་དགོས་ཚུལ་སོགས་ཀྱི་བཀའ་ཆེམས་མང་དུ་གནང་ནས་ཚོང་ཁེ་སྤོགས་ལོན་པ་བཞིན་དུ་ཞིང་གཞན་དུ་གཤེགས། དེ་ནས་པཎ་ཆེན་མཆོག་ཀྱང་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་ཀྱི་བཀའ་བཞིན་དགུང་ལོ་སོ་བཞི་སྟེ། རབ་བྱུང་དགུ་པའི་ལྕགས་ལུག་༡༥༡༡ལོར་རྒྱུད་ཀྱི་མཁན་ཁྲིར་ཕེབས། དུས་དེ་ནས་བཟུང་སྟེ་དགུང་ལོ་ཞེ་བདུན་གྱི་བར་དུ་རྒྱུད་ཀྱི་ཐུགས་ཁུར་བཞེས་ནས་བསྟན་པའི་བྱ་བ་རྒྱ་ཆེ་མཛད། དེའི་རིང་ནང་དགུང་ལོ་སོ་དྲུག་པའི་དུས་གསང་བ་འདུས་པའི་བསྐྱེད་རྫོགས་གཉིས་ཀའི་འགྲེལ་ཆེན་བརྩམས་ཤིང་།《དཔལ་གསང་འདུས་པའི་བསྐྱེད་རིམ་གྱི་རྣམ་གཞག་རྫོགས་རིམ་ཐར་ལམ་སྒྲོན་མེ། [19]》མདོར་ན་དགེ་འདུན་གྱི་འདུ་ཁང་བརྩིགས་པ་སོགས་ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་པས་གྲྭ་ཚང་ཡང་ཆེས་ཆེར་འཕེལ་ཏེ་རྒྱུད་སྟོད་སྨད་ཅེས་ཕན་ཚུན་འགྲན་པ་བཞིན་དུ་གནས་པའང་དམ་པ་འདི་ཁོ་ནི་ཕྱག་རྗེས་ཡིན་ནོ། །དགུང་ལོ་ཞེས་བདུན་པ་ཤིང་སྤྲེལ་༡༥༢༤ལོ་ནས་སློབ་དཔོན་ཡོན་ཏན་འོད་བཤད་ཉན་དུ་བྱོན་པས་གྲྭ་ཚང་ནང་བསྡུམས་ནས་འགལ་མེད་ཀྱི་སྤྱི་ཁྱབ་ཡོད་པ་བྱུང་གསུངས་སོ། [20]།ཡང་རྗེ་ཉིད་ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས།[21] ཤིང་སྤྲེའི་ལོ་གསར་བ་ན་དངོས་ཅག་ལ་ཆོས་འཆད་དུ་སླེབས་དགོས་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱག་དམ། མི་སྣའི་ངག་དང་བཅས་པ་འགའ་ཟུང་ཕེབས་ཤིང་། སྨིན་པའི་མཐར་རྒྱུད་ཀྱི་འཆད་ཉན་བསྐོ་བ་དང་། དགོན་པ་གཅིག་གཉིས་གཏོང་གྲུབ་ན། བཀའ་ངག་མ་བཅག་ཙམ་ཅི་ཡོང་བལྟ་ཞེས་ཞུས་ཤིང་སྨྲས་པ་ན། ཞུས་ལན་ཕྱག་དམ་དུ་དམ་པའི་ཞལ་བཞེས་རྡོ་ཡི་རི་མོ་ཞེས། །གྲགས་པ་སྙིང་ལ་ཡི་དམ་ཉིད་དུ་བགྱིད། །དེ་དག་སྒྲུབ་པའི་ཐབས་ལ་མཁས་པ་ཡང་། །སྨོས་པར་ཅི་འཚལ་ཚུལ་བཞིན་མཛད་དུ་གསོལ། །ཞེས་ཕེབས་པ་ཉིད་ཁུར་དུ་ལྕི་སྟེ། ལོ་དེའི་མཇུག་ནས་གྲྭ་ཚང་བཟུང་བ། དགེ་ལྡན་དུ་སླེབ་དགོས་པ་སོགས་ནས་བཤད་ཉན་རྒྱུད་ན་འཐུད་པ་ཞིག་མ་བྱུང་ཡང་ཅི་སྡོད་ཀྱི་རིང་བསྟན་པ་ལ་བསམ་ནས་བརྩོན་འགྲུས་བཟང་པོའི་གོ་ཆ་གྱོན་ཏེ་གོ་ཚོད་དང་བསྟུན་པའི་གཞུང་བཤད་བགྱིས་སོ། །ས་གླང་འདི་ལ་བོ་དོང་རབ་འབྱམས་པ་དགེ་འདུན་དོན་གྲུབ་འཆད་ཉན་གྱི་གོ་སར་བྱོན་ཡོད་དོ། ། ཅེས་གསུངས་པ་ལྟར་ལོ་དེར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་བློ་གསལ་གླིང་གི་འཆད་ཉན་དུ་ཕེབས། ཤིང་བྱ་ལོ་༡༥༢༥ལོར་དབེན་གསན་བྱམས་པ་གླིང་དུ་ཕར་ཕྱིན་རྣམ་བཤད་ཀྱི་འགྲེལ་བ་བརྩམས་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྣམ་བཤད་སྙིང་པོ་རྒྱན་གྱི་དོན་ལེགས་པར་བཤད་པ་ཡུམ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །[22]》 འདིར་ཤེས་དགོས་པ་ཞིག་ལ། བདག་གི་བཤེས་གཉེན་རིན་པོ་ཆེ་མཆོག་གིས་ཕར་ཕྱིན་རྣམ་བཤད་ཀྱི་དཔེ་ཁྲིད་སྐབས་སུ་འདི་ལྟར་གསུངས་ཏེ། སྔ་མའི་གསུང་རྒྱུན་ལ་ཕར་ཕྱིན་སྤྱི་དོན་ནི་པཎ་ཆེན་རང་ཉིད་ཀྱིས་མཛད་དེ་ཡིག་ཐོག་བཀོད་པ་རེད། ཡིན་ན་ཡང་མཐའ་དཔྱོད་ནི་པཎ་ཆེན་རང་ཉིད་ཀྱི་སློབ་མ་རྣམས་ཀྱིས་ཟིན་བྲིས་སུ་མཛད་པར་གསུངས་རྒྱུན་ཞིག་ཡོད་རེད། སྐུ་ཞབས་བློ་མཆོག་རིན་པོ་ཆེ་མཆོག་ལ་སྤྱི་མཐའི་བཤད་ལུང་ཞུས་པའི་སྐབས་སུ་སྐུ་ཞབས་ཀྱིས་མཐའ་དཔྱོད་ནི་ཁོང་རང་མཁན་པོས་རྩེ་ཞྭ་སྐྱོར་སྐབས་ཆད་མ་མྱོང་། གསུངས་པ་ལ་ལྟར་ན་མཐའ་དཔྱོད་ནི་པཎ་ཆེན་རང་ཉིད་ཀྱིས་ཡིག་ཐོག་བཀོད་པ་མིན་པས་ཁོང་གི་སློབ་མ་རྣམས་ཀྱིས་ཡིག་ཐོག་བཀོད་པ་ཕལ་ཆེར་ཡིན་མིན་འགྲོ་ཞེས་གསུངས་ཀྱང་། མཐའ་དཔྱོད་དུ་པཎ་ཆེན་རང་ཉིད་ཀྱི་མཛད་ཚུལ་གསུངས་ཏེ། དེ་ཉིད་ལས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་མང་དུ་ཐོས་པའི་བཙུན་པ་དབང་ཕྱུག་བཟང་པོའོ།།འདིས་ཀྱང་རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ཅེས་གསུངས་སོ། ། འདི་ལ་ཁ་ཅིག་གིས་ཡི་གེ་པ་ནི་བཙུན་པ་དབང་ཕྱུག་བཟང་པོ་ཡིན་པས་པཎ་ཆེན་རང་ཉིད་ཡིག་ཐོག་འགོད་མཁན་མ་ཡིན་ནོ་ཞེ་ན། འོ་ན། སྤྱི་དོན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱི་དོན་གྱི་མཛད་བྱང་དུའང་ཡི་གེ་པ་ནི་ཤར་ཕྱོགས་ཨེའི་བཙུན་པ་བྱང་ཆུབ་དཔལ་བཟང་པོའོ། །ཞེས་གསུངས་པའི་ཕྱིར། གང་ལྟར་དཔྱད་པའི་མཐའ་མ་རྫོགས་པས་བློ་གྲོས་དང་ལྡན་པ་དག་གིས་དཔྱད་པར་བྱའོ། །དགུང་ལོ་ལྔ་གཅིག་པ་ས་ཕོ་བྱི་བ་ལོའི་ཚུལ་ཞུགས་ཟླ་བའི་ཡར་ཚེས་བཟང་པོ་༡༥༢༨ལོར་དབུ་མའི་རྣམ་བཤད་ཀྱི་འགྲེལ་བ་བརྩམས་《དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པ་ཟབ་དོན་གསལ་བའི་སྒྲོན་མེ། [23]》གཞུང་འདི་གཉིས་ལ་བརྟེན་ནས་ཕར་ཕྱིན་དང་དབུ་མའི་འཆད་ཉན་དབྱར་གྱི་མཚོ་ཆེན་ལྟར་འཕེལ་བར་གྱུར་ཏེ་དུས་ད་ལྟའང་འཕྲིན་ལས་མཉམ་པར་གནས་སུ་གྱུར། དགུང་ལོ་ང་གཉིས་པ་ས་གླང་༡༥༢༩ལོར་བམ་གདོང་རབ་འབྱམས་པ་དགེ་འདུན་དོན་འགྲུབ་མཁན་ཁྲིར་བཀོད། ལོ་དེར་དགའ་ལྡན་དུ་བྱོན་རྗེས་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་ཀུན་གྱིས་མངའ་གསོལ་ཞིང་། དགའ་ལྡན་གསེར་ཁྲིར་ཕེབས་ཏེ་གསུང་ཆོས་སྐབས། ཁོང་གིས[24]།ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཆོས་ཚུལ་རྣམ་པར་འཕེལ་བ་ལ། །བགེགས་ཀྱི་མཚན་མ་ཞི་བ་དང་། །མཐུན་རྐྱེན་མ་ལུས་ཚང་བར་ཤོག།ཅེས་རྗེ་བླ་མའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཏེ་རྒྱས་པའི་ཐུགས་སྨོན་ཚིགས་བཅད་འདི་མཛད་དེ། མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་གྱུར། ལོ་དེར་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་བརྩམས་《བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན[25]》དགུང་ལོ་ང་གསུམ་པ་ལྕགས་སྟག་༡༥༣༠ལོར་འདུལ་བའི་རྣམ་བཤད་བརྩམས། 《འདུལ་བའི་དཀའ་འགྲེལ་ལེགས་བཤད་ལུང་རིགས་ཀྱི་ཉི་མ། [26]》དེའི་ཕྱི་ལོ་སྟེ་དགུང་ལོ་ང་བཞི་པ་ལྕགས་ཡོས་༡༥༣༡ལོར་དབུ་མའི་མཐའ་དཔྱོད་བརྩམས།《 དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ[27]》དགུང་ལོ་ང་བདུན་པ་ཤིང་རྟ་༡༥༣༤ལོར་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་བརྩམས། 《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ། [28]》གཞན་ཡང་དེའི་རིང་ལ་མཛོད་ཀྱི་རྣམ་བཤད་བརྩམས། 《དམ་པའི་ཆོས་མངོན་པ་མཛོད་ཀྱི་དགོངས་པ་ལེགས་པར་བཤད་པ་ཤེས་བྱ་རབ་གསལ། [29]》 དང་རྒྱུད་བླ་མའི་རྣམ་བཤད་བརྩམས། 《ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་གནད་ཀྱི་ཟླ་འོད། [30]》 དགུང་ལོ་ང་བརྒྱད་པ་ཤིང་ལུག་༡༥༣༥ལོར་རྡོ་རྗེ་འཛིན་པ་ཆེན་པོ་[31]ཆོས་སྐྱོང་རྒྱ་མཚོར་དགའ་ལྡན་ཁྲི་གཏད་ནས་རང་ཉིད་ཟུར་བཞུགས་མཛད་དེ་ལོ་ངོ་བརྒྱད་ཀྱི་རིང་གཙོ་བོར་དགའ་ལྡན་རང་དུ་རྒྱུན་བཞུགས་ཐོག་ཉེ་འཁོར་གྱི་དགོན་པ་འགའ་ཞིག་གི་འདོད་མོས་ལྟར་མཁན་པོ་མཛད། དེའི་རིང་ལ་འདུལ་བའི་ཆོས་འབྱུང་བརྩམས། 《དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས། [32]》དགུང་ལོ་རེ་གཅིག་པ་ས་ཁྱི་༡༥༣༨ལོར་བོད་ཀྱི་ལོ་རྒྱུས་ཀྱི་རྣམ་བཤད་དེབ་ཐེར་དམར་པོ་བརྩམས། 《 རྒྱལ་རབས་འཕྲུལ་གྱི་ལྡེ་མིག [33]》སོགས་རྨད་བྱུང་བའི་སྔོན་མེད་ལེགས་བཤད་མངས་སུ་མཛད་ཅིང་། དེང་སང་པཎ་ཆེན་ཡིག་ཞེས་པ་རླུང་ལྟར་གྲགས་དེར་སློབ་གཉེན་གནང་མཁནའང་གྲངས་ལས་འདས་སོ། ། མདོར་ན་ཁོང་གི་ལེགས་བཤད་ཀྱི་སྐོར་ནི། རྣམ་ཐར་དད་པའི་རོལ་རྩེད་ལས[34]། མདོ་སྔགས་ཀྱི་ལེགས་པར་བཤད་པ་ཆེན་པོ་ཟབ་ལ་རྒྱ་ཆེ་བ་ཤིན་ཏུ་བརླིང་ཞིང་རྟོགས་དཀའ་བ་རྣམས་ཀྱི་དགོངས་དོན་བདེ་བླག་ཏུ་གསལ་བར་བྱེད་པའི་མན་ངག་ཡི་གེར་བཀོད་པ། ཕར་ཕྱིན་རྩ་ཊིཀ་རྣམ་བཤད་ཚིག་དོན་རབ་གསལ། སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། མཐའ་དཔྱོད་ཡང་གསལ་སྒྲོན་མེ། རྣམ་འགྲེལ་གྱི་སྤྱི་དོན་རྣམ་བཤད་དགོངས་པ་རབས་གསལ། འདུལ་བའི་སྤྱི་དོན་རྣམ་བཤད་ལུང་རིགས་ཉི་མ། མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ། རྒྱུད་བླ་མའི་གཞུང་འགྲེལ། དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ། དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ། བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་ཨུཏྤ་ལའི་ཕྲེང་བ། ལེགས་བཤད་སྙིང་པོའི་དཀའ་གནད་དོགས་གཅོད། སྡོམ་གསུམ་ནོར་བུའི་བྱི་དོར་རྒྱས་བསྡུས་གཉིས། བྱང་ཆུབ་གཞུང་ལམ་གྱི་དོན་བསྡུས་སོགས་མདོ་ཕྱོགས་ཀྱི་ཡིག་ཆ་དང་། རྒྱུད་སྡེ་སྤྱིའི་རྣམ་གཞག། དཔལ་གསང་བ་འདུས་པའི་འཛུབ་ཁྲིད། བསྐྱེད་རིམ་མཁས་པའི་ཡིད་འཕྲོག རྫོགས་རིམ་ཐར་ལམ་གསལ་སྒྲོན། སྤྱོད་པའི་ཟུར་བཀོལ་གཉིས། ཕྱག་རྒྱ་ཆེན་པོ་ལ་རྒྱན་དྲུག་ཏུ་མཛད་པའི་རྣམ་བཤད། ན་རོ་ཆོས་དྲུག་དང་གསང་སྔགས་ཀྱི་གཅོད་དང་། སྙིང་པོ་དོན་གསུམ་དང་། ལྟ་ཁྲིད་དྲན་པ་བཞི་ལྡན་རྣམས་ཀྱི་ཁྲིད། ཚེ་དཔག་མེད། སྒྲོལ་དཀར། རིགས་བྱེད་མ་སོགས་ཀྱི་སྒྲུབ་ཐབས་སྟེ་གསང་སྔགས་ཀྱི་ཡིག་ཆ་དང་། འདུལ་བའི་དུས་ཚིགས། གྲུབ་མཐའི་རྣམ་གཞག འདུལ་བའི་ཆོས་འབྱུང་། རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཕན་བདེ་འབྱུང་གནས། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ཏེ་ལོ་རྒྱུས་རྣམ་ཐར་དང་། དགེ་ལྡན་ལེགས་བཤད། བསྟན་རྩིས་རིན་ཆེན་ཕྲེང་བ། བཀའ་གདམས་གླེགས་བམ་གྱི་དོན་བསྡུ། ཚེ་ཁྲིད་རྒྱུད་པ་དང་གཅོད་ཡུལ་རྒྱུད་པ་སོགས་ཀྱི་གསོལ་འདེབས། ཀརྨ་པའི་ཕར་ཕྱིན་་ཊིཀྐའི་དགག་ལན་དང་དགག་ལན་གྱི་ཡང་ལན་སོགས་ཐོར་བུ་བ་དུ་མ་དང་ཞུ་ལན་བཀའ་ཤོག་གསུང་མགུར་དུ་བྱུང་བ་སོགས་གླེགས་བམ་བཞུགས་མི་ཆུང་བ་ཞིག་རྣམས་མཛད་ལ། ཉིད་ཀྱི་ཞལ་ནས། ཡང་ན་གདན་ས་མཐོན་པོར་འཕགས་པ་ཙམ། །སྐྱེ་བོ་མཁས་དང་མི་མཁས་ཀུན་ལ་ཡོད། །ཟུག་རྔུ་ལྡང་ན་རྩོམ་འཆད་རྩོད་པ་ཡི། །མཁས་པའི་རྣམ་འགྱུར་འདི་ལ་ལྡང་བར་འོས། །ཞེས་དང་། ཁྱད་པར་ལོ་རྒྱུས་ལ་ནི་ལྷག་པར་མཁྱེན་པ་མཆོག་ཏུ་རྒྱས་པར་ཞལ་གྱིས་ཆེར་བཞེས་པར་མཛད་དེ། ཤཱཀྱའི་བསྟན་ལ་ལོ་རྒྱུས་སྨྲ་བའི་མཆོག་བུ་སྟོན་ཁ་ཆེ་ཞ་ལུ་ནས་གཤེགས་པ། གངས་ཅན་དབུས་ཀྱི་ལོ་རྒྱུས་མཁན་གཅིག་པུ། །བསོད་ནམས་གྲགས་པའི་དཔལ་དུ་གྱུར་པས་སྦྱར། །ཞེས་དང་། ཚལ་པ་སིདྷུ་དགེ་བའི་བློ་གྲོས་དེ། །འཇིག་རྟེན་གཞན་དུ་གཤེགས་པ་སུ་ཞིག་གདུང་། །རྒྱལ་རབས་དེབ་གཏེར་སྒྲིག་ལ་ཟླ་མེད་པའི། །བྱེད་པོ་གཉིས་པ་ཡོད་དོ་ཤེས་པར་གྱིས། །ཞེས་གསུངས་སོ། །ད་དུང་གཞན་མང་པོ་ཡོད་ཀྱང་ལྷོ་དབང་མཆོག་ནི་པཎ་ཆེན་གྱི་དངོས་སློབ་ཡིན་པས་ཁུངས་བཙན་པར་སྣང་ངོ་། །དགུང་ལོ་རེ་ལྔ་པ་ཆུ་སྟག་༡༥༤༢ལོར་དུས་ཚིགས་ཆེན་མོ་བརྩམས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཞིང་གཤེགས་པའི་རྗེས་ཏེ། དགུང་ལོ་རེ་དྲུག་པ་ཆུ་ཡོས་༡༥༤༣ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས་དགོས་བྱུང་ཞིང་། དེའི་རིང་ལ་སྐྱོར་མོ་ལུང་[35]། སེ་རྭ་སོགས་ནས་གསོལ་བཏབ་པ་ལྟར་དེ་དག་གི་གདན་ས་ལའང་ཕེབས་ཏེ་གདན་ས་ཕན་ཚུན་ཐམས་ཅད་དུ་གང་ལ་དེ་འཚམས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བས། བསྟན་པའི་བྱ་བ་རྒྱ་ཆེན་པོར་མཛད་དེ་ཡུལ་ཕྱོགས་ཀུན་ཏུ་དམ་པ་གང་གི་མཛད་འཕྲིན་གྱིས་ཁྱབ་སོང་། སྐབས་དེར། ཁོང་གིས།བདག་དང་གཞན་གྱི་དུས་གསུམ་དང་། །འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས། །རྒྱལ་བ་བློ་བཟང་གྲགས་པ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག།ཅེས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་དགེ་ལྡན་པའི་བསྟན་པ་ཡུན་རིང་དུ་གནས་པའི་སླད་དུ་ཐུགས་སྨོན་བྱིན་རླབས་ཅན་འདི་བརྩམས། ཚིགས་བཅད་འདི་དང་གོང་གི་ཆོས་ཀྱི་རྒྱལ་པོ་ཞེས་པའི་ཚིགས་སུ་བཅད་པ་གཉིས་ནི། དེང་སང་གདན་ས་སེ་འབྲས་དགའ་གསུམ་གཙོ་བོར་བྱས་པའི་དགེ་ལྡན་པའི་དགོན་སྡེ་ཆེ་ཆུང་ཡོངས་སུ་རྫོགས་པས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་ཞལ་འདོན་མཛད་བཞིན་པ་ཡིན། དེ་ནས་གོང་གསལ་ལྟར། རྒྱལ་མཆོག་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུ་ངོས་འཛིན་མཛད་ཅིང་། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་ཏེ་མཁན་པོ་མཛད་དེ། རྒྱལ་མཆོག་གི་མཚན་ལ་བསོད་ནམས་རྒྱ་མཚོར་གསོལ། གཞན་ཡང་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། དགུང་ལོ་དོན་བཞི་པ་ས་ཕག༡༥༣༩ལོར་བསྟན་པའི་ཁུར་ཕོག་འབྲས་སྤུངས་དང་སེ་རྭ་གཞན་ཡང་སྐྱོར་མོ་ལུང་སུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དགུང་ལོ་དོན་བདུན་པ་རབ་བྱུང་དགུ་པའི་ཤིང་སྟག༡༥༥༤ལོ་མགོ་ཟླ་བའི་ཡར་ངོའི་ཚེས་བཅུ་བཞིའི་ཐོ་རངས་དཔའ་བོ་གཡུལ་ལས་རྒྱལ་བ་བཞིན་དུ་དགའ་ལྡན་ཆོས་ཀྱིས་མཐོ་བའི་ཕོ་བྲང་དུ་གཤེགས་སོ། །སྐབས་དེར། ངོ་མཚར་བའི་རྟགས་མང་པོ་བྱུང་བར་བཤད་ཀྱང་། དེར་དམིགས་བསལ་གྱི་དགོས་པ་མི་སྣང་བས་འདིར་མ་སྤྲོ། གསུང་ལས་སྐྱེས་པའི་སློབ་མ་ནི། རྒྱལ་མཆོག་བསོད་ནམས་རྒྱ་མཚོ། ཁྲི་ཐོག་ཉེར་གཅིག་པ་འོལ་ཁ་དགེ་ལེགས་དཔལ་བཟང་། ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་སོགས་ཤིན་ཏུ་མང་། ཡིག་ཆ་འདིར་སློབ་གཉེན་བྱེད་མཁན་ནི། རྒྱུད་གྲྭ་སྟོད་དང་། འབྲས་སྤུངས་བློ་གསལ་གླིང་། དགའ་ལྡན་ཤར་རྩེ་གྲྭ་སོགས་ཤིན་ཏུ་མང་ངོ་། ། ཞེས་པ་འདི་ནི་འཁོན་དཀོན་ཅོག་རང་རྒྱལ་གྱིས་༢༠༢༣ལོར་ཁམས་བྲག་མགོ་ནས་བྲིས་པར་དགེ་ལེགས་འཕེལ།དཔྱད་གཞིའི་ཡིག་ཆ།[1] 《རྗེ་བཙུན་ཐམས་ཅད་མཁྱེན་པ་བཀའ་དྲིན་ཅན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེའི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུ་བ་དད་པའི་རོལ་རྩེད། 》པཎ་ཆེན་གསུང་འབུམ། ཀ་པ། ཤོག་གྲངས། 386 མཛད་པ་པོ། པཎ་ཆེན་གྱི་དངོས་སློབ་བྱ་བྲལ་ལྷོ་དབང་རྒྱ་མཚོ། [2] 《པཎ་ཆེན་བསོད་ནམས་གྲགས་པའི་དཔལ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་པད་ཚལ་བཞད་པའི་ཉིན་བྱེད།》ཤོག་གྲངས། 177 མཛད་པ་པོ། དགའ་ལྡན་ཁྲི་ཆེན། ཡོངས་འཛིན་གླིང་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས།[3] 《ཁྲི་རབས་ཡོངས་འདུའི་ལྗོན་བཟང་།》ཤོག་གྲངས། 59 མཛད་པ་པོ། སྒོ་མང་མཁན་ཟུར་དགེ་བཤེས་བསྟན་པ་བསྟན་འཛིན། དེ་ཉིད་ལས། 《བུ་སྟོན་གྱི་སྐྱེ་བར་གྲགས། 》ཞེས་གསུངས་སོ། །《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ།》ཤོག་གྲངས། 82 མཛད་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།། དེ་ཉིད་ལས། 《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་སོགས་བསྟན་བཅོས་མང་དུ་བརྩམས་ཤིང་ཀུན་མཁྱེན་བུ་སྟོན་གྱི་སྐུའི་སྐྱེ་བར་གྲགས། 》[4] 《ཞལ་འཛུམ་པ་དང་སྤྱན་ཟུང་འབུར་ཚུགས་ཀྱིས་སྨིན་མ་ཅུང་བསྡུས་པས་ཞི་དྲག་གཉིས། པཎ་ཞྭ་ལེབ་མོར་གསོལ་བས་འཆད་པ། རྕོད་པའི་ཕྱག་རྒྱས་རྩོད་པ། གཡས་ཀྱི་གླེགས་བམ་གྱིས་རྩོམ་པ་སྟེ་འཆད་རྩོད་རྩོམ་གསུམ་མཚོན་པར་བཞེངས་དགོས་པ་ནི་སྔ་མོའི་གསུང་རྒྱུན་ལ་ཡོད། 》[5] རྩེད་ཐང་ནི། དེང་སང་ལྷོ་ཁ་སྣེ་གདོང་རྫོང་གི་དབུས་ཁུལ་ཡར་ཀླུང་གཙང་པོའི་ལྷོ་ན་ཡོད། ལྷོ་ཁ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡང་ཡིན། རྩེད་ཐང་གི་འབྲི་ཚུལ་འདྲ་མིན་སྣང་སྟེ། རྩེས་ཐང་། རྩེ་ཐང་།རྩེད་ཐང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ཆོས་འབྱུང་ལས་རྩེས་ཐང་ཞེས་བྲིས་ཀྱི་འདུག ཡོངས་གྲགས་སུ་རྩེད་ཐང་ཞེས་བྲིས་ཡོད། རྒྱུ་མཚན་ནི། ༡༣༥༡ལོར་ཕག་གྲུ་བཀའ་བརྒྱུད་ཀྱི་བཤད་གྲྭ་རྩེད་ཐང་དགོན་པའི་ཕྱག་བཏང་པ་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་《རླངས་ཀྱི་པོ་ཏི་སྭེ་རུར》བྱུང་བ་བཞིན་བེད་སྤྱོད་བྱས་ཀྱི་འདུག[6] 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ།》ཤོག་གྲངས། 81 མཛད་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། དེ་ཉིད་ལས། 《ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ནི། རྩེས་དང་དུ་ནང་པར་ལམ་པའི་སྲས་སུ་ས་ཁྱིར་འཁྲུངས།》 ཞེས་གསུངས་སོ། །[7] 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ།》ཤོག་གྲངས། 81[8] 《གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ། 》ཤོག་གྲངས། 563[9] 《པཎ་ཆེན་གསུང་འབུམ། ད་པ། བཀའ་གདམས་ཆོས་འབྱུང་།》 ཤོག་གྲངས། 182[10] རྣམ་ཐར་འདི་ཉིད་འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་གིས་༢༠༡༥ལོར་ཕྱོགས་བསྒྲིགས་བྱས་པའི་གསུང་འབུམ་ཀ་པ་ནང་དུ་བཞུགས། བྱ་བྲལ་ལྷ་དབང་རྒྱ་མཚོ་མཆོག་ལ་འཚོལ་ཞིབ་བྱས་ཀྱང་དེའི་སྐོར་གསལ་བོའམ་རྒྱས་པ་ཞིག་རག་མ་སོང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད།[11] 《བོད་ཀྱི་མཚན་ཉིད་རིག་པའི་གཞུང་བཀའ་པོད་ལྔའི་ཡིག་ཆ་ཆེན་པོ་སྒོ་བློ་རྗེ་གསུམ་དུ་གྲགས་པ་མཚམས་སྦྱོར་མདོར་གསལ། 》མཛད་པ་པོ། ཁྱུང་ཕྲུག་བློ་བཟང་དར་རྒྱས། དེ་ཉིས་ལས། འོད་སྣེའི་བླ་མ་ཆོས་རྗེ་སངས་རྒྱས་བཟང་བོ་ལས་དགེ་ཚུལ་དང་བསྙེན་རྫོགས་མཛད་ཅིང་། ཞེས་པར་ལེགས་པའི་ཆ་འདུག[12] 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ། 》 ཤོག་གྲངས། 82[13] རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་<1352-1435>་ཕྱི་ལོ་༡༤༡༩ལོར་མི་དབང་གྲགས་པ་རྒྱལ་མཚན་གྱིས་མཐུན་འགྱུར་སོགས་རོགས་རམ་གནང་པར་བརྟེན་ནས་ཕྱག་བཏང་།[14] སེ་ར་ཐེག་ཆེན་གླིང་གི་མཁན་ཐོག་བཅུ་པ། ཀུན་མཁྱེན་དོན་ཡོད་དཔལ་ལྡན།<1445-1524>དམ་པ་འདི་ཉིད་ཀྱི་རྣམ་ཐར་མདོར་བསྡུས་ནི་འོག་ཏུ་མཆོད་བརྗོད་ཀྱི་ཚིག་འགྲེལ་སྐབས་སུ་གཟིགས་པར་བྱ།[15] སེ་ར་དགོན་གྱི་ཁྲི་ཐོག་བརྒྱད་པ་འདི་ཉིད་རབ་བྱུང་བདུན་པའི་མེ་ལུག༡༤༢༧ལོར་གཉལ་ཁུལ་དུ་སྐུ་བལྟམས། སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་མཛད་དེ་ཆོས་རྗེ་རིན་ཆེན་བྱང་ཆུབ་ཀྱི་ཞབས་ལ་གཏུགས་ནས་ཆོས་སློབ་མཛད། དེ་ནས་འབྲས་སྤུངས་ཟུར་ཁང་དུ་མཁས་པ་མུས་སྲས་པ་དང་དགའ་ལྡན་དུ་བ་སོ་ཆོས་རྗེ་སོགས་བསྟེན་ནས་མདོ་སྔགས་གཞུང་ལུགས་ལ་སྦྱང་བརྩོན་མཛད་པས་མཁས་པར་གྱུར། རྗེ་གྱེ་རེ་བཀའ་བཞི་བ་སོགས་ལས་བསྙེན་རྫོགས་བསྒྲུབས། བྱང་རྩེ་གྲྭ་ཚང་དང་གསང་ཕུ་སྤེ་སེར་གྲྭ་ཚང་གཉིས་ལ་མཚན་ཉིད་ཀྱི་འཆད་ཉན་མཛད། དེ་ནས་གསང་ཕུར་སྦེ་སེར་གྱི་འཆད་ཉན་མཛད་པ་ན་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། རྩེ་ཉག་པ་ཐལ་འགྱུར་གྱིས་བཅོམ་པས་མཚན་སྙན་གྲགས། གཞིས་ཀ་སྣེའུ་པའི་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་ས་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་སེ་ར་བྱེས་གྲྭ་ཚང་བཙུགས་པའི་བྱེས་ཀྱི་སློབ་དཔོན་དང་པོ་དེ་རྗེ་འདིས་མཛད། ལོ་བཅོ་ལྔའི་རིང་གྲྭ་ཚང་དེའི་མཚན་ཉིད་ཀྱི་འཆད་ཉན་སྤེལ། དགུང་ལོ་ང་ལྔ་པ་ལ་སེ་ར་ཐེག་ཆེན་གླིང་གི་ཁྲིར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བཀའ་རྩོམ《རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཤད་ལེགས་བཤད་སྙིང་པོའི་དོན་གསལ་བར་བྱེད་པའི་བསྟན་པའི་སྒྲོན་མེ》སོགས་ཕྱག་རྩོམ་མཛད། དགུང་ལོ་གྱ་བརྒྱད་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་ཁྱི(༡༥༡༤)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།[16]སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་གཉིས་པ། ཉ་པ། ཤོག་གྲངས། 138 མཛད་པ་པོ། སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ། དེ་ཉིད་ལས། དགེ་སློང་སྡོམ་པ་བླངས་པའམ་དགེ་སློང་བསྒྲུབས་པ། འདི་ལ་རྫོགས་པར་བསྙེན་པ་ཞེས་བསྒྱུར་བའང་ཡོད། འདི་ནི་ཤིན་ཏུ་གོ་བདེ་བར་འདུག་གོ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། རྫོགས་པར་བསྙེན་པ་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་སྤོང་བའི་མཚན་ཉིད་དགེ་སློང་གི་དངོས་པོ་ལ་རྣམ་པར་བཞག་པར་མཛད་དེ། དེ་ལ་རྫོགས་པ་ཞེས་བྱ་བ་ནི་དོན་ཐམས་ཅད་ཡང་དག་པར་གྲུབ་པའི་དཔལ་ཏེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་སྐད་དུ་ཡང་། དྲི་མ་ཐམས་ཅད་བཅོམ་བྱས་ཤིང་། །མྱ་ངན་འདས་པ་རྫོགས་པ་ཐོབ། །སྡུག་བསྔལ་ཐ་མར་བྱེད་པ་སྟེ། །ཐམས་ཅད་རྫོགས་པར་གྱུར་པ་ཡིན། །ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེར་བསྙེན་པ་ནི་དེ་དང་ཉེ་བའི་སྒྲ་ཡིན་ཏེ། རྫོགས་པ་དང་། ཉེ་བ་ནི་རྫོགས་པར་བསྙེན་པ་སྟེ། དགེ་སློང་གི་སྡོམ་པ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། ། མིང་ཚིག དགེ་སློང་གི་སྡོམ་པའི་མིང་། མིང་ཚིག དགེ་སློང་ཕ་མ། འདུལ་ཊཱིཀ་རིན་ཕྲེང་ལྟར་རོ། ། མིང་ཚིག སྒྲ་ཡངས་པའི་དབང་དུ་བྱས་ན། བསྙེན་རྫོགས་ཀྱི་སྒྲ་དགེ་བསྙེན་དང་དགེ་ཚུལ་ལའང་འཇུག་པར། འདུལ་ཊཱིཀ་རིན་ཆེན་ཕྲེང་བ་༡༥ན༣ལས་མདོའི་ཁུངས་དང་བཅས་ཏེ་གསུངས་སོ། །[17] འབྲས་སྤུངས་དགོན་གྱི་ཁྲི་ཐོག་དགུ་པ་འདི་ཉིད་རབ་བྱུང་བདུན་པའི་ཆུ་ཕག(༡༤༤༣)ལོར་གཙང་སྨད་དུ་ཐོན་པའི་ཞལ་ངོར་འཁྲུངས། དབུས་སུ་ཕེབས་ཏེ་འབྲས་སྤུངས་དགོན་དུ་སློབ་དཔོན་དཔལ་བློ་དང་ཡེ་ཤེས་བཟང་པོའི་ཞབས་ལ་གཏུགས་ནས་དབུ་མ་དང་། ཕར་ཕྱིན། འདུལ་བ། མངོན་པ། ཚད་མ་སོགས་རིག་པའི་གནད་ཆེན་ལ་མཁས་པར་སྦྱངས། པུ་ཏི་བཅུ་ལྷག་གི་གྲྭ་སྐོར་མཛད། བ་སོ་ཆོས་རྗེ་ལས་ཟབ་ཆོས་མང་དུ་གསན། མདོ་ཕྱོགས་ལ་བྱང་ཆུབ་པར་གྱུར། རྒྱུད་པ་སྦྱིན་པ་དཔལ་དང་། མཁས་གྲུབ་གྲགས་བཟང་པ་ལས་བསྙེན་པར་རྫོགས། དགའ་ལྡན་ཤར་རྩེ་ཤེར་འབྱུང་བློ་གྲོས་ལས་ཟབ་ཆོས་གསན་ཏེ་ལྷ་རིར་སྒྲུབ་པ་མཛད། དེ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་ཁྲི་མཐོན་པོར་ཕེབས་ཏེ་དམ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར། སླར་ལྷ་རིར་བྱོན་ཏེ་སྒྲུབ་པར་རྩེ་གཅིག་ཏུ་གཞོལ། དེ་རྗེས་ཐོན་སྙེའི་ཆོས་སྡེ་རྒྱལ་བྱེད་ཚལ་བཏབ་སྟེ་རྗེའི་ལུགས་བཟང་དར་བར་མཛད། དགུང་ལོ་དོན་དགུ་ལ་ཕེབས་པ་རབ་བྱུང་དགུ་པའི་ལྕགས་སྦྲུལ(༡༥༢༡)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། དུང་དཀར་ཚིག་མཛོད་ལས་བཤུས།[18] 《ཁྲི་རབས་ཡོངས་འདུའི་ལྗོན་བཟང་།》ཤོག་གྲངས། 56 དེ་ཉིད་ལས། འཇམ་དབྱངས་ཤེས་རབ་དར་ལེགས་པའི་བློ་གྲོས་ནི། ཕྱི་ལོ་ཆིག་སྟོང་བཞི་བརྒྱ་ལྔ་བཅུ་༡༤༥༠རབ་བྱུང་བརྒྱད་པའི་ལྕགས་རྟ་ལོར་ཨ་ཕྱོགས་སུ་འཁྲུངས། རྒྱུད་པ་ཤེར་བཟང་། དགེ་འདུན་གྲུབ་སོགས་བསྟེན་ནས་ཉི་མ་ཐང་དུ་ལོ་ཉི་ཤུ་ལྷག་འཆད་ཉན་མཛད། དགུང་གྲངས་རེ་གཉིས་ཕེབས་པར་ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་བཅུ་གཅིག་༡༥༡༡རབ་བྱུང་དགུ་པའི་ལྕགས་ལུག་ལ་གསེར་ཁྲི་ཕེབས། ཞེས་ནས། དགུང་གྲངས་རེ་དགུ་ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་བཅོ་བརྒྱད་༡༥༡༨རབ་བྱུང་དགུ་པའི་ས་རྟ་ལོར་ཞི་བར་གཤེགས་སོ། །ཞེས་གསུངས་སོ། །[19]པཎ་ཆེན་གསུང་འབུམ། ཐ་པ། ཤོག་གྲངས། 135. 304 དེ་ཉིད་ཀྱི་མཛད་བྱང་དུ། 《ཆོས་ཀྱི་སྤྱན་ལྡན་རྡོ་རྗེའི་སློབ་དཔོན་ཆོས་ལྡན་བློ་གྲོས་ཀྱི་གསུང་གིས་ཁ་འགེང་དགོས་པ་རྣམས་བསྐང་། རྗེ་ཉིད་ཀྱི་རྣམ་གཞག་ཊཱིཀྐ་དང་མཁས་གྲུབ་ཐམས་ཅད་མཁྱེན་པའི་བསྐྱེད་རིམ་རྣམ་བཤད་ཀྱིས་ཅུང་ཟད་རྒྱས་པར་སྤྲོ། བདག་གི་ཆོས་འདིའི་བཀའ་དྲིན་མནོས་པའི་ཡོངས་འཛིན་གཉིས་ཀྱི་གསུང་གིས་ཟུར་ནས་བརྒྱན། མཁས་པ་གཞན་དག་གིས་ཀྱང་ལེགས་བཤད་པ་ཐོས་པས་གསེབ་ནས་འཚངས་ཏེ་ཕྱོགས་གཅིག་ཏུ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བསོད་ནམས་གྲགས་པའི་དཔལ་གྱིས་དབེན་གནས་བྱམས་པ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ། །》[20] པཎ་ཆེན་གསུང་འབུམ། ད་པ། ཤོག་གྲངས། 144.145 འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ༢༠༡༥ལོར་དཔེ་སྐྲུན་བྱས། 144.145 ཐམས་ཅད་མཁྱེན་པ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་གྱི་སྐོར་དུ་གསལ་བ་མཆིས།[21]གོང་མཚུངས། བཀའ་གདམས་ཆོས་འབྱུང་། ཤོག་གྲངས། 145 འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ༢༠༡༥ལོར་དཔེ་སྐྲུན་བྱས།[22] པཎ་ཆེན་གསུང་འབུམ། ག་པ། འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ༢༠༡༥ལོར་དཔེ་སྐྲུན་བྱས། དེ་ཉིད་ཀྱི་མཛད་བྱང་དུ། ཤོག་གྲངས། 281 ལས། ཅེས་མདོ་རྒྱན་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་ཡུམ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་ལས་རྣམ་བཤད་སྙིང་པོ་རྒྱན་གྱི་སྟེང་ནས་གཞུང་བཤད་ཞིབ་ཏུ་ཐོས་པའི་སྒྲ་དོན་དང་། བྱམས་པས་རྗེས་བཟུང་དཔལ་ལྡན་བློ་གྲོས་ཡབ་སྲས་འཇམ་དབྱངས་དགའ་བའི་བློ་གྲོས་དང་བཅས་པའི་ལེགས་བཤད་ལ་བརྟེན་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་ལ་ཉེ་བ་ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་ལ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཅུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་རབ་འབྱམས་སྨྲ་བ་ཤར་ཕྱོགས་ཨེའི་བཙུན་པ་བྱང་ཆུབ་དཔལ་བཟང་པོའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ཅེས་གསུངས་སོ། །[23]གསུང་འབུམ། ཇ་པ། ཤོག་གྲངས་299ལས། ཅེས་དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པ་ཟབ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་ནི་བཀའ་དྲིན་མཉམ་མེད་ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་ཡུན་རིང་དུ་བསྟེན་ཏེ། རྩ་འཇུག་གི་རྣམ་བཤད་ཆེན་མོ། ལྷག་མཐོང་ཆེན་མོ། སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་ལ་འདྲིས་པར་བྱས་ཤིང་། དབུ་མ་པ་ཆེན་པོ་ཆོས་ཀྱི་རྗེ་ཡེ་ཤེས་བཟང་པོ་དང་། འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ལེགས་བཤད་ལ་བརྟེན་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་བདེ་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་སངས་རྒྱས་ཀྱི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ལ་ཉེ་བ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བ་ལོའི་ཚུལ་ཞུགས་ཟླ་བའི་ཡར་ཚེས་བཟང་པོ་ལ་ཚང་བར་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་གསུངས་སོ།[24] པཎ་ཆེན་གསུང་འབུམ། རྣམ་འགྲེལ་དགོངས་པ་རབ་གསལ། སྟོད་ཆར་བཞུགས།[25] གསུང་འབུམ། ད་པ། ཤོག་གྲངས། 1-226དེ་ཉིད་ཀྱི་མཛད་བྱང་དུ། ཐུབ་པའི་དབང་པོ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རྩ་ལྔ་ལ་ཉེ་བ་ཏིང་ངེ་འཛིན་གྱི་ལེའུའི་དུས་ཀྱི་འགལ་བའི་ལོ་ཞེས་པ་ས་མོ་གླང་གི་སྟོན་ཟླ་ར་བའི་ཡར་ཚེས་བཟང་པོ་ལ་འབྲོག་རི་བོ་དགེ་ལྡན་རྣམ་པར་གླིང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་གསུངས་སོ། །[26] གསུང་འབུམ། ཉ་པ། ཤོག་གྲངས། 419ལས། འདུལ་བའི་དཀའ་འགྲེལ་ལེགས་བཤད་ལུང་རིགས་ཀྱི་ཉི་མ་ཞེས་བྱ་བ་འདི་ནི། དང་པོར་ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་འདུལ་བ་རྩ་བའི་བཤད་པ་ཅི་རིགས་དང་བསླབ་བྱ་ཆེན་མོ་དང་། གཞི་གསུམ་ཆོ་ག་སོགས་ཐོས་ཤིང་། ཕྱིས་སུ་སློབ་དཔོན་རིན་པོ་ཆེན་ཀུན་དགའ་རྒྱལ་མཚན་པའི་ཞལ་སྔ་ནས་གཙང་ཊིཀ་གི་སྟེང་ནས་མདོ་རྩ་བའི་ཞིབ་བཤད་དང་། མེ་ཏོག་ཕྲེང་རྒྱུད་ཀྱི་བཤད་ལུང་དང་། དཔལ་ལྡན་བླ་མ་དམ་པ་པྲཛྙཱའི་མཚན་ཅན་གྱི་དྲུང་དུ། ཀརྨ་ཤ་ཏམ་གྱི་བཤད་པ་ཉན་པ་སོགས་ལས་ཆོས་འདི་ལ་བག་ཆགས་ཅུང་ཟད་ཞིག་སད་པ། ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ལྕགས་ཕོ་སྟག་གི་ལོ་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག། ཅེས་གསུངས་སོ། །[27] གསུང་འབུམ། ཇ་པ། ཤོག་གྲངས་393ལས། ཅེས་དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི་རང་གི་སློབ་མ་བློ་གྲོས་དང་ལྡན་པ་འགས་ནན་གྱིས་བསྐུལ་བའི་དོན་དུ། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་ལྕགས་མོ་ཡོས་བུ་ལོ་ཡེ་གེར་བཀོད་པའི་གནས་ནི་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ངོ་། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ཅེས་གསུངས།[28]པཎ་ཆེན་གསུང་འབུམ། ཁ་པ། སྨད་ཆ། ཤོག་གྲངས། 429 ལས། ཅེས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་ཞེས་བྱ་བ་འདི་ནི། ཡོངས་འཛིན་དམ་པ་འཇམ་དཔལ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས། ཐར་ལམ་གསལ་བྱེད་ཀྱི་སྟེང་ནས་གཞུང་བཤད་ཞིབ་ཏུ་ཐོས་པའི་སྒྲོས་ལ་གཞི་བྱས། མདོ་དང་ལུས་ལྟ་བུའི་བསྟན་བཅོས་ཕྱི་མ་གཉིས་ཀྱི་ཏཱིཀྐ་དང་། ས་བཅད་ཆེན་མོ་རྣམས་ཞིབ་ཏུ་བལྟབས་ཤིང་། ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེ་དཔོན་སློབ་ཀྱི་གཞུང་བཏུས་འགྲེལ་བའི་བཤད་པ་ཡི་གེར་བཀོད་པ་དང་། འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བསྒྲིགས་པའི་ས་བཅད་གཞུང་འགྲེལ་རྣམས་ཀྱི་ལེགས་ཆ་བསྡུས་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་བདུན་ཅུ་ལ་ཉེ་བ། རྒྱལ་བའི་ཞེས་པ་ཤིང་ཕོ་རྟའི་ལོ་ལ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ཟླ་བ་རྒྱལ་མཚན་ནོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་གྱུར་ཅིག། ཅེས་གསུངས་སོ། །[29] པཎ་ཆེན་གསུང་འབུམ། ཏ་པ། ཤོག་གྲངས། 417ལས། ལུང་རིགས་སྨྲ་བའི་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར། དང་པོར་ཡོངས་འཛིན་དམ་པ་འཇམ་པའི་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་ནས་ལས། མཆིམས་ཊཱིཀ་ཆེན་མོའི་སྟེང་ནས། བསྟན་བཅོས་འདི་དང་། ཆོས་མངོན་རྒྱ་མཚོའི་སྙིང་པོའི་སྟེང་ནས་མངོན་པ་གོང་མའི་བཤད་པ་སྦྱར་ཆོས་དང་བཅས་པ་ལན་རེ་ཐོབ་ཅིང་། ཕྱིས་རང་འགྲེལ་དང་འགྲེལ་བཤད་དོན་གསལ་དང་། མཚན་ཉིད་ཀྱི་རྗེས་སུ་འབྲང་བ་དང་། མཆིམས་བསམ་གཏན་བཟང་པོའི་མཛོད་པའི་ཊཱིཀ་སོགས་ཞིབ་ཏུ་བལྟས་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་ལ་བབས་པ། ཆུ་མོ་སྦྲུལ་གྱི་ལོའི་སྟོན་ཟླ་ར་བའི་ཡར་ཚེས་ལ། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཞེས་གསུངས་སོ། །[30]པཎ་ཆེན་གསུང་འབུམ། ཅ་པ། དྲང་ངེས་ཨུཏྤ་ལའི་ཕྲེང་བའི་མཇུག་ཏུ་ཡོད། ཤོག་གྲངས། 535 ལས། ཅེས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་གནད་ཀྱི་ཟླ་འོད་ཅེས་བྱ་བ་འདི་ནི་ཡོངས་འཛིན་དམ་པ་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་ལས་ཊཱིཀ་ཆེན་གྱི་སྟེང་ནས་བཤད་པ་ལན་གཅིག་ཐོས་ཤིང་། ཕྱིས་གཞུང་འགྲེལ་པ་བོད་ཊཱིཀ་ཁ་ཡར་དང་བཅས་པ་ལ་ཞིབ་ཏུ་བལྟས་ནས་རྒྱལ་ཚབ་རིན་པོ་ཆེའི་རྣམ་བཤད་ཀྱི་དགོངས་པ་བཞིན་ཤཱཀྱའི་དགེ་སློང་སྤོང་བ་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་ཐུབ་པའི་བསྟན་པ་ལ་ལོ་ཉིས་སྟོང་སུམ་བརྒྱ་བདུན་ཅུ་རྩ་ལ་ཉེ་བ། ལེའུ་བཅུའི་སྟེང་ནས་ཏིང་ངེ་འཛིན་གྱི་ལེའུའི་དུས་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ལ་དགེ་ལྡན་ཟུར་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་འཛིན་པ་ཉི་མ་བཟང་པོའོ། །ཞེས་གསུངས་སོ། །[31] དུང་དཀར་ཚིག་མཛོད་དུ། (དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ)དབུས་སྟོད་རྒྱ་ར་གུར་དུ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ(༡༤༧༣)ལོར་འཁྲུངས། བྲག་དབར་དགོན་དུ་རབ་བྱུང་མཛད། དགུང་ལོ་ཆུང་དུས་སུ་ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་སྙིང་ཐིག་སྐོར་གསན། འབྲས་སྤུངས་སུ་ཆོས་ཞུགས་མཛད་དེ་འཇམ་དབྱངས་དགའ་བའི་བློ་གྲོས་བསྟེན་ནས་གཞུང་ཆེན་པོ་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་མཛད། རྒྱུད་སྨད་དུ་ཞུགས་ནས་རྩེ་པ་ཤེས་རབ་བཟང་པོ་བླ་མར་བསྟེན་ནས་རྒྱུད་འགྲེལ་གྱི་བཤད་པ་དང༌། བསྐྱེད་རྫོགས་ཀྱི་ཁྲིད། མན་ངག་ཁག་མང་པོའི་ཕྱག་བཞེས་བཅས་ཆ་ཚང་བ་གསན། རྒྱུད་ཆེན་ཚུལ་ཁྲིམས་བཟང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་གསན། དགུང་ལོ་ཞེ་བརྒྱད་པ་ལྕགས་འབྲུག(༡༥༢༠)ལོར་རྒྱུད་སྨད་ཀྱི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་རིང་རྐྱུད་འགྲེལ་གྱི་འཆད་ཉན་དང༌། བསྐྱེད་རྫོགས་ཀྱི་ཁྲིད་གནང་བ་སོགས་གོང་འཕེལ་དུ་བསྐྱངས་པས། རྒྱུད་འཛིན་སློབ་མ་ཡང་མང་པོ་བྱུང༌། བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས་ནས་རྒྱུད་སྨད་ཁྲིད་ཆེན་བརྒྱད་དུ་གྲགས་པའི་མན་ངག་མཐའ་དག་དར་སྤེལ་ཐོག《གསང་འདུས་བསྐྱེད་རྫོགས》རྒྱས་བསྡུས་གཉིས་དང༌། 《དབུ་མའི་ལྟ་ཁྲིད》བཅས་མཛད། དགུང་ལོ་རེ་གསུམ་པ་རབ་བྱུང་དགུ་པའི་ཤིང་ལུག(༡༥༣༥)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བཞིའི་བར་བསྐྱངས། (ལོ་རྒྱུས་འགའ་ཞིག་ཏུ་ཁྲི་ཆེན་འདིའི་རིང་འབྲི་གུང་ཁུལ་དུ་ཡོད་པའི་དགེ་ལུགས་དགོན་པ་རྣམས་ཀྱི་མཆོད་གཞིས་འབྲི་གུང་པས་ཕྲོགས་པ་དང་ཞྭ་སྟབས་བསྒྱུར་བ་སོགས་བྱུང་བ་དང༌། ཁྲི་ཆེན་འདི་དང་ཤར་པ་ཆོས་རྗེ་དཀོན་མཆོག་དར་རྒྱས་གཉིས་ཕན་ཚུན་གཏོར་མ་འཕེན་རེས་མཛད་པ་སོགས་བཤད་པ་ནི་ལོ་རྒྱུས་མ་དག་རྒྱུན་འབྱམས་ཤིག་ཡིན་པ་སྟེ《རྒྱལ་དབང་དགེ་འདུན་རྒྱ་མཚོའི་རྣམ་ཐར》དང《འབྲི་གུང་ཆོས་འབྱུང》གཉིས་ཀར་གོང་གསལ་གནས་ཚུལ་དེ་ཁྲི་ཆེན་རིན་ཆེན་འོད་ཟེར་གྱིས་དགའ་ལྡན་ཁྲི་ཐོག་གནང་རིང་གི་མེ་ཁྱི(༡༥༢༦)ལོར་བྱུང་ཚུལ་གསལ་བར་འཁོད་འདུག དགུང་གྲངས་རེ་བདུན་པ་རབ་བྱུང་དགུ་པའི་ས་ཕག(༡༥༣༩)ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས། སྐུ་གདུང་མཆོད་རྟེན་ནི་དགའ་ལྡན་དུ་མཁས་གྲུབ་རིན་པོ་ཆེའི་སྐུ་གདུང་གི་གཡོན་ཟུར་དུ་བཞུགས། གསུང་རྩོམ་སྐོར། 《གསང་བ་འདུས་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད》རྒྱས་བསྡུས་གཉིས། 《བདེ་མཆོག་བསྐྱེད་རིམ་འདོད་འཇོའི་ཡང་སྙིང》 《ཕྱག་རྡོར་འཁོར་ཆེན་གྱི་བསྐྱེད་རྫོགས་ཀྱི་བྱིན་རླབས་བཞི་ལྡན》 《ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག》 《ཕྱག་རྡོར་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག》 《དབུ་མའི་ལྟ་ཁྲིད》བཅས་ཡོད་པ་དང༌། དེ་དག་གི་ཁྲིད་རྒྱུན་ཡང་མ་ཆད་པར་ཡོད་མུས་ལགས། ལོ་རྒྱུས་སྐོར། འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི《འཇིགས་བྱེད་ཆོས་འབྱུང》ལྷ་ས་ཞོལ་དཔར་མའི་ཤོག་གྲངས༢༡༥ནས༢༡༧བར་གསལ།[32][32]པཎ་ཆེན་གསུང་འབུམ། ཅ་པ། ཤོག་གྲངས། 268ལས། ཅེས་ དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས་ཞེས་བྱ་བ་འདི་ནི། བུ་སྟོན་རིན་པོ་ཆེ་མཛད་པའི་འདུལ་བའི་ཆོས་འབྱུང་དང་དེབ་སྔོན་པོ་ནས་བྱུང་བའི་ལོ་རྒྱུས་རྣམས་གུང་བསྒྲིགས། གཞན་ཡང་ཡིག་ཆ་ཁ་འཐོར་བ་རྣམས་ལས་ཀྱང་བསྡུས་ཏེ་ཕྱོགས་གཅིག་ཏུ། ཤཱཀྱའི་དགེ་སློང་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་བརྒྱད་ཅུ་རྩ་ལྔ་འདས་པ། ཏིང་ངེ་འཛིན་གྱི་ལེའུའི་དུས་ཀྱི་ཚེ། ལྕགས་ཕོ་ཁྱིའི་ལོ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམ་ཁང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་འདི་བྲིས་བས་ཉེར་འཚེ་ཀུན་ཞི་ནས། འདུལ་བ་ལྷུར་ལེན་ཚུལ་ཁྲིམས་རྣམ་པར་དག་ངུར་སྨྲིག་རྒྱལ་མཚན་འཛིན་པའི་རིགས་དག་ཏུ། །སྐྱེ་ཞིང་སྐྱེ་བར་སྨོན་ལམ་འགྲུབ་གྱུར་ཅིག། ཅེས་གསུངས་སོ། །[33] པཎ་ཆེན་གསུང་འབུམ། ད་པ། ཤོག་གྲངས། 387ལས། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་བྱིན་པ་ཡི། །རྣམ་པར་དཀར་བའི་དགེ་ལས་དེང་དུས་ཀྱི། །ས་བདག་མ་ལུས་ཆོས་བཞིན་བྱེད་པ་དང་། །ཡངས་པའི་རྒྱལ་ཁམས་རྟག་ཏུ་བདེ་གྱུར་ཅིག། གྲོགས་ངན་གཡོ་སྒྱུས་བསླུས་པའི་གཞན་དབང་གིས། །རྟག་ཏུ་སྡེ་འཁྲུགས་ཁོ་ནས་ས་སྐྱོང་བ། །དེ་འདྲ་མཐོང་བ་ལྟ་ཞོག་ཐོས་ཀྱང་ནི། །རྣ་བའི་བུ་གར་འོན་པ་ཐོབ་གྱུར་ཅིག །དཔལ་ཞིང་བརྟུལ་ཕོད་མཛངས་པའི་རྣམ་དཔྱོད་ཀྱིས། །མངའ་འབངས་བྱམས་པའི་རྭ་བར་འཛུད་པ་ནས། །ཆོས་དང་སྲིད་ཀྱི་ལེགས་ཚོགས་ཡར་ཟླ་བཞིན། །རྒྱས་ནས་འགྲོ་ཀུན་བདེ་བའི་བཀྲ་ཤིས་ཤོག། ཅེས་སོ། །[34] རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བ་དད་པའི་རོལ་རྩེད། གསུང་འབུམ། ཀ་པ། ཤོག་གྲངས། 409-411 མཛད་པ་པོ། པཎ་ཆེན་གྱི་དངོས་སློབ་བྱ་བྲལ་ལྷོ་དབང་རྒྱ་མཚོ། [35] སྔོན་དུས་བཀའ་གདམས་པའི་དགེ་བཤེས་སྦལ་ཏི་དགྲ་བཅོམ་པས་ཐོག་མར་བཏབ་ཅིང་། རྗེས་སུ་ཙོང་ཁ་པའི་དུས་སུ་དགེ་ལུགས་པར་གྱུར་པ་ཡིན། དེང་སང་བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་ཁུངས་་སུ་ཡོད། སྔར་བོད་དབུས་་ཁུལ་དུ་གདན་ས་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ་དབུས་ཁུལ་དུ་ཡོད་པའི་གདན་ས་ཆེན་པོ་དྲུག་གི་གྲས་ཤིག་ཡིན།རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོགདྲ་བའི་སྦྲེལ་ཐགhttp://www.tb1025.cn

རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་མདོར་བསྡུས།

༄༅། ། ན་མ་ཨཱརྱ་ཏཱ་ར་ཡེ། རྗེ་བཙུན་སྒྲོལ་མ་སྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། སྭ་(༨བ)བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱི་འཁོར་དཀར་གསལ་ཉ་གང་བའི་སྟེང་དུ། ཏཾ་ལས་ཨུཏྤལ་ལ་སྔོན་པོ་ཏཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་སྔོ་ལྗང་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་འཛིན་པའི་ཨུཏྤལ་སྙན་གྱི་ཐད་དུ་ཁ་བྱེ་བ། དར་སྣ་ཚོགས་ཀྱི་བ་བཟས་ཀླུབས་ཤིང་། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་ཤིང་། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སེང་ལྡེང་ནགས་ཀྱི་ཚལ་ནས། རྗེ་བཙུན་སྒྲོལ་མ་ལ་སངས་རྒྱས་དང་། བྱང་ཆུ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩི་གང་བུའི་བུམ་པ་ཐོགས་ནས། དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་པ་སྤྱི་གཙུག་ཏུ་གནས་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། དེ་ནས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ་ལ་སོགས་པའི་མཆོད་པ་ཐམས་ཅད་རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས་ལ་སོགས་པའི་དབང་པོ་དྲུག་(༩ན)གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་སྟེར་བར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད། ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས།ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་དང་། གང་སྐུ་རིན་ཆེན་རྒྱན་གྱིས་སྤྲས་པ་ནི། །མརྒད་རི་ལ་རྒྱུ་སྐར་བཀྲམ་པ་བཞིན། །ལྟ་བས་མི་ངོམས་ཀུན་གྱི་ཡིད་འཕྲོག་མ། །ལྷག་པའི་ལྷ་མོ་ཨུཏྤལ་བསྣམས་ལ་འདུད། །ཅེས་པའི་བསྟོད་པས་བསྟོད།བཟླས་པ་ནི། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་གྱི་མཐར་ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ་ཞིང་། གཞན་ཡང་འདོན་པ་སྤོས་ཏེ་བྱའོ། །དེ་ལྟར་ལྷག་པའི་ལྷ་མོ་རྗེ་བཙུན་མ། །སྒྲུབ་པའི་མན་ངག་བཤད་པའི་དགེ་བ་དེས། །བདག་སོགས་མ་ལུས་སངས་རྒྱས་མ་ཐོབ་པར། །རྗེ་བཙུན་སྒྲོལ་མས་རྗེས་སུ་འཛིན་པར་ཤོག །ཅེས་རྗེ་བཙུན་སྒྲུབ་ཐབས་མདོར་བསྡུས་འདི། །ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་དུ་སྦྱར་བའོ། །བཀྲ་ཤིས།། །།རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོགདྲ་བའི་སྦྲེལ་ཐགhttp://www.tb1025.cn

འཕགས་སེང་གི་ལུགས་ལ་འཕགས་པ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པ་ཡབ་སྲས་དགོངས་པ་གཅིག་ཏུ་བབས་པའི་གཏམ་ཨུཏ་པ་ལའི་ཕྲེང་བ།

གཞན་རྗེས་ཁྱི་བཞིན་ཉུལ་བའི་གྲིབ་མ་དང་ ། །འདོད་རྔམ་ཕྱུག་གིས་བཟི་བའི་ཚུལ་ལུགས་བྲལ ། །ཕྱི་ཡི་སྤྱོད་པ་ནང་གི་ཐོས་བསམ་ལ ། །ཚེ་གཅིག་ནན་གྱིས་འཇུག་པའི་བཤེས་དེར་འདུད ། །འདིར་སྐབས་སུ་བབས་པ་རང་རེས་ཡིག་ཆར་ཉན་རང་ལ་སྟོང་ཉིད་རྟོགས་པ་སྲིད་པ་ཙམ་དང་ཉན་རང་ལ་སྟོང་ཉིད་རྟོགས་པའི་ཁྱབ་པར་བཞེད་པ་དག་ཁ་ཅིག་ཏུ་བླངས་པ་སོགས་གཞིར་བྱས་ནས་འཕགས་སེང་གི་རང་ལུགས་ལ་སྟོང་ཉིད་མ་རྟོགས་པའི་ཉན་རང་འཕགས་པ་ཡོད་པར་བཞེད་པ་དག་ནི་བློ་ཤིན་ཏུ་རྩིངས་ཏེ། འཕགས་པ་དང་སློབ་དཔོན་གྱི་གཞུང་ལུགས་ཤིན་ཏུ་ཟབ་མོ་དག་ནི་གོ་བར་མི་ནུས་ན་ཡང་། དེའི་དགོངས་པ་འགྲེལ་བ་ལ་ཤེས་རབ་ཀྱི་གདེངས་ལྡན་པའི་རྗེ་ཡབ་སྲས་རྣམས་ཀྱི་རྨད་བྱུང་གི་ལེགས་བཤད་དག་ཡལ་བར་འདོར་བ་ནི་རིགས་པ་དང་མི་ལྡན་པའི་ལས་ཉིད་དོ ། །དེ་དག་གི་ཕྱིར་ན་རྒྱལ་བའི་གསུང་རབ་ལ་ཀུན་རྫོབ་ཀྱི་ལྷན་པོར་འགྲོ་བར་དོགས་ནས་རང་གི་ཚིག་ཚོགས་ཀྱི་རིལ་མ་དག་སྤངས་ཤིང་རྗེ་ཡབ་སྲས་ཀྱི་གཞུང་ལ་ཁུངས་གཏུགས་པར་བྱའོ ། །འོ་ན་ཇི་ལྟར་སྨྲ་ཞེ་ན། འདི་ལ་ཡིག་ཆར་ཞེན་པ་ཁ་ཅིག་གི་བཤད་ཡམས་དང་། རྗེ་ཡབ་སྲས་ཀྱི་དགོངས་པ་དང་མི་འཐད་པའི་ཚུལ་གཉིས། དང་པོ་ནི་ཡིག་ཆར། ཁ་ཅིག རང་རྒྱུད་པས་འཕགས་པ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པར་བཞེད་པ་མི་འཐད་དེ། སྔར་གྱི་ལུང་དེ་དག་དང་འགལ་ཞིང་། དེ་ནི་མཚན་མར་དམིགས་སྒོ་ནས། ། ཞེས་སོགས་དང་། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། ། ཞེས་སོགས་སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་སོགས་གསུང་། དེ་ལ་ལུང་དང་པོའི་ཐད་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་དེ་ནི་མཚན་མར་ཞེས་སོགས་ཀྱི་རྐང་བ་དང་པོ་གཉིས་ཀྱིས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་བསྟན་པར་བཞེད་ཅིང་། འབྲས་ཡུམ་ལ་རིང་ཚུལ་ཡང་སྙིང་རྗེ་ཆེན་པོ་དང་བྲལ་ཞིང་བདེན་འཛིན་གྱིས་བཅིངས་པ་ལ་སྦྱོར་དགོས་ཚུལ་སོགས་འགྲེལ་ཆུང་གི་ལུང་ཤེས་བྱེད་དུ་དྲངས་ནས་གསུངས། ལུང་གཉིས་པའི་ཐད་དུ་ཡང་རང་རྒྱལ་དགྲ་བཅོམ་པ་ལ་གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་ཁྱད་པར་དང་། ཤེས་པ་ལ་བདེན་འཛིན་མ་སྤངས་པའི་ཁྱད་པར་གཉིས་ལྡན་དུ་གསུངས། འོན་ཀྱང་དེ་ནི་འཕགས་སེང་རང་ལུགས་སུ་བཞེད་པ་ནི་ལྷ་དགའ་བར་བྱེད་པའི་གཏམ་དུ་ཟད་དོ ། ། འོ་ན་འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་དེའི་དོན་གང་ཞེ་ན། འདི་ལ་རང་བཟོ་མ་ཡིན་པའི་ལན་དྲི་མ་མེད་པ་ཞིག་འདེབས་པར་བྱ་སྟེ། སྟོང་ཐུན་སྐལ་བཟང་མིག་འབྱེད་དུ། རྒྱན་ལས་དེ་ལྟར་གསུངས་པའི་དགོངས་པ་ནི། ཉན་རང་གི་རིགས་ཅན་དབང་བོ་ཡོངས་སུ་སྨིན་མ་སྨིན་གཉིས་གཉིས་ཡོད་པས། དེ་དག་གཉིས་ཀ་རྗེས་སུ་གཟུང་བའི་ཕྱིར་ཡིན་ནོ་ཞེས་བཤད་ཟིན་ཏོ ། ། ཞེས་གསུངས་པ་འདི་ལས་ལན་གཞན་ཅི་ཞིག་དགོས། རྡོ་རྗེའི་ཚིག་གི་བཀའ་ལན་གནམ་ལྕགས་མདའ ། །སྒྲིབ་བྲལ་བདེན་པའི་ཞལ་ནས་འཕངས་ལགས་ན ། །རྒོལ་ངན་ལོག་རྟོག་ཨུ་ཚུགས་བྲག་གི་རི ། །ཚར་བར་མི་འཐོར་རང་དབང་ཅི་སྟེ་ཡོད ། ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ ། །གཉིས་པ་ལ། གསེར་ཕྲེང་གི་བཞེད་པ། སྟོང་ཐུན་གྱི་བཞེད་པ། དེའི་ཤེས་བྱེད་ཀྱི་གཞུང་སྦྱར་བ་དང་གསུམ། དང་པོ་ནི། དེ་ཉིད་དུ། ཉན་རང་གིས་སྟོང་ཉིད་རྟོགས་པ་དང་མི་རྟོགས་པའི་ལུགས་སོ་སོར་བཀོད་ནས་དེ་ལ་རྩོད་པ་སྤང་བའི་སྐབས་སུ་ལན་འདི་ལྟར་གདབས་ཡོད་དེ། མ་རྟོགས་པར་བཤད་པ་དྲང་དོན་དང་། རྟོགས་པ་ངེས་དོན་དུ་བྱ་སྟེ། མི་རྟག་སོགས་ལས་གཞན་པའི་ལམ་མེད་པ་ཡིན་ན་ཉོན་མོངས་སྤངས་པ་སོགས་མི་སྲིད་པས་དེའི་སྒྲ་ཇི་བཞིན་པ་ལ་རིགས་པས་གནོད་ལ། ཕྱི་མའི་སྒྲ་ཇི་བཞིན་པ་ལ་རིགས་པས་གནོད་པ་མེད་པས་སོ།། གནོད་པ་རྒྱས་པར་ནི་འཇུག་ཊཱིག་དང་སྤྱོད་འཇུག་གི་འགྲེལ་ཆེན་ལས་བལྟའོ།། གལ་ཏེ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ན་ཐེག་ཆེན་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། ། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། ། སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། ། ཞེས་ལན་མཛད་ཅིང་། ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་ཡང་མེད་དོ་ཞེས་བཤད་དོ། ། ཁྱད་པར་འདི་དག་ཤེས་ན་ཉན་རང་ལ་འཕགས་པ་མཚན་ཉིད་པ་འོང་མི་འོང་གི་དོགས་པ་ཡང་ལྡོག་པར་འགྱུར་རོ། ། ཞེས་སོགས་གསུང་།གཉིས་པ་ནི། སྟོང་ཐུན་སྐལ་བཟང་མིག་འབྱེད་དུ། ཉན་རང་གི་རིགས་ཅན་རྒྱུད་མ་སྨིན་པས་ཟབ་མོ་དེའི་ཚེ་བསྟན་པའི་སྣོད་དུ་མ་གྱུར་པ་དག་ལ་སྨིན་བྱེད་ཀྱི་ལམ་མི་རྟག་སོགས་བཅུ་དྲུག་དང་གང་ཟག་གི་བདག་མེད་རགས་པ་ཙམ་བསྟན་པ་མང་དུ་མངོན་རྟོགས་རྒྱན་ནའང་ཡོད་ཅིང་། ཉན་རང་གི་རིགས་ཅན་རྒྱུད་སྨིན་པ་དེའི་ཚེ་ཟབ་མོ་དངོས་སུ་བསྟན་པའི་སྣོད་དུ་རུང་བ་དག་རྗེས་སུ་གཟུང་བའི་ཆེད་དུ་ཉན་རང་གིས་ཀྱང་བདེན་མེད་རྟོགས་དགོས་པའི་དབང་དུ་བྱས་པའི་རྣམ་གཞག་ཀྱང་མངོན་རྟོགས་རྒྱན་དུ་གསུངས་པ་སྟེ་དེ་ལྟར་སྟོན་ཚུལ་གཉིས་ཡོད་པར་འཕགས་སེང་ཡང་བཞེད་པར་སྟོན་པ་ཡིན་ནོ།། དེ་ལྟར་རྒྱུད་སྨིན་མ་སྨིན་གཉིས་སུ་འབྱེད་པ་ནི་སོ་སྐྱེ་ལ་ཡིན་གྱི་འཕགས་པ་རྒྱུད་མ་སྨིན་པ་ཁས་ལེན་པའི་ཤེས་ལྡན་སུ་ཞིག་ཡོད། འཕགས་སེང་གི་ལུགས་ལ་ཉན་རང་འཕགས་པ་ཆོས་ཉིད་མ་རྟོགས་པའང་ཡོད་ན་འཕགས་པའི་གང་ཟག་འགའ་ཞིག་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་ཞིང་འགའ་ཞིག་མ་ཕྱེ་བར་འདོད་དགོས་པས་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་ཇི་ལྟར་འཆད། ཞེས་དང་། སློབ་དཔོན་སེང་གེ་བཟང་པོས་ཀྱང་། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་རྒྱུ་ཡི་ངོ་བོར་རྣམས་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ།། ཞེས་གསུངས་ཏེ། འདི་དག་གིས་ནི་ཆོས་ཉིད་ཡོད་པ་ཙམ་གྱིས་ལམ་གྱི་སྐབས་ཀྱི་རིགས་ལ་གནས་པ་མིན་གྱི། ཆོས་ཉིད་ལ་ཐེག་པ་གསུམ་སོ་སོའི་ལམ་གྱིས་དམིགས་ནས་བསྒོམ་པ་ན་འཕགས་ཆོས་ཀྱི་རྒྱུ་ཁྱད་པར་ཅན་དུ་གྱུར་པའི་ཚེ་ཐེག་པ་སོ་སོའི་རིགས་ཁྱད་པར་ཅན་དུ་འཇོག་པར་བཤད་ཅིང་། ཞེས་མང་དུ་གསུངས་སོ ། །གསུམ་པ་ལ་ནི། སྣང་བ་གཉིས་ཀར་འཕགས་པ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པའི་ཤེས་བྱེད་དུ། རྡོ་རྗེ་གཅོད་པ་ལས། འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ།། ཞེས་པའི་ལུང་འདི་ཁུངས་སུ་དྲངས་སོ ། །མདོར་ན་དོན་འདི་ལ་ཡབ་སྲས་ཀྱི་དགོངས་པ་གཅིག་ཏུ་ཁེལ་བས་ན། ཇི་ལྟར་གཞན་དུ་འཆད་པའི་སྦྱོར་དངོས་ཀྱི་རྩོལ་བ་དག་ནི་བདུད་ལྷས་བྱིན་གྱི་བྱིན་བརླབས་ཞུགས་པ་ཉིད་དོ ། །སུ་ཞིག་ལོག་རྟོག་ཞགས་པའི་བཀྱིག་པ་ལ ། །གུས་འཁུལ་བློ་ཡིས་མི་བཏོང་མན་ངག་སྦྱིན ། །སྐལ་ལྡན་ལམ་བཟང་སྩོལ་ལ་མཐུ་བོ་ཆེ ། །དྲིན་ལྡན་བླ་མ་དགྱེས་ཕྱིར་ཟིན་འདི་ཕབས ། །དེ་ཡང་དཔལ་ཆོས་ཀྱི་གྲགས་པས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་བ། ། དེ་འཆད་པ་ནི་དཀའ་བ་ཡིན། ། ཞེས་གསུངས་པ་ལྟར་རང་གི་ཇི་བཞིན་དུ་མ་རྟོགས་པར་གཞན་ལ་སྟོན་པར་མི་ནུས་པའི་ཆོས་ཉིད་ཀྱི་རིམ་པ་འདི་ཙམ་ཞིག་གུས་པས་ཀྱང་ཤེས་མོད། དྲིན་ལྡན་བཤེས་གཉེན་དམ་པའི་བཀའ་མ་བཅག་ཙམ་དུ་བོད་ཟླ་༩/༩ སྟེ་རེས་གཟའ་ཟླ་བར་ཟིན་བྲིས་སུ་བཏབས་པའོ ། །རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོགདྲ་བའི་སྦྲེལ་ཐགhttp://www.tb1025.cn

《佛说无常经》བཅོམ་ལྡན་འདས་ཀྱིས་གསུངས་པའི་མི་རྟག་པ་སྟོན་པའི་ཚིགས་བཅད།

༄༅།། བཅོམ་ལྡན་འདས་ཀྱིས་གསུངས་པའི་མི་རྟག་པ་སྟོན་པའི་ཚིགས་སུ་བཅད་པ་ཞེས་བྱ་བ།ཐང་གུར་གྱི་སྡེ་སྣོད་གསུམ་པ་སློབ་དཔོན་དོན་ཞིས་ལེགས་སྦྱར་ནས་རྒྱ་ཡིག་ཏུ་བསྒྱུར།ཤཱཀྱའི་དགེ་སློང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།སྐྱེ་བ་ཐམས་ཅད་འཆི་བར་འགྱུར། །བྱད་བཞིན་ཡོངས་སུ་ཉམས་པར་འགྱུར། །སྟོབས་ཤུགས་ནད་ཀྱིས་འཇོམས་པར་བྱེད། །སུ་ཡང་འདི་ལས་གཡོལ་མི་འགྱུར། །མཆོག་ཏུ་མཐོ་བའི་ལྷུན་པོ་ཡང་། །བསྐལ་བའི་མཐའ་ལ་འཇིག་པར་འགྱུར། །གཏིང་མཐའ་མེད་པའི་རྒྱ་མཚོ་ཡང་། །དེ་བཞིན་ཡོངས་སུ་བསྐམ་པར་འགྱུར། །ས་ཆེན་ཉི་མ་ཟླ་བ་ཡང་། །དུས་སུ་སླེབས་ན་ཡོངས་འཛད་འགྱུར། །དངོས་པོ་གཅིག་ཀྱང་མི་རྟག་པས། །མིད་པར་མི་འགྱུར་ཡོད་མ་ཡིན། །མཐོ་བ་འདུ་ཤེས་མེད་མིན་དང་། །དམའ་བ་འཁོར་ལོས་སྒྱུར་རྒྱལ་རྣམས། །རིན་ཆེན་བདུན་གྱིས་ལུས་སྤྲས་ཤིང་། །སྟོང་ཕྲག་བུ་ཡིས་རྟག་བསྐོར་ཡང་། །ནམ་ཞིག་ཚེ་སྲོག་ཟད་པ་ན། །སྐད་ཅིག་སྡོད་པར་མི་འགྱུར་ཞིང་། །ད་དུང་འཁོར་བའི་རྒྱ་མཚོ་རུ། །ལས་བཞིན་སྡུག་བསྔལ་མྱོང་བར་འགྱུར། །ཇི་ལྟར་ཟོ་འཆུན་འཁོར་ལོ་བཞིན། །ཁམས་གསུམ་དུ་ནི་བསྟུད་མར་འཁོར། །ཇི་ལྟར་དར་འབུས་དར་བསྐྱུགས་ནས། །རང་ཉིད་བཅིངས་བཞིན་འཆིང་བར་བྱེད། །བླ་མེད་སངས་རྒྱས་རྣམས་དང་ནི། །རང་རྒྱལ་དང་ནི་ཉན་ཐོས་རྣམས། །མི་རྟག་ལུས་འདི་འདོར་ངེས་ན། །སྐྱེ་བོ་ཕལ་བ་སྨོས་ཅི་དགོས། །ཕ་མ་བུ་དང་ཆུང་མ་དང་། །སྤུན་མཆེད་ཉེ་དུ་འཁོར་བཅས་རྣམས། །སྐྱེ་འཆིས་འབྲལ་བ་འདི་མཐོང་ན། །ཅི་ཕྱིར་སྐྱོ་བས་གདུང་མི་འགྱུར། །དེ་ཕྱིར་བདེན་པ་དམ་པའི་ཆོས། །རབ་ཏུ་ཉན་ཅིང་མི་རྟག་གནས། །ཡོངས་སུ་སྤངས་ཏེ་འཆི་མེད་སྒོ། །བསྒྲུབ་པར་བྱ་ཞེས་གདམས་པ་ཡིན། །དམ་ཆོས་བདུད་རྩི་ཉིད་དང་མཚུངས། །གདུང་བ་སེལ་ཞིང་བསིལ་བ་སྟེར། །རྩེ་གཅིག་སེམས་ཀྱིས་ལེགས་ཉན་ན། །ཉོན་མོངས་རྣམས་ནི་ཞི་བར་འགྱུར། ། བདག་དང་སྐལ་མཉམ་རྣམས་ལ་ཅུང་ཟད་ཙམ་རེ་ཕན་པར་སྲིད་དམ་སྙམ་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན་ལ།རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་སོགས་གང་ལ་ཡང་ལྟ་ལོང་མ་བྱུང་བར་ཐད་ཀར་འཕྲལ་དུ་བསྒྱུར་བ་ཡིན་པས་འགྱུར་མ་ཐོན་པ་དང་འགྱུར་ལོག་སོགས་ནོངས་པ་ཅི་མཆིས་གཟུར་གནས་མཁས་པའི་སྤྱར་སྔར་སྙིང་ནས་འཆགས་སོ།།《佛说无常经》大唐三藏法师义静奉制译生者皆归死 容颜尽变衰强力病所侵 无能免斯者假使妙高山 劫尽皆坏散大海深无底 亦复皆枯竭大地及日月 时至皆归尽未曾有一事 不被无常吞上至非想处 下至转轮王七宝镇随身 千子常围绕如其寿命尽 须臾不暂停还漂死海中 随缘受众苦循环三界内 犹如汲井轮亦如蚕作茧 吐丝还自缠无上诸世尊 独觉声闻众尚舍无常身 何况于凡夫父母及妻子 兄弟并眷属目观生死隔 云何不愁叹是故劝诸人 谛听真实法共舍无常处 当行不死门佛法如甘露 除热得清凉一心应善听 能灭诸烦恼བཛྲ་ཚུལ་ཁྲིམས་རྒྱ་མཚོའི་འཕྲིན་སྟེགས་ལས་བཤུས།

题取经诗ཆོས་ལེན་དུ་སོང་བའི་སྙན་ངག

[唐代]义净 ཐང་བཙུན་པ་ཡི་ཅིན།晋宋齐梁唐代间,ཅིན་སུང་ཅི་ལིང་ཐང་གི་རྒྱལ་རབས་སྐབས། །高僧求法离长安。བཙུན་པ་ཆེན་པོ་ཆོས་ཕྱིར་ཁྲང་ཨན་གྱེས། །去人成百归无十,སོང་བ་བརྒྱ་ལས་བརྒལ་ཞིང་ཡོང་བ་བཅུ། །后者安知前者难。སྔ་མའི་དཀའ་སྡུག་ཕྱི་མས་རྟོགས་པ་མེད། །路远碧天唯冷结,བཤུལ་རིང་ནམ་མཐར་འདྲེས་ཤིང་ཆབ་རོམ་ཆགས། །沙河遮日力疲殚。བྱེ་མས་ཉི་བསྒྲིབས་སྟོབས་ཟད་ངལ་བ་ལྕི། །后贤如未谙斯旨 ,སྔ་མའི་དཀའ་སྡུག་ཕྱི་མས་མི་རྟོགས་ན། །往往将经容易看 。རྒྱུན་དུ་གསུང་རབ་ལྷོད་ཀྱིས་བཀླག་པར་བྱ། །རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོགདྲ་བའི་སྦྲེལ་ཐགhttp://www.tb1025.cn

རྒྱུན་ཤེས་ཀྱི་འགྲིམ་འགྲུལ་ཁྲིམས་སྲོལ་དག་ཡིད་ལ་ངེས་རྒྱུ་གལ།

གདན་ཞུའི་སྐུ་མགྲོན། མགོན་སྐྱབས་ཚེ་རིང་། ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པ། མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།ལྟ་སྐུལ་པ། ཕྱུག་ལོ།སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མ

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་སྐབས་བཅུ་བཞི་པས་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས18ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་སྐབས་བཅུ་བཞི་པས་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི27ཚོགས་འདུར་ཞུགས་པས། ཁྲིམས་གཏན་མི་གྲངས་དང་མཐུན་པ་རེད། ཚོགས་འདུའི་ཐོག་བདེ་ཆེན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ཉེར་བདུན་པའི་གྲོས་རིམ་(འཆར་ཟིན)གྲོས་འཆམ་བྱུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་སྤྱི་ཚོགས་འཛུགས་སྐྲུན་དང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་2024ལོའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཁུལ་མི་དམངས་སྲིད་གཞུང་གི་2024ལོའི་ཁུལ་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཚད་ཀྱི་ལེགས་གྲུབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས། ཁུལ་མི་དམངས་སྲིད་གཞུང་གི་2025ལོའི་ཁུལ་རིམ་པ་དེ་གའི་ནོར་སྲིད་ཀྱི་ཆེད་དམིགས་སྔོན་རྩིས་ལེགས་སྒྲིག་དང་ཁུལ་རིམ་པའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི(འཆར་ཟིན)སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱས།འབྲེལ་ཡོད་མི་དོན་དོན་ཚན་ལ་ཁྲིམས་ལྟར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་འབྲེལ་བསྐོ་གཞག་ཡི་གེ་སྤྲོད་པའི་མཛད་སྒོ་དང་དེ་བཞིན་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད། ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་དུས་རབས་གསར་པའི་བདེ་ཆེན་གྱི་དམངས་ཆེན་ལས་དོན་གྱི་བྱ་སྤྱོད་རྩ་འཛིན་དུ་དངོས་སུ་འགྱུར་བར་འགན་ལེན་བྱ་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཚད་མཐོན་པོ་དང་སྤྱོད་ཚུལ་ནན་པོ་ཞིག་གི་ཐོག་ནས་དམངས་ཆེན་ལས་དོན་ཡག་པོ་བསྒྲུབས་པ་དང་། ཆུ་ཚད་མཐོན་པོའི་ཐོག་ནས་འགན་འཁྲི་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་གྱིས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་པ་དང་། ཁྲིམས་འཛུགས་ཐབས་ཇུས་དང་ལྟ་སྐུལ་སོགས་འགན་ནུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་བསྟུན་ནས་འཁོར་སྐྱོད་ཡོང་བའི་འགན་ལེན་བྱ་དགོས། སྤུས་ཚད་མཐོ་བའི་གྲོས་གཞིའི་གྲོས་འཆར་དང་། གནད་འཁེལ་ཅན་གྱི་ལྟ་སྐུལ་བརྟག་ཞིབ། རྒྱུན་ལྡན་ཅན་གྱི་མང་ཚོགས་དང་འབྲེལ་གཏུག་སོགས་རྣམ་པ་བརྒྱུད་དམངས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ཀྱི་ནུས་ཕྱོད་དུ་བསྒྱུར་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་རོགས་རམ་བྱ་ཆེད་དམངས་ཆེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་བསྟན། ཞའོ་ཞུས་དང་དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཀྲང་ལི་ཅུན་བཅས་ཚོགས་འདུར་ཞུགས་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡུས་ཀུའེ་ཧྥུན། ཁུལ་ལྟ་ཞིབ་ཨུ་ལྷན་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།

ཏ་ཐུང་ནས་བ་གླང་རྐུ་མཁན་ཞིག་བཟུང་།

ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་བསྟུད་མར་བ་གླང་རྐུ་འཕྲོག་བྱས་པའི་གྱོད་དོན་ཞིག་རྩད་ཆོད་ཅིང་། དོགས་ཡོད་ཉེས་ཅན་ཀྲང་ཚེ་འཛིན་བཟུང་བྱས།ལོ27ཡིན་པའི་ཀྲང་ཚེ་ཡིས་ཁོ་རང་བ་གླང་ཉོ་འཚོང་གི་བར་ཁེ་བ་ཡིན་པའི་ཐོབ་ཐང་སྤྱད་ནས། དྲ་ལམ་ནས་ཐད་གཏོང་བྱས་ཏེ་བ་གླང་གི་གནས་ཚུལ་རེ་རེ་བཞིན་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་ནས་བ་གླང་ཉོ་མཁན་གྱི་ཡིད་དབང་འཕྲོག་བཞིན་ཡོད། དྲ་ལམ་ནས་བ་གླང་ཉོ་མཁན་དང་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྐད་འཕྲིན་བརྒྱུད་དེ་རིན་གོང་ཐག་གཅོད་བཞིན་ཡོད་ལ། དེ་ནས་བ་གླང་ཉོ་མཁན་གྱིས་རླངས་འཁོར་བསྐོར་ཏེ་བ་གླང་འདྲུད་དུ་སོང་ནས་ཉོ་འཚོང་བྱེད་བཞིན་ཡོད།ཉིན་ཞིག་སྡེ་མི་ཞིག་མངགས་གཏོང་ཁང་དུ་ཡོང་ནས། ཁོ་ཚང་གི་བ་གླང་ཉིན་འགར་བཙལ་ཡང་རྙེད་མ་སོང་། དོན་དངོས་སུ་གཞན་གྱིས་བརྐུས་སོང་བ་ཡིན་ནམ་བོར་སོང་བ་ཡིན་ཞེས་བཤད་དེ། ཟླ2པའི་ཚེས10ཉིན་གྱོད་དོན་སྙན་སེང་ཞུས། ཉེན་རྟོག་པས་རྩྭ་རའི་ནང་དུ་རྩད་ཞིབ་བྱེད་སྐབས། རླངས་འཁོར་གྱི་འཁོར་ལོའི་རྗེས་ཤུལ་ཞིག་ཡོད་པ་མཐོང་ནས་དེ་འགག་རྩའི་ཁུངས་སྣེ་རུ་བཟུང་། ཁུངས་སྣེ་དེ་དང་བསྟུན་ནས་ཉེན་རྟོག་པས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་བདག་པོར་དམིགས་ནས་ཞིབ་བཤེར་བྱས་རྗེས། རླངས་འཁོར་དེས་དྲུད་སོང་བ་ནི་བརྐུས་པའི་བ་གླང་ཡིན་པ་གཏན་འཁེལ་བྱས་པར་མ་ཟད། དོགས་ཡོད་ཉེས་ཅན་ནི་ཀྲང་ཚེ་ཡིན་པའང་གཏན་འཁེལ་བྱས། འདྲི་རྩད་བྱས་པ་བརྒྱུད། ཀྲང་ཚེ་ཡིས་བ་གླང་རྐུ་འཁྱེར་བྱས་པའི་དོན་དངོས་ཁས་ལེན་བྱས་པར་མ་ཟད། ད་དུང་གྱོད་དོན་གཞན་གསུམ་ཡང་རྩིས་སྤྲོད་བྱས། ཀྲང་ཚེ་ལ་གཏན་འཇགས་ཀྱི་ལས་ཀ་མེད་ཅིང་སྤྱི་ཚོགས་སྟེང་འབྲེལ་འདྲིས་ཀྱི་འགྲོ་གྲོན་ཆེ་བ་དང་། ལྟ་སྐྱོང་དོ་དམ་ནན་མོ་མིན་པའི་ཕྱུགས་རར་དམིགས་ཏེ་ཐད་གཏོང་ཉོ་འཚོང་དང་བསྟུན་ནས་རྐུ་འཕྲོག་ལག་བསྟར་བྱས།མིག་སྔར། ཀྲང་ཚེ་ལ་རྐུ་འཕྲོག་གི་དོགས་ཡོད་ཉེས་པ་ཡོད་པས། ཏ་ཐུང་རྫོང་ཉེན་རྟོག་ཕྱོགས་ཀྱིས་ཉེས་དོན་བཀག་ཉར་བྱས་ཡོད་ལ། ཏ་ཐུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ2པའི་ཚེས25ཉིན་འཛིན་བཟུང་ཆོག་མཆན་བཀོད། རྩོམ་སྒྲིག་པ། སངས་བཀྲ།

དགའ་རོགས་ཀྱི་རླངས་འཁོར་ལ་གཏོར་བརླག་བཟོས་པ།

“བློ་མཐུན་ཉེན་རྟོག་པ་ལགས། ངའི་རླངས་འཁོར་གྱི་འཁོར་ལོ་ལ་གཞན་གྱིས་བུ་ག་འགའ་བརྟོལ་འདུག ཁྱོད་ཚོ་ཡོང་ནས་བལྟ་རོགས”ཉེ་ཆར། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ལིན་ཁྲོན་མངགས་གཏོང་ཁང་ལ་མངའ་ཁུལ་གྱི་སྡེ་བ་ག་གེ་མོའི་སྡེ་མི་ཡོན་ཆེ་གེ་མོའི་གྱོད་དོན་སྙན་སེང་ཞུས་ཏེ། རང་ཁྱིམ་གྱི་སྒོ་འགྲམ་དུ་བཞག་པའི་རླངས་འཁོར་གཉིས་ཀྱི་འཁོར་ལོ་བཙགས་ནས་བརྟོལ་འདུག་ཅེས་བཤད། སྙན་སེང་འབྱོར་རྗེས། མངགས་གཏོང་ཁང་གི་ཉེན་རྟོག་པ་མགྱོགས་མྱུར་ཡུལ་དངོས་སུ་སོང་སྟེ་བརྟག་དཔྱད་བྱས་ཤིང་། ཉེན་རྟོག་པས་མཐའ་འཁོར་དུ་འདྲི་རྩད་གྲལ་བཤེར་དང་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གྱི་ཐོབ་ཐང་མགྱོགས་མྱུར་ངང་གཏན་འཁེལ་བྱས་པར་མ་ཟད། ཉིན་དེའི་ཕྱི་དྲོར་དོགས་ཡོད་ཉེས་ཅན་ཀྲུའུ་ཆེ་གེ་མོའང་འཛིན་བཟུང་བྱས།“ངས་བཙགས་པ་མིན། ངས་མི་ཤེས” དང་ཐོག་མི་དམངས་ཉེན་རྟོག་པའི་འདྲི་རྩད་བྱེད་སྐབས་ཀྲུའུ་ཆེ་གེ་མོས་གང་ཐུབ་ཅི་ཐུབ་ཀྱིས་ཁས་མི་ལེན་པ་དང་། དཔང་རྟགས་འབོར་ཆེན་གྱི་མདུན་དུ་ཀྲུའུ་ཆེ་གེ་མོའི་ཨུ་ཚུགས་ཉམས་ནས་རང་ཉིད་ཀྱི་ཁྲིམས་འགལ་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས། མ་གཞི་ཀྲུའུ་ཆེ་གེ་མོ་དང་ཡོན་ཆེ་གེ་མོར་སྔོན་ཆད་ཕོ་མོའི་འབྲེལ་བ་ཡོད་པ་དང་རྗེས་སུ་གཤིས་ཀ་མི་མཐུན་པའི་རྐྱེན་གྱིས་ཁ་བྲལ་ཞིང་། ཁ་བྲལ་རྗེས་ཀྲུའུ་ཆེ་གེ་མོས་ཐོག་མཐའ་བར་གསུམ་དུ་སེམས་མི་སྐྱིད་པར་འཕྲིན་ཐུང་ཐེངས་མང་བསྐུར་བ་དང་ཁ་པར་བཏང་ནས་མཉམ་འཛོམས་བྱེད་པའི་རེ་ཞུ་བྱས་ཀྱང་འབྲས་བུ་མེད་རྗེས། བློ་ཡིད་མ་ཚིམ་པར་མཐར་སེམས་ཀྱི་ཁོང་ཁྲོ་ཕྱིར་འདོན་ཆེད་རླངས་འཁོར་གྱི་འཁོར་ལོ་ལ་གཏོར་བརླག་བཟོས་པའི་ཧོལ་རྒྱུག་གི་བྱ་སྤྱོད་སྤེལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཀྱིས་ཀྲུའུ་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན7གྱི་ཆད་པ་བཅད། རྩོམ་སྒྲིག་པ། སངས་བཀྲ།

ཉེན་རྟོག་པར་འཇིགས་སྐུལ་བྱས་པའི་མཇུག་འབྲས།

2025ལོའི་ཟླ3པའི་ཚེས27ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུས་ཉེན་རྟོག་ལས་དོན་ཞབས་ཕྱི་ལྟེ་གནས་ལ་མང་ཚོགས་ཀྱིས་གྱོད་དོན་སྙན་སེང་ཞུས་ཏེ། སྐྱེས་པ་ཞིག་གིས་ཆང་འཐུངས་རྗེས་བྱ་སྤྱོད་ཚོད་འཛིན་མ་ཐུབ་པར་སྤྱི་པའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས་ཞེས་བཤད། སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་སོང་བ་ན་སངས་ཆེ་གེ་མོའི་ལུས་ཡོངས་ལ་ཆང་དྲིས་ཁེངས་པ་དང་། སེམས་ཁམས་ཧ་ཅང་ངར་ལངས་ཡོད་པ་ཤེས་རྟོགས་བྱུང་ཞིང་། སངས་ཆེ་གེ་མོས་མི་དམངས་ཉེན་རྟོག་པའི་ཁྲིམས་བསྟར་ལ་གཞོགས་འདེགས་མི་བྱེད་པར་མ་ཟད། དེ་ལས་ལྡོག་སྟེ་བཟི་ངར་ལ་བརྟེན་ནས་གྱོད་དོན་སྒྲུབ་ཡུལ་དུ་ཟིང་འཁྲུག་ཆེན་པོ་བསླངས་ཏེ། ལས་རེས་མི་དམངས་ཉེན་རྟོག་པར་ཕུད་རྒྱག་བྱས་པ་དང་། གྱོད་སྒྲུབ་མི་དམངས་ཉེན་རྟོགས་པར་འཇིགས་སྐུལ་དང་སྐུར་འདེབས་བྱས།གུང་ཧོ་རྫོང་སྤྱི་བདེ་ཅུས་ཁེ་དབང་སྲུང་སྐྱོང་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་པར་མ་ཟད། ད་དུང་བདེ་སྲུང་དང་ཁྲིམས་ལུགས་སོགས་ལས་སྒོའི་སྡེ་ཚན་དང་མཉམ་དུ་ནང་ཁུལ་གྱི་མཉམ་འགུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སངས་ཆེ་གེ་མོས་ཉེན་རྟོག་མི་སྣར་འཕྱ་སྨོད་དང་འཇིགས་སྐུལ་བྱས་པའི་གྱོད་དོན་དེའི་གྱོད་ཁོངས་སུ་བཅུག་ནས་བརྟག་དཔྱད་བྱས་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ་སངས་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན10ཡི་ཆད་པ་བཅད། རྩོམ་སྒྲིག་པ། སངས་བཀྲ།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་གསོལ་སྟོན་རིགས་བརྒྱད་ལ་འགྲོ་མི་ཆོག་པར་ཐག་བཅད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་གསོལ་སྟོན་རིགས་བརྒྱད་ལ་འགྲོ་མི་ཆོག་པར་ཐག་བཅད།གཅིག གཞུང་སྒོར་གྱིས་བཤམས་པའི་གསོལ་སྟོན་ལ་ཞུགས་མི་ཆོགགཉིས། ཁེ་ལས་ཀྱིས་བཀོད་སྒྲིག་བྱས་པའི་གསོལ་མགྲོན་དང་ལེན་བྱེད་མི་ཆོགགསུམ། ཁེ་ལས་སུ་སོང་ནས་རྣམ་པ་འགྱུར་བའི་ཟ་འཐུང་བྱེད་མི་ཆོགབཞི། དོ་དམ་ཞབས་ཕྱི་བྱ་ཡུལ་གྱི་བཀོད་སྒྲིག་བྱས་པའི་ཟ་མ་དང་ལེན་བྱེད་མི་ཆོགལྔ། གཞུང་དོན་ལག་བསྟར་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཟ་མ་དང་ལེན་བྱེད་མི་ཆོགདྲུག གཞུང་སྒོར་སྤྱད་ནས་སྒེར་གྱི་མགྲོན་པོར་གསོལ་སྟོན་བྱེད་མི་ཆོགབདུན། རྒྱས་སྤྲོས་ཆེ་བའི་གཉེན་སྒྲིག་དང་འདས་མཆོད་ཀྱི་གསོལ་སྟོན་ལ་ཞུགས་མི་ཆོགབརྒྱད། རྔན་བསྡུའི་ངོ་བོ་ལྡན་པའི་གསོལ་སྟོན་རིགས་ལ་ཞུགས་མི་ཆོག

༄༅།།འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག

ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ཧའོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ཉེ་ལམ་ཧོ་ནན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

ལྷ་སས་ཁ་བསླུས་རྒྱག་མཁན་གྱི་ཚོགས་པ་ཞིག་རྩ་མེད་བཏང་།

གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས“ཆེད་ལས་དང་ལམ་སྲོལ། གཞི་གྲངས་ཆེན་པོ་ཟུང་དུ་འབྲེལ་བ”ཡི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་སྟེ། “བྱང་བུ་འགོག་པའི”བྱ་སྤྱོད་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཆེད་ལས་རིམ་སྤོར་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་གྲངས་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུག་རྡེག་ཚ་ནན་བཏང་། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དངུལ་ཁང་ག་གེ་མོ་ཞིག་དང་མཉམ་འབྲེལ་བྱས་ཏེ་མི་སྒེར་གྱི་དངུལ་ཁང་བྱང་བུ་སྤྱད་དེ་ཁ་བསླུས་རྒྱག་པའི་ཉེས་གསོག་ཚོགས་པ་ཞིག་བདེ་བླག་ངང་མེད་པར་བཟོས་ནས། དོགས་ཡོད་མི་སྣ2འཛིན་བཟུང་བྱས། ད་ལོའི་ཟླ3པར། ལྷ་ས་གྲོང་ཁྱེར་གྱིས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་གྲོང་ཁྱེར་གྱི་དངུལ་ཁང་ཡན་ལག་སྒྲིག་གཞི་ཚང་མར་མགྱོགས་མྱུར་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་རེད།ཟླ3པའི་ཚེས19ཉིན། ལྷ་ས་གྲོང་ཁྱེར་གྱི་དངུལ་ཁང་ག་གེ་མོ་ཞིག་གིས་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་ཁུངས་སྣེ་གལ་ཆེན་ཞིག་སྤྲད་པ་སྟེ། ཧྲེན་ཆེ་གེ་མོས་བྱང་བུའི་ནང་ཉིན་དེར་བཞག་མ་ཐག་པའི་སྒོར་ཁྲི10ཉིན་དེར་འདོན་དགོས་པའི་རེ་བ་བཏོན། ཁུངས་སྣེ་འབྱོར་རྗེས་སུ། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཉེན་རྟོག་པས་མགྱོགས་མྱུར་བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་ཧྲེན་ཆེ་གེ་མོ་དང་དེ་སྔོན་ཤེས་རྟོགས་བྱུང་བའི་དོགས་ཡོད་མི་སྣའི་ཁྱད་ཆོས་དང་ཕལ་ཆེར་འདྲ་མཚུངས་ཡིན་པ་ཤེས་རྟོགས་བྱུང་ཞིང་། འཕྲལ་མར་དངུལ་ཁང་དུ་བསྐྱོད་དེ་ཧྲེན་ག་གེ་མོ་དང་དེའི་རོགས་པ་ཞའོ་ཆེ་གེ་མོར་བརྟག་དཔྱད་བྱས། བརྟག་དཔྱད་བྱས་པ་བརྒྱུད། ད་ལོའི་ཟླ2པར་ཧྲེན་ཆེ་གེ་མོ་དང་ཞའོ་ཆེ་གེ་མོ་གཉིས་ཀྱིས་ཕྱི་རྒྱལ་གྱི་མི་སྣ་དང་འབྲེལ་བ་བྱས་ཏེ། “དངུལ་ཁ་བསླུས་རྒྱག་པའི་ཆ་འཕྲིན་ཤེས་པ་མ་ཟད། ལྷ་སར་གཞུང་དོན་གྱི་ཐོ་ཁོངས་དང་མི་སྒེར་གྱི་གཱ་རིགས་དང་པོའི་ཐོ་ཁོངས་དབྱེ་བ་ཕྱེ་ནས། དྲ་རྒྱའི་དངུལ་ཁང་གི་དངུལ་བསྒྱུར་བར་བརྟེན་ནས་རྒྱན་པོ་འགྱེད་པ་དང་མགོ་སྐོར་དང་འབྲེལ་བའི་མ་དངུལ་རྩིས་སྒྱུར་བྱས་འདུག དེའི་རིང་ལ་ཧྲེན་ཆེ་གེ་མོ་དང་ཞའོ་ཆེ་གེ་མོ་གཉིས་ཀྱིས་ཕྱི་རྒྱལ་གྱི་མི་སྣར་རོགས་རམ་བྱས་ནས། དྲ་ཐོག་རྒྱན་འཛུགས་དང་མགོ་སྐོར་དང་འབྲེལ་བའི་དངུལ་བསྡོམས་འབོར་སྒོར་ཁྲི80ལྷག་ཙམ་ཧམ་བཟུང་བྱས་པ་དང་། ཁྲིམས་འགལ་ངང་སྒོར3000དང1200གཡོ་ལེན་བྱས། མིག་སྔར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། མི་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་འགན་འཁུར་བས་གྱོད་གཞིར་བརྟག་དཔྱད་དང་རྡུང་རྡེག་གི་ལས་དོན་མུ་མཐུད་སྤེལ་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད། ཉེན་རྟོག་པའི་ཤ་ཚའི་དྲན་སྐུལ། རྒྱ་ཆེའི་མང་ཚོགས་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་གཏོང་དགོས་པ་ལས། ཁེ་སྤོགས་ཆུང་ཆུང་གི་ཆེད་དུ་དངུལ་ཁང་གཱ་དང་ཁ་པར་གཱ་ཕྱི་ལ་གཡར་བ་དང་བརྒྱུད་འཚོང་གཏན་ནས་བྱེད་མི་རུང་། གལ་ཏེ་མི་གཞན་གྱིས་དེ་བེད་སྤྱོད་བྱས་ནས་བྱ་ངན་སྤྱོད་ངན་སྤེལ་ཚེ། ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ད་དུང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་སྲིད་པས། ངེས་པར་དུ་ཡིད་གཟབ་གནང་རོགས་ཞུ།

༄༅།།འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག

བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུན་པའོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ཉེ་ལམ་བོད་རང་སྐྱོང་ལྗོངས་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

༄༅།།ལོ་72ལ་སླེབས་པའི་ཏུའུ་ཕིང་ཐའེ་ལ་བརྟག་དཔྱད་བྱས་འདུག

ཚེས་4ཉིན། ཨན་ཧུའེ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ཁོངས་ལྟ་ཞིབ་ཨུ་ལྷན་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཏུའུ་ཕིང་ཐའེ་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པས། ད་ཆ་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། ཡོངས་བསྒྲགས་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། ཏུའུ་ཕིང་ཐའེ་ནི་1953ལོའི་ཟླ་4པར་སྐྱེས་པ་དང་། ཨན་ཧུའེ་ཏིང་ཡོན་ནས་རེད། ཁོ་པས་ཡུན་རིང་ཧོ་ཧྥེ་གྲོང་ཁྱེར་དུ་ལས་ཀ་བྱས་པ་དང་། ཧོ་ཧྥེ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། ཧོ་ཧྥེ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ཧོ་ཧྥེ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་གྲོང་དཔོན་གཞོན་པ་སོགས་ཀྱི་འགན་འཁུར་མྱོང་ཡོད། 2012ལོར་ཧོ་ཧྥེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར།

༄༅།།《ནག་ཆུ་གྲོང་ཁྱེར་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དོ་དམ་སྲོལ་ཡིག》དངོས་སུ་བཏོན་འདུག

ཉེ་ཆར། 《ནག་ཆུ་གྲོང་ཁྱེར་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དོ་དམ་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཞེས་བརྗོད་རྒྱུ)དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། 《སྲོལ་ཡིག》དེ་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པར་ཆོག་མཆན་གནང་བ་བརྒྱུད་2025ལོའི་ཟླ་5པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།《སྲོལ་ཡིག》འདི་བཟོས་པ་ནི་བོད་ལྗོངས་ཀྱི་སྐྱེ་དངོས་ཐོན་ཁུངས་རྐྱང་མ་སྲུང་སྐྱོབ་དོ་དམ་ཐད་ཀྱི་ས་གནས་ཀྱི་ཁྲིམས་འཛུགས་ཐེངས་དང་པོ་ཡིན་པ་རེད། 《སྲོལ་ཡིག》ནང་ཐོན་ཁུངས་སྲུང་སྐྱོབ་དང་། འཚོལ་བསྡུ་དོ་དམ། སྤུས་རྟགས་སྲུང་སྐྱོབ། ལྟ་སྐུལ་དོ་དམ། བཅའ་ཁྲིམས་འགན་འཁྲི་སོགས་ཁྱོན་ལེ་ཚན་7དང་ནང་དོན་དོན་ཚན་38ཚུད་ཡོད། དེའི་དམིགས་ཡུལ་ནི་ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དང་གཉེར་སྐྱོང་སོགས་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ནག་ཆུའི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་འཛུགས་པ། ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཅས་ཡིན། ནག་ཆུའི་དབྱར་རྩྭ་དགུན་འབུ་ཞེས་པ་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། ལྷ་རི་རྫོང་། འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་། གཉན་རོང་རྫོང་སོགས་རྒྱལ་ཁབ་ཀྱིས་སྤྱི་བསྒྲགས་བྱས་པའི་ས་ཁམས་མཚོན་རྟགས་ཐོན་རྫས་བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་ཁྱབ་ཁོངས་སུ་རང་བཞིན་དུ་སྐྱེས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་དབྱར་རྩྭ་དགུན་འབུ་ལ་ཟེར། 《སྲོལ་ཡིག》ནང་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དང་དོ་དམ་བྱེད་པར་ལྗང་མདོག་འཕེལ་རྒྱས་དང་། སྲུང་སྐྱོབ་གཙོ་བོར་བྱེད་པ། ལུགས་མཐུན་བེད་སྤྱོད་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ། སྲིད་གཞུང་གིས་གཅིག་འདོམས་སྐུལ་འདེད་གཏོང་བ། སྡེ་ཁག་མཐུན་སྦྱོར་མཉམ་འགུལ། ལས་རིགས་ཀྱིས་རང་གཅུན་ཁྲིད་སྟོན། སྤྱི་ཚོགས་མཐུན་སྦྱོར་ཐེ་ཞུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་གཏན་ལ་ཕབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཡིན་པ་དང་དེ་རྫོང་(ཁུལ)6ལ་ཁྱབ་ཡོད་པ་རེད། མིག་སྔར། ནག་ཆུ་གྲོང་ཁྱེར་ལ་“ནག་ཆུའི་དབྱར་རྩྭ་”“ནག་ཆུའི་དབྱར་རྩྭ་དགུན་འབུ”“སྦྲ་ཆེན་གྱི་དབྱར་རྩྭ་དགུན་འབུ”བཅས་ས་ཁམས་མཚོན་རྟགས་དཔང་རྟགས་ཚོང་རྟགས་གསུམ་དང་། “བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་”བཅས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་1དང་། “བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་”ས་ཁམས་མཚོན་རྟགས་ཐོན་རྫས་དེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་བེད་སྤྱོད་སྐུལ་འདེད་ཀྱི་གཙོ་གནད་འབྲེལ་གཏུག་མཛུབ་ཁྲིད་མིང་ཐོའི་ནང་བདེ་བླག་ངང་བཅུག་ཡོད་པ་རེད།

བོད་ཀྱི་བྲིས་པ་བློ་བཟང་འཇིགས་མེད་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བའི་ཡིག་གཟུགས་ཀྱི་མཆོད་པ།

བོད་ཀྱི་བྲིས་པ་བློ་བཟང་འཇིགས་མེད་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བའི་ཡིག་གཟུགས་ཀྱི་མཆོད་པ།        རྫོང་སྔོན་བློ་བཟང་འཇིགས་མེད། སྨྱུག་མིང་ལ་གངས་རྩེ་སྨྱུག་ཏུ་འབོད། རེབ་གོང་རྩེ་ཁོག་ཏུ་སྐྱེས།《ལང་ཚོའི་ཟུངས་ཁྲག》ཅེས་པའི་སྙན་དེབ་པར་བསྐྲུན་བྱས། 《སྦྲང་ཆར》《གངས་རྒྱན་མེ་ཏོག》སོགས་བོད་ཁུལ་གྱི་དུས་དེབ་སྟེང་སྙན་ངག་གང་མང་བཀོད། རྒྱལ་ཡོངས་སྐབས་དང་བོའི་གངས་རྒྱན་མེ་ཏོག་རྟགས་མ

ཧེ་ཡན་དང་ཀོང་ཏུང་ཡུན་ནན་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་ལ་སྒོར་དུང་ཕྱུར9.6གི་གན་རྒྱ་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཨུ་ལྷན་གྱི་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་མཚོ་བྱང་ཁུལ་ཧེ་ཡན་རྫོང་གིས་ཚོང་འགུག་ངོ་སྤྲོད་ཚོགས་པ་སྒྲིག་འཛུགས་བྱས་ནས། ཀོང་ཀྲོའུ་དང་ཁུན་མིང་ས་གནས་གཉིས་སུ་ཕེབས་ནས་རིག་གནས་ཡུལ་སྐོར་གྱི་ཚོང་འགུག་ནང་འདྲེན་དང་ཡུལ་སྐོར་ཐོན་རྫས་ཀྱི་ཆེད་དོན་ངོ་སྤྲོད་བྱེད་སྒོ་གཉེར་བ་རེད། བྱེད་སྒོའི་ནང་རིམ་རྩིས་ཐོག་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་འདོད་མོས་མཉམ་ལས་གྲོས་མཐུན་བཞག་པ་དང་དངུལ་གྲངས་སྒོར་དུང་ཕྱུར9.6ཟིན་པ། དུས་མཚུངས་སུ་ཡུལ་སྐོར་ལས་དོན་ཁང157དང་འགྲུལ་པ་སྐྱེལ་འདྲེན་དང་ཐོན་རྫས་མཉམ་ཚོང་མཉམ་ལས་ལམ་སྲོལ་བཙུགས།ད་ཐེངས་ཀྱི་བྱེད་སྒོ་དེ“དམར་པོའི་སྣེ་ཁྲིད་དང་། སྐྱེ་ཁམས་ནུས་ཆེན། རིག་གནས་དང་ཡུལ་སྐོར་མཉམ་འཇུག”ཅེས་པའི་བརྗོད་དོན་ལ་དམིགས་ཏེ། གནད་ལ་འཁེལ་བའི་ངོ་སྤྲོད་དང་། རྣམ་གྲངས་གན་རྒྱ་འཇོག་པ། ཐོན་ཁུངས་འགྲེམས་སྟོན་སོགས་སྣ་མང་ཅན་གྱི་རྣམ་པ་བརྒྱུད་ཧེ་ཡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཕྱོགས་ཡོངས་ནས་མངོན་པ་རེད། ཧེ་ཡན་རྫོང་གིས་ཚོང་འགུག་དངུལ་འདྲེན་པའི་རྣམ་གྲངས10དང་།“ཚོང་ལས་ལ་བརྟེན་ནས་ཚོང་འགུག་བྱེད་པའི”རྣམ་གྲངས6གཙོ་གནད་ཐོག་ངོ་སྤྲོད་བྱས་ཤིང་། རྣམ་གྲངས་དེར་དམར་པོའི་ཡུལ་སྐོར་དང་། གནའ་གྲོང་གསར་སྤེལ། གྲོང་གསེབ་ཀྱི་སྤྲོ་གསེང་། བློ་རིག་མཛེས་ལྗོངས་ཁུལ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་། མ་དངུལ་གཏོང་བའི་གཞི་ཁྱོན་བསྡོམས་འབོར་སྒོར་དུང་ཕྱུར34.38ལ་སླེབས་ནས། ས་གནས་གཉིས་ཀྱི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ལས་གཉེར་བྱ་རྒྱུར་གདམ་ག་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས།བྱེད་སྒོ་སྤེལ་བའི་རིང་། ཧེ་ཡན་རྫོང་གིས་ཀོང་ཀྲོའུ་དང་ཁུན་མིང་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་དང་། ལས་རིགས་མཐུན་ཚོགས། ཡུལ་སྐོར་ལས་དོན་ཁང་བཅས་དབར་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཚན་དང་གཙོ་གནད་ཁེ་ལས་ཀྱིས《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་འབྱུང་འགྱུར་ཐོན་ཁུངས་མཉམ་སྤྱོད་དང་། ལམ་ཐིག་མཉམ་བསྐྲུན། ཁྲོམ་ར་ཐུན་མོང་རྒྱ་བསྐྱེད་སོགས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད། ཧེ་ཡན་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཆེད། བྱེད་སྒོའི་ཡུལ་དངོས་སུ“ལམ་ནས་འཁྲབ་སྟོན་དང་འཕྲལ་བརྙན”གྱི་གསར་གཏོད་རྣམ་པ་སྤྱད་པར་མ་ཟད། རི་མོ་དང་རྩོམ་ཡིག་འགྲེམས་སྟོན་སོགས་ཀྱི་བྱ་རིམ་དང་མཉམ་འདྲེས་བྱས་ནས། ཧེ་ཡན་གྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྐྱེ་ཁམས་ཡུལ་ལྗོངས་ལངས་གཟུགས་ཅན་མངོན་ཡོད། བྱེད་སྒོའི་ཡུལ་དངོས་སུ་ད་དུང་མང་ཚོགས་ལ་སྤུས་ལེགས་རིག་གནས་གསར་གཏོད་ཐོན་རྫས་ཕུལ་བ་དང་།“ཧེ་ཡན་ཡུལ་སྐོར་ལམ་ཡིག”600སྤྲད་པ་དང་ཀོང་ཀྲོའུ་དང་ཁུན་མིང་གི་ཡུལ་སྐོར་བ“ཆུ་དྭངས་ཧེ་ཡན”དུ་ཕེབས་པར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས། བྱེད་སྒོ་དེས་གྲོང་མི་མང་པོ་ཞིག་འདུག་ནས་མཉམ་འགུལ་བྱེད་པའི་ཡིད་དབང་བཀུག་པས།“ཆུ་དྭངས་ཧེ་ཡན·སྤྲོ་སྣང་གི་འགྲུལ་བཞུད”ཀྱི་ཟོང་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ཡོད། །

ཡུལ་སྐོར་བས་གནའ་བོའི་གྲོང་རྡལ་དུ་ཡུལ་སྐོར་བྱེད་པ།

ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཅང་ཆུས་ཐུང་ལི་གནའ་བོའི་གྲོང་རྡལ་དུ་དཔྱིད་དཔལ་རབ་ཏུ་བཞད་ལ་ཡུལ་སྐོར་བ་མང་ཞིང་། གྲུར་བསྡད་ནས་མཛེས་ལྗོངས་མྱོང་རོལ་བྱེད་པ་དེ་དར་སོ་ཞིག་ལ་གྱུར་ཡོད་ཅིང་། འདི་ནི་ཡུལ་སྐོར་བས་གནའ་བོའི་གྲོང་རྡལ་དུ་ཡུལ་སྐོར་བྱེད་བཞིན་པ། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

བོད་ལྗོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཁེ་སྤོགས་གང་ལེགས་ཐོབ་པ།

ཉེ་ཆར། བོད་ཀྱི་ས་ཆ་མང་པོ་ཞིག་གིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་དང་འབྲེལ། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་རབ་དང་རིམ་པ་སྔ་རྗེས་སུ་སྤེལ་ནས་ས་མཐོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྤྲོ་སེམས་འཕེལ་བར་བྱས་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་གྲངས་གཞི་ལས་མངོན་པར། ཟླ་4ཚེས་1ཉིན་བར། ལྗོངས་ཡོངས་ཀྱིས་ཁ་གསབ་དངུལ་སྒོར་ཁྲི་4722.03སྤྱད་དེ་འཛད་ཟོག་རྙིང་པ་64636གསར་པར་བརྗེས་པ་དང་། ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་2.83ཡོང་བར་སྐུལ་ཁྲིད་བྱས་པ། རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། དེ་བཞིན་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་དང་། འཛད་སྤྱོད་ཀྱི་ཡིད་ཆེས་ཆེར་གཏོང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།རང་ལྗོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཁེ་སྤོགས་མགྱོགས་མྱུར་བྱུང་བ་དེ་རྒྱལ་ཁབ་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་མང་དུ་ཤུགས་ཆེན་གཏོང་བ་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཁ་འབྲལ་ཐབས་མེད། འདི་ལོ་རྒྱལ་ཁབ་ཀྱི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་པའི་དངུལ་འབོར་སྒོར་དུང་ཕྱུར་3000བར་མང་དུ་བཏང་བ་དེ་ན་ནིང་གི་དངུལ་འབོར་ལས་ལྡབ་གཅིག་འཕར་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་9ཡིས་བཀྲམ་པའི《2025ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་དགོངས་དོན་གཞིར་བཟུང་། ད་ལོ་རང་ལྗོངས་ཀྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར་2.0066དོན་འཁྱོལ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་ཀྱིས་ད་དུང་མ་དངུལ་གྱི་གཞི་ཁྱོན་དེ་བས་ཆེ་རུ་བཏང་ནས་བོད་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོར་རྒྱབ་སྐྱོར་བྱ་རྒྱུ་རེད།ད་ལོ་རང་སྐྱོང་ལྗོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོའི་ཁྲོད་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོ་བའི་རིགས“8+N”ནས་རིགས“12+N”བར་མང་དུ་བཏང་ནས། ལག་ཐོགས་ཁ་པར་དང་། ངོས་ལེབ་གློག་ཀླད། རིག་ནུས་ཆུ་ཚོད(ལག་གདུབ)སོགས་མང་དུ་གཏོང་བ་ཕུད། ད་དུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱིམ་སྤྱོད་དབྱང་བཟོའི་སྒྲིག་ཆས་མུ་མཐུད་རྫས་ཟོག་རྙིང་པ་གསར་པར་བརྗེ་བའི་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་སྟེ། མཐའ་མཚམས་ས་ཁུལ་གྱི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དང་ས་ཡོམ་གྱི་གེགས་རྗེས་སླར་གསོའི་ཁྱབ་ཁོངས་ནང་གི་མང་ཚོགས་དང་། དེ་བཞིན་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། དབང་པོ་སྐྱོན་ཅན་བཅས་ཀྱིས་ཁྱིམ་སྤྱོད་ཐབ་ཆས་དང་གསང་སྤྱོད་ཀྱི་སྤྱོད་ཆས་རིགས་23ཉོ་བའི་ཁ་གསབ་ཚད་གཞི་20%ནས་25%བར་མཐོ་རུ་བཏང་ནས། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་དྲོ་སྐྱིད་གང་ལེགས་ཚོར་བར་བྱེད་པ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།གློག་སྒུལ་རྐང་འཁོར་རིགས་གསར་པར་བརྗེ་དཀའ་བའི་གནད་དོན་ལ་དམིགས་ནས། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ཚད་གཞི་ན་ནིང་གི་ཁ་གསབ་མཐོ་ཤོས་སྒོར་600ནས་30%བར་མཐོ་རུ་བཏང་བ་དང་། མཐོ་ཤོས་སྒོར་1000ལས་བརྒལ་ཆོག་གི་མེད། གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེ་བའི“གཅིག་འཐུས་རྣམ་པའི”སྒྲུབ་གཉེར་ལ་མཛུབ་ཁྲིད་དང་སྐུལ་འདེད་ཧུར་ཐག་བཏང་སྟེ། གློག་སྒུལ་རྐང་འཁོར་གསར་པར་བརྗེ་བའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

༄༅།།ཁམ་བུ་མེ་ཏོག་གི་ཞིང་ཁམས། མཛེས་སྡུག་ལྡན་པའི་ཉིང་ཁྲི།

ཡུན་རིང་སྒུག་པའི་དཔྱིད་དཔལ་སླེབས་སོང་། ཁམ་བུའི་མེ་ཏོག་བཞད་སོང་། “ཁམ་བུའི་མེ་ཏོག་གི་ཕ་ཡུལ་”ཞེས་འབོད་པའི་བོད་ལྗོངས་ཉིང་ཁྲི་རུ། རབ་ཏུ་བཞད་པའི་ཁམ་བུ་མེ་ཏོག་གིས་ཕྱོགས་བཞིའི་མི་རྣམས་བཀུག་བཞིན་ཡོད། འདི་ནས་ང་ཚོས་མཉམ་དུ་AIཐོག་ནས་མཛེས་སྡུག་ལྡན་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་བཞད་པའི་རྣམ་པར་བལྟ།

གངས་དཀར་རི་བོའི་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

ཉེ་ཆར། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སི་ཁྲོན་གྱི་རི་རྒྱལ་གངས་དཀར་རི་བོའི་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། འོས་སྦྱོར་ཚོགས་འདུར་གངས་དཀར་རི་བོའི་རང་བྱུང་ངོ་མཚར་དང་སྣ་མང་རིག་གནས། ཡུལ་སྐོར་ཉམས་ལེན་བཅས་འགྲེམས་སྟོན་བྱས་པར་བརྒྱུད་དྲྭ་ཐོག་དང་དྲྭ་ཕྱིར་གངས་དཀར་རི་བོའི་སྐྱེ་ཁམས་དང་མི་རིག་གི་རིན་ཐང་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། འཛམ་བུ་གླིང་ལ་སྣ་མང་ཞིང་ཡིད་དབང་འཕྲོག་པའི་གནས་མཆོག་དཀར་མཛེས་ཁུལ་གྱི་མཛེས་སྡུག་མངོན་པ་རེད། ཅི་ལིན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་ཚོང་དོན་ཐིང་། ལུས་རྩལ་ཅུས་སོགས་འབྲེལ་ཡོད་ཞིང་ཆེན་རིམ་པའི་སྡེ་ཚན་དང་། དེ་བཞིན་ཀྲེ་ཅང་དང་ཅང་སུའུ། ཧུའུ་ནན། ཁྲུང་ཆིང་སོགས་སྒེར་འཁོར་ཡུལ་སྐོར་མཐུན་ཚོགས་དང་། སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་ཡུལ་སྐོར་ལས་དོན་ཁང་། ཡུལ་སྐོར་མ་འཇོག་ཚོང་པ། དྲྭ་གྲགས་སོགས་མི300ཙམ་ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་འོས་སྦྱོར་ཚོགས་འདུར་ཞུགས་མཁན་གྱི་སྐུ་མགྲོན་ཡོངས་ལ་དགའ་བསུ་ཞུས་པ་དང་། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་དཀར་མཛེས་ཁུལ་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་། ཁོང་གིས་དཀར་མཛེས་ཁུལ་ནི་མཚོ་བོད་མཐོ་སྒང་ཤར་ལྷོའི་མཐའ་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་བའི་ས་ཁུལ་དུ་གནས་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི15.3ཡོད་ཅིང་ཀྲུང་གོ་གསར་པ་བཙུགས་རྗེས་ཀྱི་ཀྲོན་ཆུས་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དང་པོ་དེ་ཡིན་པ་རེད། དཀར་མཛེས་ཁུལ་ལ་རི་ཆུ་མཛེས་སྡུག་ལྡན་པ་དང་། ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས། སྐྱེ་སྟོབས་ཕུན་སུམ་ཚོགས་པ། ཐོན་ཁུངས་ཁྱད་དུ་འཕགས་པ། མདུན་ལམ་ཡག་པོ་ཡོད་པ་སོགས་མངོན་གསལ་གྱི་ཁྱད་ཆོས་དྲུག་ལྡན་པས། ཁམས་པའི་རིག་གནས་ཀྱི་ལྟེ་བའི་ཁུལ་དང་། དམར་དམག་རྒྱང་སྐྱོད་བཅའ་སྡོད་དུས་ཡུན་རིང་ཤོས་ཀྱི་གསར་བརྗེའི་གནས་གཞི། གོ་ལ་ཧྲིལ་པོའི་མཚོ་འཕགས་ཧེ་བག་ཆེ་ཤོས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བར་ཁྱམས་ཤིག་ཡིན་པས་ཡུལ་ལྗོངས་འདུས་ཚད་ཆེས་མང་བའི་ས་ཁོངས་ཤིག་ཡིན་ཞེས་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཏུ་ལྷག་བསམ་ཟོལ་མེད་ཀྱིས་ཚང་མ་དཀར་མཛེས་ཁུལ་དུ་ལྟ་སྐོར་དང་། དཀར་མཛེས་ཁུལ་དུ་ལས་གཏོད་འཕེལ་རྒྱས་གཏོང་བར་ཡོང་ནས་གནས་མཆོག་དཀར་མཛེས་ཁུལ་གྱི་ཡུལ་ལྗོངས་དང་ཕུན་ཚོགས་པའི་རྣམ་པར་དངོས་སུ་མྱོང་རོལ་བྱ་བར་གདན་འདྲེན་ཞུས་པ་རེད། ཚོགས་འདུར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས“འབྲི་ཆུའི་འབྱུང་ཡུལ་དང་སི་ཁྲོན་གྱི་རི་རྒྱལ་གངས་དཀར་རི་བོའི་ཞལ་སྟོང”ཞེས་པའི་གཙོ་དོན་འོས་སྦྱོར་ལས་གངས་དཀར་རི་བོའི་ཞལ་སྟོང་གི་རང་བཞིན་གསོན་ཉམས་དོད་པོས་མངོན་པ་རེད། ཧྥུང་ཧྥ་ཀུའེ་ཡིས་ཡུལ་སྐོར་བ་ཆིག་སྟོང་གི་མིག་ལམ་ན་གངས་དཀར་རི་བོའི་སྣང་བརྙན་ཆིག་སྟོང་ཡོད་པས་གངས་དཀར་རི་བོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་སྟེ། འབྲི་ཆུའི་འབབ་རྒྱུད་ཀྱི་རི་བོ་མཐོ་ཤོས་དང་། འཕྲེད་རྒྱུག་རི་རྒྱུད་ཀྱི་རི་བོ་མཐོ་ཤོས། སི་ཁྲོན་ཞིང་ཆེན་གྱི་རི་བོ་མཐོ་ཤོས་བཅས་ཡིན་པས། གོ་ལ་ཧྲིལ་པོའི་འཕྲེད་ཐིག་གཅིག་པའི་མཚོ་འཕགས་དམའ་ཤོས་ཀྱི་དེང་རབས་འཁྱགས་ཀླུང་སྟེ་དུང་དཀར་ལུང་པའི་འཁྱགས་ཀླུང་དང་གྲོང་ཁྱེར་ཆེན་པོ་དང་བར་ཐག་ཉེ་བའི་རི་བོ་མཐོ་ཤོས་ཡིན་པ་རེད་ཅེས་གསུངས། ལྷག་པར་དུ“མང་བ་བཞི”ཡི་ཐོག་ནས་གངས་དཀར་རི་བོའི་ཞལ་སྟོང་རང་བཞིན་ངོ་སྤྲོད་ཞིབ་ཕྲ་བྱས་པ་སྟེ། གཅིག་ནི་རང་བྱུང་ཡུལ་ལྗོངས་སྣ་མང་ཡོད་པ་དང་། གཉིས་ནི་མི་རིག་གི་ཉམས་འགྱུར་སྣ་མང་ལྡན་པ། གསུམ་ནི་གནམ་གཤིས་དང་སྐྱེ་ཁམས་སྣ་མང་། བཞི་ནི་ཡུལ་སྐོར་གྱི་ཉམས་ལེན་སྣ་མང་ཡིན་པ་དང་། དེ་དང་ཆབས་ཅིག་གངས་དཀར་རི་བོའི་དངོས་ལྗོངས་པར་རིས་ཨང་ཀི་ཅན་གྱི་སྟེགས་བུ་ཁྱབ་བསྒྲགས་བྱས་པ་དང་ཐོན་ལས་འཕེལ་རྒྱས་གཏོང་ཕྱོགས6དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར92.2ལ་ཟིན་པའི་སྤུས་ལེགས་ཚོང་འགུག་མ་འདྲེན་ལས་གཞི52ཀྱི་ཞིབ་ཐོ་བཏོན་པ་རེད། འོས་སྦྱོར་ཚོགས་འདུར་ད་དུང་ལོ་ཧྲིལ་པོའི“4+N”རིག་གནས་ཡུལ་སྐོར་ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་དང་། འཕྲིན་སྦྱོར་གསར་པའི་དྲྭ་གྲགས་ཀྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བརྩམས་ཆོས་ལ་བྱ་དགའ་སྤྲོད་ཐབས་གསལ་འགྲེལ་བྱས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཅི་ལིན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་བར་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད། འབྲེལ་ཡོད་རྫོང(གྲོང་ཁྱེར)དང་ཁེ་ལས་བར་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་མ་འཇོག་གྲོས་མཐུན་བཞག་པ་རེད། ཐེངས་འདིའི་སི་ཁྲོན་གྱི་རི་རྒྱལ་གངས་དཀར་རི་བོའི་ཞལ་སྟོང་འོས་སྦྱོར་ཚོགས་འདུར་གན་རྒྱ་བཞག་པའི་རྣམ་གྲངས13ཡོད་པ་དང་གྲོས་མཐུན་བཞག་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར48.96ལ་ཟིན་པ་རེད། དེའི་ནང་ཡུལ་དངོས་སུ་གན་རྒྱ་བཞག་པའི་ལས་གཞི6དང་གྲོས་མཐུན་བཞག་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར11.02ལ་ཟིན་པ་རེད།། ལོ་ཙཱ། ལྷ་འཛོམས།རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།

༄༅། །རྒྱལ་བསྟན་དར་རྒྱས་གླིང་གི་གནས་བཤད།

ཡུལ་སྐོར་བ་ལྷན་རྒྱས་སྐུ་ཁམས་བཟང་། རྒྱལ་བསྟན་དར་རྒྱས་གླིང་དུ་ཕེབས་པར་དགའ་བསུ་ཞུ།རྒྱལ་བསྟན་དར་རྒྱས་གླིང་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་ཞིག་ཡིན། དགོན་པ་འདི་ཉིད་1703ལོར་གོང་མ་ཁང་ཞི་མཆོག་ནུབ་ཕྱོགས་སུ་སྐོར་གཟིགས་ལ་ཕེབས་སྐབས་ཕྱག་འདེབས་མཛད་དེ། ད་ལྟའི་བར་དུ་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ཡོད། མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དགོན་པ་རྩ་ཆེན་གྲས་སུ་བདམས་ཤིང་། ཧྲའན་ཞི་ཞིང་ཆེན་ནང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཁོ་ན་དེ་ཡིན། དགོན་པའི་ནང་དུ་རྟེན་གཙོ་རིན་ཆེན་སྣ་བརྒྱད་དང་། ཐེམ་ཡིག་ཆེན་པོ་དྲུག ངོ་མཚར་བའི་ལྗོན་ཤིང་དྲུག་སོགས་ཡོད། གཤམ་ནས་ང་ཚོ་མཉམ་དུ་མ་ཧཱ་ཙི་ནའི་ཡུལ་གྱི་གངས་ལྷ་མེ་ཏོག་ཏུ་འབོད་པའི་རྒྱལ་བསྟན་དར་རྒྱས་གླིང་དུ་གཟིགས་སྐོར་ལ་བསྐྱོད་པར་བྱ།དགོན་པའི་མདུན་སྒོའི་ཐང་ཆེན་དུ་ཨ་སྔོན་དབྱིངས་ལ་ཟུག་པའི་དར་ཤིང་ཆ་གཅིག་བསླངས་པ་དེར་རྒྱལ་མཚན་ཞེས་འབོད། དེ་ཉིད་སྒོ་ཆེན་གྱི་མདུན་སར་བསླངས་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཚོན་བྱེད་ཡིན་ཞིང་། དེར་གདོན་བགེགས་བར་ཆད་སེལ་བའི་ནུས་པ་ཡོད།སྒོ་ཆེན་གྱི་གཞོགས་གཉིས་སུ་བརྗིད་ཉམས་ལྡན་པའི་གཡང་ཊི་དཀར་པོའི་མཆོད་རྟེན་ཆ་བརྒྱད་ཡོད་པར་བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་གསོལ་ཞིང་། དེའང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ཡིན། བདེ་གཤེགས་མཆོད་རྟེན་བརྒྱད་ནི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་ཆེན་བརྒྱད་ཀྱི་དྲན་རྟེན་དུ་བཞེངས་པ་ཡིན། མཆོད་རྟེན་རེ་རེའི་བཟོ་དབྱིབས་དང་མཚོན་དོན་མི་འདྲ་སྟེ། མཆོད་རྟེན་དང་པོ་པད་སྤུངས་མཆོད་རྟེན་ནི་སྟོན་པ་སྐུ་འཁྲུངས་རྗེས་ཞབས་ཀྱིས་གོམ་པ་བདུན་སྤོས་པའི་ཞབས་རྗེས་རེ་རེའི་ཤུལ་དུ་མེ་ཏོག་པདྨ་བཞད་པར་རྗེས་སུ་དྲན་ཕྱིར་དང་། གཉིས་པ་བྱང་ཆུབ་མཆོད་རྟེན་ནི་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་པར་རྗེས་སུ་དྲན་པ། གསུམ་པ་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་སྟོན་པས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བར་རྗེས་སུ་དྲན་པ། བཞི་པ་ཆོ་འཕྲུལ་མཆོད་རྟེན་ནི་སྟོན་པས་མུ་སྟེགས་ཕྱི་རོལ་པ་རྣམས་བཏུལ་བའི་ངོ་མཚར་བའི་མཛད་པར་རྗེས་སུ་དྲན་པ། ལྔ་པ་ལྷ་བབས་མཆོད་རྟེན་ནི་སྟོན་པ་སངས་རྒྱས་ལྷ་ཡུལ་ནས་སླར་མི་ཡུལ་དུ་ཕེབས་པར་རྗེས་སུ་དྲན་པ། དྲུག་པ་དབྱེན་ཟླུམ་མཆོད་རྟེན་ནི་སྟོན་པས་དགེ་འདུན་པའི་དབྱེན་འདུམས་པར་རྗེས་སུ་དྲན་པ། བདུན་པ་རྣམ་རྒྱལ་མཆོད་རྟེན་ནི་སྟོན་པས་མ་རུང་བདུད་སྡེ་ཐམས་ཅད་བཏུལ་བར་རྗེས་སུ་དྲན་པ། བརྒྱད་པ་མྱང་འདས་མཆོད་རྟེན་ནི་སྟོན་པ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པར་རྗེས་སུ་དྲན་པའི་ཆེད་བཅས་སོ། །མཆོད་རྟེན་ལ་སྐོར་བ་བྱས་ན་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་བཅུ་བགྲང་དུ་ཡོད་ལ། སྐོར་བ་བྱེད་སྐབས་གཡས་སྐོར་རྒྱག་དགོས།དགོན་པའི་མདུན་སྒོའི་ཡང་སྟེང་དུ་བཞུགས་པའི་རི་དྭགས་ཆོས་འཁོར་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཚོན་བྱེད་ཡིན། སྒོར་མོའི་དབྱིབས་ཀྱི་ཆོས་འཁོར་དེས་ནང་པའི་གཞུང་གི་ཆོས་དཀོན་མཆོག་མཚོན་པར་མ་ཟད་དམ་ཆོས་ཡང་དག་ཉམས་པ་མེད་པར་གནས་པ་མཚོན་ལ། ཆོས་གཞུང་དུ་“ཆོས་ཀྱི་འཁོར་ལོ་བར་མེད་དུ་འཁོར་”ཞེས་པའང་དེའི་དོན་ཡོད། རི་དྭགས་ཆོས་འཁོར་འདི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཆེས་ཐོག་མར་ཡུལ་ཝ་ར་ནཱ་སའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པོར་ཆོས་གསུང་སྐབས་རི་དྭགས་ཤྭ་བ་མང་པོ་དེ་གར་ཆོས་གསན་དུ་འོངས་པར་རྗེས་སུ་དྲན་ཕྱིར་ཡིན་ལ། སྐབས་དེ་ནས་བཟུང་སངས་རྒྱས་ཆོས་དགེ་འདུན་བཅས་དཀོན་མཆོག་གསུམ་ཡོངས་སུ་ཚང་བས་དམ་ཆོས་འཕེལ་རིམ་གྱི་ལོ་རྒྱུས་ཐོག་ཆོས་ཁྲིད་ཐེངས་འདིར་“ཆོས་འཁོར་རིམ་པ་དང་པོ་བསྐོར་བ་”ཞེས་བརྗོད།དགོན་པའི་མདུན་སྒོའི་ཡང་སྟེང་དུ་བཀལ་བའི་“རྒྱལ་བསྟན་དར་ཞིང་རྒྱས་པ་”ཞེས་པའི་ཐེམ་ཡིག་འདི་ནི་ཁང་ཞི་ཁྲི་ལོ་ཞེ་བཞི་པ་སྟེ། སྤྱི་ལོ་1705ལོར་གོང་མ་ཁང་ཞིས་སྐུ་དངོས་ནས་ཕྱག་བྲིས་མཛད་པ་ཞིག་རེད། མདུན་གྱི་འགོག་གྱང་འདི་དགོན་པ་ཐོག་མར་བཞེངས་དུས་ནས་ཡོད་ཅིང་། ད་ལྟའི་བར་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ཡོད། འགོག་གྱང་ལ་རྒྱ་སྒོ་སྒྲིབ་ཡོལ་གྱི་ནུས་པ་ལྡན་ཞིང་། དགོན་པར་ཕེབས་མཁན་རྣམས་དགོན་པའི་ནང་ཐད་ཀར་འཛུལ་མི་ཐུབ་པར་སྒྲིབ་ཡོལ་གྱི་གཞོགས་གཉིས་ནས་ཡོང་དགོས་ལ། འདི་ནི་གོང་མ་ཚང་གི་དགོན་པ་ཡིན་པའི་རྟགས་མཚན་རེད། ང་ཚོས་མདུན་ཕྱོགས་སུ་མཐོང་བའི་རི་མོ་འདི་ལ་སོག་པོ་སྟག་ཁྲིད་ཟེར་ཞིང་། འདི་ནི་དགེ་ལུགས་པའི་དགོན་པའི་ནང་དུས་རྒྱུན་པར་མཐོང་དུ་ཡོད་པའི་བགེགས་རིགས་སྐྲོད་བྱེད་ཀྱི་ལྡེབས་རིས་ཤིག་ཡིན། དེ་ལས་སོག་པོའི་གཟུགས་བརྙན་གྱིས་སྤྱན་རས་གཟིགས་དང་། སྟག་གི་གཟུགས་བརྙན་གྱིས་འཇམ་པའི་དབྱངས། ལྕགས་ཐག་གིས་ཕྱག་ན་རྡོ་རྗེ་བཅས་རིགས་གསུམ་མགོན་པོ་མཚོན། ལྡེབས་རིས་འདིའི་སྟེང་དུ་རྒྱ་བོད་ཧོར་གསུམ་གྱི་ཡི་གེ་སོགས་ཡིག་རིགས་དུ་མ་བཀོལ་ཡོད་པས། འདིས་ཀྱང་རྒྱལ་བསྟན་དར་རྒྱས་གླིང་ནི་མི་རིགས་མང་པོ་མཉམ་འདྲེས་བྱེད་སའི་མཐུན་སྒྲིལ་གྱི་ཆོས་གྲྭ་ཞིག་ཡིན་པ་མཚོན།གནས་བརྟན་བཅོ་བརྒྱད་ཀྱི་འབུར་རིས་བརྐོས་མའི་འགོག་གྱང་འདིར་མཚོན་ན། སྟེང་དུ་མི་སྣའི་བརྐོས་རིས་སྟར་ལ་སྒྲིག་པ་དང་། དཀྱིལ་དུ་སྟོན་པའི་སྐུ་བརྙན་སྐྱིལ་ཀྲུང་དུ་བཞུགས་པ། ཕྱོགས་གཉིས་སུ་གནས་བརྟན་བཅོ་བརྒྱད་ཀྱི་སྐུ་བརྙན་བཞུགས་ཤིང་། དེ་དག་རྣམ་པ་ཐ་དད་ལ་གསོན་ཉམས་ལྡན་པ་ཞིག་རེད། འགོག་གྱང་གི་དཀྱིལ་དབུས་སུ་སྡེར་ལྔའི་འབྲུག་རིས་བཀོད་ཡོད་ལ། གནའ་དུས་སུ་གོང་མ་རྒྱལ་པོར་གནམ་གྱི་སྲས་ཞེས་གསོལ་ཞིང་། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་སྡེར་ལྔའི་འབྲུག་རིས་ནི་གོང་མ་ཁོ་ན་ལས་གཞན་སུས་ཀྱང་སྤྱད་མི་ཆོག་པའི་གཏན་འབེབས་ནན་མོ་བཟོས་པ་དེས་གོང་མ་ཆེན་པོའི་ཁ་རྗེ་དབང་ཐང་མཚོན། རི་མོ་འདི་ལས་རྒྱལ་བསྟན་དར་རྒྱས་གླིང་ནི་གོང་མ་ཚང་གི་དགོན་པ་ཡིན་པ་མཚོན་ཡོད།རྡོ་རིང་ཁང་འདིར་གོང་མའི་བཀའ་ལྟར་བསླངས་པའི་རྒྱལ་བསྟན་དར་རྒྱས་གླིང་གི་རྡོ་རིང་ཞིག་ཉར་ཡོད། 1703ལོར་གོང་མ་ཁང་ཞི་ནུབ་ཕྱོགས་སུ་སྐོར་གཟིགས་ལ་ཕེབས་སྐབས། ནུབ་བྱང་ས་ཁུལ་གྱི་མི་རིགས་མང་པོའི་མཐུན་སྒྲིལ་དང་བརྟན་ལྷིང་ལ་ཤུགས་སྣོན་པ་དང་། ཡང་དེ་གའི་ཕལ་ཆེ་བ་བོད་དང་སོག་པོ་ཡིན་པ། མི་རིགས་དེ་གཉིས་ཀྱི་མི་སེར་ཡོངས་བོད་བརྒྱུད་ནང་བསྟན་ལ་དད་པ་བཅས་ལ་དགོངས་ཏེ། གནའ་མཁར་ནང་རོལ་གྱི་ནུབ་བྱང་གི་ཟུར་ཞིག་ཏུ་རྒྱལ་བསྟན་དར་རྒྱས་གླིང་འདེབས་པར་ཆེད་མངག་བཀའ་བསྒོས་ནས་“ནུབ་བྱང་བདེ་ལ་འགོད་པར་”དགོངས་བཞེས་མཛད། དགོན་པ་དེ་ཉིད་གོང་མ་ཁང་ཞིས་ཆེད་མངག་བཀའ་དངུལ་གནང་ནས་ཕྱག་བཏབ་པ་དང་། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མ་པེ་ཅིན་དུ་གོང་མར་མཇལ་ཁ་ཞུ་བར་ཕེབས་ལམ་གྱི་བཞུགས་སྒར་ཡིན། རྡོ་རིང་འདི་ནི་གོང་མ་ཁང་ཞི་མཆོག་ཕྱིར་པེ་ཅིན་དུ་ཕེབས་རྗེས། གོང་མའི་གཞུང་སྐུལ་རྡོ་བཟོ་བ་མེ་ཡུས་ཧྥེང་ཞུ་བ་མངགས་མཛད་གནང་སྟེ། སྔ་ཕྱིར་ལོ་ཕྱེད་ཙམ་གྱི་དུས་ཚོད་སྤྱད་དེ་རྡོ་རིང་ཡི་གེ་དངོས་སུ་ལེགས་འགྲུབ་བྱུང་། རྡོ་རིང་ཐོག་གི་བཀོད་པ་དང་ཡིག་གཟུགས་ཚང་མ་གོང་མའི་ཕྱག་བྲིས་ལྟར་བརྐོས་ཤིང་། ད་ལྟ་ང་ཚོའི་མཐོང་ལམ་དུ་སྣང་བའི་རྡོ་རིང་ཡི་གེ་ནི་ཡིག་སྲོལ་བརྗིད་ཆེ་ཞིང་ཉམས་དང་ལྡན་པར་མ་ཟད། བབ་ཆགས་དང་མཛེས་སྡུག་གི་རང་བཞིན་མ་ཉམས་པར་གནས་པས་ཡིག་གཟུགས་ཀྱི་བརྩམས་ཆོས་ཡག་ཤོས་སུ་བགྲང་ཆོག རྡོ་རིང་ཡི་གེ་འདི་ལོ་ངོ་སུམ་བརྒྱ་ལྷག་ལ་ཉར་ཚགས་ཐུབ་པ་ནི་དངོས་གནས་ལས་སླ་བོ་ཞིག་མ་ཡིན་པས། དེ་ཉིད་རྒྱལ་ཁབ་ཀྱི་ནོར་བུ་ཡིན་པར་ངེས་ཤེས་རྙེད་དེ་ཕྱོགས་སོ་སོའི་མཁས་དབང་དུ་མ་གནས་འདིར་ཕེབས་ནས་རོལ་མྱོང་བྱེད་ཀྱི་འདུག དེ་སྔ་གོང་མ་ཁང་ཞིས་སྐུ་དངོས་སུ་ཕྱག་བྲིས་གནང་བའི་རྒྱལ་བསྟན་དར་རྒྱས་གླིང་གི་རྡོ་རིང་ཡི་གེའི་མ་ཕྱི་ད་ལྟ་དགོན་པ་འདིར་ཉར་ཚགས་གང་ལེགས་བྱས་ཡོད། དེ་ནི་མིག་སྔར་དགོན་པའི་ནང་གི་རིག་དངོས་རྩ་ཆེ་ཤོས་དེ་ཡིན་པས། དགོན་པའི་རྟེན་གྱི་མཆོག་ཏུ་བགྲང་འོས། རྡོ་རིང་གི་ཐོད་འདི་ཕྱིས་སུ་འདྲ་བཟོས་བྱས་པ་ཞིག་ཡིན་ཞིང་། སྔར་གྱི་རྡོ་རིང་གི་ཐོད་ནི་ལྡིང་ཁང་ཕྱི་རོལ་དུ་བསླངས་ཡོད། ལོ་རྒྱུས་ཐོག་དེ་ལ་གཏོར་སྐྱོན་ཐེབས་ཤིང་། དུས་ཕྱིས་རྨང་གཞིའི་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་གསར་རྙེད་བྱུང་བ་རེད།ཕྱོགས་གཉིས་ཀྱི་རྫིང་བུ་ནི་ཚེ་ཐར་གཏོང་ས་རེད། རྫིང་མཐའི་སྐྱོབ་རའི་སྟེང་བོད་བརྒྱུད་ནང་བསྟན་གྱི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་སྟེ། གདུགས་དང་། གསེར་ཉ། བུམ་པ། པདྨ། དུང་དཀར།། དཔལ་བེའུ། རྒྱལ་མཚན། འཁོར་ལོ་བཅས་བརྐོས་ཡོད། ཚེ་ཐར་གཏོང་སའི་རྫིང་བུའི་གཡས་གཡོན་གཉིས་སུ་རྔ་ཁང་དང་ཅོང་ཁང་ཡོད་ལ། དེ་ནི་དད་ལྡན་རྣམས་ཀྱིས་ཞལ་འདེབས་ཕུལ་བར་བརྟེན་ཁང་པའི་བཟོ་བཀོད་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་གྱི་རྣམ་པ་ལྟར་བཞེངས་ཤིང་། 2016ལོར་དངོས་སུ་གྲུབ་སྟེ་སྤྱོད་འགོ་ཚུགས། ཉིན་རེའི་ནངས་དགོང་གཉིས་ཀར་དགེ་འདུན་པས་འཁར་རྔ་དང་ཅོང་ཆེན་རྡུང་སྟེ་མང་ཚོགས་རྣམས་ལ་དུས་ཀྱི་གསལ་འདེབས་ཞུ་བཞིན་ཡོད།རྒྱལ་བསྟན་དར་རྒྱས་གླིང་གི་འདུ་ཁང་ཆེ་ཤོས་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལྷ་ཁང་ཡིན་ལ། ལྷ་ཁང་གི་སྒོའི་ཡང་སྟེང་དུ་བཀལ་བའི་རྒྱལ་བསྟན་དར་རྒྱས་གླིང་ཞེས་པའི་ཐེམ་ཡིག་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་སྔའི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ལགས་ཀྱིས་1986ལོར་དགོན་པ་འདིར་ཕེབས་དུས་བྲིས་གནང་བ་རེད། འདིར་མཆོད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ནི་ཨུ་རུ་སུའི་བྱང་ཆུབ་ཤིང་བརྐོས་མའི་སྐུ་བརྙན་སྐུ་ལུས་ཡོངས་སུ་གསེར་ཆུ་བྱུག་པ་ཞིག་སྟེ། མཐོ་ཚད་ལ་སྨི་6.6དང་། ལྗིད་ཚད་ལ་ཧ་ལམ་ཏུན་2ཡོད་པས། མིག་སྔར་ཧྲའན་ཞི་ཞིང་ཆེན་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་མཐོ་ཤོས་དེ་ཡིན། སྤྱན་རས་གཟིགས་ཀྱི་སྤྱི་གཙུག་ཏུ་མགོན་པོ་འོད་དཔག་མེད་བཞུགས་ཤིང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་ཕྱག་དང་སྤྱན་དུ་མ་དང་ལྡན་པས་ཤེས་རབ་ཀྱིས་ཀུན་ནས་ཕྱུག་པ་དང་། འགྲོ་བའི་སྡུག་བསྔལ་ཀུན་ལས་ཕྱག་གིས་སྐྱོབ་ཅིང་སྲིད་པའི་ཡུལ་ཁམས་སུ་སྤྱན་གྱིས་གཟིགས་པས་ན། ཇི་སྐད་དུ། “གང་དུ་སྐྱབས་བཅོལ་དེ་རུ་བསྡོངས་གྲོགས་མཛད། །འཁོར་བའི་རྒྱ་མཚོ་བགྲོད་པའི་དེད་དཔོན་ཉིད། །”ཅེས་གསུངས་པ་བཞིན་ནོ། །འདུ་ཁང་གཞོགས་གཉིས་ཀྱི་རྒྱལ་ཆེན་རིགས་བཞི་ནི་ག་པུར་ཤིང་བརྐོས་མའི་སྣང་བརྙན་ཅན་ཏེ། ཕྱི་ཚོན་ལ་གསེར་ཆུ་བྱུག་པ་དང་། དེ་ཡིས་ཆར་ཆུ་དུས་སུ་འབབ་པ་མཚོན།ཤར་ཕྱོགས་སྐྱོང་བ་ཡུལ་འཁོར་སྲུང་ནི་བྱམས་སྙིང་རྗེའི་ཀུན་ནས་བསླངས་ཏེ་འགྲོ་ཀུན་མ་ལུས་སྐྱོང་ཞིང་རྒྱལ་ཁམས་བདེ་བར་སྲུང་བས་ན་མཚན་ཡང་དེ་ལྟར་ཐོགས། རི་རབ་ཀྱི་ཤར་དངུལ་གྱི་སར་བཞུགས་ཤིང་། སྐུ་མདོག་དཀར་པོ་དང་། སྐུ་ལ་ཁྲབ་གྱོན་ཕྱག་ཏུ་པི་ཝང་འཛིན། འདི་ཉིད་རོལ་དབྱངས་ཀྱི་ལྷ་ཆེན་ཡིན་པས། རོལ་དབྱངས་སྣ་ཚོགས་ལ་བརྟེན་ནས་སེམས་ཅན་རྣམས་དམ་པའི་ཆོས་སྒོར་འགུག་པ་མཚོན་ལ། རྒྱལ་པོ་འདིས་ཤར་ལུས་འཕགས་གླིང་སྐྱོང་བཞིན་ཡོད། ལྷོ་ཕྱོགས་སྐྱོང་བ་འཕགས་སྐྱེས་པོ་ནི་སེམས་ཅན་རྣམས་ལ་དགེ་རྩ་བསྐྱེད་པར་བྱེད་པ་དང་དམ་པའི་ཆོས་ལེགས་པར་སྐྱོང་བས་ན་མཚན་དེ་ལྟར་ཐོགས། རི་རབ་ཀྱི་ལྷོ་བཻཌཱུརྱའི་སར་བཞུགས་ཤིང་། སྐུ་མདོག་སྔོན་པོ་དང་། སྐུ་ལ་ཁྲབ་གྱོན་ཕྱག་ཏུ་རལ་གྲི་འཛིན། དམ་པའི་ཆོས་སྲུང་ཞིང་གཞན་གྱི་འཚེ་བ་ཟློག་པར་བྱེད་ལ། རྒྱལ་པོ་འདིས་ལྷོ་འཛམ་བུ་གླིང་སྐྱོང་བཞིན་ཡོད། ནུབ་ཕྱོགས་སྐྱོང་བ་སྤྱན་མི་བཟང་ནི་རྣམ་པར་དག་པའི་སྤྱན་གྱིས་འཇིག་རྟེན་མཐོང་བར་བྱེད་ཅིང་། སེམས་ཅན་རྣམས་སྲུང་བར་མཛད་པས་མཚན་དེ་ལྟར་ཐོགས། རི་རབ་ཀྱི་ནུབ་ཆུ་ཤེལ་གྱི་སར་བཞུགས། སྐུ་མདོག་དམར་པོ་དང་། སྐུ་ལ་ཁྲབ་གྱོན་ཕྱུག་ཏུ་སྦྲུལ་ཞགས་དང་མཆོད་རྟེན་འཛིན། དམ་པའི་ཆོས་ལ་བློ་ལོག་པ་སུ་གང་མཐོང་བའི་ཚེ་འཕྲལ་མར་བཟུང་སྟེ་ཆོས་སྒོར་ཞུགས་སུ་འཇུག་ཅིང་། རྒྱལ་པོ་འདིས་ནུབ་བ་གླང་སྤྱོད་སྐྱོང་བཞིན་ཡོད།བྱང་ཕྱོགས་སྐྱོང་བ་རྣམ་ཐོས་སྲས་ནི་མང་དུ་ཐོས་ཤིང་མང་དུ་མཐོང་བ་དང་། བསོད་ནམས་ཀྱིས་ཕྱུག་པས་ཕྱོགས་མཐའ་ཀུན་ལ་སྙན་པའི་གྲགས་པ་ཆེ། རི་རབ་ཀྱི་བྱང་གསེར་ལས་གྲུབ་པའི་སར་བཞུགས། སྐུ་མདོག་ལྗང་ཁུ་དང་། སྐུ་ལ་ཁྲབ་གྱོན་ཕྱག་གཡས་པར་རྒྱལ་མཚན་དང་གཡོན་པར་ནེའུ་ལེ་འཛིན། འདི་ལ་བརྟེན་ནས་བདུད་སྡེ་འཇོམས་ཤིང་སེམས་ཅན་རྣམས་ཀྱི་འབྱོར་བའི་ལོངས་སྤྱོད་སྲུང་། ནོར་སྦྱིན་ཞེས་ཀྱང་འབོད་ལ། གནའ་བོའི་རྒྱ་གར་གྱི་ནོར་ལྷ་ཡིན། རྒྱལ་པོ་འདིས་བྱང་སྒྲ་མི་སྙན་སྐྱོང་བཞིན་ཡོད།རྒྱལ་བསྟན་དར་རྒྱས་གླིང་གི་ཐང་ཀའང་དགོན་པ་འདིའི་རྟེན་གཙོ་བོའི་གྲས་ཡིན། ཐང་ཀ་ནི་བོད་བརྒྱུད་ནང་བསྟན་གྱི་རི་མོའི་སྒྱུ་རྩལ་རིགས་ཤིག་ཡིན་ལ། དེ་ནི་རང་བྱུང་རྡོ་ཚོན་བཀོལ་ནས་དར་གོས་དང་། རས། ཀོ་ལྤགས་སོགས་ཀྱི་སྟེང་དུ་བྲིས་པའི་རི་མོ་སྟེ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད། ད་ལྟ་མཐོང་བའི་ཐང་ག་འདི་ནི་མཛེས་བཟོ་རྨད་དུ་བྱུང་བའི་བྱམས་དང་སྙིང་རྗེའི་བདག་ཉིད་ཆེན་པོ་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་ཐང་རེད་ལ། འདི་ཉིད་ལོ་ངོ་གཅིག་ལྷག་གི་དུས་ཚོད་སྤྱད་དེ་ཡོངས་སུ་གྲུབ། ཐང་ག་འདི་འབྲི་བཞེངས་སྐབས་སུ་བཀོལ་བའི་ཚོན་སྣ་དམར་པོ་ནི་མཚལ་ལམ་བྱུ་དམར་ཕྱེ་མར་རྡུང་བ་དང་། ཚོན་སྣ་དཀར་པོ་ནི་མུ་ཏིག་དཀར་པོ་ཕྱེ་མར་རྡུང་བ་དང་། ཚོན་སྣ་སེར་པོ་ནི་གསེར་བཙོ་མས་བྱས་པ་དང་། ཚོན་སྣ་ལྗང་ཁུ་ནི་གཡུ་ཕྱེ་མར་རྡུང་ནས་བཟོས་པ་ཡིན། སྲིད་པའི་འཁོར་ལོ་ནི་ནང་པའི་སྐྱེ་བ་སྔ་ཕྱིའི་གཞུང་ལུགས་ཀྱི་གསལ་བྱེད་དཔེ་རིས་ཡིན། འཁོར་བའི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་འཁོར་བ་ནམ་ཡང་བར་མེད་དུ་འཁོར་ཞིང་། འཁོར་བར་ཐོག་མཐའ་མེད་པ་ཡིན། རིགས་དྲུག་སེམས་ཅན་ཡོངས་ཀྱིས་དམ་པའི་ཆོས་ཉམས་སུ་བླངས་པ་ལ་བརྟེན་ནས། མཐའ་མར་འཁོར་བ་དང་སྡུག་བསྔལ་ལས་ཡོངས་སུ་གྲོལ་ཏེ་སངས་རྒྱས་ཀྱི་སར་གོ་འཕང་བརྙེས་ཐུབ། སྲིད་པའི་འཁོར་ལོའི་ཆེས་ནང་རིམ་གྱི་བྱ་དང་། སྦྲུལ། ཕག་པ་གསུམ་གྱིས་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་དུག་གསུམ་མཚོན་པ་དང་། དཀྱིལ་འཁོར་རིམ་པ་གཉིས་པའི་ཆ་ཕྱེད་འཕར་བ་དང་ཆ་ཕྱེད་འགྲིབ་པས་ལས་དགེ་བ་དང་སྡིག་པ་མཚོན། དཀྱིལ་འཁོར་རིམ་པ་གསུམ་པའི་སྟེང་ཕྱོགས་ནི་བདེ་འགྲོ་གསུམ་སྟེ་ལྷ་དང་མི་དང་ལྷ་མ་ཡིན་དང་། འོག་ཕྱོགས་ནི་ངན་སོང་གསུམ་སྟེ་དམྱལ་བ་དང་། ཡི་དྭགས། དུད་འགྲོ་ཡིན།མར་མེ་ཁང་དུ་མར་མེ་ཆེན་པོ་ཞིག་བཞུགས་པ་འདི་དགོན་པ་བཞེངས་དུས་ནས་ཡོད་ལ། ཉིན་མཚན་ཀུན་ཏུ་གཟིམ་པ་མེད་པས་མར་མེ་ཚེ་འབར་རམ་སྲིད་པའི་སྒྲོན་མེ་ཞེས་ཀྱང་འབོད། དེའི་ནང་དུ་ལྡུག་ཐེངས་གཅིག་ལ་མར་ཁུ་རྒྱ་མ་108བླུག་ཆོག ནང་པའི་ཆོས་གཞུང་དུ་མར་མེ་ཕུལ་ཚེ་སེམས་ཀྱི་མ་རིག་པ་དང་རྨོངས་པ་སེལ་ཏེ་ཤེས་རབ་འཕེལ་བར་གསུངས་པས། སྐྱེ་བོ་མང་པོས་མར་མེ་ཚེ་འབར་ལ་མར་ཁུ་ཁ་སྣོན་བྱེད་ཅིང་། དེ་ཡིས་ཤེས་རབ་འཕེལ་བར་བྱེད་པ་མཚོན། མར་མེ་ཚེ་འབར་དངོས་སུ་མཐོང་མཁན་ལ་མདུན་ལམ་འོད་སྟོང་འབར་ཞིང་བློ་གྲོས་ཀྱི་འདབ་ལག་རྒྱས་ཐུབ།ལྷ་ཁང་ནུབ་མ་ནི་ཚེ་དཔག་མེད་ཀྱི་ལྷ་ཁང་ཡིན་ལ། སྒོའི་ཡང་སྟེང་དུ་ཁང་ཡིའུ་ཝེ་ཡིས་ཕྱག་བྲིས་མཛད་པའི་“རྔམ་བརྗིད་ཆོས་ཀྱི་ཞིང་ཁམས་”ཞེས་པའི་ཐེམ་ཡིག་བཀལ་ཞིང་། ནང་དུ་ཚེ་ལྷ་རྣམ་གསུམ་བཞུགས་ཡོད། ལྷ་ཁང་འདི་ནི་མིན་གོའི་དུས་སྐབས་སུ་དམག་སྤྱི་དབྱང་ཧུའུ་ཁྲེང་གིས་ཧྲའན་ཞི་ཞིང་ཆེན་གྱི་ཀྲུའུ་ཞིའི་འགན་བཞེས་སྐབས་མ་དངུལ་བཏང་ནས་བཞེངས་པ་རེད། གྱང་ལྡེབས་ཀྱི་གྱོ་མོའི་ངོས་སུ་རྣམ་བཅུ་དབང་ལྡན་གྱི་རི་མོ་བརྐོས་ཤིང་། དེའི་དཀྱིལ་དབུས་སུ་དཔལ་དུས་ཀྱི་འཁོར་ལོའི་གཟུངས་སྔགས་སྙིང་པོ་ཡི་གེ་བདུན་མ་ཡོད། སྔགས་ཡིག་བདུན་མའི་སྟེང་ཉི་ཟླ་དང་པདྨ་བསྣན་ན་རྣམ་བཅུ་འཛོམས་པས་མཚན་ལའང་རྣམ་བཅུ་དབང་ལྡན་ཞེས་གསོལ། རི་མོ་འདིས་བར་ཆད་མེད་པ་དང་། བཀྲ་ཤིས་པ། སྲི་གནོན་པ་བཅས་མཚོན་ཞིང་། བོད་བརྒྱུད་ནང་བསྟན་གྱི་དཔེ་མཚོན་རང་བཞིན་ལྡན་པའི་རྟགས་མཚན་ཞིག་ཡིན།སྒྲོལ་ལྗང་ལྷ་ཁང་མདུན་དུ་ལོ་ངོ་བརྒྱ་ཕྲག་འགོར་བའི་མཆིན་ཁའི་སྡོང་པོ་གཉིས་སྐྱེ་བ་འདིས་ཕུ་ནུ་འགྲིག་མཐུན་ཡོང་བ་དང་ཁྱིམ་ཚང་སྟོབས་འབྱོར་རྒྱས་པ་མཚོན།སྒྲོལ་ལྗང་ལྷ་ཁང་ནི་རྒྱལ་བསྟན་དར་རྒྱས་གླིང་གི་རྟེན་གཙོའི་ལྷ་ཁང་ཡང་ཡིན་ལ། ལྷ་ཁང་ཡང་སྟེང་གི་“རྒྱལ་བསྟན་ནུབ་ཏུ་དར་བ་”ཞེས་པའི་ཐེམ་ཡིག་ནི་གོང་མ་ཁང་ཞིས་ཕྱག་བྲིས་མཛད་པ་དང་། དེས་སྐབས་དེར་གོང་མ་ཁང་ཞིས་ནུབ་བྱང་ས་ཁུལ་གྱི་མི་སེར་རྣམས་ལ་བྱམས་དང་སྙིང་རྗེའི་གཟིགས་སྐྱོང་མཛད་པ་མཚོན། ཐེམ་ཡིག་གི་མཐའ་སྐོར་གྱི་གཡུ་འབྲུག་དགུ་རིས་ནི་ཕོ་བྲང་ནང་གི་བཟོ་རིག་མཁས་པས་ཚག་དཀྲོལ་གྱི་བཟོ་རྩལ་ལ་བརྟེན་ནས་བརྐོས་ཤིང་ལེགས་པར་གྲུབ། འདི་ཉིད་ང་ཚོའི་དགོན་པར་ཉར་བའི་ཐེམ་ཡིག་རྙིང་ཤོས་དེ་ཡིན། ལྷ་ཁང་ནང་རོལ་དུ་བྱང་སེམས་ཀྱི་སྐུ་བརྙན་གསུམ་བཞུགས་པ་ལས། ནུབ་ཏུ་འཇམ་པའི་དབྱངས་དང་། ཤར་ཏུ་ཀུན་ཏུ་བཟང་པོ། དཀྱིལ་དུ་སྒྲོལ་མ་ལྗང་མོ་བཞུགས། སྒྲོལ་ལྗང་ནི་བོད་བརྒྱུད་ནང་བསྟན་ཆོས་གཞུང་གི་བྱང་ཆུབ་སེམས་དཔའི་རིགས་ཤིག་ཡིན་ལ། བོད་བརྒྱུད་ནང་བསྟན་ཆོས་གཞུང་དུ་སྒྲོལ་མ་21ཡོད་ཅིང་། སྒྲོལ་ལྗང་ནི་སྒྲོལ་མ་21ལས་ཐོག་མ་དེ་ཡིན་པར་མ་ཟད། སྡུག་བསྔལ་ཀུན་ལས་སྐྱོབ་པའི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན། བོད་ཀྱི་ཡུལ་དུ་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ཡུལ་ནས་ཁབ་ཏུ་བསུས་པའི་རྒྱ་བཟའ་ཀོང་ཇོ་སྒྲོལ་མ་ལྗང་མོའི་སྤྲུལ་བ་དང་། བལ་ཡུལ་ནས་ཁབ་ཏུ་བསུས་པའི་ཁྲི་བཙུན་ཀོང་ཇོ་སྒྲོལ་མ་དཀར་མོའི་སྤྲུལ་བར་བཤད། སྒྲོལ་དཀར་དང་སྒྲོལ་ལྗང་གཉིས་ཀ་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་རྗེ་ཆེན་མོའི་སྤྱན་ཆབ་རྡོག་གཉིས་ཀྱི་སྤྲུལ་བ་ལས་མངོན་པར་བྱུང་། རྒྱལ་བསྟན་དར་རྒྱས་གླིང་གི་སྒྲོལ་ལྗང་གི་སྐུ་བརྙན་འདིར་ལོ་ངོ་1300ལྷག་གི་ལོ་རྒྱུས་ཡོད་པས། རྒྱལ་བསྟན་དར་རྒྱས་གླིང་གི་དགོན་པའི་ལོ་རྒྱུས་ལས་ལོ་ངོ་1000ལྷག་གི་རིང་བ་ཡིན། དེ་ནི་ཐང་རྒྱལ་རབས་སྐབས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་བློན་ཆེན་མགར་སྟོང་བཙན་རྒྱ་ཡུལ་དུ་གཉེན་སློང་བར་མངགས་སྐབས་བོད་ནས་བསྣམས་ཕེབས་ཏེ་ཐང་རྒྱལ་རབས་ཀྱི་རྒྱལ་པོར་དབུལ་བྱའི་ཕྱག་རྟགས་ཡིན། ཐང་ཐའེ་ཙུང་གིས་དེ་ཉིད་ཐང་རྒྱལ་ཁབ་ཀྱི་གོང་མ་ཚང་གི་དགོན་པ་ཁའེ་ཡོན་དགོན་དུ་མཆོད་པའི་རྟེན་དུ་བཀུར། རྒྱ་བཟའ་བོད་ལ་ཕེབས་དུས་ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་གདན་དྲངས། ཕྱིས་སུ་ཐང་ཐའེ་ཙུང་ཁའེ་ཡོན་དགོན་དུ་མཆོད་མཇལ་ལ་ཕེབས་དུས། གཡང་ཊི་དཀར་པོའི་པདྨའི་གདན་དེ་སྟོང་པར་ལུས་པ་གཟིགས་སྐབས། ཁོང་གི་ཐུགས་ལ་པདྨའི་གདན་ལ་ལྷ་སྐུ་གང་ཞིག་སྤྱན་འདྲེན་ཞུས་ཏེ་མཆོད་ན་ལེགས་སྙམ་བཞིན་པའི་སྒང་ལ། སྒྲོལ་ལྗང་གི་དངོས་སུ་གསུང་འབྱོན་ནས་“གོང་མ་ལགས་སྐུ་བརྙན་གཞན་གསོལ་དགོས་ཀྱི་མི་འདུག ངེད་ཀྱིས་ཇོ་བོ་ཤཱཀྱ་མུ་ནེའི་ཚབ་བྱས་ནས་ཁྲང་ཨན་གྱི་མི་སེར་རྣམས་སྡུག་བསྔལ་ལས་སྒྲོལ་བར་བྱའོ། །”ཞེས་གསུངས། དུས་དེ་ནས་བཟུང་ཁྲང་ཨན་གྱི་སྒྲོལ་ལྗང་གི་མཚན་སྙན་ཡུལ་ཕྱོགས་ཀུན་ཏུ་ཁྱབ། གོང་མ་ཁང་ཞིས་བཀའ་ཕབ་སྟེ་རྒྱལ་བསྟན་དར་རྒྱས་གླིང་ཕྱག་འདེབས་སྐབས། སྒྲོལ་ལྗང་འདི་ཉིད་ཁའེ་ཡོན་དགོན་ནས་རྒྱལ་བསྟན་དར་རྒྱས་གླིང་དུ་གདན་དྲངས་ཤིང་། དུས་དེ་ནས་བཟུང་རྒྱལ་བསྟན་དར་རྒྱས་གླིང་ནི་རྒྱལ་ནང་གི་སྒྲོལ་མ་ལྗང་མོའི་ཞིང་ཁམས་གཙོ་བོར་གྱུར་ཡོད། བོད་བརྒྱུད་ནང་བསྟན་དར་བའི་ས་ཁུལ་དུ་རྒྱལ་བསྟན་དར་རྒྱས་གླིང་ལ་ཤེས་རྟོགས་ཡོད་མཁན་ཤིན་ཏུ་ཉུང་སྲིད་ནའང་། ཁྲང་ཨན་སྒྲོལ་ལྗང་ཞེས་གླེང་དུས་རྒན་གཞོན་ཀུན་གྱིས་ཤེས། དེའི་རྐྱེན་གྱིས་བོད་སོག་གི་དད་ལྡན་མང་པོས་ལམ་ཐག་རིང་བའི་དཀའ་ངལ་ལ་མ་འཛེམ་པར་གནས་འདིར་སྒྲོལ་ལྗང་ལ་མཇལ་ཁ་ཞུ་བར་ཡོང་གི་ཡོད།མ་ཎི་འཁོར་ལོ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ཆས་རིགས་ཤིག་ཡིན། དེའི་ནང་དུ་ཆོས་དཔེ་དང་གཟུངས་སྔགས་བླུགས་ཤིང་། ཕྱི་རོལ་དུ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་ཨོྂ་མ་ཎི་པདྨེ་ཧཱུྂ་བརྐོས་ཡོད། མ་ཎི་འཁོར་ལོ་སྐོར་བ་ནི་གསོལ་བ་སྨོན་ལམ་འདེབས་སྟངས་ཀྱི་རྣམ་པ་ཞིག་སྟེ། གཡས་སྐོར་རྒྱག་པ་དེས་བསོད་ནམས་དང་བློ་གྲོས་འཕེལ་ཞིང་བཀྲ་ཤིས་པ་མཚོན།ལོ་ངོ་བརྒྱ་ཕྲག་འགོར་བའི་བྱང་ཆུབ་ལྗོན་ཤིང་འདི་ནི་མིག་སྔར་ཧྲའན་ཞི་ཞིང་ཆེན་ནང་ཁོངས་ཀྱི་ལྗོན་ཤིང་ཆེ་ཤོས་དེ་ཡིན་ཞིང་། རྒྱ་གར་རྡོ་རྗེ་གདན་ནས་སྤྱན་འདྲེན་ཞུས་པ་རེད། རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པའི་འཚང་རྒྱ་བའི་གནས་ཡིན་པས། ནང་པའི་དད་ལྡན་རྣམས་ཀྱི་སེམས་ནང་གི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན།རྒྱ་ལྷ་ཁང་དུ་མཆོད་པའི་སྐུ་བརྙན་ནི་ནང་པའི་སྲུང་མ་ཀོན་ཏི་ཡིན། དེའི་ཉེ་འགྲམ་གྱི་ཙན་དན་དམར་པོའི་བཤམས་སྒྲོམ་ནང་དུ་གོང་མ་ཁང་ཞིས་ཕྱག་བྲིས་གནང་བའི་《རྒྱལ་བསྟན་དར་རྒྱས་གླིང་གི་རྡོ་རིང་》གི་མ་ཕྱིའི་ཡི་གེ་ཉར་ཡོད་ཅིང་། མ་ཡིག་འདི་ནི་2016ལོར་དངུལ་ཁང་གི་ཉེན་འགོག་ལྕགས་སྒམ་ནས་སྤྱན་དྲངས་ཏེ་འདི་གར་འགྲེམ་སྟོན་བྱས་པ་ཡིན། གྱང་ལྡེབས་ཀྱི་བཤམས་སྒྲོམ་ནང་དུ་དགྲ་བཅོམ་པའི་སྐུ་བརྙན་ཕྱག་དམ་500བཞུགས་ཤིང་། དགྲ་བཅོམ་པ་རེ་རེའི་བརྐོས་རིས་ཀྱི་སྣང་བརྙན་གསོན་ཉམས་ལྡན་ཞིང་རྣམ་པ་ཕུན་སུམ་ཚོགས་ལ། མིག་སྔར་ང་ཚོས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོར་སྙན་ཞུ་ཕུལ་ཡོད།ལྗོན་ཤིང་འདིའི་ལོ་མ་ཤིན་ཏུ་ཁྱད་མཚར་བ་ཞིག་སྟེ་ཤུག་ལེབ་དང་ཤུག་ཚེར་རིགས་གཉིས་སྐྱེས་ཤིང་། དགོན་པའི་ཁྲི་པས་འདི་ལ་འཆམ་མཐུན་ལྗོན་ཤིང་ངམ་མཐུན་སྒྲིལ་ལྗོན་ཤིང་ཞེས་མཚན་གསོལ་ཡོད་ལ། དེས་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་གྱི་བླ་མ་རིན་པོ་ཆེས་ལྷན་རྒྱས་ཀྱི་འཚོ་བ་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་གསོལ་བ་སྨོན་ལམ་བཏབ་པ་མཚོན།གཡང་ཊི་དཀར་པོའི་པདྨའི་གཞོང་པ་འདིའི་ནང་རོལ་དུ་ཡི་གེ་བརྐོས་ཤིང་། ཕྱི་རུ་བཀྲ་ཤིས་སྤྲིན་གྱི་བཀོད་པས་པདྨའི་མཐའ་ཡོངས་སུ་བརྒྱན་ཡོད། འདི་ནི་གོང་མ་ཆན་ལུང་གིས་རྒྱལ་བསྟན་དར་རྒྱས་གླིང་ལ་གནང་བའི་མར་མེ་ཆེན་པོ་ཞིག་ཡིན། དེའི་བོངས་ཚད་ཆེ་ཞིང་རྒྱུ་གཡང་ཊི་དཀར་པོས་བྱས། མིག་སྔར་འདི་ཉིད་རྒྱལ་ཁབ་རིམ་པའི་རིག་དངོས་གྲས་སུ་ཚུད་ཡོད།རྒྱལ་བསྟན་དར་རྒྱས་གླིང་གི་སངས་རྒྱས་སྟོང་སྐུ་ལྷ་ཁང་ནི་ཧ་ཅང་བརྗིད་ཉམས་ལྡན་པའི་ལྷ་ཁང་ཆེན་པོ་ཞིག་ཡིན། མདུན་སྒོའི་ཡང་སྟེང་དུ་རྒྱལ་ཡུམ་ཚི་ཞིས་ཕྱག་བྲིས་མཛད་པའི་“དམ་ཆོས་མཛེས་རྒྱན་”ཞེས་པའི་ཐེམ་ཡིག་བཀལ་ཞིང་། ཐེམ་ཡིག་འབྲུག་བརྒྱད་མ་འདིའི་སྟེང་ཕྱོགས་སུ་རྒྱལ་ཡུམ་ཚི་ཞིའི་ཕྱག་དམ་བཀོད་ཡོད། སྐབས་དེར་རྒྱལ་ཡུམ་ཚི་ཞིས་རྒྱལ་བསྟན་དར་རྒྱས་གླིང་ལ་རིན་པོ་ཆེ་སྣ་གསུམ་གནང་བའི་དང་པོ་ནི་ནན་ཤིང་གིས་བཟོས་པའི་གོང་མའི་གཟིམ་ཁྲི་ཞིག་དང་། གཉིས་པ་ནི་ཚི་ཞིའི་ཕྱག་བྲིས་མཛད་པའི་“དམ་ཆོས་མཛེས་རྒྱན་”ཞེས་པའི་ཐེམ་ཡིག་དང་། གསུམ་པ་ནི་ནན་ཤིང་གིས་བཟོས་པའི་འབྲུག་ཞུ་ཆ་གཅིག་ཡིན། དེ་དག་ལས་ནན་ཤིང་གིས་བཟོས་པའི་གོང་མའི་གཟིམ་ཁྲི་གར་སོང་ཆ་མེད་དུ་གྱུར་བ་དང་། ནན་ཤིང་གིས་བཟོས་པའི་འབྲུག་ཞུ་ཆ་དེ་དགོན་པའི་ནང་ཉར་ཚགས་གང་ལེགས་ཐུབ་ཡོད། ང་ཚོས་ད་དུང་ལྷ་ཁང་གི་ཀ་བ་དང་གདུང་མ་རྩེ་མོ་ཡོངས་སུ་བཟོ་བཀོད་ལྟ་ན་སྡུག་པའི་དཔེ་རིས་དང་སྐུ་བརྙན་བརྐོས་ཡོད་པ་མཐོང་ཐུབ། ལྷ་ཁང་འདིའི་རྟེན་གཙོ་བོ་ནི་རྗེ་ཙོང་ཁ་པ་དང་ཁོང་གི་སྲས་ཀྱི་ཐུ་བོ་རྣམ་གཉིས་ཡིན། ཁོང་རྣམས་ལ་རྗེ་ཡབ་སྲས་གསུམ་ཞེས་གསོལ་ཞིང་། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ནི་འབར་མའི་ཤིང་སྣ་རྩ་ཆེན་ཙན་དན་དམར་པོར་བརྐོས་ཡོད། རྗེ་ཙོང་ཁ་པ་ནི་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་ཡིན་ཞིང་། ཁོང་ལ་རྒྱལ་བ་གཉིས་པ་ཞེས་པའི་མཚན་སྙན་གསོལ་ཡོད། རྒྱལ་བ་པཎ་ཆེན་རྣམ་གཉིས་ཁོང་གི་སྲས་ཀྱི་གཙོ་བོའི་གྲས་ཡིན། ནུབ་ཏུ་བཞུགས་པ་ནི་ཁོང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་རྗེ་དང་། ཤར་དུ་བཞུགས་པ་ནི་ཁོང་གི་སྲས་ཀྱི་ཐུ་བོ་མཁས་གྲུབ་རྗེ་སྟེ། འདི་བ་པཎ་ཆེན་སྐུ་ཕྲེང་དང་པོ་ཡིན། ལྷ་ཁང་འདི་ནི་དགོན་པའི་དགེ་འདུན་པ་ཡོངས་ཀྱི་ནངས་དགོང་གི་ཚོགས་རའང་ཡིན་ལ། མདུན་ཅོག་སྟེང་གི་ཆོས་དཔེ་དང་མཆོད་རྫས་རྣམས་དགེ་འདུན་པ་ཚོས་ཚོགས་འདོན་པའི་གནས་སྐབས་སུ་སྤྱོད་ཀྱིན་ཡོད། གྱང་ལྡེབས་ཀྱི་ཀུན་དགའ་ར་བའི་ནང་དུ་ཐའེ་ཝན་ནས་བཞེངས་པའི་གསེར་ཟངས་ཀྱི་བཟོ་རྩལ་ལས་བྱུང་བའི་རྗེ་ཙོང་ཁ་པའི་སྐུ་འདྲ་ཆིག་སྟོང་བཞུགས་པ་དེར་སྤྱི་ཚོགས་ཐོག་གི་མི་སྣ་གྲགས་ཅན་དང་ལས་རིགས་སོ་སོའི་མི་དྲག་མང་པོས་མཇལ་ཁ་ཞུ་བཞིན་ཡོད།2011ལོར་རྒྱལ་བསྟན་དར་རྒྱས་གླིང་དུ་དགོན་པ་འདིའི་ཁྲི་པ་རིན་ཆེན་རྒྱ་མཚོ་མཆོག་གི་སྣེ་ཁྲིད་འོག་རྒྱལ་བསྟན་དར་རྒྱས་བྱམས་བརྩེ་དགེ་སྒྲུབ་ཚོགས་པ་ཞེས་པ་བཙུགས་ཏེ། ཚང་མར་ཉིན་རེ་རེར་དགེ་བ་སྣ་གཅིག་གསོག་པ་དང་སྒོར་མོ་གཅིག་རེ་ཞལ་འདེབས་འབུལ་རྒྱུའི་སྐུལ་སློང་མཛད་ནས་ལོ་འཁོར་མོ་ཡུག་ལ་དགོན་པའི་མཐའ་འཁོར་གྱི་སྤྲང་པོ་རྣམས་ལ་འབྲས་ཐུག་དང་ཤ་མོག་སོགས་ཟས་གོས་སྦྱིན་པ་གཏོང་བཞིན་ཡོད། བྱམས་བརྩེ་དགེ་སྒྲུབ་ཚོགས་པས་ཟླ་བ་རེར་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་དང་རྟེན་ས་མེད་པའི་ཁེར་ལུས་རྒན་རྒོན་ལ་རོགས་རམ་དང་། སྨན་བསྟེན་རོགས་རམ། སློབ་སྐྱོར་རོགས་རམ་སོགས་སྤྱི་ཚོགས་དགེ་སྒྲུབ་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱིན་ཡོད་ལ། ད་ལྟ་ཚོགས་པར་ཚོགས་མི་སུམ་སྟོང་ལྷག་ཡོད།གསེར་སྡོང་ཁང་ནི་བོད་བརྒྱུད་ནང་བསྟན་གྱི་ཚད་རིམ་མཐོ་ཤོས་ཀྱི་བཟོ་བཀོད་ཡིན་ལ། རྒྱལ་བསྟན་དར་རྒྱས་གླིང་གི་གསེར་སྡོང་ཁང་ནི་ཧྲའན་ཞི་ཞིང་ཆེན་གྱི་གསེར་སྡོང་ཁང་ཁོ་ན་དེ་ཡིན། དེའི་སྟེང་དུ་གསེར་འདབ་ཀྱིས་བརྒྱན་ཞིང་། ནུབ་ཏུ་ཏཱ་ལའི་བླ་མའི་གཟིམ་ཁང་དང་། ཤར་ཏུ་པཎ་ཆེན་རིན་པོ་ཆེའི་གཟིམ་ཁང་ཡོད། དཀྱིལ་དབུས་སུ་གོང་མ་ཆན་ལུང་གིས་ཕྱག་བྲིས་གནང་བའི་“ཆོས་ལྡན་ཞིང་ཁམས་”ཞེས་པའི་ཐེམ་ཡིག་བཀལ་ཞིང་། སྒོའི་ཡང་སྟེང་དུ་འདས་པའི་སངས་རྒྱས་མར་མེ་མཛད། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། མ་འོངས་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོ་བཅས་བྲིས་ཡོད། གཞོགས་གཉིས་སུ་ཉེ་བའི་སྲས་ཆེན་བརྒྱད་བཞུགས་ཤིང་། ཀ་བ་གདུང་མ་དང་རྩེ་མོ་ཡོངས་སུ་ཆིང་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་གི་བཟོ་སྐྲུན་དུ་འགོད་པའི་ཚོན་རིས་ཀྱི་ཚད་རིམ་མཐོ་ཤོས་གསེར་གྱི་འབྲུག་རིས་བཀོད་ཡོད། གསེར་སྡོང་ཁང་གི་ཐང་ག་རྣམས་བོད་ཁུལ་གྱི་བླ་སྤྲུལ་ཆེ་དྲག་གདན་འདྲེན་ཞུས་ཏེ་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་ནས་དགོན་པ་འདིར་ཆེད་དུ་བཞེངས་པ་ཡིན། དཀྱིལ་དབུས་སུ་བཞུགས་པ་ནི་ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་ཡིན། མིག་སྔར་འཛམ་གླིང་ཐོག་འདི་ལྟ་བུའི་སྐུ་བརྙན་གཉིས་མ་གཏོགས་མེད་ལ། ཅིག་ཤོས་ལྷ་སའི་གཙུག་ལག་ཁང་དུ་བཞུགས། རྒྱལ་བསྟན་དར་རྒྱས་གླིང་གི་སྐུ་བརྙན་འདི་དང་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་གཉིས་སྐུའི་ཆེ་ཆུང་དང་ཆ་ཚད་གཅིག་པས། སྐུ་འདིར་མཇལ་བ་ན་སངས་རྒྱས་དངོས་སུ་མཇལ་བ་དང་བྱིན་རླབས་མཚུངས་པ་ཡིན། ཤེལ་སྒྲོམ་ནང་གི་གཡང་ཊི་དཀར་པོའི་པདྨའི་གདན་འདིར་ལོ་ངོ་2500ཉེ་བའི་ལོ་རྒྱུས་ཡོད་ཅིང་། སྔོན་གྱི་དུས་ན་ཇོ་བོ་ཤཱཀྱ་མུ་ནེ་པདྨའི་གདན་འདིར་བཞུགས་ཏེ་རྒྱ་གར་ནས་རྒྱ་ནག་ཏུ་གདན་དྲངས་པ་རེད། དེ་སྔ་ཁའེ་ཡོན་དགོན་དུ་བཞུགས་པ་དང་། ཕྱིས་སུ་དགོན་པ་འདི་གར་གདན་དྲངས། འདི་ནི་རྒྱ་བཟའ་ཀོང་ཇོའི་སྐུ་བརྙན་རེད་ལ། བོད་པ་རྣམས་ཀྱིས་ཀོང་ཇོ་ནི་སྒྲོལ་ལྗང་གི་སྤྲུལ་བར་འདོད་ཅིང་། དགོན་པ་མང་པོའི་ནང་དུ་མཆོད་ཀྱིན་ཡོད། སྤྱི་ལོ་641ལོར། རྒྱ་བཟའ་ཀོང་ཇོ་དགུང་ལོ་16སྟེང་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གྱི་ཆེད་དུ་ས་ཐག་རིང་པོའི་བོད་ཡུལ་དུ་གཉེན་ལ་བརྫངས་པ་དང་། ཀོང་ཇོས་བོད་རིགས་སྤུན་ཟླ་རྣམས་ལ་སྔོན་ཐོན་གྱི་ལག་རྩལ་དང་དེ་བཞིན་ལས་རིགས་སོ་སོར་བྱང་ཆུབ་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པར་མ་ཟད། རང་ཉིད་ཀྱི་སྐུ་ཚེ་གང་བོ་རྒྱ་བོད་མཛའ་མཐུན་གྱི་ཞི་བདེ་ལས་དོན་ལ་བློས་བཏང་བ་དང་། ཚེ་གང་ཕྱིར་ཕ་ཡུལ་ཁྲང་ཨན་དུ་ཕེབས་མ་ཐུབ། ལོ་ངོ་1300ལྷག་འགོར་རྗེས། 2006ལོར་རྒྱལ་བསྟན་དར་རྒྱས་གླིང་གི་ཁྲི་པ་རིན་ཆེན་རྒྱ་མཚོ་མཆོག་གི་སྣེ་ཁྲིད་འོག་“སླར་ཡང་ཐང་བོད་གནའ་ལམ་དུ་བསྐྱོད་ནས་རྒྱ་བཟའ་ཀོང་ཇོ་ཕ་ཡུལ་དུ་གདན་འདྲེན་ཞུ་བའི་”བྱེད་སྒོ་རྒྱ་ཆེར་སྤེལ་ཞིང་། ཨ་རིའི་ཕྱི་སྡོད་རང་མི་སྐུ་ཞབས་ཆི་མིའོ་ཁྲུན་གྱིས་ཞལ་འདེབས་སྒོར་ཁྲི་260ཕུལ་ཏེ། ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་རྒྱ་གར་གྱི་ཙན་དན་སྨུག་པོར་བརྐོས་པ་དང་། རྒྱ་བཟའ་ཀོང་ཇོའི་སྐུ་བརྙན་ཨ་རིའི་སེའུ་ཤིང་ལ་བརྐོས་ཐོག དགོན་པས་དགེ་འདུན་པའི་སྡེ་དང་སྨྱན་བྱེད་ལས་ཁུངས་30ལྷག་བཅས་ཁྱོན་བསྡོམས་མི་སྣ་80ཡིས་གྲུབ་པའི་གདན་འདྲེན་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཐང་བོད་གནའ་ལམ་དུ་ཡང་བསྐྱར་བགྲོད། ལྷ་སར་བསླེབས་ནས་སྐུ་བརྙན་འདི་དང་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོའི་སྐུ་བརྙན་གཉིས་ཞལ་སྤྲོད་དུ་ཉིན་མཚན་བདུན་རིང་མཉམ་བཞུགས་གནང་བ་དང་། བོད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་108གདན་དྲངས་ཏེ་རབ་གནས་རྒྱས་པར་མཛད། གདན་འདྲེན་རུ་ཁག་གི་དགེ་འདུན་པ་ཚོས་རབ་གནས་མཛད་པའི་སྐུ་བརྙན་འདི་གཉིས་སྐྱེལ་བཞིན་ལྷ་ས་ནས་དབུ་ཚུགས་ཏེ་རྒྱ་བཟའ་ཀོང་ཇོ་དེ་སྔ་བོད་དུ་ཕེབས་དུས་ཀྱི་གནའ་ལམ་སྟེ་ཐང་བོད་གནའ་ལམ་བརྒྱུད་ནས་ཕྱིར་ཞི་ཨན་དུ་འབྱོར། དེའི་དབར་གྱི་ལམ་ཐག་སྤྱི་ལེ་7000ལྷག་ཡོད་ལ། ལམ་བར་དུ་སྐུ་འབུམ་བྱམས་པ་གླིང་དང་། ཧྥ་མེན་དགོན་པར་ཆོས་ལུགས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ། ཞི་ཨན་དུ་སླེབས་དུས་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ལྷོ་སྒོ་རུ་རྒྱ་བཟའ་ཀོང་ཇོའི་ལོག་ཕེབས་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་མཛད་ཅིང་རིག་རྩལ་སྤྲོ་ཚོགས་ཆུ་ཚོད་གསུམ་རིང་འཚོགས། ཉིན་20རིང་གི་དུས་ཚོད་བརྒྱུད་ནས་སྐུ་བརྙན་རྩ་ཆེན་འདི་གཉིས་རྒྱལ་བསྟན་དར་རྒྱས་གླིང་དུ་གདན་དྲངས། ཐེངས་འདིའི་བྱེད་སྒོས་ང་ཚོས་གནའ་མི་རྗེས་སུ་དྲན་པའི་བརྩེ་བ་མཚོན་པར་མ་ཟད། རྒྱ་བོད་གཉིས་ཀྱི་རིག་གནས་སྤེལ་རེས་ལ་ཤུགས་བསྣན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་རྒྱལ་བསྟན་དར་རྒྱས་གླིང་གིས་སྔར་མུས་བཞིན་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་པར་སྐྱོང་བཞིན་མི་རིགས་མང་པོའི་མཐུན་སྒྲིལ་དང་མི་རིགས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས།ནུབ་ཕྱོགས་ཀྱི་སྐུ་གདུང་མཆོད་རྟེན་ནང་དུ་སྟོན་པ་ཤཱཀྱ་ཐུབ་པའི་རིང་བསྲེལ་བཞུགས་ཡོད། འདི་ནི་2009ལོར་ཐེ་ལན་རྒྱལ་ཁབ་ཀྱི་གོང་མའི་ཁྱིམ་རྒྱུད་དུ་སྐྱེས་པའི་དགེ་བསྙེན་མ་ནན་ཐ་ནཱས་སྟོན་པ་སངས་རྒྱས་ཀྱི་རིང་བསྲེལ་རིལ་བུ་9སྦྱིན་པ་གནང་བ་དེ་ཡིན་ལ། ཝེ་ཀྲི་སྡེ་ཚོགས་ཀྱིས་སྒོར་ཁྲི་བརྒྱ་ཐམ་པ་ཞལ་འདེབས་སུ་ཕུལ་ཏེ་བོད་ལྗོངས་ནས་སྐུ་གདུང་མཆོད་རྟེན་རྣམ་པར་རྒྱལ་བ་འདི་ཉིད་བཞེངས།བརྗིད་ཉམས་ལྡན་ཞིང་ཀྲོང་ངེར་འགྱིང་བའི་ལྷ་སྐུ་ཆེན་པོ་འདི་ནི་རྒྱལ་བ་བྱམས་པའི་སྐུ་བརྙན་རེད། མཐོ་ཚད་ལ་སྨི་9.9ཡོད་ལ། ག་པུར་ཤིང་ལ་བརྐོས་ཏེ་ལེགས་པར་གྲུབ་ཅིང་། སྐུ་ལུས་ཡོངས་སུ་གསེར་ཆུ་བྱུག་ཡོད། ཕྱག་གཡས་གཡོན་གཉིས་ཀྱིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་ཅིང་། ནང་པའི་ཆོས་གཞུང་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་རྒྱལ་བ་བྱམས་པ་མི་ཡུལ་དུ་ཕེབས་ནས་འགྲོ་བའི་བསྟན་དོན་མཛད་དགོས་པས་ན་མ་འོངས་སངས་རྒྱས་ཞེས་གསོལ།དཔེ་མཛོད་ཁང་གི་གཡས་གཡོན་གཉིས་སུ་ཡོད་པའི་དཔེ་སྒྲོམ་ལ་ཁ་ན་ཏའི་ཕྱི་སྡོད་རང་མི་ཞིག་གིས་མ་དངུལ་སྒོར་ཁྲི་200ལྷག་བཏོན་ནས་ཤིང་སྣ་མཆོག་གྱུར་ཙན་དན་དམར་པོས་བཟོས་ཤིང་། འགོག་རྡེག་ནི་ག་པུར་ཤིང་གིས་བྱས་ལ། ཤིང་སྲིན་འགོག་པའི་ནུས་པ་དང་ཆོས་དཔེ་ཉར་བར་ཤིན་ཏུ་ལེགས། དཔེ་སྒྲོམ་དུ་1710ལོར་དག་སྒྲིག་བྱས་པའི་མིང་རྒྱལ་རབས་ཀྱི་བཀའ་བསྟན་པར་མ་ཉར་ཚགས་མཛད་ཡོད་ཅིང་། ཁྱོན་བསྡོམས་པོ་ཏི་6600བཞུགས། འདི་ནི་མིག་སྔར་རྒྱལ་ནང་དུ་ཉར་ཚགས་བྱས་པའི་བཀའ་བསྟན་འཐུས་སྒོ་ཚང་ཤོས་དེ་ཡིན། བཀའ་བསྟན་གྱི་ཤོག་བུ་ནི་སྤུས་ཀ་ལེགས་ཤོས་ཡིན་པས་ད་ལྟའང་ཡིག་གཟུགས་གསལ་ལ་ཆ་ཚང་བ་དང་། དེ་ནི་གོང་མ་ཁང་ཞིས་རྒྱལ་བསྟན་དར་རྒྱས་གླིང་ལ་གནང་བ་སྟེ། གསུང་རབ་ཀྱི་སྟེང་དུ་གོང་མས་ཕྱག་བྲིས་མཛད་ཡོད།ང་ཚོས་མཐོང་བའི་གཟེར་མིག་གི་རྣམ་པས་ཁེངས་པའི་ཤུག་སྡོང་འདི་གཉིས་ཀྱི་ཁྱད་ཆོས་གཙོ་བོ་ནི་སྡོང་རྐང་དང་ཡལ་གའི་སྟེང་དུ་སྒོར་མོའི་དབྱིབས་ཀྱི་གཟེར་མིག་གི་རྣམ་པ་གང་སར་ཡོད་པ་དེ་ཡིན། དེ་སྔ་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་དཔུང་གིས་བཙན་འཛུལ་བྱེད་སྐབས། རྒྱལ་ཡུམ་ཚི་ཞི་ཞི་ཨན་ལ་བྲོས་བྱོལ་དུ་ཕེབས་ནས་དགོན་པ་འདིར་བཞུགས་དུས་སྐྲ་གཟེར་སྡོང་པོར་འཛེར་ཏེ་གྱོན་གོས་ཉི་མར་སྐམ་པས་གཟེར་ཁུང་འདི་དག་ཤུལ་དུ་ལུས་པ་རེད་ལ། ད་ལྟ་ང་ཚོས་ཀྱང་འདི་ལ་གོས་སྐམ་ཤུག་སྡོང་ཞེས་འབོད་ཀྱིན་ཡོད།རྩིག་ངོས་ཀྱི་མཐུན་པ་སྤུན་བཞིའི་རི་མོ་ནི་ཀོན་ཀྲུང་ས་ཁུལ་གྱི་སྲོལ་རྒྱུན་གྱི་སོ་ཕག་བརྐོས་རིས་སྒྱུ་རྩལ་སྤྱད་དེ་བཟོས་ཤིང་། དེ་ལ་གནའ་ཉམས་ལྡན་ཞིང་བཀོད་པ་ཡིད་དུ་འོང་བ་ཞིག་རེད། ངག་རྒྱུན་དུ། ས་ཆ་ག་གེ་མོ་ཞིག་ཏུ་བྱ་ཞིག་གིས་ས་བོན་རྡོག་གཅིག་འཁྱེར་ཡོང་ནས་སར་གཡུག་པ་དང་། རི་བོང་ཞིག་གིས་དེ་ཉིད་མཐོང་ནས་ས་བྲུས་ཏེ་ས་བོན་དོང་དུ་སྦས། ཡུན་རིང་མ་འགོར་བར་ས་བོན་ལ་མྱུ་གུ་འབུས་པ་དང་། ནགས་གསེབ་ཏུ་རྩེད་འཇོར་རོལ་བའི་སྤྲེའུ་ཞིག་གིས་དེ་ཉིད་མཐོང་ནས་མྱུ་གུ་དེ་སྲུང་བའི་ཕྱིར་དུ་སྡོང་པོའི་ཡལ་གས་མཐའ་ནས་བསྐོར་བར་མ་ཟད། ཉེ་འཁོར་གྱི་རྩྭ་ལྡུམ་ཡོངས་སུ་བཀོག གླང་པོ་ཆེ་ཞིག་གིས་རྣམ་པ་དེ་མཐོང་རྗེས་ཉི་མ་རེ་རེར་སྣ་ཞགས་ཀྱིས་ཆུ་དྲངས་ཏེ་མྱུ་གུར་གཏོར། དེ་ལྟར་མྱུ་གུ་དེ་མཐུན་པ་སྤུན་བཞིའི་བདག་སྐྱོང་འོག་དགུང་སྔོན་གནམ་ལ་ཟུག་པའི་ལྗོན་ཤིང་ཆེན་པོ་ཞིག་ཏུ་གྱུར་བ་དང་། མཐའ་མར་དེ་ལས་འབྲས་བཟང་ལེགས་པར་སྨིན། དེ་ནས་མཐུན་པ་སྤུན་བཞིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཤིང་འབྲས་རྣམས་ནགས་ཚལ་ཁྲོད་ཀྱི་རི་དྭགས་ཀུན་ལ་སྦྱིན་ཏེ་ལོངས་སྤྱད་པས་ཡུལ་ཁམས་བདེ་ཞིང་མི་ལ་ན་ཚ་མེད་པ་དང་ལོ་ཕྱུགས་རྟག་ཏུ་འཕེལ། བོད་བརྒྱུད་ནང་བསྟན་ཆོས་ལུགས་སུ་བཀྲ་ཤིས་པའི་རི་མོ་འདིས་ཁ་མཐུན་འཆམ་མཐུན་དང་། དུས་བདེ་ཞོད་འཇགས་ཡོང་བའི་རེ་སྨོན་མཚོན་ཡོད།ཛམ་ལྷའི་ལྷ་ཁང་དུ་མཆོད་པའི་ཛམ་ལྷ་ནི་བོད་བརྒྱུད་ནང་བསྟན་གྱི་ནོར་ལྷ་རིགས་ལྔའི་ཐོག་མ་ཛམ་ལྷ་སེར་པོ་ཡིན་ལ། འདི་ནི་རྒྱལ་ཡོངས་ཀྱི་ཛམ་ལྷ་སྟོང་སྐུའི་ལྷ་ཁང་ཐོག་མའང་ཡིན། སྐུ་བརྙན་འདིའི་ཕྱག་གཡོན་པར་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་དང་། ཕྱག་གཡས་པར་ཡིད་བཞིན་གྱི་ནོར་བུ་དང་། ཞབས་ཀྱིས་རིན་ཆེན་དུང་དཀར་མནན་པས་དུས་ནམ་ཡང་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་བ་མཚོན། མཆོད་སྟེགས་སུ་ཆང་རག་སྣ་ཚོགས་མཆོད་ཡོད་པའང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན། བོད་བརྒྱུད་ནང་བསྟན་གྱི་སྲུང་མ་ཐམས་ཅད་ལ་སྐྱེམས་ཆང་མཆོད་ཆོག་པར་མ་ཟད། སྐྱེམས་ཆང་མཆོད་པ་ནི་མཆོད་པའི་མཆོག་ཏུ་བརྩིས་པ་ཡིན། ལོ་རེའི་གནམ་གང་གི་མཚན་གང་ལ་དགོན་པའི་སྒོ་ཕྱེ་ནས་ནོར་ལྷ་གདན་དྲངས་ཏེ་ལོ་གཡང་འགུག་པ་དང་ལོ་གསར་གྱི་སྨོན་ལམ་འཚོག་བཞིན་ཡོད།སྡོང་པོ་འདིའི་སྡོང་རྐང་ལ་པགས་པ་མེད་པས་སྡོང་རྐང་ཕྱིར་མངོན་ཞིང་ཚོར་སྣང་ཧ་ཅང་སྐྱེན་པོ་ཡོད། ལག་པས་སྡོང་རྐང་བྲད་མ་ཐག་སྡོང་པོའི་ཡལ་ག་ལྕུག་ལྕུག་འདར་ཞིང་། དེ་ནི་ཟ་འཕྲུག་ལངས་པས་གད་མོ་ཤོར་བ་དང་གཉིས་སུ་མ་མཆིས། ལོ་ངོ་བརྒྱ་ཕྲག་སོང་བའི་ལི་ཤིའི་སྡོང་རྒན་འདི་ནི་ངག་རྒྱུན་དུ་གོང་མ་ཁང་ཞིས་སྐུ་དངོས་སུ་བཙུགས་པར་བཤད་ཅིང་། མེ་ཏོད་བཞད་པའི་དུས་ན་དགོན་པ་ཡོངས་སུ་དྲི་བསུང་གང་སར་འཐུལ་ཞིང་ཀུན་གྱི་ཡིད་མྱོས་པར་བྱེད་པས། སྐྱེ་བོ་དུ་མའི་འདྲེན་བྱེད་ཀྱི་དབང་པོ་ཅིག་ཅར་འཕྲོགའདི་ནི་རྒྱལ་བསྟན་དར་རྒྱས་གླིང་གི་མགོན་ཁང་ངམ་སྔགས་ཁང་ཡིན། འདིའི་ནང་དུ་དགེ་ལུགས་པའི་སྲུང་མ་རྣམ་ལྔ་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་དང་། ཤན་དམར། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ་བཅས་བཞུགས་ཡོད། སྲུང་མར་བསྙེན་བཀུར་བྱས་ན་བྱ་བ་ལམ་འགྲོ་ཡོང་བ་དང་བགེགས་དང་བར་ཆད་སེལ་ཐུབ། རྒྱལ་བསྟན་དར་རྒྱས་གླིང་གི་ཁྲི་པ་རིན་ཆེན་རྒྱ་མཚོ་མཆོག་ནི་ནང་སོག་ཁྲི་ཧྥིན་གྲོང་ཁྱེར་གྱི་ནང་པའི་ཆོས་ལ་དད་པའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་ཤིང་། སྔ་ཕྱིར་ནང་སོག་ནང་བསྟན་སློབ་གླིང་དང་། ནང་སོག་སློབ་གྲྭ་ཆེན་མོའི་སོག་པོའི་རིག་གནས་སློབ་གླིང་དུ་སློབ་གཉེར་མཛད། ད་ལྟ་ཧྲའན་ཞི་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན། ཞི་ཨན་གྲོང་ཁྱེར་གྱི་མི་དམངས་འཐུས་མི་བཅས་ཡིན།ཤར་གྱི་ར་བ་འདི་ནི་དགོན་པའི་འཚོ་བ་སྐྱེལ་ཁུལ་དང་། བྱང་ཁུལ་ནི་དགེ་འདུན་པའི་གྲྭ་ཤག་དང་། ནུབ་ཁུལ་ནི་གཙོ་བོ་གཞུང་ལས་སྒྲུབ་ས་ཡིན། འདི་གར་བོད་སོག་གི་ཁྱད་ཆོས་ལྡན་པའི་སྣེ་ལེན་ཁང་དང་། ཚོགས་ཁང་། སྨྱན་མང་གཟུགས་ཀྱི་སློབ་ཁང་། གསུང་ཆོས་ར་བ་སོགས་ཡོད་ལ། དེང་རབས་ཚན་རྩལ་ལ་བརྟེན་ནས་ཤེས་རིག་ལྡན་པའི་དགོན་པ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་བཞིན་ཡོད། དེ་རིང་གི་གནས་བཤད་འདི་ནས་ཡོངས་སུ་མཇུག་རྫོགས་པ་ཡིན། ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་བ་དང་། རྗེས་མ་སླར་ཡང་རྒྱལ་བསྟན་དར་རྒྱས་གླིང་དུ་ཕེབས་པར་དགའ་བསུ་ཞུ།རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།གསལ་འདེབས། རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn

༄༅།།འདི་རུ་གསེར་གཏེར་རྙེད་འདུག

ཉེ་ཆར། ཞིན་ཅང་ཧ་སྨི་གྲོང་ཁྱེར་དབྱི་ཀྲོའུ་ཆུས་ཡེ་མེ་ཆོན་གྱི་གཏེར་ཁུལ་ནུབ་མར་གསེར་གཏེར་འཚོལ་བའི་འགག་སྒྲོལ་གཏོར་ནས་གསེར་གཏེར་ཞིག་རྩད་ཆོད། གསེར་ལྕགས་རིགས་ཀྱི་གྲངས་འབོར་སྟོང་ཁེ་5857.68རྩད་ཆོད་པ་དང་གསེར་གྱི་སྤུས་ཚད་ཆ་སྙོམས་ཏུན་རེར་གཏེར་རྡོ་ཁེ་1.60ཡས་མས་དང་སྤུས་ཚད་མཐོ་ཤོས་ཏུན་རེར་ཁེ་40ཟིན་གྱི་ཡོད། རྒྱལ་ཁབ་ཀྱི《གཏེར་ཁའི་ཐོན་ཁུངས་གསོག་ཚད་ཀྱི་གཞི་ཁྱོན་དབྱེ་འབྱེད་ཚད་གཞི》གཞིར་བཟུང་། གསེར་གཏེར་འབྲིང་གྲས་ཀྱི་གསོག་ཚད་གཞི་ཁྱོན་དབྱེ་འབྱེད་ཚད་གཞི་ནི“ཏུན་5ལས་ཆེ་བ་དང་ཏུན་20ལས་ཆུང་བ”ཡིན་པ་དང་། གསེར་གཏེར་དེའི་གཞི་ཁྱོན་གསེར་གཏེར་འབྲིང་གྲས་ཀྱི་ཚད་གཞིར་སླེབས་ཡོད།

ལུའོ་ཏུང་ཁྲོན་གྱིས་རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་གཏོད་སྔར་ལས་ལྷག་པར་ཟབ་མོར་སྤེལ་བ། ནང་སྐྱེད་སྒུལ་ཤུགས་སློང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ཏེ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལངས་གནས་མཐོན་པོ་དང་སྔར་ལས་བྱེད་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།རྨ་ཆུའི་སྟོད་རྒྱུད་ཀྱི་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་སུ། ལུའོ་ཏུང་ཁྲོན་ཆུ་རགས་དང་བཟོ་གྲྭའི་འཁོར་ཁང་། སྤྱིའི་ཚོད་འཛིན་ཁང་བཅས་སུ་ཟབ་ཕེབས་སྒོས། ཆུ་གློག་ས་ཚིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་གཉེར་སྐྱོང་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་ཆུ་མཛོད་དོ་དམ་ཆུ་ཚད་མཐོར་འདེགས་པ་དང་། བཟོ་གྲྭའི་གློག་འདོན་དང་ཆུ་བེད། ཆུ་སྐྱོན་འགོག་པ། སྐྱེ་ཁམས་སོགས་ཕྱོགས་སོ་སོའི་ཕྱོགས་བསྡུས་ཕན་འབྲས་ཕུན་སུམ་ཚོགས་པར་འདོན་པ། སྐོར་ཞིབ་ལས་རེས་ཇེ་དྲག་ཏུ་གཏོང་བ། འཕྲུལ་ཆས་ཚོགས་པ་བདེ་འཇགས་བརྟན་བརླིང་གིས་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྔར་ལས་ལེགས་པའི་གཅིག་འདོམས་བྱེད་དགོས།གཅན་ཚ་རྫོང་སྣང་ར་ཤང་རྨ་ཆུའི་འགྲམ་རྒྱུད་དུ། ལུའོ་ཏུང་ཁྲོན་རྨ་ཆུའི་འགྲམ་རྒྱུད་དེད་ནས་ཆུ་སྐོར་བརྟག་དཔྱད་ཞིབ་འཇུག་གནང་སྟེ་བསྟན་དོན། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པ་དེ་སྔོན་འགྲོའི་གོ་གནས་སུ་འཇོག་པ་དང་། ལས་སླ་མོས་ཐོབ་པ་མ་ཡིན་པའི་སྲུང་སྐྱོང་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ། དུས་རབས་གསར་པའི་རྨ་ཆུའི་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་འཆད་དེ། དྭངས་གསལ་གཙང་བོ་ཤར་དུ་བཞུར་བར་ཁག་ཐེག་བྱེད་དགོས། བདེ་སྐྱིད་སྡེ་བར་ཕེབས་ནས། སྡེ་བས་ཡུལ་གཞན་གནས་སྤོར་བརྒྱུད་ནས་འབྱོར་འབྲིང་མངོན་འགྱུར་བྱས་པའི་བརྒྱུད་རིམ་ལ་རྒྱུས་ལོན་གནང་རྗེས། ལུའོ་ཏུང་ཁྲོན་རྨ་ཆུའི་འགྲམ་རྒྱུད་ཀྱི་སྒྲོལ་མ་ཚེ་རིང་ཞིང་ཁྱིམ་གླིང་དུ་རང་དགར་ངང་ཕེབས་ཤིང་། གཉེར་སྐྱོང་པ་བསྟན་པ་དང་སྙིང་ཉེ་བའི་གླེང་མོལ་གནང་བ་དང་། ཁོ་ཚང་རི་ནས་གནས་སྤར་རྗེས་ཀྱི་འཚོ་བ་ཇི་ལྟ་བུ་ཡིན་པར་འདྲི་རྟོགས་མཛད་ཅིང་། “ཡོང་འབབ་མཐོ་བ་དང་འགྲིམ་འགྲུལ་བདེ་བ། ང་ཚོས་ཡུལ་སྐོར་གྱི་ཡོང་འབབ་རེག་ཐུབ”ཅེས་པའི་དྲིས་ལན་ཐོས་པ་ན། ལུའོ་ཏུང་ཁྲོན་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། བསྟན་པ་ཁྱིམ་མི་གང་པོས་ཡར་བརྩོན་ཧུར་ཐག་གི་བསམ་པའི་ཉམས་འགྱུར་སྲུང་འཛིན་བྱེད་པ་དང་། མུ་མཐུད་འབད་འཐབ་ཀྱི་བརྟུན་པ་ཆེར་སྐྱེད་བྱས་ཏེ། འཚོ་བ་ལེགས་པོའི་ཏིལ་སྡོང་གི་མེ་ཏོག་རིམ་པ་ལས་རིམ་པ་བཞད་པ་མཐོ་རུ་འཇུག་དགོས་ཞེས་སྐུལ་མ་གནང་།ཞོན་ཧྭ་རྫོང“རྨ་ཆུའི་སྔོ་ཚལ”མཐོ་སྒང་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཕེབས་ནས། ལུའོ་ཏུང་ཁྲོན་གྱིས་སྔོ་ཚལ་རིགས་སྣ་ཚོགས་ཀྱི་སྐྱེས་བབ་ལ་གཟིགས་རྟོག་གནང་བ་དང་། སྒྲིག་ཆས་དང་ཞིང་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་སྟེ། ནན་གྱིས་བསྟན་དོན། ཐོན་ལས་ཅན་དང་གཞི་ཁྱོན་ཅན། རིག་ནུས་ཅན་གྱི་ཁ་ཕྱོགས་གཏན་ལ་ཕབ་པ་དང་། ཞིང་ལས་ཚན་རིག་སློབ་གསོ་དང་ཐོན་སྐྱེད་སློབ་སྦྱོང་ཞིབ་འཇུག་བཅས་མཉམ་འགུལ་མཐུན་སྦྱོར་ལ་འབད་པ་ཆེན་པོས་སྐུལ་འདེད་གཏོང་བ། སྔོན་ཐོན་ཐོན་སྐྱེད་རྒྱུ་རྐྱེན་དང་ལག་རྩལ་རྣམ་པ་ནང་འདྲེན་བྱེད་པ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ། རིན་ཐང་ཕྲེང་འབྲེལ་བཅས་བསྐྱར་འཛུགས་དང་འཕེལ་འགྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱུད་ལེགས་གསོ་སྐྱོང་དང་སྤུས་ཀ་མཐོར་འདེགས། ཚོང་རྟགས་སྐྲུན་པ་བཅས་ལ་ལྷན་དུ་གཅིག་འདོམས་བྱེད་པ། མཐོ་སྒང་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཐང་འཕར་བར་སྟོང་མུ་མཐུད་དུ་རྒྱ་བསྐྱེད་དེ། ཞིང་ལས་དེ་རེ་བ་ཡོད་པའི་ཐོན་ལས་སུ་འགྱུར་དུ་འཇུག་དགོས།ཞོན་ཧྭ་རྫོང་མཚོ་སྔོན་འཐེན་ཐུག་ཐོན་ལས་འགྲེམ་སྟོན་ཁང་དུ། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་འཐེན་ཐུག་ཐོན་ལས་འཕེལ་རྒྱས་གནས་ཚུལ་སྙན་ཞུར་གསན་ཏེ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རང་འགུལ་གྱིས་བྱས་འབྲས་ཡོད་པར་བྱེད་དང་། གོ་རིམ་ཧྲིལ་པོའི་ཞབས་ཞུ་དང་རྒྱུ་རྐྱེན་ཡོངས་ཀྱི་འགན་ལེན་ལེགས་པར་བསྒྲུབས་ཏེ། ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་པའི་བླང་བྱ་བཏོན། དེའི་རྗེས་སུ། ལུའོ་ཏུང་ཁྲོན་གྱིས་འཐེན་ཐུག་ཐོན་ལས་རིག་ཤེས་ལས་སྟེགས་བརྒྱུད་ནས་ཞིང་ཆེན་ཕྱིའི་ཚོང་གཉེར་མཁན་དང་བརྙན་ལམ་སྐུད་འབྲེལ་བྱས་ཏེ། ཐོན་སྐྱེད་གཉེར་སྐྱོང་དང་ཕྱིའི་འཚོ་བའི་གནས་ཚུལ་ལ་འདྲི་རྟོགས་ཞིབ་མོ་གནང་བ་དང་། ཁོ་ཚོའི་ཚོང་ལས་སྔར་ལས་གོང་འཕེལ་འབྱུང་བའི་སྨོན་འདུན་ཞུས་ཤིང་། མཚོ་སྔོན“འཐེན་ཐུག་པས”མུ་མཐུད་དུ་རྒྱ་ཆེན་པོ་དང་སྤུས་ལེགས་པོ། སྟོབས་ཆེན་མོར་སྒྲུབ་པ་དང་། ལས་ལ་བརྩོན་པའི་ལག་ཟུང་དང་རྩལ་ནུས་ཕུལ་བྱུང་ལ་བརྟེན་ནས། མཚོ་སྔོན་འཐེན་ཐུག་གི་རང་བདག་ཟོང་རྟགས་ཕྱིར་སྐྱོད་པར་སྔར་ལས་ལྷག་པར་སྐུལ་ཁྲིད་བྱ་རྒྱུའི་སྐུལ་མ་གནང་།ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཤང་པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་སུ་ཕེབས་ནས། ལུའོ་ཏུང་ཁྲོན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཚེའི་མཛད་རྣམ་དང་འབྲེལ་ཡོད་རྟེན་རྫས་སྲུང་སྐྱོབ་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། ཁོང་གིས་བསྟན་དོན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་ཕུན་སུམ་ཚོགས་པར་འདོན་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་རྒྱུན་འཛིན་དར་སྤེལ་གཏོང་བ། ཁོང་ཉིད་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། ཆོས་ལུགས་ལ་དགའ་བ། མི་རིགས་ལ་དགའ་བ་བཅས་ཀྱི་ལོ་རྒྱུས་གཏམ་རྒྱུད་ལེགས་པར་འཆད་དེ། མི་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་མཉམ་རྩོམ་བྱེད་དགོས། །

ཤེས་ལྡན་པའི་བོད་སྐྱོར་གྱིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྦྱིན་པ།

ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་རིག་གནས་དང་ཡུལ་སྐོར་པུའུ་དང་དེ་བཞིན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཤེས་ལྡན་པའི་བོད་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མ་ལག་ཅན་དང་རིམ་པ་མང་བའི་ཤེས་ལྡན་པ་གསོ་སྐྱོང་གི་འདུ་འགོད་ལ་བརྟེན་ཏེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྦྱིན་ཡོད།ཤེས་རྟོགས་བྱུང་བ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཤེས་ལྡན་པའི་བོད་སྐྱོར་དེ་རྨང་གཞིའི་རང་བཞིན་གྱི་ལས་ཀར་བརྩིས་ནས་སྐུལ་འདེད་བཏང་སྟེ། 2024ལོར་རིག་གནས་ཤེས་ལྡན་པའི་ཆེད་དོན་གྲོན་དངུལ་སྒོར་ཁྲི་2238གཤམ་སྤྲོད་བྱས་ནས“མངགས་ཐོ་རྣམ་པའི”ཤེས་ལྡན་པ་གསོ་སྐྱོང་དང་། བོད་ཀྱི་གཞི་རིམ་རིག་གནས་ཤེས་ལྡན་པ་མཉམ་སྐྲུན། དེ་བཞིན་སློབ་རྒྱུས་ཀྱི་ནུས་པའི“མཐོར་གཏོང་གཉིས”ཀྱི་འཆར་གཞི་ཕྱོཌ་ཡོངས་ནས་ལག་བསྟར་བཅས་བྱས་པ་རེད། པུའུ་ཁོངས་གཏོགས་ཚན་པས་བོད་རང་སྐྱོང་ལྗོངས་ཐད་གཏོགས་རིག་གནས་ཚན་པའི་རྐང་འཛིན་པ་10ལྗོངས་ཕྱིར་ལས་གནས་ཐོག་སློབ་སྦྱོང་བྱེད་པར་བསྡུས་པ་དང་། མཉམ་སྐྲུན་མཐོ་སློབ་ཀྱིས་བོད་ནས་རིག་གནས་དང་རིག་རྩལ་རིགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་16བསྡུས་པ།(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) པེ་ཅིང་ཞབས་བྲོ་སློབ་གླིང་གིས་རང་ལྗོངས་ཀྱི་ལས་ཐོག་ཞབས་བྲོ་བ་40ལྷག་ཙམ་ལ་སློབ་རྒྱུས་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ་བཅས་རེད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས“ནང་དུ་གདན་འདྲེན་པ་དང་ཕྱིར་བསྐྱོད་པའི”བྱེད་ཐབས་བརྒྱུད། རང་ལྗོངས་ཀྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་གྱི་རྐང་འཛིན་པ་160སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་ཁྲིད་དང་ལས་གནས་དང་བསྟུན་པའི་སྦྱོང་བརྡར་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཀོང་ཏུང་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་གཞོགས་འདེགས་འོག་གསོ་སྦྱོང་ཐེངས་34གཉེར་བ་དང་མི་95ཀོང་ཏུང་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་མངགས་པ། ཨན་ཧུའེ་ཞིང་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་ལ་སྤྱི་པའི་རིག་གནས་ཞབས་ཞུའི་མི་སྣ་50གསོ་སྦྱོང་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱིས་རིག་གནས་ཁྲིམས་སྒྱུར་རྐང་འཛིན་པ12ཧྲན་ཏུང་ཞིང་ཆེན་དུ་ཟབ་སྦྱོང་བྱེད་པར་འདེམས་གཏོང་བྱས་པ་བཅས་རེད།བོད་སྐྱོར་ཤེས་ལྡན་པའི་རྒྱབ་སྐྱོར་དང་རོགས་རམ་འོག་བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་གཟུགས་བརྙན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་འདི་ཉིད་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་གྱི་མཉམ་འབྲེལ་ལྷན་ཚོགས་ནང་ཞུགས་པ་དང་ཅང་སུའུ་ཞིང་ཆེན་གྱི་ཚོགས་པས་མིས་བཟོས་གཙང་པོའི་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཞུགས་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཤིང་། “གྲངས་འཛིན་ཡུལ་སྐོར་གཱ”ལ་སློབ་ཆེན་སློབ་མའི་དགའ་བསུ་ཆེན་པོ་ཡང་ཐོབ་ཡོད། རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་བོད་སྐྱོར་ལས་བྱེད་པས་ས་མཐོ་བརྗོད་བྱར་བྱས་པའི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་པར་ལེན་ནང་ཞུགས་ནས་མི་མེད་ཁུལ་དུ་བསྐྱོད་དེ། ས་བབ་མཐོ་བའི་དཀའ་སྡུག་དང་ལས་བྱེད་པ་ཚོའི་ལས་གནས་བརྟན་སྲུང་སྐོར་ལ་སྔར་བས་ཉམས་ལེན་བྱས་པ་དང་འབྲེལ། ས་མཐོའི་གཟུགས་བརྙན་བཟང་པོ་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་ཀྱང་བྱས་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

2025ལོའི“མི་ཁྲི་ཉི་ཤུས་མཚོ་བྱང་དུ་ཡུལ་སྐོར་བྱེད་པའི”ཧྲན་ཏུང་གི་གདན་ཞུ་དང “མཚོ་བྱང་གཟུགས་འདས་ཤུལ་བཞག་གི་སྤུས་ལེགས་དངོས་རྫས་ཧྲན་ཏུང་དུ་བསྐྱོད་པའི”བྱ་འགུལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་སྒྲུབ་དང་། ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཡན་ཐའེ་གྲོང་ཁྱེར་སྲིད་གཞུང་། ཧྲན་ཏུང་ཞིང་ཆེན་ཁ་གཏད་རོགས་སྐྱོར་མཚོ་སྔོན་ལས་བྱེད་པའི་དོ་དམ་ཚན་ཆུང་གི་མཛུབ་སྟོན་བྱས་པ་དང་། མཚོ་བྱང་ཁུལ་ཁོངས་གཏོགས་རྫོང་བཞིའི་ཏང་ཨུ། རྫོང་སྲིད་གཞུང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས། མཚོ་བྱང་ཁུལ་མཁོ་འཚོང་མཉམ་ལས་ཁང་། ཡན་ཐའེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཧྲན་ཏུང་དང་མཚོ་སྔོན་མཉམ་བསྐྱོད་ཀྱི2025ལོའི“མི་ཁྲི་ཉི་ཤུས་མཚོ་བྱང་དུ་ཡུལ་སྐོར”བྱེད་པའི་ཧྲན་ཏུང་གདན་ཞུ་དང“མཚོ་བྱང་གཟུགས་འདས་ཤུལ་བཞག་གི་སྤུས་ལེགས་དངོས་རྫས་ཧྲན་ཏུང་དུ་བསྐྱོད་པའི”བྱ་འགུལ་དེ་ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་དུ་སྤེལ། བྱ་འགུལ་ཁྲོད། མཚོ་བྱང་ཁུལ་གྱི་ཐད་གཏོགས་ལས་ཁུངས་དང་། མིན་ཡོན། མདོ་ལ། རྐང་ཚ། མདའ་བཞི་རྫོང་བཞིའི་སྲིད་གཞུང་དང་། མཚོ་བྱང་རྒྱལ་ཁབ་དངུལ་གཏོང་མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་གསོ་སྦྱོང་ཚད་ཡོད་ཀུང་སིའི་ཡན་ལག་འགན་ཁུར་བས། ཁྱོན་ཡོངས་ནས་རང་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། གསར་བརྗེའི་རྟོག་ཞིབ་སློབ་སྦྱོང་སློབ་ཁྲིད། ལམ་ཐིག་བཅས་འོས་སྦྱོར་བྱས། ས་གནས་གཉིས་ཀྱི་ཡུལ་སྐོར་སྐུ་མགྲོན་གྱིས་ཧྲན་ཏུང་དང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཚོང་རའི་མཉམ་སྐྲུན་གླེང་མོལ་བྱས་པ་དང་། “ཧྲན་ཏུང་དུ་འཛོམས་པ་དང་། མཚོ་བྱང་དུ་ལྷན་འཛོམས་བྱུང་བའི”མདུན་ལྗོངས་ལ་གླེང་བ་དང་། བྱ་འགུལ་སྐབས་སུ་ད་དུང་གཟུགས་འདས་ཤུལ་བཞག་འགྲེམ་སྟོན་དང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། རིག་གནས་གསར་སྐྲུན་ཐོན་རྫས་སོགས་ཀྱི་བྱ་འགུལ་འགྲེམ་སྟོན་བྱས་ཤིང་། མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་རིགས་སྣ200ལྷག་དང་། དཔེར་ན་ནོར་ཤ་དང་། མཐོ་སྒང་གི་སྦྲང་རྩི་སོགས་ལ་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། རྒྱུས་ལོན་བྱུང་བ་ལྟར་ན། “མི་ཁྲི་ཉི་ཤུས་མཚོ་བྱང་དུ་ཡུལ་སྐོར་བྱེད་པའི”བྱ་འགུལ་སྤེལ་བའི་རིང་ལ། ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་བརྗེ་རེས་མཉམ་ལས་ཀྱི་ཟོང་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཧྲན་ཏུང་ཡུལ་སྐོར་བ་མཚོ་བྱང་དུ་ཡུལ་སྐོར་བྱེད་པར་རྩ་འཛུགས་བྱེད་པ་དེས། སྔར་ལས་མང་པོའི་མིས་མཚོ་བྱང་གི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ལ་མྱོང་རོལ་བྱེད་ཐུབ་པ་མ་ཟད། མཚོ་བྱང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ད་ལོར། མཚོ་བྱང་ཁུལ་གྱིས་ཡུལ་སྐོར་དྲིལ་སྒྲོག་ཁྱབ་གདལ་ཤུགས་ཚད་ཆེ་རུ་གཏོང་བ་དང་། དམིགས་བསལ་སྲིད་ཇུས་དང་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་མང་པོ་བཏོན་ནས། ཧྲན་ཏུང་གི་ཡུལ་སྐོར་བ་མཚོ་བྱང་དུ་ཡུལ་སྐོར་ལྗོངས་རྒྱུ་བྱེད་པ་དང་སོས་དལ་ཁམས་གསེང་བྱེད་པར་ཡིད་དབང་བཀུག ཐེངས་འདིའི་བྱ་འགུལ་གྱིས་ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་རིག་གནས་བརྗེ་རེས་དང་། ཡུལ་སྐོར་མཉམ་ལས། དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། ས་གནས་གཉིས་ཀྱིས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་རྒྱུ་རེད། །

༄༅།།ཀུའེ་ཀྲོའུ་ལི་ཕིང་གི་སྐྱེ་ཁམས་བཟང་བའི་གྲོང་གསེབ་ཀྱིས་སྐུ་མགྲོན་གྱི་ཡིད་དབང་བཀུག་པ།

འདི་ནི་ཀུའེ་ཀྲོའུ་ཤར་ལྷོ་ཀྲོའུ་ལི་ཕིང་རྫོང་ཧྲོང་ཅང་གྲོང་རྡལ་ཧོང་ཀང་གྲོང་ཚོའི་ཡུལ་མིས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་ཏུང་རིགས་ཀྱི་དམངས་གཞས་གཏོང་བཞིན་པ།ཉེ་བའི་ལོ་ཤས་རིང་། ཀུའེ་ཀྲོའུ་ཞིང་ཆེན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཡིས་གཟུགས་ལྡན་ཤུལ་བཞག་གྲོང་ཚོ་དང་། ཡུལ་མིའི་སྡོད་ཁང་། ཁྱད་ལྡན་སྐྲུན་དངོས་བཅས་ཀྱི་རྣམ་པར་སྲུང་སྐྱོང་ཧུར་ཐག་བྱས་པ་མ་ཟད། གཟུགས་མེད

ཀུའེ་ཀྲོའུ་ལི་ཕིང་གི་སྐྱེ་ཁམས་བཟང་བའི་གྲོང་གསེབ་ཀྱིས་སྐུ་མགྲོན་གྱི་ཡིད་དབང་བཀུག་པ།

འདི་ནི་ཀུའེ་ཀྲོའུ་ཤར་ལྷོ་ཀྲོའུ་ལི་ཕིང་རྫོང་ཧྲོང་ཅང་གྲོང་རྡལ་ཧོང་ཀང་གྲོང་ཚོའི་ཡུལ་མིས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་ཏུང་རིགས་ཀྱི་དམངས་གཞས་གཏོང་བཞིན་པ།ཉེ་བའི་ལོ་ཤས་རིང་། ཀུའེ་ཀྲོའུ་ཞིང་ཆེན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཡིས་གཟུགས་ལྡན་ཤུལ་བཞག་གྲོང་ཚོ་དང་། ཡུལ་མིའི་སྡོད་ཁང་། ཁྱད་ལྡན་སྐྲུན་དངོས་བཅས་ཀྱི་རྣམ་པར་སྲུང་སྐྱོང་ཧུར་ཐག་བྱས་པ་མ་ཟད། གཟུགས་མེད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་རྒྱུན་འཛིན་བྱས་ཏེ། གསར་སྐྲུན་རང་བཞིན་གྱི་དངོས་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་ལ་ཤུགས་བརྒྱབ་ནས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པས། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་ཡོད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གི་2025ལོའི་དུས་ཚིགས་དང་པོའི་ལས་དོན་ཚོགས་འདུ་འཚོགས་པ།

ཚེས་18ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གི་2025ལོའི་དུས་ཚིགས་དང་པོའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། 2024ལོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་། ལོ་འཁོར་གྱི་ལས་ཀའི་ཇུས་གཞིར་གྲོས་ཞིབ། གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།བསྟན་པས་འདི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་ཕན་འབྲས་ལ་དཔྱད་དཔོག་བྱེད་པའི་འགག་རྩའི་ལོ་ཡིན་པས། ད་ལོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།བསྟན་པས་དོན་སྙིང་གལ་ཆེན་ངོས་འཛིན་ཐུབ་པར་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རིམ་པ་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཏན་ཏིག་བྱས་ཏེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

ཡུས་ཧྲུའུ་ཁུལ་གྱིས་གནད་དོན་བཅོས་སྒྲིག་བྱེད་པར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སླར་གསོར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཐད་བཏོན་པའི་གནད་དོན་བཅོས་སྒྲིག་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་མ་ཟད། དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ཐོབ། མིག་སྔའི་བར། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཡུས་ཧྲུའུ་ཁུལ་གྱི་བཅོས་སྒྲིག་ལས་འགན་སྣ11ལ་འབྲེལ་བ་དང་། སྣ6ལེགས་འགྲུབ་བྱས་ལ། ལྷག་མའི་སྣ5དུས་སྐབས་ཀྱི་མྱུར་ཚད་དུ་སླེབས་ཡོད། ལྟ་ཞིབ་བྱེད་སྐབས་སུ་མང་ཚོགས་ཀྱིས་བཏོན་པའི་དོན་དངོས་དང་མཐུན་པའི་འཕྲིན་བཅར་གནད་དོན་སྣ14ཚང་མ་བསྒྲུབས་པ་དང་། ཞིང་ཆེན་རིམ་པས་སྤྲད་པའི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དང་དཔེ་མཚོན་གྱོད་གཞི་སྣ19ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པའི་སྒང་ཡིན།ཉེ་ལམ་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྲིམས་འཛིན་དཔེ་མཚོན་གྱོད་གཞི་ལ་དམིགས་ནས། འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར། རྫོང་གིས་དུས་མཉམ་དུ་བཅོས་སྒྲིག་བྱ་བའི་ཆེད་དོན་ཚན་ཆུང་བཙུགས་ཏེ། མྱུར་དུ་ཚོགས་འདུ་བསྡུས་ནས་བཀོད་སྒྲིག་བྱས་པ་དང་། རུ་ཁག་གི་སྣེ་ཁྲིད་ནས་ཡུལ་དངོས་སུ་ཞིབ་དཔྱད་དང་སྒྲུབ་སྐུལ་ནན་མོ་བྱས། མིག་སྔའི“བཅོས་སྒྱུར”དང་ཡུན་རིང“འཛུགས་པ”མཉམ་དུ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔེ་མཚོན་གྱོད་དཔེ་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་པ་དང་། རང་རྟོགས་སྒོས་བར་ཁྱད་དང་འབྱུང་རྩ་འཚོལ་བ། གནད་ལ་འཁེལ་བའི་བྱ་བའི་བྱེད་ཐབས་དང་འགན་འཁྲི་དྲག་པོ། ཕན་ནུས་མཐོ་བའི་མཐུན་སྦྱོར་གཞོགས་འདེགས་བྱེད་པ། ལྟ་སྐུལ་ཞིབ་བཤེར་ནན་མོ་བཅས་ལ་བརྟེན་ནས། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་བྱེད་བཞིན་ཡོད་པའི་དུས་མཚུངས་སུ། ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ། དམིགས་སའི་རང་བཞིན་ཆེ་བ་དང་བཀོལ་སྤྱོད་རང་བཞིན་ཆེ་བ། ཕན་ཚུན་ཆ་འགྲིག་ཡིན་པ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་དམ་ཟབ་ཀྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་རྒྱུ་རེད། །

སྐྱེ་དངོས་སྣ་མང་རང་བྱུང་མཛེས་པའི་ཡུལ། སྲོག་ཆགས་བག་ཕེབས་འཚོ་སའི་དགའ་བའི་ཚལ།

འདི་ནི་ཁྲུང་ཁྲུང་སྐེ་ནག་ཡིན་པ།འདི་ནི་བྱ་རྒོད་ཡིན་པ།འདི་ནི་སྐྱར་མོ་རྐང་རིང་ཡིན་པ།འདི་ནི་དགོ་བ་ཡིན་པ།འདི་ནི་དབྱི་དཀར་ཡིན་པ། ཅའོ་ཧྲེང་ཧྥུའུ་ཡིས་པར་བརྒྱབ།འདི་ནི་བྱིའུ་སྔོ་སྐྱ་ཡིན་པ།འདི་ནི་སྦྲེ་ཡིན་པ། ཁྲེན་ཡུས་ཀྱིས་པར་བརྒྱབ།འདི་ནི་ཕུའུ་ཧྲི་དགོ་བ་ཡིན་པ།འདི་ནི་འབྲོང་ཡིན་པ། ཅའོ་ཧྲེང་ཧྥུའུ་ཡིས་པར་བརྒྱབ།འདི་ནི་གསའ་ཡིན་པ། ཅའོ་ཧྲེང་ཕུའུ་ཡིས་པར་བརྒྱབ།འདི་ནི་ཨ་བྱག་ཚེར་སྔོན་ཡིན་པ། ཤུའེ་ཧྲི་ལིན་གྱིས་པར་བརྒྱབ།འདི་ནི་ཆུ་སྐྱར་སྐྱ་བོ་ཡིན་པ།འདི་ནི་ངང་དཀར་ཡིན་པ།འདི་ནི་ཨ་ལ་ཧྲན་ལུག་རུ་སེར་པོ་ཡིན་པ། ཤུའེ་ཧྲི་ལིན་གྱིས་པར་བརྒྱབ།པར་གཞི་འདིའི་མིང་བཀོད་པའི་པར་ཕུད་དེ་བྱིངས་ཚང་མ་འདི་ག་ཚགས་པར་གྱི་གསར་འགོད་པ་ཝང་ཝེ་ཚའེ་ཡིས་པར་བརྒྱབ།མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ས་མཐོའི་ས་ཁམས་ཁོར་ཡུག་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱིད་པའི་ཞིང་ཁམས་ཡིན།ཉེ་ཆར“ཚེ་སྲོག་གི་བྱིའུ་ཚང”ཞེས་པའི་སྐྱེ་ཁམས་ཀྱི་ངོ་མཚར་ལ་མི་རྣམས་ཀྱི་དོ་ཁུར་ཆེན་པོ་ཐོབ་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་བཀོད་ཡོད།སྐྱེ་དངོས་ཕུན་སུམ་ཚོགས་པའི་ས་གཞི་འདིར་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས་665འཚོ་སྡོད་བྱེད་པ་ལས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་40ལྷག་ཙམ་ཡོད། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་མཚོ་སྔོན་པོའི་མཐའ་འཁོར་དུ་རྩ་ཆེའི་དུས་བྱ་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། ཡུལ་འདིས་འདབ་ཆགས་དེ་དག་ལ་ཕུན་སུམ་ཚོགས་པའི་ཟས་དང་ལྷིང་འཇགས་ཀྱི་ངལ་གསོ་ཡུལ་མཁོ་འདོན་བྱས་ཡོད།མཚོ་སྔོན་གྱིས་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལས་གྲུབ་པའི་རྩ་ཆེའི་རང་བྱུང་མཛེས་ལྗོངས་དང་ཤུལ་བཞག་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་མཛེས་སྡུག་གི་འོད་སྟོང་འཕྲོ་བའི་རྣམ་པར་བདེན་དཔང་བྱེད་ཀྱི་ཡོད། འདི་གར་ནི་ཚེ་སྲོག་གི་གནས་མཆོག་ཡིན་ཞིང་འདམ་རས་ས་གཞི་ཆེན་པོའི་སྐྱེ་འཕེལ་གྱི་གསོན་ཤུགས་འཕེལ་བ་དང་གནམ་གཤིས་ཀྱི་ཚ་གྲང་སྙོམས་ཀྱི་ཡོད་པས། ཆུ་བྱ་མང་པོ་ཞིག་གི་སྐྱེ་འཕེལ་གྱི་དགའ་ཚལ་དུ་གྱུར་ནས་རྩྭ་ཐང་དང་། ཆུ་མོ། འདམ་ར། ནགས་ཚལ། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་བཞིན་ཡོད། རྒྱ་ཆེ་བའི་ས་ཆ་འདིའི་སྟེང་དུ་གསའ་དང་དབྱི་སོགས་རི་སྐྱེས་སྲོག་ཆགས་དང་། ཕུའུ་ཧྲི་དགོ་བ་དང་འབྲོང་སོགས་རྩ་ཆེའི་སྲོག་ཆགས་ཅི་དགར་རོལ་བཞིན་ཡོད། དེ་དག་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་རིམ་ཁག་སྲིད་གཞུང་གིས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བདག་སྐྱོང་ཞིབ་ཚགས་བྱས་ནས་སྐྱེ་དངོས་ཀྱི་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱས་པའི་འབྲས་བུ་རེད།སྐྱེ་དངོས་སྣ་མང་ཞི་མཐུན་མཉམ་གནས་ཐུབ་ཅིང་། མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་ཀྱི་ཡོད། ས་མཐོའི་སྟེང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཚེ་སྲོག་འཕེལ་བའི་རྣམ་པ་མངོན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་ཕུན་སུམ་ཚོགས་སུ་འགྲོ་བ་ནི་སྐྱེ་ཁམས་སྲུང་སྐྱོང་གི་འོད་སྟོང་འཕྲོ་བའི་ལེའུ་ཞིག་ཡིན་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཚོན་ཚུལ་ངོ་མ་ཞིག་ཀྱང་རེད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ཡུས་ཧྲུའུ་ཡིས་གནད་དོན་བཅོས་སྒྲིག་བྱེད་པར་དམིགས་ནས་སྐྱེ་ཁམས་སླར་གསོའི་ཐད་སྐུལ་འདེད་བཏང་།

ཟླ4ཚེས9ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཐད་བཏོན་པའི་གནད་དོན་བཅོས་སྒྲིག་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་མ་ཟད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཀྱང་བླངས་ཡོད། མིག་སྔའི་བར། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཡུས་ཧྲུའུ་ཁུལ་གྱི་བཅོས་སྒྲིག་ལས་འགན་སྣ11ལ་འབྲེལ་བ་དང་། སྣ་དྲུག་ཡོངས་འགྲུབ་བྱས་ལ་ལྷག་མའི་སྣ་ལྔ་དུས་རིམ་གྱི་མྱུར་ཚད་དུ་སླེབས་ཡོད། ལྟ་ཞིབ་བྱེད་སྐབས་སུ་མང་ཚོགས་ཀྱིས་བཏོན་པའི་དོན་དངོས་དང་མཐུན་པའི་འཕྲིན་བཅར་གནད་དོན་སྣ14ཚང་མ་བསྒྲུབས་ཟིན། ཞིང་ཆེན་རིམ་པས་སྤྲད་པའི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དང་དཔེ་མཚོན་གྱོད་གཞི་སྣ19ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་གཏོང་བཞིན་ཡོད།ཉེ་ལམ་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྲིམས་འཛིན་དཔེ་མཚོན་གྱོད་གཞི་ལ་དམིགས་ནས། འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར། རྫོང་གིས་དུས་མཉམ་དུ་བཅོས་སྒྲིག་བྱ་བའི་ཆེད་དོན་ཚན་ཆུང་བཙུགས་ཏེ། མྱུར་དུ་ཚོགས་འདུ་བསྡུས་ནས་བཀོད་སྒྲིག་བྱས་པ་དང་། རུ་ཁག་གི་སྣེ་ཁྲིད་ནས་ཡུལ་དངོས་སུ་ཞིབ་དཔྱད་དང་སྒྲུབ་སྐུལ་ནན་མོ་བྱས། མིག་སྔའི་བཅོས་སྒྱུར་དང་ཡུན་རིང་འཛུགས་པ་མཉམ་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔེ་མཚོན་གྱོད་དཔེ་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་པ་དང་། རང་རྟོགས་སྒོས་བར་ཁྱད་དང་འབྱུང་རྩ་འཚོལ་བ། གནད་ལ་འཁེལ་བའི་བྱ་བའི་བྱེད་ཐབས་དང་འགན་འཁྲི་དྲག་པོ། ཕན་ནུས་མཐོ་བའི་མཐུན་སྦྱོར་གཞོགས་འདེགས་བྱེད་པ། ལྟ་སྐུལ་ཞིབ་བཤེར་ནན་མོ་བཅས་ལ་བརྟེན་ནས། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་བྱེད་བཞིན་ཡོད། དེ་དང་ཆབས་ཅིག ལམ་ལུགས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ། དམིགས་སའི་རང་བཞིན་ཆེ་བ་དང་བཀོལ་སྤྱོད་རང་བཞིན་ཆེ་བ། ཕན་ཚུན་ཆ་ཚང་པོ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་དམ་ཟབ་ཀྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བཞིན་ཡོད།ཤ་བོ་རིན་མཚོས་བསྒྱུར།

མདོ་ལ་རྫོང་གིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གཡུལ་འཐབ་ལེགས་པོར་བརྒྱབ།

མདོ་ལ་རྫོང་གིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གཡུལ་འཐབ་ལེགས་པོར་བརྒྱབ།ད་ལོའི་ཚུན་དུ། མདོ་ལ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གཡུལ་འཐབ་ཀྱི་ཇུས་ཐག་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་གཏིང་ཟབ་བྱས། སྦགས་བཙོག་འགོག་བཅོས་འགག་སྒྲོལ་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་ཞིང་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་། གནད་ལ་འཁེལ་བའི་སྦགས་བཙོག་འགོག་བཅོས་དང་ཚན་རིག་དང་མཐུན་པའི་སྦགས་བཙོག་འགོག་བཅོས། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་རྒྱུན་འཁྱོངས་སྒོས་དངོས་འཛིན་དངོས་སྒྲུབ་དང་། ཁག་སེལ་འབད་བསྐྱོད་ཀྱིས་ཁོར་ཡུག་འབུར་ཐོན་གནད་དོན་བཅོས་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་། མཁའ་དབུགས་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་། གཅིག་སྡུད་དྲོད་འདོན་ཁེ་ལས3གྱིས་རང་འགུལ་ལྟ་སྐུལ་སྒྲིག་ཆས་སྦྲེལ་དྲ་དང་སྦགས་བཙོག་འགོག་བཅོས་སྒྲིག་བཀོད་རིམ་སྤོར་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་། སྤོ་འགུལ་ཁུངས་ཀྱི་ཁོར་ཡུག་དོ་དམ་ལས་དོན་བཀོད་གཏོང་འགན་འཁྲི་དུས་ལྟར་ལེགས་འགྲུབ་བྱས། རྫོང་ཡོངས་སུ“མཐོ་གཉིས”འཛུགས་སྐྲུན་ལས་གཞི་གསར་འཕར་བྱུང་མེད། གྲོང་ཁུལ་གཙོ་བོའི་བགྲོད་ལམ་ལ་འཕྲུལ་ཆས་ཅན་གྱི་ཆུ་བརླན་གཙང་འཕྱག་སོགས་རྡུལ་འཇགས་ལས་བྱ་མངོན་འགྱུར་བྱུང་། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད95%ལ་སླེབས་ཡོད། ཆུ་ཡི་སྤུས་ཚད་ནུས་ཤུགས་ཡོད་རྒུས་གཙང་མར་བཟོས། བཟོ་ལས་ཁེ་ལས་བཙོག་ཆུ་རླངས་འགྱུར་འབུད་གཏོང་གི་གྲལ་བཤེར་བཅོས་སྒྲིག་དང་བཟོ་ལས་གླིང་ཁུལ་ཆུ་བཙོག་འགོག་བཅོས་བཅོས་སྒྲིག་སོགས་ཆེད་དོན་བྱ་སྤྱོད་ཏན་ཏིག་གིས་སྤེལ། “རྨ་ཆུ་བཞུར་རྒྱུན་གྱི་བཙོག་སེལ་བྱ་སྤྱོད”དང་སྦྱར་ནས་འཁོར་སྐར་རྒྱང་ཚོར་དོགས་གནས2དང་གཏེར་མཇུག་མཛོད་ཀྱི་བྱུར་རྐྱེན་གནས3གྱི་གནད་དོན་གྲལ་བཤེར་བཅོས་སྒྲིག་ལས་དོན་ལེགས་འགྲུབ་བྱས། ས་ཁོངས་ནང་གི་བཞུར་རྒྱུན་གཙོ་བོ་བར་དམ་གཙང་བོ་དང་མུ་རི་ཆུ་སོགས་ཀྱི་ཁོངས་ཕྱིར་བཞུར་བའི་བཅད་ངོས་རིམ་པⅡཀྱི་ཚད་གཞིའི་ཡན་བརྟན་ལྷིང་བྱུང་། ས་ངོས་ཆུའི་ཆུ་སྤུས་ལེགས་པའི་བསྡུར་ཚད་དང་རྒྱལ་ཁབ་དཔྱད་ལེན། ཞིང་ཆེན་དཔྱད་ལེན་ཆུ་སྤུས་ཚད་ལོན་ཚད100%རུ་སླེབས་ཡོད། ས་གཤིས་ཧུར་ཐག་གིས་སྲུང་། ས་རྒྱུ་སྦགས་བཙོག་འགོག་བཅོས་ལས་དོན་ཏན་ཏིག་གིས་སྐུལ་འདེད་བཏང་ནས་གཏེར་མཇུག་མཛོད་ཀྱི་སྦགས་བཙོག་བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་དང་རླངས་འཁོར་ཞིག་གསོ་ལས་རིགས་ཀྱི་ཉེན་ཁའི་དངོས་རྫས་ཆེད་དོན་ཞིབ་བཤེར་ནན་ཏན་གྱིས་སྤེལ། འཛུགས་སྐྲུན་བཀོལ་སའི་ས་རྒྱུ་སྦགས་བཙོག་ཉེན་ཁའི་དམ་སྡོམ་དང་འཛུལ་རུང་དོ་དམ་ལ་རྒྱུན་མཐུད་ཤུགས་བསྣན། ཞིང་ལས་ངོས་ཀྱི་བཙོག་ཁུངས་བཅོས་སྒྲིག་ལ་རྒྱུན་མཐུད་ཤུགས་བསྣན་ནས་ཞིང་ཆེན་རིམ་པའི་གཏན་འཁེལ་གྱི་སྒོ་ཕྱུགས་གསོ་སྤེལ་ར་བ7དང་རིགསⅠཁྱིམ་ཚང་ཕྱུགས་ར2ལ་ཡོངས་སུ་གནོད་མེད་ཅན་གྱི་ཐག་གཅོད་སྒྲིག་བཀོད་སྒྲིག་སྦྱོར་བྱས། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བའི་སྒོ་ཕྱུགས་བཤང་ལུད་ཕྱོགས་བསྡུས་བེད་སྤྱོད་ཚད90%ལ་སླེབས་ཡོད།

ཕ་ཡུལ་སྔོ་ལྗང་ཅན་དུ་འགྱུར་བར་བྱ་ཆེད། ཁོང་རྣམ་པས་་་

ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཞང་ཤ་རུ་གྲོང་ཚོའི་ནགས་ཚལ་ཁུལ་དུ་ནགས་སྲུང་བ་འཆི་མེད་རྡོ་རྗེས་ལས་རོགས་དང་མཉམ་དུ་མངོན་མེད་རྐྱེན་ངན་ཐོན་སྲིད་པའི་ནགས་ཚལ་གྱི་ཁུག་ཀྱོག་ཚང་མར་ནན་ཏན་དང་ཞིབ་ཚགས་པའི་སྐོར་ཞིབ་བྱེད་བཞིན་ཡོད་པ་མཐོང་བྱུང་།གོ་འཇོ་རྫོང་རྩེ་པ་ཞང་འོད་ཐང་གྲོང་ཚོའི་ནགས་སྲུང་བས་འབྲོག་པར་ནགས་ཚལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ། ཤེས་རྟོགས་བྱུང་བར་གཞིགས་ན། གོ་འཇོ་རྫོང་གི་ནགས་སྲུང་བས་ཁུལ་དབྱེ་ནས་དྲ་མིག་ཅན་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པར་བརྟེན་ནས། ནགས་སྲུང་བར་འགན་འཁུར་ས་ཁོངས་ཁ་གསལ་བགོས་ཏེ་ནགས་ཚལ་དང་རྩྭ་ཐང་ཚང་མར་ཆེད་མངགས་སྲུང་སྐྱོང་བྱེད་མཁན་ཡོད་པར་བྱས་ཡོད།གོ་འཇོ་རྫོང་རྩེ་པ་ཞང་ཤ་རུ་གྲོང་ཚོའི་ནགས་སྲུང་བས་རྒྱང་ཤེལ་གྱིས་ནགས་ཁུལ་ལ་ལྟ་ཞིབ་བྱེད་བཞིན་པ། གོ་འཇོ་རྫོང་ནགས་ལས་དང་རྩྭ་ཐང་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་ལས་རོགས་ལག་རྩལ་ཆེན་མོ་བ་བསོད་ནམས་ཡེ་ཤེས་ཀྱིས“མིག་སྔར་གོ་འཇོ་རྫོང་དུ་ནགས་སྲུང་བ་ཁྱོན4608ཡོད་པ་དེ་དག་རྫོང་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཅིང་། ཁོང་ཚོས་ལས་གནས་བརྟན་སྲུང་དང་འབད་བརྩོན་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གི་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཐོན་ཚད་ལོ་རེ་བཞིན་ཇེ་ཉུང་དུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་ཀྱང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད”ཅེས་བཤད།གོ་འཇོ་རྫོང་རྩེ་པ་ཞང་གི་ནགས་ཁུལ།

བྱེ་མའི་ལམ་གྱིས་འབྲོག་པར་བདེ་སྐྱིད་བསྐྲུན།

བསྟུད་མར་ཉིན་འགར་ཁ་བ་བབས་པས། རོང་བོ་དགུ་ཆུའི་འགྲམ་གྱི་ལ་ལུང་ཚང་མ་དངུལ་དཀར་གྱིས་བརྒྱན་ཞིང་། མིག་གིས་མཐོང་ཚད་གངས་ཀྱིས་བསྡམས་ཡོད།ཟླ3པའི་ཚེས16ཉིན། རྨ་ཆུའི་ལྷོ་ཕྱོགས་སུ་གནས་པའི་རེབ་གོང་ཡུལ་གྱིས་ཡུན་རིང་དུ་འཕྲད་དཀའ་བའི་གནམ་གཤིས་བཟང་པོ་ཞིག་བསུས། དྲོད་ལམ་ལམ་གྱི་ཉི་འོད་ས་གཞིའི་སྟེང་འཕྲོས་པ་དང་བསྟུན་ནས་ལམ་འགྲམ་གྱི་ཁ་བ་རིམ་གྱིས་ཞུ་སྟེ། ས་གཞིའི་རང་མདངས་རིམ་གྱིས་མངོན།རྒྱལ་ལམ316པ་བརྒྱུད་དེ་ཤར་ཕྱོགས་སུ་སོང་བས་མགར་རྩེ་ཞང་དུ་ཐོན་པ་དང་། རླངས་འཁོར་གྱི་ཕྱི་རོལ་དུ་བལྟས་ན་ས་གཞི་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བ་མཐོང་ལ། རྒྱང་རིང་གི་རི་རྒྱུད་ཀྱང་རོང་བོ་དགུ་ཆུའི་འགྲམ་གྱི་རི་རྒྱུད་ལས་འདལ་འདལ་དུ་ཆགས་ཡོད་ལ། དེས་ང་ཚོ་འགྲོ་ས་སྟེ་ཕྱག་ལས་སྡེ་བ་དང་བར་ཐག་མི་རིང་བ་མཚོན།ཕྱག་ལས་སྡེ་བ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མགར་རྩེ་ཞང་གི་འབྲོག་སྡེ་ཞིག་རེད། ཡུལ་དེའི་འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་སུ་རྩྭ་ཆུར་བསྙེགས་ནས་ཡུལ་ངེས་མེད་དུ་སྡོད་པའི་འཚོ་བ་རོལ་བཞིན་ཡོད།ཕྱག་ལས་སྡེ་བ་རྒྱལ་ལམ་དང་བར་ཐག་མི་རིང་བའི་སར་ཆགས་ཡོད་རུང་། སྡེ་བའི་མཚོན་རྟགས་མེད་ན་མཐའ་ཡས་པའི་དཀར་བོང་བོང་གི་ཡུལ་ཁམས་དེ་རུ་ཐར་ཐོར་ངང་ཆགས་ཡོད་པའི་སྡེ་བ་དེར་ཐོག་མར་ཡོང་མཁན་ཞིག་ཡིན་ཚེ་འགྲོ་མི་ཤེས་པ་ཁོ་ཐག་རེད།གྲོང་གསེབ་བགྲོད་ལམ་སྟེང་དུ་དུས་རྒྱུན་རྒྱུ་བཞིན་པའི་ཐུན་རིན་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་བགྲོད་ལམ་ཞིག་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཀོང་ཡའོ་ལ་མཚོན་ན། ཐུན་རིན་གྲོང་ཁྱེར་གྱི་ཕྱུགས་ལམ་དོག་མོ་རེ་རེ་དང་ཕུག་ཏུ་འཐེན་པའི་སྡེ་ལམ་རེ་རེ་ཁོ་ཚང་གི་ར་སྐོར་ལྟར་ཆ་རྒྱུས་ཡོད། ང་ཚོ་སྡོད་པའི་རླངས་འཁོར་ཁོས་བསྟན་པའི་ཁ་ཕྱོགས་དེད་དེ་བསྟུད་མར་ཐེངས་འགར་དཀྱོགས་རྗེས། ཐར་ཐོར་དུ་གནས་པའི་འབྲོག་སྡེ་དེ་དང་ཐག་མི་རིང་པའི་ས་ནས་བསྡད། ང་ཚོའི་རྐང་འོག་ནི་ཁོ་ཚོས་ཅང་མ་འགོར་བའི་ཡར་སྔོན་དུ་འབྲོག་པ་རྣམས་ལ་ལས་པའི་སྡེ་ལམ་གསར་པ་དེ་རེད།ལམ་དེ་ནི་ཁོད་མི་ཡངས་རུང་ངོས་ཧ་ཅང་སྙོམས་པའི་བྱེ་ལམ་ཞིག་ཡིན་ལ། སྔོན་ཆད་ཀྱི་བྱེ་ལམ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད། "བྱེ་ལམ་འདིའི་རིགས་ལས་ན་མ་དངུལ་མང་པོ་མི་དགོས་ལ། ཞིག་གསོའང་བྱེད་སླ་བས། འདི་ལྟ་བུའི་མཐོ་སྒང་འབྲོག་ཁུལ་དུ་ཧ་ཅང་འཚམ"ཞེས་ཁ་བ་ཞུ་རྗེས་ནག་ཅིག་གེར་གནས་པའི་སྡེ་ལམ་གསར་པའི་སྟེང་དུ་འགྲེངས་ནས་ལི་ཀོང་ཡའོ་ཡིས་ལམ་དེའི་ཁྱད་ཆོས་ངོ་སྤྲོད་བྱས།"སྲོལ་རྒྱུན་བྱེ་ལམ་ལས་པ་དང་ཞིག་གསོ་བྱེད་པར་མ་དངུལ་མང་པོ་མི་དགོས་ནའང་། དུས་ཡུན་ཅུང་འགོར་རྗེས་སྐྱོན་ཆ་མང་པོ་ཐོན་ངེས་པས་དེའི་བཟང་ཆ་དང་སྐྱོན་ཆ་ཅུང་མངོན་གསལ་ཡིན་ཟེར་ན་ཆོག ལག་རྩལ་གསར་པ་འདི་བཀོལ་ན་མ་དངུལ་མང་པོ་གཏོང་མི་དགོས་ལ་སྦགས་བཙོག་ཀྱང་ཉུང་བའི་བཟང་ཆ་ཡོད་པར་མ་ཟད། ལམ་གྱི་འདང་ཚད་ཀྱང་མངོན་གསལ་གྱིས་ཡུན་རིང་དུ་བསྲིང་ཐུབ།"བྱེ་ལམ་དེ་རིགས་ལས་ན་ས་སྙོམས་རྗེས་དེའི་སྟེང་གི་རྡོ་སྲེག་ཞིབ་ཏུ་བསལ་དགོས་པ་དང་། ལམ་ངོས་སུ་གཅལ་བའི་བྱེ་མའི་རྒྱུ་སྤུས་དང་མཐུག་ཚད་ལ་ཞིབ་ཚགས་ཆེ། ལམ་ལས་པ་དང་ཞིག་གསོ་བྱེད་པར་ས་བབ་དང་བསྟུན་དགོས་ལ་དེའི་རྒྱུ་ཆ་ཚང་མ་ཡུལ་དེ་ནས་བླངས་ཆོག དེའི་ཐད་ཀྱི་འགྲོ་སྒོ་གཞུང་ལམ་སྲ་བསྒྱུར་གྱི་བཅུ་ཆའི་གཅིག་མ་གཏོགས་མི་དགོས་པས། ཞིག་གསོ་བྱེད་སླ་ཞིང་བརླག་དཀའ་བ། བཀོལ་ཡུན་རིང་བའི་ཁྱད་ཆོས་ལྡན་པས་འབྲོག་པ་རྣམས་ལ་ཡུན་རིང་དུ་ལམ་གྱི་ཆ་རྐྱེན་སྔར་བས་ལེགས་པོ་འདོན་སྤྲོད་བྱེད་ཐུབ།2024ལོའི་ཟླ10པར། མཐོ་སྒང་དམིགས་བསལ་ཡུལ་ཁོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལག་རྩལ་ལས་གཞི་དུས་ལྟར་ཐོན་པས། ཐུན་རིན་གྲོང་ཁྱེར་ཞིང་སྡེ་འབྲོག་ཁུལ་གྱི་བྱེ་ལམ་སྤུས་འདེགས་བསྒྱུར་བཅོས་བཟོ་འགོད་དངོས་སུ་ལས་མགོ་བརྩམས། མདོ་བ་གྲོང་རྡལ་དང་མགར་རྩེ་ཞང་། ཆུ་ཁོག་ཞང་། བློན་ཆེ་ཞང་བཅས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ190ལྷག་ཡོད་པའི་ལམ་མཚམས་དེ་སྒོར་ཁྲི285.8ཀྱིས་འགྲུབ་ཏུ་བཅུགམ་དངུལ་ལ་ཚད་བཀག་ཡོད་པས་བཟོ་འགོད་ལག་བསྟར་ཁྲོད་དུ་བསྐྱར་ལས་ཀྱི་ཆུད་ཟོས་གཏན་ནས་བྱུང་མི་རུང་། ཡང་དང་བསྐྱར་དུ་བགྲོ་གླེང་བྱས་རྗེས། མཐའ་མར་ས་བབ་ཅུང་སྙོམས་ལ་གྲོང་ཁྱེར་དང་བར་ཐག་ལྟོས་བཅས་ཀྱིས་ཉེ་བའི་ཕྱག་ལས་སྡེ་བ་ཐོག་མར་ལས་པའི་བཟོ་འགོད་ལ་གཏན་འཁེལ་བྱས།"ནམ་ཟླ་ཇེ་འཁྱགས་ནས་ཇེ་འཁྱགས་སུ་འགྲོ་བའི་དུས་ལ་ཁེལ་ཅིང་། གྲོང་ཁྱེར་ཡོངས་སུ་གཞུང་ལམ་བསྒྱུར་བཅོས་མཐོར་འདེགས་བྱེད་དགོས་པའི་ལམ་གྱི་རིང་ཚད་ལ་སྤྱི་ལེ190ཡོད་པས། ང་ཚོས་ལས་མགོ་བརྩམས་མ་ཐག་ནས་ཚང་མར་འཚུབ་ཆ་ལངས།"ལི་ཀོང་ཡའོ་ཡིས་བཤད་ན། ཉིན7གྱི་རིང་ལ་སྟོབས་ཤུགས་ཡོད་རྒུས་ལས་པས། མདོ་གསུམ་མདོ་ནས་ཕྱག་ལས་སྡེ་བའི་བར་གྱི་ལམ་ཐག་སྤྱི་ལེ11.8ཞིག་གསོ་བྱས་ཏེ་གསར་པར་བཏང་ཞིང་། བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ་པས། ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས།བལྟས་ན་སྤྱིར་བཏང་གི་བྱེ་ལམ་ཞིག་ཡིན་རུང་། དེ་ནི་ཕྱག་ལས་སྡེ་བའི་སྡེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་སྦྲེལ་ཡོད།བྱེ་ལམ་ཤར་ངོགས་ཀྱི་གོམ་པ་གཉིས་ཀྱི་མཚམས་ནི་སྡེ་མི་རྡོ་རྗེ་སྐྱིད་ཚང་གི་དགུན་སའི་ལྕགས་ར་རེད། རླངས་འཁོར་ཕྱི་རོལ་ནས་བལྟས་ན་ཐག་མི་རིང་པའི་ལ་ངོས་སུ་ཁོ་ཚང་གི་སྡོད་ཁང་ཡོད་པ་མཐོང་ལ། དེའི་སྒོ་ཁར་རླངས་འཁོར་མཐོན་པོ་ཞིག་དང་འཕྲུལ་རྟ་གཉིས། ལག་སྐྱོར་འདྲུད་འཐེན་རླངས་འཁོར་གཅིག་བཅས་བཞག་ཡོད།བགྲོད་ལམ་ཞིག་གསོ་ལྟེ་གནས་ཀྱི་རླངས་འཁོར་ཡོང་བ་མཐོང་རྗེས། རྡོ་རྗེ་སྐྱིད་ཀྱིས་ལག་གི་ལས་ཀ་བསྐྱུར་ནས་དགའ་སྤྲོའི་ངང་ང་ཚོར་ཁམས་འདྲི་བྱས། 2024ལོའི་ཟླ10པར། མོ་དང་ཁྱིམ་མི་འཕྲུལ་རྟར་ཞོན་ཞིང་ནོར་ལུག་དབྱར་ས་ནས་འདི་གར་རུ་སྤར་རྗེས་ད་གཟོད་ཁོ་ཚང་གི་སྒོ་ཁའི་ལམ་དེ་གསར་པ་ཞིག་ཏུ་གྱུར་ཡོད་པ་མཐོང་།"ལོ་འདི་གའི་རིང་ལ་ཆར་ཆུ་མོད་པས་ལམ་འདིའི་སྟེང་བརྐོ་དོང་ཇེ་མང་དུ་གྱུར་ཡོད་པས། ང་ཚོ་ཕྱིར་འགྲོ་བ་དང་རུ་སྤོར་སྐབས་སྡུག་མི་ཉུང་བ་མྱོང་དགོས།"རྡོ་རྗེ་སྐྱིད་ཀྱིས་རྒྱང་དུ་གནས་པའི་ཁ་ཤར་འཁོར་གྱི་ལ་དེ་བསྟན་ནས་བཤད་རྒྱུར། དང་ཐོག་ཕྱུགས་ལམ་དོག་མོ་ཞིག་ལས་མེད་པས་ལ་གན་བསྐོར་ནས་གཞུང་ལམ་ཁར་འགྲོ་དགོས། རྗེས་སུ་བྱེ་ལམ་ཞིག་ལས་མོད་འོན་ཀྱང་རྒྱུན་དུ་བརྐོ་དོང་བྱུང་བ་དང་། དཔྱིད་ཀར་ས་རྡུལ་འཕྱུར་བ་རེད། ད་ལྟ་གསར་དུ་ལས་པའི་བྱེ་ལམ་འདི་ཡོད་ལ། བལྟས་ན་སྔོན་ཆད་ལས་ཤིན་ཏུ་བཟང་བས་སྡེ་མི་རྣམས་ཧ་ཅང་དགའ་ཡོད་ཟེར།དབུལ་ཐར་འགག་སྒྲོལ་བྱས་ཤིང་གྲོང་གསེབ་དར་སྤེལ་བཏང་བ་བརྒྱུད། གཏན་སྡོད་གནས་དང་ཕྱུགས་རའི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་ཇེ་ལེགས་སུ་གྱུར་པ་དང་བསྟུན་ནས། ཕྱག་ལས་སྡེ་བའི་སྡེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བར་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་བ་དང་། བགྲོད་ལམ་ལེགས་སྒྱུར་བྱས་པ་འདིས་འབྲོག་པ་རྣམས་ལ་རེ་འདུན་ཅི་ཞིག་སྩོལ་རྒྱུ་ཡིན་ནམ། །

ལྗང་མདོག་སྲུང་དམག

གོ་འཇོ་རྫོང་རྩེ་པ་ཤང་འོད་ཐང་གྲོང་ཚོའི་ནགས་སྲུང་བས་འབྲོག་པར་ནགས་ཚལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།གོ་འཇོ་རྫོང་རྩེ་པ་ཤང་ཤ་རུ་གྲོང་ཚོའི་ནགས་སྲུང་བས་རྒྱང་ཤེལ་སྤྱད་དེ་ནགས་ཁུལ་ལ་ལྟ་ཞིབ་བྱེད་བཞིན་པ།གོ་འཇོ་རྫོང་རྩེ་པ་ཤང་གི་ནགས་ཁུལ་ཡིན་པ། ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་ཤ་རུ་གྲོང་ཚོའི་ནགས་ཚལ་ཁུལ་དུ་ནགས་སྲུང་བ་འཆི་མེད་རྡོ་རྗེས་ལས་རོགས་དང་མཉམ་དུ་མངོན་མེད་རྐྱེན་ངན་ཐོན་སྲིད་པའི་ནགས་ཚལ་གྱི་ཁུག་ཀྱོག་ཚང་མར་ནན་ཏན་དང་ཞིབ་ཚགས་པའི་སྐོར་ཞིབ་བྱེད་བཞིན་ཡོད་པ་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། གོ་འཇོ་རྫོང་གི་ནགས་སྲུང་བས་ཁུལ་དབྱེ་ནས་དྲ་མིག་ཅན་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་པ་བརྒྱུད། ནགས་སྲུང་བ་མི་རེ་ངོ་རེའི་འགན་འཁུར་ས་ཁོངས་ཁ་གསལ་བགོས་ཏེ་ནགས་ཚལ་དང་རྩྭ་ཐང་ཚང་མར་ཆེད་མངགས་སྲུང་སྐྱོང་བྱེད་མཁན་ཡོད་པར་བྱས་ཡོད། གོ་འཇོ་རྫོང་ནགས་ལས་དང་རྩྭ་ཐང་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་ལས་རོགས་ལག་རྩལ་ཆེ་མོ་བ་བསོད་ནམས་ཡེ་ཤེས་ཀྱིས“མིག་སྔར་གོ་འཇོ་རྫོང་དུ་ནགས་སྲུང་བ་ཁྱོན་4608ཡོད་པ་དེ་དག་རྫོང་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཅིང་། ཁོང་ཚོས་བརྟན་སྲུང་དང་འབད་བརྩོན་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གི་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཐོན་ཚད་ལོ་རེ་བཞིན་ཇེ་ཉུང་དུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་ཀྱང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད”ཅེས་བཤད།

ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《སྙན་གཞུང·གླིང་སྒྲུང》པེ་ཅིང་དང་ཧང་ཀྲོའུ་རུ་འཁྲབ་པ།

ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《སྙན་གཞུང·གླིང་སྒྲུང》འཁྲབ་བཞིན་པ།ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《སྙན་གཞུང·གླིང་སྒྲུང》འཁྲབ་བཞིན་པ།ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《སྙན་གཞུང·གླིང་སྒྲུང》འཁྲབ་བཞིན་པ།ལྟད་མོ་བ་ཚོས་ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《སྙན་གཞུང·གླིང་སྒྲུང》ལྟ་བཞིན་པ།(པར་འདི་དག་བོད་ལྗོངས་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)འདི་ལོ་ནས་བཟུང་། ཀུ

བོད་ཀྱི་བྲིས་པ་བློ་བཟང་འཇིགས་མེད་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བའི་ཡིག་གཟུགས་ཀྱི་མཆོད་པ།

བོད་ཀྱི་བྲིས་པ་བློ་བཟང་འཇིགས་མེད་ཀྱིས་འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བའི་ཡིག་གཟུགས་ཀྱི་མཆོད་པ། རྫོང་སྔོན་བློ་བཟང་འཇིགས་མེད། སྨྱུག་མིང་ལ་གངས་རྩེ་སྨྱུག་ཏུ་འབོད། རེབ་གོང་རྩེ་ཁོག་ཏུ་སྐྱེས།《ལང་ཚོའི་ཟུངས་ཁྲག》ཅེས་པའི་སྙན་དེབ་པར་བསྐྲུན་བྱས། 《སྦྲང་ཆར》《གངས་རྒྱན་མེ་ཏོག》སོགས་བོད་ཁུལ་གྱི་དུས་དེབ་སྟེང་སྙན་ངག་གང་མང་བཀོད། རྒྱལ་ཡོངས་སྐབས་དང་བོའི་གངས་རྒྱན་མེ་ཏོག་རྟགས་མའི་རྩོམ་རིག་བྱ་དགའ་ཐོབ། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་རིམ་པའི་ཡིག་གཟུགས་བྱ་དགའ་གང་མང་ཐོབ།《མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་ཡིག་གཟུགས་བརྩམས་ཆོས་ཕྱོགས་བསྒྲིགས།》《མཚོ་སྔོན་རེབ་གོང་།》《རེབ་གོང་སྒྱུ་རྩལ་ཞིབ་འཇུག》《གསེར་མོ་ལྗོངས།》《རོང་བོ་དགུ་ཆུ།》《ཝང་གཉིས་རྒྱལ་ཡོངས་སྐབས་བཞི་བའི་ཡིག་རིས་བྱ་དགའ་ཐོབ་པའི་བརྩམས་ཆོས་འདེམ་བསྒྲིགས།》《ཀྲུང་གོ་བོད་ཀྱི་དྲ་བ།》《ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།》《མཚོ་སྔོན་བོད་ཡིག་གསར་འགྱུར།》《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།》《གངས་རྒྱན་ན་ཆུང་ཚགས་པར།》《ཁམས་པའི་ཚགས་པར།》《མཚོ་སྔོན་པོ་དྲ་བ།》《མཚོ་ལྷོའི་བོད་ཡིག་ཡིག་གཟུགས་འཕྲིན་སྟེགས།》《ཨ་མདོ་བརྙན་འཕྲིན།》 《ཁམས་པའི་བརྙན་འཕྲིན།》 《རྨ་ལྷོ་བརྙན་འཕྲིན་ཁང་།》སོགས་ཀྱི་སྟེང་ཡིག་གཟུགས་བརྩམས་ཆོས་བདམས་བཀོད་བྱས། གཞན་ཡང་བརྩམས་ཆོས་ཁག་ཅིག་ལ་ཉར་ཚགས་འཛིན་ཡིག་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་སྲ་སྨྱུག་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། རྫོང་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ་བཅས་ཡིན།སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།ཞུ་དག་པ། བཀྲ་ཤིས་དོན་གྲུབ།སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།

འཇར་མན་གྱི་པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པ་ཀྲུང་གོར་སྤེལ་རེས་སློབ་སྦྱོང་བྱེད་པར་ཡོང་འགོ་ཚུགས་པ།

འདི་ནི་འཇར་མན་གྱི་ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་མཉམ་གཞས་ཚོགས་པའི་ཁོངས་མིས་ཕེབས་སྐྱེལ་མཛད་སྒོར་དྲན་རྟེན་པར་རྒྱག་བཞིན་པ།འདི་ནི་འཇར་མན་གྱི་ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་འཇར་མན་གྱི་པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པའི་ཁོངས་མི་ཨན་ནཱ·པུའུ་ལུའེ་མེ་ཁེ(རྒྱ་ཡིག་གི་མིང་ལ་པུའུ་ཧྲུའུ་ཁྲན་ཞེས་འབོད)ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།འདི་ནི་འཇར་མན་གྱི་ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་ཏུའོ་ཐེ་མོང་ཏེ་གྲོང་ཁྱེར་གྱི་མཐོ་འབྲིང་སློབ་མ་གཡོད་ནཱ་སི·སྨི་ལེས་བཅར་འདྲི་དང་ལེན་བྱེད་བཞིན་པ།འདི་ནི་འཇར་མན་གྱི་ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་འཇར་མན་གྱི་པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པའི་ཁོངས་མི་ཨན་ནཱ·པུའུ་ལུའེ་མེ་ཁེ(རྒྱ་ཡིག་གི་མིང་ལ་པུའུ་ཧྲུའུ་ཁྲན་ཞེས་འབོད)ཡིས་ཕེབས་སྐྱེལ་མཛད་སྒོར་གཏམ་བཤད་སྤེལ་བཞིན་པ།འདི་ནི་འཇར་མན་གྱི་ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་ཏུའོ་ཐེ་མོང་ཏེ་གྲོང་ཁྱེར་ནས་ཡིན་པའི་མཐོ་འབྲིང་སློབ་མ་གཡོད་ནཱ་སི·སྨི་ལེ་ཡིས་ཕེབས་སྐྱེལ་མཛད་སྒོར་གཏམ་བཤད་སྤེལ་བཞིན་པ།ཉིན་ཤས་གོང་། འཇར་མན་གྱི་པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པའི་ཁོངས་མི་ཨན་ནཱ·པུའུ་ལུའེ་མེ་ཁེ(རྒྱ་ཡིག་གི་མིང་ལ་པུའུ་ཧྲུའུ་ཁྲན་ཞེས་འབོད)ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རང་ཉིད་ཀྱིས་སྦྱངས་མྱོང་བའི་ཀྲུང་གོའི་གླུ་གཞས་སྐོར་གླེང་སྐབས། “ང་ཀྲུང་གོའི་གླུ་གཞས《ཉ་ཆེན》ལ་དགའ་ཤོས་ཡིན། ལོ་ཤས་གོང་ང་ཐེངས་དང་པོ་ཁྲེང་ཏུའུ་རུ་འགྲོ་སྐབས། གྲོགས་པོ་ཀྲུང་གོ་བ་ཚོས་གཞས་དེ་བཏང་ནས་ང་ཚོར་བསུ་བ་ཞུས་བྱུང་བས་ངར་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་བརྗོད།མཉམ་གཞས་ཚོགས་པས་དུས་ཡུན་གཟའ་འཁོར་གཉིས་རིང་སི་ཁྲོན་དང་ཁྲུང་ཆིང་དུ་སྐྱོད་རྩིས་བྱེད་སྐབས། ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ཀྲུང་གོར་སློབ་སྦྱོང་དུ་སྐྱོད་མཁན་ལ་སྐྱེལ་མ་བྱེད་པའི་མཛད་སྒོ་གཉེར་བ་དང་། མཉམ་གཞས་ཚོགས་པའི་དགེ་སློབ་དང་ཁྱིམ་བདག་40ལྷག་ཙམ་ལྷན་དུ་འཛོམས་ཡོད།མཛད་སྒོའི་ཐོག་པུའུ་ལུའེ་མེ་ཁེས་འཐུས་ཚབ་བྱས་པའི་མཉམ་གཞས་ཚོགས་པས་ཐུན་མོང་མ་ཡིན་པའི་འགྲུལ་བཞུད་ལམ་བུར་ཞུགས་རྒྱུ་རེད་ཅེས་བརྗོད་པ་དང་། ཁོང་གིས“ད་ཐེངས་ཀྱི་འགྲུལ་བཞུད་ལམ་བུ་དེས་ངོ་ཚོར་མཐོང་ཐོས་དང་མྱོང་རོལ་གསར་པ་ཐོབ་རྒྱུ་མ་ཟད། དེ་ནི་མཛའ་གྲོགས་དང་ཕན་ཚུན་བསམ་ཤེས་ཀྱི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་དེ་བས་ཡིན”ཞེས་བརྗོད། ཁོང་གིས་ད་དུང་ཐེངས་དང་པོ་ཀྲུང་གོར་འགྲོ་སྐབས་ཀྱི་འགྲུལ་བཞུད་མྱོང་བ་སེམས་ལ་ལྷང་ངེར་དྲན། ད་ཐེངས་ནི་ཁོ་མོ་ཀྲུང་གོར་སྐྱོད་ཐེངས་ལྔ་པ་དེ་ཡིན། ཀྲུང་གོར་ཡོང་སྐབས་ཁོ་མོ་ནང་ལ་ལོག་པ་ལྟར་གྱི་ཚོར་སྣང་ཞིག་ཡོང་གི་ཡོད་།ཏུའོ་ཐེ་མོང་ཏེ་གྲོང་ཁྱེར་ནས་ཡིན་པའི་མཐོ་འབྲིང་སློབ་མ་གཡོད་ནཱ་སི·སྨི་ལེ་ཡིས། “ངས་རྒྱ་ཡིག་སྦྱངས་ནས་ལོ་གཉིས་ཙམ་ཕྱིན་སོང་། ང་ཚོ་ད་ལྟ་ཡིད་ལ་ཐེངས་མང་འཆར་བའི་འགྲུལ་བཞུད་ཀྱི་ལམ་དུ་བསྐྱོད་པར་རེ་བས་ཁེངས་ཡོད། ང་དངོས་འབྲེལ་རྒྱ་ཡིག་གི་རྒྱལ་ཁབ་ཏུ་བསྐྱོད་དེ་སྔོན་ཆད་སྦྱངས་མྱོང་བའི་ཡི་གེ་དེ་དག་གི་བེད་སྤྱོད་ཐུབ”ཅེས་བརྗོད།ཁྲེང་ཏུའུ་ཡི་ཇ་ལོའི་དྲི་བསུང་ལྷང་ལྷང་འཐུལ་བའི་ཇ་ཁང་དང་། ཁྲུང་ཆིང་གི་མིག་འཁྲུལ་བའི་ལམ་ཟམ། གཙང་འགྲམ་དུ་འགྱིང་ངེར་གནས་པའི་ལེ་ཧྲན་བྱམས་ཆེན་སོགས་ཚང་མས་སྨི་ལེ་ལ་ཡ་མཚན་དང་ཤེས་འདོད་ཀྱི་བསམ་པ་ཞིག་ངང་གིས་སྐྱེས། “སི་ཁྲོན་གྱི་ཚལ་ལ་བྲོ་བ་ལྟ་རྒྱུ་ནི་འགྲན་སློང་ཞིག་ཡིན་ཞེས་གོ་མྱོང་ཡོད” སྨི་ལེ་ཡིས་ད་ཐེངས་ཀྱི་འགྲུལ་བཞུད་དེ་ལྟ་སྐོར་དང་ཞིམ་ཟས་ལ་མྱོང་རོལ་བྱེད་པ་ཙམ་མ་ཟད། སློབ་དེབ་ནང་འཁོད་མེད་པའི་ཀྲུང་གོ་ཤེས་རྟོགས་བྱེད་པའི་གོ་སྐབས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་ལས་ཚབ་སྤྱི་ཁྱབ་ཁེ་སྐྱོང་བ་ཁྲང་ཧའེ་ཐའོ་ཡིས། འཇར་མན་གྱི་སློབ་ཕྲུག་ཚོས་ཀྲུང་གོའི་ལོ་ན་མཉམ་པའི་གྲོགས་པོ་དང་སྤེལ་རེས་བྱ་རྒྱུ་དང་། སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་པ། ས་གནས་དེ་གའི་ཞིམ་ཟས་ལ་མྱོང་རོལ་བྱེད་པ། ཐ་ན་སི་ཁྲོན་གྱི་ཡུལ་སྐད་འགའ་ཡང་སྦྱོང་རྒྱུ་རེད། མཉམ་འགུལ་དེ་དག་སློབ་གྲོགས་ཚོས་ཀྲུང་གོ་ངོ་མ་ཤེས་རྟོགས་བྱེད་པའི་ལྡེ་མིག་ལྟ་བུར་འགྱུར་རྒྱུ་རེད། མཉམ་གཞས་ཚོགས་པས་རང་ཉིད་ཀྱི་མཐོང་ཐོས་དག་འཇར་མན་དུ་ཁྱེར་ནས། ནང་མི་དང་གྲོགས་པོ་ཚོ་དང་གསོན་ཉམས་ལྡན་པའི་ཀྲུང་གོ་ཞིག་མཉམ་སྤྱོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ད་ཐེངས་ཀྱི་འགྲུལ་བཞུད་དེས་སློབ་གྲོགས་ཚོའི་སེམས་དབུས་ཀྱི་རིག་གནས་ལས་སྒྲོལ་བའི་སྤེལ་རེས་བྱེད་པའི་དགའ་ཞེན་འཕེལ་བར་བྱས་ཏེ། ཕྱིས་སུ་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་མཉམ་ལས་ནང་དངོས་སུ་ཞུགས་མཁན་དང་སྐུལ་འདེད་པར་འགྱུར་བའི་རེ་བ་དེ་བས་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད།ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་གོར་སློབ་སྦྱོང་དུ་འགྲོ་བའི་བྱེད་སྒོ་དེ་ན་གཞོན་ཕོ་ཉའི་སྤེལ་རེས་སློབ་སྦྱོང་འཆར་གཞི་ལྟར་སྤེལ་རྒྱུ་རེད། འཇར་མན་གྱི་སློབ་ཕྲུག་ཚོ་ཀྲུང་གོའི་མྱུར་བགྲོད་མེ་འཁོར་ལ་མྱོང་རོལ་དང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དུ་བསྐྱོད་པ། ལེ་ཧྲན་བྱམས་ཆེན་སོགས་འཛམ་གླིང་ཤུལ་བཞག་རྩད་འཚོལ། དེ་བཞིན་ས་གནས་ས་ཐོག་ཏུ་དོམ་ཁྲ་སྲུང་སྐྱོང་དང་རྒྱུད་སྤེལ་ཀྱི་ལས་དོན་ལ་རྟོག་ཞིབ་སོགས་བྱ་རྒྱུ་ཡིན་པ་རེད།པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པ་ནི་འཇར་མན་གྱིས་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས“གླུ་གཞས་བཏང་སྟེ་རྒྱ་ཡིག་སྦྱོང་བའི”བྱེད་སྒོ་སྤེལ་བའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཕན་སྒྲིག་གཞི་ཞིག་ཡིན་པ་དང་། ཀྲུང་གོ་དང་འཇར་མན་གྱི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་རྩ་དོན་དུ་བྱས་ཏེ། སྐད་ཡིག་དང་རིག་གནས་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།(ཤིན་ཧྭ་གསར་འགྱུར་ཁང་འཇར་མན་གྱི་ཏུའུ་སའེ་ཨེར་ཏུའོ་ཧྥུའུ་གྲོང་ཁྱེར་ནས་འབྱོར་བའི་གློག་འཕྲིན) འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

རྒྱལ་སྒྲོལ་བཟའ་ཚོས་རོལ་དབྱངས་དཀྲོལ་ནས་ཀྲུང་ཝེའི་མཛའ་གྲོགས་འབྲེལ་ཟམ་བསྐྲུན་པ།

འདི་ནི་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱི་རུ། ཐུང་ཀོང་རུང་དང་མོ་ཧྲོང་ཧྲོང(གཡས)“ཧ་ནོ་དབྱིའི་གླུ་དབྱངས”ཞེས་པའི་རྒྱལ་སྤྱིའི་མཉམ་ལས་ཚོགས་པའི་ནང་སྦྱོང་ནང་ཞུགས་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲུའུ་ཝེ་ཡིས་པར་བླངས)ཝེ་ཐེ་ནམ་གྱི་རོལ་དབྱངས་ཁྱིམ་ཚང་དུ་སྐྱེས་པའི་ཐུང་ཀོང་རུང་ཆུང་དུས་རྟག་ཏུ་ཕ་དང་མཉམ་དུ་ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་ཉན་གྱི་ཡོད། ཁོང་གིས་ལོ་བརྒྱད་ནས་གླིང་བུ་གཏོང་སྟངས་སྦྱངས་པ་དང་ལོ་དགུ་ནས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཀྱི་ཡོད། 2006ལོའི་སྟོན་མཇུག་ཏུ་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་ཐུང་ཀོང་རུང་གིས་རོལ་དབྱངས་མཉམ་ལས་ཤིག་ནང་ཧུའུ་ནན་ཧེང་དབྱང་ནས་ཡིན་པའི་མོ་ཧྲོང་ཧྲོང་ངོ་ཤེས། རོལ་དབྱངས་ལས་གཞོན་ནུ་གཉིས་པོའི་དབར་ལས་འབྲེལ་ཟབ་ཏུ་སོང་ནས་རྒྱལ་སྒྲོལ་བརྩེ་གྲོགས་ཤིག་ཏུ་གྱུར།ཁོང་གཉིས་གཉེན་སྒྲིག་བྱས་རྗེས་མོ་ཧྲོང་ཧྲོང་དང་བཟའ་ཟླ་ཝེ་ཐེ་ནམ་དུ་ལོག 2013ལོར་ཐུང་ཀོང་རུང་དང་མོ་ཧྲོང་ཧྲོང་གིས་ཧ་ནོ་དབྱི་རུ“གསོན་ཤུགས་གསར་པའི”རོལ་དབྱངས་ཚོགས་པ་བཙུགས། ཁོང་གཉིས་པོས་རོལ་ཆ་དཀྲོལ་སྐབས་ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་ཀྱི་གཞི་རྒྱུ་བསྣན་པས་ཝེ་ཐེ་ནམ་གྱི་གནའ་བོའི་སྨྱུག་མའི་རོལ་ཆ་ནས་ཀྲུང་གོའི་ཉམས་འགྱུར་དང་ཝེ་ཐེ་ནམ་གྱི་འགྱུར་ཁུག་གཉིས་ལྡན་གྱི་གསོན་ཤུགས་གསར་པ་གང་ལེགས་མངོན་བཞིན་མཆིས།ཐུང་ཀོང་རུང་དང་མོ་ཧྲོང་ཧྲོང་གིས་རོལ་དབྱངས་ཚོགས་པའི་སྣེ་ཁྲིད་དེ་ཨེ་ཤེ་ཡ་སྒྱུ་རྩལ་དུས་ཆེན་སོགས་ཀྱི་གར་སྟེགས་ཐོག་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིག་གནས་སྤེལ་རེས་བྱེད་སྒོའི་ཐོག་སྐད་གྲགས་ཆོད་ཡོད། གར་སྟེགས་ཐོག་ཁོང་གཉིས་ནི་སྒྱུ་རྩལ་པ་ཞིག་ཡིན་ལ་རིག་གནས་ཀྱི་ཕོ་ཉ་ཞིག་དེ་བས་ཡིན།ད་ཆ་ཁོང་གཉིས་པོ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་སུ་བསྐྱོད་ནས་སྙན་འཇེབས་ལྡན་པའི་འགྱུར་ཁུག་ལ་བརྟེན་ཏེ་ལྷག་བསམ་དང་དད་སེམས་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ཐུང་ཀོང་རུང་གིས་ང་ཚོའི་སེམས་ནང་གི་ཆེས་མཛེས་པའི་སྒྲ་གདངས་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་སྒྲ་གདངས་དེ་ཡིན་ཞེས་སེམས་འགུལ་ཐེབས་བཞིན་བརྗོད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འཇར་མན་གྱི་པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པ་ཀྲུང་གོར་སྤེལ་རེས་སློབ་སྦྱོང་བྱེད་པར་ཡོང་མགོ་ཚུགས་པ།

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། ཉིན་ཤས་གོང་། འཇར་མན་གྱི་པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པའི་ཁོངས་མི་ཨན་ནཱ·པུ་ལུའེ་མེ་ཁེ(རྒྱ་ཡིག་གི་མིང་ལ་པུ་ཧྲུའུ་ཁྲན་ཞེས་འབོད)ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རང་ཉིད་ཀྱིས་སྦྱངས་མྱོང་བའི་ཀྲུང་གོའི་གླུ་གཞས་སྐོར་གླེང་སྐབས། “ང་ཀྲུང་གོའི་གླུ་གཞས《ཉ་ཆེན》ལ་དགའ་ཤོས་ཡིན། ལོ་ཤས་གོང་ང་ཐེངས་དང་པོ་ཁྲེང་ཏུའུ་རུ་འགྲོ་སྐབས། གྲོགས་པོ་ཀྲུང་གོ་བ་ཚོས་གཞས་དེ་བཏང་ནས་ང་ཚོར་བསུ་བ་ཞུས་བྱུང་བས་ངར་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་བརྗོད། མཉམ་གཞས་ཚོགས་པས་དུས་ཡུན་གཟའ་འཁོར་གཉིས་རིང་སི་ཁྲོན་དང་ཁྲུང་ཆིང་དུ་སྐྱོད་རྩིས་བྱེད་སྐབས། ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ཀྲུང་གོར་སློབ་སྦྱོང་དུ་སྐྱོད་མཁན་ལ་སྐྱེལ་མ་བྱེད་པའི་མཛད་སྒོ་གཉེར་བ་དང་། མཉམ་གཞས་ཚོགས་པའི་དགེ་སློབ་དང་ཁྱིམ་བདག40ལྷག་ཙམ་ལྷན་དུ་འཛོམས་ཡོད། མཛད་སྒོའི་ཐོག་པུ་ལུའེ་མེ་ཁེས་འཐུས་ཚབ་བྱས་པའི་མཉམ་གཞས་ཚོགས་པས་ཐུན་མོང་མ་ཡིན་པའི་འགྲུལ་བཞུད་ལམ་བུར་ཞུགས་རྒྱུ་རེད་ཅེས་བརྗོད་པ་དང་། ཁོང་གིས“ད་ཐེངས་ཀྱི་འགྲུལ་བཞུད་ལམ་བུ་དེས་ངོ་ཚོར་མཐོང་ཐོས་དང་མྱོང་རོལ་གསར་པ་ཐོབ་རྒྱུ་མ་ཟད། དེ་ནི་མཛའ་གྲོགས་དང་ཕན་ཚུན་བསམ་ཤེས་ཀྱི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་དེ་བས་ཡིན”ཞེས་བརྗོད། ཁོང་གིས་ད་དུང་ཐེངས་དང་པོ་ཀྲུང་གོར་འགྲོ་སྐབས་ཀྱི་འགྲུལ་བཞུད་མྱོང་བ་སེམས་ལ་ལྷང་ངེར་དྲན། ད་ཐེངས་ནི་ཁོ་མོ་ཀྲུང་གོར་སྐྱོད་ཐེངས་ལྔ་པ་དེ་ཡིན། ཀྲུང་གོར་ཡོང་སྐབས་ཁོ་མོ་ནང་ལ་ལོག་པ་ལྟར་གྱི་ཚོར་སྣང་ཞིག་ཡོང་གི་ཡོད་། ཏུའོ་ཐེ་མོང་ཏེ་གྲོང་ཁྱེར་ནས་ཡིན་པའི་མཐོ་འབྲིང་སློབ་མ་གཡོད་ནཱ་སི·སྨི་ལེ་ཡིས། “ངས་རྒྱ་ཡིག་སྦྱངས་ནས་ལོ་གཉིས་ཙམ་ཕྱིན་སོང་། ང་ཚོ་ད་ལྟ་ཡིད་ལ་ཐེངས་མང་འཆར་བའི་འགྲུལ་བཞུད་ཀྱི་ལམ་དུ་བསྐྱོད་པར་རེ་བས་ཁེངས་ཡོད། ང་དངོས་འབྲེལ་རྒྱ་ཡིག་གི་རྒྱལ་ཁབ་ཏུ་བསྐྱོད་དེ་སྔོན་ཆད་སྦྱངས་མྱོང་བའི་ཡི་གེ་དེ་དག་གི་བེད་སྤྱོད་ཐུབ”ཅེས་བརྗོད།ཁྲེང་ཏུའུ་ཡི་ཇ་ལོའི་དྲི་བསུང་ལྷང་ལྷང་འཐུལ་བའི་ཇ་ཁང་དང་། ཁྲུང་ཆིང་གི་མིག་འཁྲུལ་བའི་ལམ་ཟམ། གཙང་འགྲམ་དུ་འགྱིང་ངེར་གནས་པའི་ལེ་ཧྲན་བྱམས་ཆེན་སོགས་ཚང་མས་སྨི་ལེ་ལ་ཡ་མཚན་དང་ཤེས་འདོད་ཀྱི་བསམ་པ་ཞིག་ངང་གིས་སྐྱེས། “སི་ཁྲོན་གྱི་ཚལ་ལ་བྲོ་བ་ལྟ་རྒྱུ་ནི་འགྲན་སློང་ཞིག་ཡིན་ཞེས་གོ་མྱོང་ཡོད” སྨི་ལེ་ཡིས་ད་ཐེངས་ཀྱི་འགྲུལ་བཞུད་དེ་ལྟ་སྐོར་དང་ཞིམ་ཟས་ལ་མྱོང་རོལ་བྱེད་པ་ཙམ་མ་ཟད། སློབ་དེབ་ནང་འཁོད་མེད་པའི་ཀྲུང་གོ་ཤེས་རྟོགས་བྱེད་པའི་གོ་སྐབས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཏུའུ་སའེ་ཨེར་ཏུའོ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་ལས་ཚབ་སྤྱི་ཁྱབ་ཁེ་སྐྱོང་བ་ཁྲང་ཧའེ་ཐའོ་ཡིས། འཇར་མན་གྱི་སློབ་ཕྲུག་ཚོས་ཀྲུང་གོའི་ལོ་ན་མཉམ་པའི་གྲོགས་པོ་དང་སྤེལ་རེས་བྱ་རྒྱུ་དང་། སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་པ། ས་གནས་དེ་གའི་ཞིམ་ཟས་ལ་མྱོང་རོལ་བྱེད་པ། ཐ་ན་སི་ཁྲོན་གྱི་ཡུལ་སྐད་འགའ་ཡང་སྦྱོང་རྒྱུ་རེད། མཉམ་འགུལ་དེ་དག་སློབ་གྲོགས་ཚོས་ཀྲུང་གོ་ངོ་མ་ཤེས་རྟོགས་བྱེད་པའི་ལྡེ་མིག་ལྟ་བུར་འགྱུར་རྒྱུ་རེད། མཉམ་གཞས་ཚོགས་པས་རང་ཉིད་ཀྱི་མཐོང་ཐོས་དག་འཇར་མན་དུ་ཁྱེར་ནས། ནང་མི་དང་གྲོགས་པོ་ཚོ་དང་གསོན་ཉམས་ལྡན་པའི་ཀྲུང་གོ་ཞིག་མཉམ་སྤྱོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ད་ཐེངས་ཀྱི་འགྲུལ་བཞུད་དེས་སློབ་གྲོགས་ཚོའི་སེམས་དབུས་ཀྱི་རིག་གནས་ལས་སྒྲོལ་བའི་སྤེལ་རེས་བྱེད་པའི་དགའ་ཞེན་འཕེལ་བར་བྱས་ཏེ། ཕྱིས་སུ་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་མཉམ་ལས་ནང་དངོས་སུ་ཞུགས་མཁན་དང་སྐུལ་འདེད་པར་འགྱུར་བའི་རེ་བ་དེ་བས་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་གོར་སློབ་སྦྱོང་དུ་འགྲོ་བའི་བྱེད་སྒོ་དེ་ན་གཞོན་ཕོ་ཉའི་སྤེལ་རེས་སློབ་སྦྱོང་འཆར་གཞི་ལྟར་སྤེལ་རྒྱུ་རེད། འཇར་མན་གྱི་སློབ་ཕྲུག་ཚོ་ཀྲུང་གོའི་མྱུར་བགྲོད་མེ་འཁོར་ལ་མྱོང་རོལ་དང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དུ་བསྐྱོད་པ། ལེ་ཧྲན་བྱམས་ཆེན་སོགས་འཛམ་གླིང་ཤུལ་བཞག་རྩད་འཚོལ། དེ་བཞིན་ས་གནས་ས་ཐོག་ཏུ་དོམ་ཁྲ་སྲུང་སྐྱོང་དང་རྒྱུད་སྤེལ་ཀྱི་ལས་དོན་ལ་རྟོག་ཞིབ་སོགས་བྱ་རྒྱུ་ཡིན་པ་རེད།པོ་ལེ་རྒྱ་གཞས་མཉམ་གཞས་ཚོགས་པ་ནི་འཇར་མན་གྱིས་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས“གླུ་གཞས་བཏང་སྟེ་རྒྱ་ཡིག་སྦྱོང་བའི”བྱེད་སྒོ་སྤེལ་བའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཕན་སྒྲིག་གཞི་ཞིག་ཡིན་པ་དང་། ཀྲུང་གོ་དང་འཇར་མན་གྱི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་རྩ་དོན་དུ་བྱས་ཏེ། སྐད་ཡིག་དང་རིག་གནས་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། (ཤིན་ཧྭ་གསར་འགྱུར་ཁང་འཇར་མན་གྱི་ཏུའུ་སའེ་ཨེར་ཏུའོ་ཧྥུའུ་གྲོང་ཁྱེར་ནས་འབྱོར་བའི་གློག་འཕྲིན) སྐབས་སྔོན་མ། ​རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཁེ་ཧྲི་སྨིར་ས་ཁུལ་གྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་ཉུང་མཐར་ཡང་མི26རྐྱེན་ལམ་དུ་ཤོར་བ་དང་། མོ་ཏིས་རྒོལ་གཏམ་བཏང་བ། སྐབས་རྗེས་མ། མེད།

༄༅།།ཨ་རིའི་གློག་བརྙན་ནང་འདྲེན་ཉུང་དུ་གཏོང་རྒྱུ།

རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་གློག་བརྙན་ཐད་ཨ་རིས་ཀྲུང་གོར་སྤྲད་པའི་སྒོ་ཁྲལ་རིམ་སྤོར་ལ་ཁ་གཏད་གཅོག་རྒྱུའི་སྐོར་གསར་འགོད་པའི་དྲི་བར་ལན་བཏབ། ཉེ་ཆར་གསར་འགོད་པ་ཞིག་གིས་ཨ་རིས་ཀྲུང་གོར་སྒོ་ཁྲལ་སྣོན་བསྡུའི་དོན་དག་དེས་ཨ་རིའི་གློག་བརྙན་ནང་འདྲེན་ལ་ཤུགས་རྐྱེན་ཐེབས་མིན་སྐོར་གྱི་དྲིས་སྐབས། རྒྱལ་ཁབ་གློག་བརྙན་ཅུས་ཀྱི་མགྲིན་ཚབ་པས་བསྟན་དོན། ཨ་རི་སྲིད་གཞུང་གིས་ཀྲུང་གོར་སྒོ་ཁྲལ་གང་བྱུང་དུ་སྤྱོད་པའི་ནོར་འཁྲུལ་གྱི་བྱ་སྤྱོད་དེས་རྒྱལ་ནང་གི་ལྟད་མོ་བས་ཨ་རིའི་གློག་བརྙན་ལ་དགའ་པོ་བྱེད་ཚད་སྔར་བས་ཆུང་དུ་འགྲོ་ངེས་ཡིན། ང་ཚོས་ཁྲོམ་རའི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་ལྟད་མོ་བའི་གདམ་ག་ལ་བརྩི་འཇོག་བྱས་ནས། ཨ་རིའི་གློག་བརྙན་ནང་འདྲེན་གྱི་གྲངས་འབོར་འོས་འཚམ་ཉུང་དུ་གཏོང་རྒྱུ་ཡིན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་ཆེ་གྲས་གཉིས་པ་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་རྒྱལ་ཁབ་དེ་བས་མང་པོའི་གློག་བརྙན་ཕུལ་བྱུང་ནང་འདྲེན་བྱས་ཏེ་ཁྲོམ་རའི་དགོས་མཁོ་སྐོང་རྒྱུ་ཡིན།

“གོ་ལ་ཧྲིལ་པོས་ཕྱར་བ་གྲུ་འདེགས”བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།

ལ་ཐེ་ཝེ་ཡའི་འཁྲབ་ཁྲིད་པས་པར་ལེན་བྱས་པའི་གློག་བརྙན《ཞི་མིའི་ངོ་མཚར་གཏམ་རྒྱུད》ཅེས་པ་ཉེ་ཆར་ཀྲུང་གོར་བསྟན་ཞིང་། གློག་བརྙན་དེར་ཀྲུང་གོའི་དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་གཅིག་པའི“གསེར་གྱི་དར་གོས་ལམ་བུའི་བྱ་དགའ”ཐོབ་པ་མ་ཟད། ཉེ་ཆར་ད་དུང་སྐབས་གོ་བདུན་པའི་ཨའོ་སི་ཁའི་འགུལ་རིས་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཡང་ཐོབ་ཡོད། ལ་ཐེ་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞིག་ཡིན་པའི་ངས་ལ་ཐེ་ཝེ་ཡའི་རྒྱལ་ས་རི་ཀིར་གློག་བརྙན་དེ་བལྟ་ཐུབ་པས་ཧ་ཅང་དགའ་པོ་བྱུང་།གློག་བརྙན་ནང་ཞི་མི་ཞིག་གིས་སྲོག་ཆགས་གཞན་དང་འགྲོགས་ནས་ཆུ་ལོག་ལས་གཡོལ་ཆེད་གྲུར་བསྡད་དེ་ཕན་ཚུན་རོགས་པ་བྱས་ཏེ་མཉམ་དུ་དཀའ་གནད་ལས་སྒྲོལ་བའི་གཏམ་རྒྱུད་བརྗོད་ཡོད། གཏམ་རྒྱུད་དེ་ལས་ངས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་ཡིད་ལ་དབང་མེད་དུ་དྲན་བྱུང་།“ཕྱར་བ་གྲུ་འདེགས”ནས“གོ་ལ་ཧྲིལ་པོས་ཕྱར་བ་གྲུ་འདེགས”བྱེད་པའི་བར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་ཀྲུང་གོས་འཛམ་གླིང་ལ་འཛིན་པའི་ལྟ་སྟངས་དང་རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་བྱེད་ཐབས་ཀྱི་བློ་སྒོ་ཕྱེ་ཡོད། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་ཧུར་ཐག་གཏོང་མཁན་དང་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་བྱེད་མཁན་ཞིག་ཡིན་པའི་ཀྲུང་གོས་བདག་དབང་དང་མངའ་ཁོངས་ཀྱི་ས་ཆ་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། འདྲ་མཉམ་གཉིས་ཁེ། ཞི་བདེ་མཉམ་གནས་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་ཆེ་ཆུང་དང་། རྒྱལ་སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་གང་ཡིན་རུང་ཚང་མ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་བཏོན་གནང་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་གནང་བ་དེ་ཐོག་ནས་གནམ་འོག་ཁྱིམ་ཚང་གཅིག་དང་ཕྱར་བ་གྲུ་འདེགས་ཀྱི་བློ་གྲོས་དང་ཁོག་རྒྱ་མངོན་ཡོད།“གོ་ལ་ཧྲིལ་པོས་ཕྱར་བ་གྲུ་འདེགས”བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཀྲུང་གོས་ཕྱོགས་ཁག་གིས་ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དར་སྤེལ་བཏང་ཞིང་། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་བསྲུངས་ནས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་ལག་ལེན་བསྟར་རྒྱུ་དར་སྤེལ་བཏང་ཡོད། ཡུག་རེན་གྱི་ཉམས་ཉེན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན་པ་དང་། ཞི་བདེ་གང་མགྱོགས་མངོན་འགྱུར་བྱེད་པ་དང་འབྲེལ་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་གདོང་ཐུག་ཐག་གཅོད་བྱ་རྒྱུ་དེ་ཕྱོགས་ཁག་ཚང་མའི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཞི་བའི་བྱེད་ཐབས་ལ་བརྟེན་ནས་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།“གོ་ལ་ཧྲིལ་པོས་ཕྱར་བ་གྲུ་འདེགས”བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཀྲུང་གོས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ལེགས་སུ་དང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ནི་དང་ཐོག་མཉམ་ལས་ཀྱི་རོགས་ཟླ་ཡིན་པ་དང་ཐུན་མོང་གི་ངོས་འཛིན་དེ་མི་མཐུན་པའི་ཆ་ལས་ཧ་ཅང་ཆེ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་དང་ཡོ་རོབ་ནི་ཚོང་དོན་རོགས་ཟླ་དང་མ་འཇོག་བྱ་ཡུལ་གཙོ་བོ་ཡིན། 2024ལོར་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་7858ཟིན་པ་དང་ཕྱོགས་གཉིས་དབར་གྱི་མ་འཇོག་གསོག་ཚད་ཨ་སྒོར་དུང་ཕྱུར་2600ཟིན་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་ཚད་ཁྲི་10ལས་བརྒལ་ནས་ཨེ་ཤེ་ཡ་དང་ཡོ་རོབ་འབྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་ཆེན་པོ་གཉིས་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་ཁྲོམ་ར་ཆེན་པོ་གཉིས། མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་གྱི་ཤེས་དཔལ་ཆེན་པོ་གཉིས་བཅས་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་མདུན་སྐྱོད་ཡར་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱ་རྒྱུ་དེ་ཀྲུང་གོ་དང་ཡོ་རོབ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད།མིག་སྔར། ཀྲུང་གོ་དང་ལ་ཐེ་ཝེ་ཡའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་འགྲོ་འོང་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་མ་ཐེབས་ཡོད། གློག་བརྙན《ཞི་མིའི་ངོ་མཚར་གཏམ་རྒྱུད》ཀྲུང་གོར་བསྟན་པ་དེས་ཀྲུང་གོ་དང་། ལ་ཐེ་ཝེ་ཡ། ཡོ་རོབ་བཅས་འབྲེལ་མཐུད་བྱེད་པའི་མཛའ་གྲོགས་འབྲེལ་ཟམ་དུ་ལྟ་བུར་འགྱུར་རྒྱུ་རེད། ཀྲུང་གོ་དང་ཡོ་རོབ་སའི་གོ་ལ་གཅིག་ཏུ་གནས་པ་དང་གྲུ་གཟིངས་གཅིག་གི་ཐོག་ཡོད་པས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། རོགས་ཟླའི་ངེས་གནས་མཐའ་འཁྱོངས་བཅས་བྱས་ཏེ་མཉམ་དུ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།(རྩོམ་པ་པོ། ལ་ཐེ་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ།) འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཚོ་སྔོན་གྱི་བརྙན་ལེན་པ་ཞིག་ལ་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐོབ།

《རྐང་རྗེས5》ཅའོ་ཧྲེང་ཧྥུའུ་ཡིས་པར་བླངས།ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྤྱིའི་བརྙན་ལེན་སྐོར་སྐྱོད་འགྲན་བསྡུར་གྲགས་ཅན་ཏེ་འཇར་མན་གྱི་ས་གནས་བཞིའི་སྐོར་སྐྱོད་རྒྱལ་སྤྱིའི་བརྙན་ལེན་འགྲན་བསྡུར་ཆེན་པོའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་གན་རྒྱ་བཞག་པའི་དབུ་བཞུགས་བརྙན་ལེན་པ་ཅའོ་ཧྲེང་ཧྥུའུ་མིང་ཐོ་གྲས་སུ་ཚུད་འདུགཤེས་གསལ་ལྟར་ན། འཇར་མན་གྱི་ས་གནས་བཞིའི་སྐོར་སྐྱོད་རྒྱལ་སྤྱིའི་བརྙན་ལེན་འགྲན་བསྡུར་ཆེན་པོར“འཇར་མན་རྒྱལ་སྤྱིའི་བརླན་ལེན་རྟགས་མ”ཡང་ཟེར། འགྲན་བསྡུར་དེ་རྒྱལ་སྤྱིའི་བརྙན་ལེན་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྤྱིའི་བརྙན་ལེན་པའི་མནའ་འབྲེལ་ཚོགས་པ། འཇར་མན་བརྙན་ལེན་མཐུན་ཚོགས་བཅས་དབང་གྲགས་ལྡན་པའི་ཁས་ལེན་དཔང་འདོན་སྒྲིག་གཞི་གསུམ་གྱིས་མཉམ་གཅིག་ཏུ་ཁས་ལེན་དཔང་འདོན་བྱས་པ་ཡིན་ཞིང་། དེ་ནི་ཀྲུང་གོ་བརྙན་ལེན་པའི་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་སྐོར་སྐྱོད་འགྲན་བསྡུར་ཆེན་པོའི་གྲས་ཤིག་ཡིན། འགྲན་བསྡུར་ལ་ཚོན་ལྡན་སྒོ་འབྱེད་ཚོགས་ཆུང་དང་། དཀར་ནག་སྒོ་འབྱེད་ཚོགས་ཆུང་། རང་བྱུང་ཚོགས་ཆུང་། རོལ་རྩེད་ཚོགས་ཆུང་བཅས་ཚོགས་ཆུང་ཆེན་པོ་བཞི་རུ་བགོས་ཡོད་ལ། འགྲན་བསྡུར་ནང་ཞུགས་པའི་བརྙན་ལེན་པ་མང་པོ་ཡོད་པས་འགྲན་རྩོད་ཧ་ཅང་ཛ་དྲག་ཡིན། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་ཀྱི་གན་རྒྱ་བཞག་པའི་དབུ་བཞུགས་བརྙན་ལེན་པ་ཅའོ་ཧྲེང་ཧྥུའུ་ཡི་བརྩམས་ཆོས《རྐང་རྗེས5》དང《ཞོགས་པའི་ཉི་འོད་ཁྲོད་ཀྱི་ནོར་གནག》ལ་གསེར་གྱི་རྟགས་མ2ཐོབ་པ་དང་། བརྩམས་ཆོས《ཁེར་རྐྱང་གི་གྲུ་ཆུང་ཞིག》ལGIPཡི་གཟི་བརྗིད་མཚན་སྙན་ཐོབ།ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་དུ་སྐྱེ་ཁམས་བརྙན་ལེན་པ་སྐོར་ཞིག་འཚར་ལོངས་བྱུང་བ་དང་། ཁོ་ཚོས་གྲང་ངར་དང་དཀའ་ངལ་ལ་མི་འཛེམ་པར་བརྙན་ཆས་ཀྱི་རྣམ་པས་རང་བྱུང་ཁམས་ཆེན་པོའི་ཁྲོད་ཀྱི་ངོ་མཚར་ཆེ་བའི་གནས་རེ་རེ་དང་། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་སམ་ཡང་ན་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས། འཆམ་མཐུན་གྱི་མི་ཆོས་རིག་གནས་སྣང་ཚུལ་ཀྱི་རི་མོ་བཅས་དངོས་སུ་ཟིན་ཐོར་བཀོད། སྐྱེ་ཁམས་གྱི་བརྙན་ལེན་བརྩམས་ཆོས་དེ་དག་གིས་རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་དང་ཐོན་ཁུངས་སྲུང་སྐྱོང་གི་གྲུབ་འབྲས་མཚོན་པ་དང་དུས་མཚུངས་སུ། མི་རྣམས་ལ་སྐྱེ་ཁམས་ལ་གུས་བཀུར་བྱེད་པར་འབོད་སྐུལ་བཏང་བ་དང་། ཡང་དག་པའི་སྐྱེ་ཁམས་རིན་ཐང་ལྟ་བ་འཛིན་དགོས་པར་ཁྲིད་སྟོན་བྱས། །

བྱིས་པའི་སྙན་ངག་ཁག་ལྔ།

མཚན་མོ།ཉིན་མོར་བྲེལ་འཚུབ་ཆེ་བའི་མི་རྣམས།ཁུ་སིམ་མེར། མཚན་མོའི་པང་དུ་ཉལ།མུན་པའི་མལ་གོས་གྱོན་པའི་ནམ་མཁར།སྐར་མ་ཁྲི་སྟོང་མང་པོ་ཉིན་མོའི་མི་ལྟར།བྲེལ་འཚུབ་ཀྱིས་མིག་ཟུམ་ཀེམ་ཀེམ་གཡོ་བར་བྱེད།ཟླ་བ།མཚན་མོའི་ཟླ་བ་ནི།ཨ་མ་ལགས་ཀྱིས་བཟོས་པའི་བག་ལེབ་ཆེན་པོ་ཞིག་དང་འདྲ།ཚེས་གཅིག ཚེས་གཉིས། ཚེས་གསུམ།……ཇེ་ཆེ་ནས་ཇེ་ཆེར་འཕེལ་བའི་བག་ལེབ།ནམ་མཁའི་མཐོངས་སུ་བཀལ་འདུགམཚན་མོའི་ཟླ་བ་ནམ་མཁར་བཀལ་ཡོད།གཟའ་ཨོག་རལ། སྐར་མ་སྨིན་དྲུགབྱང་སྐར་སྤུན་བདུན།……རྒྱུ་སྐར་མང་པོ་འཚང་ག་ཤིག་ཤིག་གིས།བག་ལེབ་ཟ་བར་བརྔམས་ནས་འདུགགནམ་གང་གི་ནམ་མཁའ་ནི།ཁོག་སྟོང་ཞིག་སྟེ།ཟླ་བ་མཐོང་ཡས་མེད།བག་ལེབ་བཟས་ཟིན་པས།ང་རང་སླར་ཡང་གྲོད་པ་ལྟོགས་བྱུང་།གློག་སྒྲོན།མཚན་མོ་སྲུང་བའི་གློག་སྒྲོན།ལམ་འགྲམ་དུ་གྱད་མི་ལྟར་འགྲེང་།ཁང་པའི་མདོ་སྦུག་ཚང་མ།ཉིན་མོ་ལྟར་གསལ་བའི་གློག་སྒྲོན་གྱིས་བཀང་།གལ་ཏེ། གློག་སྒྲོན་མེད་ན།ནམ་མཁའ་འདི་མཚན་མོ་ཁོ་ནར་དབང་ངེས།ལོ་གསར།སྤོ་བོ་ལགས་ཀྱིས་ལོ་གསར་སྐོར་གྱི་གཏམ་རྒྱུད་གླེང་།པཱ་ལགས་ཀྱིས་ནན་ཏན་ངང་སྡེར་ཁ་བསྒྲིགས། ཕྱེ་མར་བཟོས།ཨ་མ་ལགས་ཀྱིས་བྲེལ་འཚུབ་ངང་གྱོན་གོས་གསར་པ་གྲ་སྒྲིག་བྱས།ནང་མི་ཚང་མ་ཆང་སྐོལ་འཐུང་ཞོར།བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་སྒྲོགགཅེན་པོ་དང་གཅེན་མོ།རི་མགོར་ལྷ་བསང་གཏོང་བར་བསྐྱོད།གཅུང་པོ་དང་གཅུང་མོ།སྒོ་རའི་ནང་ཨ་ལྕུག་གི་རྩེད་མོར་གཡེངས།ཤོག་སྦག་གི་གླུ་སྒྲའི་ཁྲོད།ང་རང་སྲིན་འབུ་མེ་ཁྱེར་བཞིན་འོད་ལ་ཕྱོགས། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

ཐེ་རོན་ཕུས་སྒོ་ཁྲལ་མཐོ་རུ་གཏོང་བ་དེ་ནི་སྡུག་པོ་རང་གཏོང་ཞིག་ཡིན།

སྤྱི་ཟླ་4པའི་ཚེས་2ཉིན། ཐེ་རོན་ཕུས་འདྲ་མཚུངས་སྒོ་ཁྲལ་ཞེས་པའི་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་རྗེས། ཨ་རིའི་རྐང་དངུལ་ཁྲོམ་རར་ཉེ་བའི་ལོ་ལྔའི་རིང་ཆག་སྒོ་ཆེ་ཤོས་ཀྱི་ཉོ་ཚོང་ཉིན་འགའ་ཤས་བསྟུད་མར་ཐོན་ཡོད། སྤྱི་ཟླ་4པའི་ཚེས་7ཉིན། ཨ་རིའི་གཟའ་འཁོར་གསར་པའི་རྐང་དངུལ་ཁྲོམ་ར་སྒོ་འབྱེད་པའི་ཉིན་དང་པོ་དེར་ཨ་རིའི་རྐང་དངུལ་སྒོ་འབྱེད་པའི་རྗེས་སུ་སླར་ཡང“ཉོ་ཚོང་སྡུག་ཤོས་ཀྱི་རེས་གཟའ་ཟླ་བ”འགོ་ཚུགས་ཡོད་ཅིང་། དུས་ཐུང་སྐར་མ་བཅུ་ཡང་མ་འགོར་བར་ཉིའུ་ཡོག་གི་རྐང་དངུལ་ཆེན་པོ་གསུམ་གྱི་སྟོན་གྲངས་ཆག་ཚད་ཚང་མ་བརྒྱ་ཆ་3ལས་བརྒལ་ཡོད། དེ་ལྟར་ཨ་རིའི་ཁྲོམ་རའི་སྟོན་གྲངས་མུ་མཐུད་ཆག་འགྲོ་བའི་སྐབས་དེར། “ཉིན་90རིང་སྒོ་ཁྲལ་གནས་སྐབས་བསྡུ་མཚམས་འཇོག་རྒྱུ”ཞེས་པའི་གསར་འགྱུར་ཞིག་གིས་ཆག་འགྲོ་བའི་ཨ་རིའི་རྐང་དངུལ་ཁྲོམ་རའི་སྟོན་གྲངས་དེ་གློ་བུར་དུ་འཕར་འགྲོ་བའི་རྣམ་པ་ཞིག་མངོན་ཡོད། ཡིན་ནའང་། མཐར་ཨ་རིའི་ཕོ་བྲང་དཀར་པོས་གསར་འགྱུར་དེ་ནི་རྫུན་མ་ཞིག་ཡིན་པ་ར་སྤྲོད་བྱས་རྗེས། ཨ་རིའི་རྐང་དངུལ་ཁྲོམ་ར་སླར་ཡང་འཕར་བ་ནས་ཆག་པའི་རྣམ་པ་ཐོན་ཡོད། ཕྱོགས་གཞན་ཞིག་ནས། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་4པའི་ཚེས་7ཉིན། ཡོ་རོབ་མནའ་འབྲེལ་ཕྱོགས་ནས་ཨ་རིའི་སྒོ་ཁྲལ་ལ་ངོ་རྒོལ་བྱེད་པའི་འཆར་གཞི་ཁྱབ་བསྒྲགས་བྱས་པ་མ་ཟད། ཡོ་རོབ་མནའ་འབྲེལ་གྱིས“ཉོ་ཚོང་འགོག་རྒོལ་བྱ་ཐབས་ཡོད་དོ་ཅོག”སྤྱད་དེ་ཨ་རིའི་སྒོ་ཁྲལ་གྱིས་བཟོས་པའི་བརྡབ་གསིག་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བསྟན་པ་དང་། སྤྱི་ཟླ་4ཚེས་15ཉིན་ནས་བཟུང་རེས་སྐོར་དང་པོའི་ཨ་རིར་ངོ་རྒོལ་བྱེད་པའི་སྒོ་ཁྲལ་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་། རེས་སྐོར་གཉིས་པའི་ཨ་རིར་ངོ་རྒོལ་བྱེད་པའི་སྒོ་ཁྲལ་སྲིད་ཇུས་དེ་སྤྱི་ཟླ་5ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ཡོ་རོབ་མནའ་འབྲེལ་གྱིས་གང་དེའི་ངོ་རྒོལ་བྱ་ཐབས་ཁྱབ་བསྒྲགས་བྱས་རྗེས། ཐེ་རོན་ཕུས་ཨ་རིར་འཚམས་འདྲིར་སླེབས་པའི་དབྱི་སི་རལ་གྱི་ཙུང་ལི་ནའེ་ཐ་ཉི་ཡ་ཧུའུ་དང་ལྷན་དུ་གསར་འགོད་པ་དང་ཐུག་འཕྲད་བྱེད་སྐབས། ཡོ་རོབ་ཀྱིས་ང་ཚོར་བྱེད་སྟངས་ངན་པ་བཟུང་གི་འདུག་ཅེས་བཤད་པ་མ་ཟད། ཡོ་རོབ་རྒྱལ་ཁབ་ཀྱིས་ཨ་རིའི་ཚོང་ཟོག་མང་པོ་ཞིག་ཉོ་ཡི་མི་འདུག་ཅེས་སྐྱོན་འཛུགས་བྱས་ཡོད། དེའི་གོང་། ཐེ་རོན་ཕུས་སྒོ་ཁྲལ་དེ་ཨ་རི་རང་ཉིད་ལ་སྨན་བཅོས་བྱེད་པའི་སྨན་རྫས་ལྟ་བུར་བརྩི་བ་མ་ཟད། གདེང་ཚོད་དང་བཅས་རྐང་དངུལ་གང་ཞིག་ཀྱང་ཆག་ཏུ་འཇུག་འདོད་མི་འདུག འོན་ཀྱང་མཚམས་རེ་གནད་དོན་འགའ་ཞིག་ཐག་གཅོད་བྱེད་ཆེད་དེ་ལ་འཚམ་པའི་སྨན་མི་ཟ་ཀ་མེད་རེད་ཅེས་བཤད་ཡོད། ཐེ་རོན་ཕུས་ཁྲོམ་ར་ཟང་ཟིང་བཟོ་བའི་སྒོ་ཁྲལ་སྲིད་ཇུས་དེ“སྨན་བཟང་རོ་ཁ”ཞིག་རེད་ཅེས་ཟེར་བར་དྲ་གྲོགས་ཚོས་ཁས་ལེན་བྱེད་ཀྱི་མེད། “དེ་ནི་སྨན་བཟང་རེད་དམ། འདི་ནི་དུག་རྫས་རེད།” ཡང་དྲ་གྲོགས་ཁག་གཅིག་གིས་དོན་ངོ་མར་སྨན་བཟའ་དགོས་པ་དེ་ནི་ཁོ་པ་རང་ཉིད(ཐེ་རོན་ཕུ)རེད་ཅེས་ཟུར་ཟ་ཡང་བྱེད་བཞིན་ཡོད། དེ་ལྟ་བུའི་གནས་ཚུལ་འོག ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སན་ཐེས་སྔར་བཞིན་ཐེ་རོན་ཕུར་རྒྱབ་སྐྱོར་བྱེད་བཞིན་ཡོད། སྤྱི་ཚེས་6ཉིན་པེ་སན་ཐེསས། རྐང་དངུལ་ཁྲོམ་རའི་འགྱུར་ལྡོག་དེས་ཨ་རིའི་མང་ཚོགས་དཀྱུས་མའི་རྒྱུ་ནོར་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་མི་སྲིད་ཅེས་བཤད་ཡོད། ཨ་རིའི་ནོར་སྲིད་པུའུ་ཀྲང་གི་བཤད་སྟངས་དེར་གཞིགས་ན། ཨ་རིའི་མི་མང་ཆེ་བ་རྐང་དངུལ་ཁྲོམ་རར་ཞུགས་མེད་པས། ཨ་རིའི་རྐང་དངུལ་ཁྲོམ་རའི་འགྱུར་ལྡོག་གིས་མི་དེ་དག་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད། དོན་དངོས་ནི་པེ་སན་ཐེའི་བཤད་སྟངས་དེ་དང་གཅིག་མཚུངས་མིན་པར། དམངས་འདོད་བརྟག་དཔྱད་ལས་ཁུངས་ཨ་རིའི་ཀའེ་ལོ་ཕུ་བློ་འདྲི་ཀུང་སིའི་གྲངས་གཞི་ལས་མངོན་པར། ཨ་རིའི་མི་དར་མ་ཧ་ལམ་62%ཀྱིས་རྐང་དངུལ་ཉོ་བཞིན་ཡོད། གཞན་ཡང་། ད་དུང་ཨ་རིའི་སྨྱན་སྦྱོར་ཚན་པ་ཁ་ཤས་ཀྱིས། ཨ་རིའི་རྐང་དངུལ་ཉེ་དུས་ལྡབ་འགྱུར་ཆག་འགྲོ་བ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་རིའི་ལོ་རྒྱུས་ཐོག་མཐོང་ཧ་ཅང་དཀོན་པོ་ཞིག་རེད་ཅེས་བསྟན་ཡོད། ཐེ་རོན་ཕུའི་སྒོ་ཁྲལ་སྲིད་ཇུས་ཀྱིས་ཁྲོམ་རར་ཡམ་ཡོམ་ཤུགས་ཆེན་བཟོས་པ་དང་། དེས་རྐྱེན་པས་ཨ་རིའི་ཕྱུག་བདག་གི་གཙང་བདག་རྒྱུ་ནོར་འབོར་ཆེན་ཉུང་དུ་ཕྱིན་པ་དང་། ཐོག་མཐའ་བར་གསུམ་དུ་ཐེ་རོན་ཕུའི་ཕྱོགས་སུ་ལང་མཁན་ཨ་རིའི་སྲིད་གཞུང་ལས་ཕྱོད་སྡེ་ཚན་གྱི་འགན་འཁུར་བ། འཛམ་གླིང་ཧྲིལ་པོའི་ཕྱུག་བདག་ཨང་དང་པོ་མ་སེ་ཁེ་ཡང་བཟོད་སྒོམ་མ་ཐུབ་པར་ཐེ་རོན་ཕུའི་ཉོ་ཚོང་ཐད་ཀྱི་དབུ་བཞུགས་བློ་འདྲི་ཡུལ་དང་། སྒོ་ཁྲལ་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ནཱ་ཝ་ལུའོ་ལ་སྐྱོན་བརྗོད་བྱེད་འགོ་ཚུགས་ཡོད། སྤྱི་ཟླ་4ཚེས་5ཉིན། མ་སེ་ཁེས་སྤྱི་འབྲེལ་སྨྱན་སྟེགས་Xཡི་ཐོག་ནཱ་ཝ་ལུའོ་ལ་ཧ་ཧྥུ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཡོད་པ་དེ་ནི་ཡག་པ་ཞིག་མ་རེད། དེས་མི་རྣམས་རང་རློམས་ཅན་བློ་གྲོས་ཀྱིས་དབུལ་བ་དེ་འདྲར་འགྱུར་སྲིད་ཅེས་བརྗོད་འདུག ཕོ་བྲང་དཀར་པོའི་ཉོ་ཚོང་བློ་འདྲི་ཡུལ་ནཱ་ཝ་ལུའོ་ཡིས་མ་སེ་ཁེ་ཡི་རྒོལ་གཏམ་ལ་ཡ་ལན་སྤྲོད་སྐབས། ཁོ་པ་ནི་རླངས་འཁོར་འཚོང་མཁན་ཞིག་རེད་ཅེས་བཤད་དེ། མ་སེ་ཁེ་ནི་ཚོང་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་སྒེར་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་ལས། ཨ་རིའི་རླངས་འཁོར་ཐོན་ལས་ལ་དོ་ཁུར་བྱེད་ཀྱི་མེད་པའི་དོན་མཚོན་པར་བྱས་ཡོད། ནཱ་ཝ་ལུའོ་ཡིས་མ་སེ་ཁེའི་སྐད་ཆར་དགག་པ་བརྒྱབ་སྐབས། ང་ཚོས་དོ་ཁུར་བྱེད་པ་ནི་ཏི་ཐེ་ལུའི་ཡི་བཟོ་གྲྭས་ཨ་རིའི་སྒུལ་བྱེད་འཕྲུལ་འཁོར་སྤྱད་ནས་ཨ་རིའི་ཚོང་རྟགས་ཀྱི་རླངས་འཁོར་བཟོ་རུ་འཇུག་རྒྱུ་དེ་ཡིན་ཞེས་བརྗོད་འདུགཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

དབང་གཞུ་ལྟར་བཀྲ་བའི་འབྲུག་ཆུའི་སྐེ་རགས་ཚོན་ཁྲ​།

རྒྱུ་སྤུན་ལས་གྲུབ་པའི་དབང་པོའི་གཞུ་རིས།——འབྲུག་ཆུའི་སྐེ་རགས་ཚོན་ཁྲ། བོད་ཀྱི་འཁེལ་འཐག་ལག་རྩལ་གྱི་ལོ་རྒྱུས་ནི་ཤིན་ཏུ་རྒྱུན་རིང་ཞིང་མཚར་སྡུག་ལྡན་ཏེ། ལོ་ངོ5000ཡར་སྔོན་གྱི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་ཆབ་མདོ་ཁ་རུབ་གནའ་ཤུལ་ལས། རུས་འབིགས་དང་རུས་ཁབ། རྫ་མའི་འཁལ་འཕང་སོགས་འཁེལ་འཐག་དང་འབྲེལ་བའི་རིག་དངོས300ལྷག་ས་ཁར་བུད་ཅིང་། ཉིང་ཁྲིའི་མེ་ཏོག་གནའ་ཤུལ་ལས་ཐོན་པའི་འབྲེལ་ཡོད་རིག་དངོས་སུའང་རྡོ་ལས་བྱས་པའི་འཁལ་འཕང་ཞིག་ཡོད། ད་དུང་མངའ་རིས་རུ་ཐོག་ནས་ལྕགས་ཆས་དུས་རབས་སྔ་མཚམས་ཀྱི་སོ་རས་དང་མཚོ་སྔོན་དུར་ལམ་ནས་བཙན་པོའི་དུས་སྐབས་ཀྱི་དར་གོས་སོགས་གང་མང་ཞིག་ཐོན། དུས་ད་ལྟའང་བོད་ཀྱི་ཡུལ་ལུང་སོ་སོ་རུ། ཕྱིང་བ་འཇོག་པའི་ལག་རྩལ་དང་སྣམ་བུ་དང་ཁ་གདན་འཐག་རྩལ་སོགས་འཁེལ་འཐག་ལག་ཤེས་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་པ་མ་ཉམས་མ་ཆད་པར་གནས་ཡོད་པས། འདི་དག་ཐམས་ཅད་ནི་བོད་ཀྱི་འཁེལ་འཐག་རིག་གནས་ལ་རྒྱུན་ཐག་རིང་བའི་ལོ་རྒྱུས་དང་ཕུལ་དུ་བྱུང་བའི་བཟོ་རྩལ་ལྡན་པའི་དན་རྟགས་བསྙོན་དུ་མེད་པ་ཡིན། དེ་བཞིན་འབྲུག་ཆུའི་འཐག་བཟོ་ཡང་བོད་ཀྱི་འཁེལ་འཐག་ལག་ཤེས་ཀྱི་ནང་གསེས་ཐུན་མོང་མ་ཡིན་པ་ཞིག་སྟེ། དེ་ལ་གྱོན་གོས་འཐག་བཟོ་དང་སྐ་རགས་ཚོན་ཁྲའི་འཐག་རྩལ་སོགས་བྱེ་བྲག་དུ་མ་མཆིས་ཤིང་། དེ་དག་ནི་འབྲུག་ཆུའི་ཡུལ་དུ་མི་རབས་ནས་མི་རབས་སུ་བརྒྱུད་པའི་སྲོལ་རྒྱུན་བཟོ་རིག་སྟེ། རིག་གནས་ཀྱི་དོན་སྙིང་ཕུན་སུམ་ཚོགས་པ་ལྡན། ལྷག་པར་དུ་སྐ་རགས་ཚོན་ཁྲའི་འཐག་རྩལ་ནི་འབྲུག་ཆུའི་བུད་མེད་རྣམས་ཀྱི་བློ་རྩེ་ལས་འཁྲུངས་པའི་ཤེས་རབ་ཀྱི་ཉིང་བཅུད་ཅིག་ཡིན་ལ། མི་རིགས་ཀྱི་ལོ་རྒྱུས་བག་ཆགས་དང་ས་གནས་ཀྱི་ཡུལ་སྲོལ་རིག་གནས་སོགས་གཅིག་ཏུ་འདུས་པའི་དྲན་ཤིང་གསོན་པོ་ཞིག་ཡིན་པར་མ་ཟད། དེའི་འཐག་རྩལ་ད་ལྟའི་བར་དུ་མ་ཉམས་པར་གནས་པས། ཀན་སུའུ་ཞིང་ཆེན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད། སྐ་རགས་ཚོན་ཁྲ་ནི་ཀན་ལྷོ་འབྲུག་ཆུའི་བུད་མེད་རྣམས་ཀྱི་སྐེད་པར་འཆིང་བྱེད་དང་རལ་བ་སྡོམ་བྱེད། ཡང་ན་གྱོན་ཆས་མཛེས་པར་སྤྲས་བྱེད་ཀྱི་རྒྱན་ཆ་ཐུན་མོང་མ་ཡིན་པ་ཞིག་སྟེ། དེ་ལ་རྣམ་པར་བཀྲ་བའི་ཚོན་མདངས་དང་། ཁྲ་ཁྲ་སིལ་སིལ་གྱི་རིས་དབྱིབས་སྣ་ཚོགས་ལྡན་པས། སྐ་རགས་ཚོན་ཁྲ་ཞེས་པའི་མིང་ཐོགས། སྐེ་རགས་ཚོན་ཁྲ་ལ་སྤྱོད་སྒོའི་དབང་གིས་མིང་གི་རྣམ་གྲངས་ཀྱང་མི་འདྲ་སྟེ། དེ་ལས་ཁ་ཞེང་ཆེ་ཅན་ཏེ་ཡུལ་དེའི་སྐད་དུ་ཞེང་ལེབ་ཅན་དུ་འབོད་པ་ནི་བུད་མེད་རྣམས་ཀྱི་སྐེད་པར་འཆིང་བྱེད་ཡིན་ཞིང་དེར་སྐ་རགས་ཞེས་བརྗོད། གཞན་ཕྲ་མོའི་རིགས་ལ་འཐག་ལྕུག་ཅེས་འབོད། འཐག་ལྕུག་ནི་བུད་མེད་ཚོའི་ཞྭ་མོ་དང་ལན་བུ་སྡོམ་བྱེད། ཡང་ན་སྐྱེས་པ་ཚོའི་ཉྭ་དང་ལྷམ་གོག་དཀྲི་བྱེད། ད་དུང་ཕོ་མོའི་བར་བརྩེ་བ་མཚོན་བྱེད་ཀྱི་ལེགས་སྐྱེས་དང་མགྲོན་པོ་བསུ་བྱེད་ཀྱི་དར་ཁའི་ཚུལ་དུ་སྤྱོད། དེ་ཡང་སྐྱེས་པ་ཚོས་རང་ཉིད་སེམས་པ་ཤོར་སའི་བུ་མོ་ལ་འཐག་ལྕུག་སྤྲད་དེ་བུ་མོས་དགའ་བས་བླངས་ཚེ་མོས་མཐུན་བྱུང་བ་མཚོན་ལ། ཕྱིར་སྤྲད་ཚེ་མོས་པ་མེད་པ་མཚོན་ཞེས་ཡུལ་དེའི་འཐག་མཁན་གྱིས་བཤད། སྐ་རགས་འདིའི་འཐག་རྩལ་ལ་མ་མཐའ་ཡང་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཞེད། ཡུལ་དེའི་ངག་རྒྱུན་ལྟར་ན། འཐག་རྩལ་འདི་ནི་ལྷ་ལས་མཆེད་དེ། ལྷ་མོ་གཏགས་མ་ཞེས་པ་ཞིག་གིས་དབང་པོའི་གཞུ་རིས་དང་། མེ་ཏོག་སྣ་བརྒྱའི་ཁ་དོག འདབ་ཆགས་སྣ་ཚོགས་ཀྱི་སྒྲོ་གུར་ཕུབ་པ་སོགས་མཐོང་བས་རབ་ཏུ་མགུ་སྟེ། རྣམ་པར་བཀྲ་བའི་ཚོན་མདོག་ཅི་རིགས་འཁེལ་དུ་དཀྲིས་ཏེ་བཏགས་པ་ན་ཕྱིས་སུ་མི་ཡུལ་འབྲུག་ཆུ་རུ་དར་བས། སྐ་རགས་ཚོན་ཁྲ་འདིའི་འཐག་ལུགས་བྱུང་བར་བཞེད། ཡང་ཁ་ཅིག་གིས་འདི་ནི་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་བཟང་ཀོང་ཇོ་ཁབ་ཏུ་བཞེས་པས། རྒྱའི་ཡུལ་གྱི་འཐག་ལུགས་དང་བོད་ཀྱི་འཁེལ་འཐག་ལག་རྩལ་མཉམ་འདྲེས་ལས་བྱུང་བར་བཞེད།སྐ་རགས་ཚོན་ཁྲ་བཏགས་པར་གཤམ་གསལ་གྱི་ཡོ་བྱད་སྟབས་བདེ་འདི་དག་ལས་མི་དགོས་ཏེ། དང་པོ། བཙུར་ཤིང་དང་མཐའ་ཤིང་། འདི་གཉིས་ནི་བེ་ཅོན་གྲུ་བཞི་ཁྲུ་གང་ཙམ་གྱི་ཚད་ཅན་སྟེ། སོ་སོའི་སྟེང་དུ་འཐག་སྐུད་བསྒྲིལ་རྗེས། བཙུར་ཤིང་སྐེད་པར་བཅིངས་ཤིང་། མཐའ་ཤིང་རྐང་མཐིལ་དུ་མནན་ཏེ། ཕྱོགས་གཉིས་ནས་སྐུད་པ་འཐེན་ཏེ་བཙུར་ཤིང་གི་ཕྱོགས་ནས་འཐག་མགོ་བརྩམས། གཉིས་པ། གཏགས་མ། ཐལ་ཁེམ་ཕྲ་བོ་ཞིག་དང་འདྲ་སྟེ། ལྷ་མོ་གཏགས་མའི་མིང་ལས་བྱུང་བར་བཤད། གཙོ་བ་རྒྱུ་སྤུན་བརྟན་བྱེད་ཡིན། གསུམ་པ། ཡོ་ཡུ། ཡུལ་དེའི་སྐད་དུ་བེ་ཞེས་འབོད་ཅིང་། དེའི་བཟོ་དབྱིབས་དང་བྱེད་ནུས་ནི་འཕེན་ཤིང་དང་འདྲ་སྟེ། རྒྱུ་བརྒྱུས་བྱེད་དང་རི་མོ་མི་འདྲ་བ་ལེན་བྱེད་ཡིན། འདི་ལྟ་བུ་གསུམ་ཡོད། བཞི་པ། སྣེ་ཞེས་པ་ནི། སྨྱུག་ཕྲན་ཐུང་ངུ་གསུམ་སྟེ། འཐག་སྐུད་གོང་འོག་གི་རིམ་པ་འབྱེད་བྱེད་ཡིན། ཡོ་བྱད་འདི་དག་རྒྱུ་ཆ་འཚོལ་སླ་ཞིང་བཟོ་སླ་བ། ལུས་ལ་ཐོགས་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ནམ་རྒྱུན་འཐག་སྐུད་དང་བཅས་ཏེ་གོང་བུ་གཅིག་ཏུ་བསྒྲིལ་ནས་ག་ས་གང་དུ་འཁྱེར་ཆོག་ཅིང་། བུད་མེད་ཚོས་ཞིང་ཕྱུགས་ཐོན་སྐྱེད་ཀྱི་བར་གླགས་དང་སྤྲོ་གསེང་གླེང་མོལ་བྱེད་པའི་ཞོར་དུའང་ཡོ་བྱད་བཀྲམ་ཏེ་འཐག་མགོ་བརྩམ་ཆོག ཡོ་བྱད་སྟབས་བདེ་བ་ལས་གཞན། སྐ་རགས་ཚོན་ཁྲའི་ཁྱད་ཆོས་གཙོ་བོ་གཅིག་ནི་དེའི་རྣམ་པར་བཀྲ་བའི་ཚོན་མདོག་དང་རི་མོ་རྣམས་ཡིན་ཏེ། རྒྱུན་མཐོང་གི་རི་མོ་ནི་གཤམ་གྱི་རིས་མིག་ཏུ་གསལ།གོང་གི་རིས་མིག་འབྲུག་ཆུ་རྫོང་རིག་གནས་ཁང་གིས་མཁོ་སྤྲོད་བྱས། རི་མོ་འདི་དག་ལས་ཁ་ཅིག་གིས་གདོད་མའི་རིག་གནས་ཀྱི་ཉམས་འགྱུར་མཚོན་ཞིང་། ཁ་ཅིག་ལས་ཐོན་སྐྱེད་འཚོ་བའི་སྣང་བརྙན་མཚོན། གཞན་ཁ་ཅིག་ལས་རིག་གནས་མཉམ་འདྲེས་ཀྱི་རྗེས་ཤུལ་མངོན་ཡོད་ལ། མདོར་ན། འདི་ནི་འབྲུག་ཆུའི་འཐག་རྩལ་ཁྱད་དུ་འཕགས་པའི་མཚོན་རྟགས་ཡིན་ཞིང་། མི་རིགས་ཀྱི་ལོ་རྒྱུས་བག་ཆགས་དང་རིག་གནས་ཀྱི་བརྡ་རྟགས་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན་ནོ། ། སྲོལ་རྒྱུན་ལྟར་ན། སྐ་རགས་ཚོན་ཁྲ་འཐག་བྱེད་ཀྱི་སྐུད་པ་ནི་བལ་སྐུད་འབའ་ཞིག་ཡིན་ཞིང་། དེའི་ཚོས་གཞིའང་རང་ཉིད་ཀྱིས་རྩི་ཤིང་དང་རྡོ་རིགས་སོགས་ཚོན་དུ་བཏུལ་ཏེ་བྱུང་བ་ཡིན་པས། རྒྱུ་སྤུས་དག་ཅིང་རིན་ཐང་ཆེ་བའི་ཁྱད་ཆོས་ལྡན་མོད། མཁྲེགས་པོར་འགྱུར་སླ་ཞིང་། ཚོན་མདོག་གི་རིགས་སྣ་ཉུང་བ། འཐག་མཁན་གྱི་ལས་ཚེགས་ཆེ་བ་སོགས་ཀྱི་སྐྱོན་ཆའང་མཆིས། དུས་ད་ལྟ། ཁ་མདོག་བཀྲ་བའི་རྫས་འགྱུར་ཚི་སྣའི་སྐུད་པ་སྣ་ཚོགས་ཉོ་རྒྱུ་ཡོད་པས། འཐག་མཁན་གྱི་ལས་ཆོད་ཇེ་ཆེ་དང་མ་རྩ་ཇེ་ཉུང་དུ་བཏང་ཡོད། སྐ་རགས་ཚོན་ཁྲ་ནི་འབྲུག་ཆུ་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱན་གོས་ཤིག་ཡིན་པར་མ་ཟད། མི་མང་པོའི་དགའ་བསུ་ཐོབ་པའི་ལག་ཤེས་ཐོན་རྫས་བྲིན་ཆེ་བ་ཞིག་ཡིན། ཡུལ་དེའི་མང་ཚོགས་ཁ་ཅིག་གི་འཚོ་བའི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། མི་མང་པོ་ཞིག་གི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་པས། དེ་ལ་དཔལ་འབྱོར་གྱི་རིན་ཐང་ཡང་མི་དམན་པ་ལྡན། འོན་ཀྱང་དུས་ཀྱི་འགྱུར་བ་དང་བསྟུན། ད་ལྟ་འཐག་རྩལ་འདི་ཤེས་མཁན་དང་ཆེད་དུ་འཐག་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་མཆིས་ལ། སྐ་རགས་ཚོན་ཁྲ་ཞིག་འཐག་པར་ཉིན10ནས20ཡི་དུས་ཚོད་དགོས་ཤིང་། སྐ་རགས་གཅིག་གི་རིན་གོང་ནི་སྒོར300ནས600ཡས་མས་ཡིན་པས། ཁྲོམ་ར་རྒྱ་བསྐྱེད་པར་ཡང་བཀག་རྒྱ་ངེས་ཅན་ཞིག་ཐེབས་ཡོད། དགའ་འོས་པ་ཞིག་ནི། ལག་རྩལ་འདི་ད་ལྟའི་བར་མ་ཉམས་པར་གནས་ཡོད་ཅིང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་དང་། རིག་གནས་ཡུལ་སྐོར་གྱི་ཐོན་ལས་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་བསྟུན། སྐ་རགས་ཚོན་ཁྲའི་འཐག་རྩལ་འདི་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་གནས་བབ་ཀྱང་ཇེ་ལེགས་སུ་འགྲོ་བཞིན་མཆིས་ཏེ། 2006ལོར། སྐ་རགས་ཚོན་ཁྲའི་འཐག་རྩལ་ཀན་སུའུ་ཞིང་ཆེན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཅིང་། ད་ལྟ་ཞིང་ཆེན་རིམ་པའི་ཤུལ་བཞག་རྒྱུན་འཛིན་པ་དྲུག་ཡོད། གཞན་ས་གནས་སྲིད་གཞུང་གིས་ཡུལ་དེའི་སློབ་གྲྭ་ཆུང་འབྲིང་ཁག་ཏུའང་སྐ་རགས་ཚོན་ཁྲའི་འཐག་རྩལ་གྱི་གསབ་སྦྱོང་འཛིན་གྲྭ་འཛུགས་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། རིག་གནས་ཤུལ་བཞག་འདི་ཉིད་མ་ཉམས་གོང་འཕེལ་དུ་གཏོང་བར་ནུས་ཤུགས་བཏོན་དང་འདོན་བཞིན་མཆིས། སྐ་རགས་ཚོན་ཁྲ་ཡུག་གཅིག་ནི། ལོ་རྒྱུས་ཀྱི་གཏམ་རྒྱུད་རིང་མོ་བྲིས་ཡོད་པའི་གླེགས་བམ་ཞིག་ཡིན་ལ། མི་རིགས་ཤིག་གི་དཀྱེལ་ཡངས་པའི་བློ་རྒྱའི་མཚོན་རྟགས་ཤིག་ཡིན་པར་མ་ཟད། འབྲུག་ཆུའི་ངལ་རྩོལ་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལ་བཅངས་པའི་རེ་འདུན་དང་། ཁོང་ཚོའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་རིག་པའི་གཅེས་ནོར་ཡིན།

རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་པ་དང་བུད་མེད་ཀྱི་འཛམ་གླིང་བུམ་པའི་གྲལ་འབུད་འགྲན་བསྡུར་གྱི་ཉིན་དང་པོར་ཀྲུང་གོ་རུ་ཁག་གི་བདམས་ཐོན་པ་7ཚང་མ་རིམ་པ་གོང་མར་ཚུད་པ།

ཀྲུང་གོའི་བདམས་ཐོན་པ་སུན་ཡིང་ཧྲ་ཡིས་4བསྡུར་0གྱི་གྲུབ་འབྲས་ཐོག་ནས་ཀྲུང་གོའི་བདམས་ཐོན་པ་ཁོའེ་མན་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད། འདི་ནི་སུན་ཡིང་ཧྲ་ཡིས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བ།ཀྲུང་གོ་རུ་ཁག་གི་བདམས་ཐོན་པ་ཝང་མན་ཡུས་ཀྱིས་4བསྡུར་3གྱི་གྲུབ་འབྲས་ཐོག་ནས་རི་པིན་རུ་ཁག་གི་བདམས་ཐོན་པ་ཀྲང་པིན་མེ་ཧོ་ལས་རྣམ་པར་རྒྱལ་ཏེ་ལེགས་གྲས་བརྒྱད་ཀྱི་ནང་ཚུད་ཡོད། འདི་ནི་ཝང་མན

མཚོ་སྔོན་གྱི་འདུར་རྒྱུགས་ལུས་རྩལ་པ་ཤེས་རབ་སྒྲོལ་མས་ཨེ་ཤེ་ཡའི་གཞོན་ནུ་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱི་ལུས་རྩལ་པ་ཤེས་རབ་སྒྲོལ་མར་སྐབས་དྲུག་པའི་ཨེ་ཤེ་ཡའི་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་བུད་མེད་ཚོགས་ཆུངU18སྨི5000ཅན་གྱི་འགྲན་བསྡུར་ཁྲོད་སྐར་མ23སྐར་ཆ51སྤྱད་ནས་དངུལ་གྱི་རྟགས་མ་ཐོབ། གྲུབ་འབྲས་དེས་ཁོ་མོའི་མི་སྒེར་གྱི་འཚར་ལོངས་བྱུང་བ་མཚོན་པར་མ་ཟད། མཚོ་སྔོན་ཞིང་ཆེན་འདུར་རྒྱུགས་རྣམ་གྲངས་ཀྱི་གྲུབ་འབྲས་ཀྱང་མངོན་ཡོད། ཤེས་རབ་སྒྲོལ་མ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཞང་བྲག་དཀར་སྡེ་བའི་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་བཟོ་ལས་རུ་ཁག་དང་པོའི་ལུས་རྩལ་པ་རེད། ཐེངས་འདིར་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས། ཐེངས་འདིའི་འགྲན་བསྡུར་ཁྲོད་ཨེ་ཤེ་ཡའི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་ཕུལ་བྱུང་ན་གཞོན་ལུས་རྩལ་པ་མང་པོའི་ཡིད་དབང་བཀུག་པར་མ་ཟད། འགྲན་རྩོད་ཛ་དྲག་ཧ་ཅང་ཆེ། འགྲན་བསྡུར་ཁྲོད། ཤེས་རབ་སྒྲོལ་མ་ཡིས་ཕུལ་དུ་བྱུང་བའི་ལྷན་སྐྱེས་ཀྱི་ཤེས་རབ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མངོན་པ་དང་རིམ་བཞིན་སྔོན་ཐོན་གྱི་གྲུབ་འབྲས་གནས་བླངས། མཐའ་མཇུག་གི་ཛ་དྲག་ཆེ་བའི་དུས་སུ་ཁོ་མོས་སྔར་བཞིན་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། བཟོད་ཤུགས་དང་གོམ་སྟབས་བཟང་པོར་བརྟེན་ནས་ཨང་གཉིས་པ་བླངས། འགྲན་བསྡུར་རྗེས་ཀྱི་བཅར་འདྲི་བྱེད་སྐབས་ཁོ་མོས་སྟེགས་བུར་སྟེང་བྱ་དགའ་ལེན་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་སེམས་འགུལ་ཆེན་པོ་ཐེབས་ཟེར། ཆེད་ལས་ཅན་གྱི་འགྲན་ཞུགས་པ་དག་གིས་ཀྱང་ཁོ་མོར་ཚད་མཐོའི་གདེང་འཇོག་བྱེད་པ་དང་། ཁོ་མོའི་གཞི་རྩའི་རྩལ་ནུས་ཕུལ་དུ་བྱུང་བར་མ་ཟད། སེམས་ཁམས་ཧ་ཅང་བཟང་བས་མཇུག་མཐའི་བྱ་དགའ་ཐོབ་པ་རེད་ཟེར། །

འདྲེད་འཁོར་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་ནས་ལུས་རྩལ་གྱི་སྤྲོ་སྣང་འཕེལ་བར་བྱེད་པ།

ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་རྣམ་གྲངས་སློབ་གྲྭར་ཁྱབ་གདལ་གཏོང་བའི(འདྲེད་འཁོར་རྣམ་གྲངས)བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སློབ་ཆུང་དུ་སྤེལ་ཞིང་། འདི་ནི་སློབ་ཕྲུག་ཚོས་འདྲེད་འཁོར་གྱི་དོ་སྙོམས་མཐུན་སྦྱོར་རྩལ་ནུས་སྦྱོང་བརྡར་བྱེད་བཞིན་པ། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཚོ་བྱང་ཁུལ་གྱིས་དམངས་ཁྲོད་རྟ་རྩལ་འགྲན་བསྡུར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས5ཉིན། དཔྱིད་ཀྱི་དཔལ་མོ་མཚོ་སྔོན་པའི་འགྲན་ངོགས་སུ་རྒྱས་པ་དང་ལྷན་དུ། ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་ལུས་རྩལ་ཐང་གི་གདུབ་དབྱིབས་འགྲན་ལམ་སྟེང་། རྟ་པ་ཞིག་གདུབ་དབྱིབས་ཀྱི་འགྲན་ལམ་བསྐོར་ནས་འགྲན་བསྡུར་བྱེད་པ་དང་། ངོ་མཚར་ཆེ་བའི་རྟ་རྩལ་འགྲན་བསྡུར་སྤེལ་ནས་ལྟད་མོ་བ་དག་གི་ཡིད་སེམས་དབང་མེད་དུ་འཕྲོག ཐེངས་འདིའི་ས་གནས་དེ་གའི་ལས་གཏོད་གཞོན་ནུ་བཀྲ་ཤིས་ཚེ་རིང་དང་རྟ་ཕོ་གསོ་སྐྱོང་མཁན་རྣམ་རྒྱས་གཉིས་ཀྱིས་མཉམ་འབྲེལ་བྱས་པ་དང་ཇུས་འགོད་བྱས་ཏེ་བཙུགས་པའི་དམངས་ཁྲོད་འགྲན་བསྡུར་ནི་མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱིས་ཆེད་ལས་ཀྱི་རྒྱབ་སྐྱོར་འོག རྒྱལ་ཁའི་ངང་སྲོལ་རྒྱུན་རྟ་རྩལ་དང་དེང་རབས་ཀྱི་ལུས་རྩལ་འགྲན་བསྡུར་མཉམ་འདྲེས་མངོན་འགྱུར་བྱས།ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་གྱི་དུས་ཡུན་ལ་ཉིན་གཉིས་ཡིན་པ་དང་། སི་ཁྲོན་དང་ནང་སོག ཀན་སུའུ། མཚོ་སྔོན་སོགས་ནས་ཐོན་པའི་ཕུལ་བྱུང་རྟ་རྩལ་མི་སྣ70ལྷག་འགྲན་བསྡུར་ནང་ཞུགས་ཡོད་པས། ལྟད་མོ་བ་སྟོང་ལྷག་འགྲན་ཚོགས་སྟེང་ཞུགས་པར་འགུག་ཡོད། འགྲན་བསྡུར་ཁྲོད་ཀྱི་རྟ་རྒྱུག་འགྲན་བསྡུར་གྱི་གོ་རིམ་ཚང་མ་མྱུར་ཚད་ཀྱི་རྟ་རྒྱུག་འགྲན་བསྡུར་ཡིན་པ་དང་། རྟ་རྒྱུག་འགྲན་བསྡུར་གྱི་ལོ་ཚོད་ལ་དབྱེ་འབྱེད་རིམ་པ5བྱས་ཡོད་དེ། སོ་སོར་ལོ་གཅིག་གི་རྟ་སྨི800དང་། ལོ3གྱི་རྟ་སྨི1500། ལོ4ཡི་རྟ་སྨི2000། ལོ5ཡི་ཡན་ཆད་ཀྱི་རྟ་སྨི2000། རྟ་ལོ་ཆེ་ཆུང་མི་བལྟ་བར་སྨི6000བཅས་ཡིན་པ་རེད། །

བསམ་གྲུབ་ཉི་མར་སྐྱེས་པའི་ཀུན་འཇོན་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ།

འདི་ནི་བསམ་གྲུབ་ཉི་མས་འགྲན་བསྡུར་བྱེད་བཞིན་པ།འདི་ནི་བསམ་གྲུབ་ཉི་མ(དཀྱིལ)བྱ་དགའ་ལེན་བཞིན་པ། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་རྒྱལ་ཡོངས་བྲག་འཛེག་ཨང་དང་པོ་བརྩོན་ལེན་འགྲན་བསྡུར་སྐབས་གསུམ་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བྲག་འཛེག་རྣམ་གྲངས་ཀྱི་ཐོབ་ཐང་འགྲན་བསྡུར་ནང་རང་ལྗོངས་ཀྱི་ལུས་རྩལ་པ་བསམ་གྲུབ་ཉི་མར་སྐྱེས་པའི་ཀུན་འཇོན་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་5ནས་ཚེས་7ཉིན་བར་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཆོན་ནན་རྫོང་བྲག་འཛེག་གྲོང་རྡལ་ཆུང་ངུའི་བྲག་འཛེག་ར་བར་2025ལོའི་རྒྱལ་ཡོངས་བྲག་འཛེག་ཨང་དང་པོ་བརྩོན་ལེན་འགྲན་བསྡུར་སྐབས་གསུམ་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བྲག་འཛེག་རྣམ་གྲངས་ཀྱི་ཐོབ་ཐང་འགྲན་བསྡུར་བྱས་པ་རེད།

ས་མཐོའི་ཁྱད་ལྡན་ལུས་རྩལ་འཕེལ་རྒྱས་ཆེད་་་་་་

སྤྱི་ཚེས་8ཉིན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་ཆེད་བོད་ལྗོངས་ནང་ཁུལ་གྱི་ལུས་རྩལ་མཐུན་ཚོགས་20ཙམ་གྱི་འགན་འཁུར་བ་གདན་ཞུས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་དང་འབྲེལ་འབྱུང་འགྱུར་གྱི་འཕེལ་རྒྱས་ཐབས་ལམ་ལ་དཔྱད་བསྡུར་བྱས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་ལུས་རྩལ་མཐུན་ཚོགས་ཁག་གི་འགན་འཁུར་བས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བ་དང་ལུས་རྩལ་འགྲན་བསྡུར་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཉམས་མྱོང་དང་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་ཆབས་ཅིག་མིག་སྔར་འཕྲད་པའི་གནད་དོན་དང་དཀའ་ངལ་ཁག་གཅིག་ཀྱང་བཏོན་པ་རེད། ཚོགས་འདུའི་ཐོག ལུས་རྩལ་སྤྱི་ཚོགས་རྩ་འཛུགས་ཀྱིས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་དེ་ནི་སྲིད་གཞུང་གིས་ལུས་རྩལ་ཞབས་ཞུ་མཁོ་འདོན་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན་པ་མ་ཟད། དེ་བས་རྒྱ་ཆེའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་གྱི་སྣེ་ཁྲིད་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་པ་རེད། དུས་མཚམས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་ཆེད་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱིས། གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་དགོས་པ། གསུམ་ནས་ནང་ཁུལ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགོ་ཁྲིད་ཚན་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བཞི་ནས་གྲོན་དངུལ་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། སྣ་མང་ཅན་གྱི་གྲོན་དངུལ་གྲབས་གསོག་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ། ལྔ་ནས་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆགས་པ་དང་། ཐུན་མོང་ཐོག་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་པ་རེད། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུས་བོད་ལྗོངས་ནང་ཁུལ་གྱི་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་དབར་ལ་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་སྟེགས་བུ་ཞིག་མཁོ་འདོན་བྱས་པ་མ་ཟད། བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཀྱང་བསྣན་ཡོད། འབྱུང་འགྱུར་བོད་ལྗོངས་ལུས་རྩལ་ཅུད་ཀྱིས་ལུས་རྩལ་སྤྱི་ཚོགས་རྩ་འཛུགས་ལ་མུ་མཐུད་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་ལུས་རྩལ་ཁུལ་སྟོབས་ཆེན་འཛུགས་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་མི་དེ་བས་མང་བར་ལུས་རྩལ་ལས་བྱུང་བའི་བདེ་ཐང་དང་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ལྷ་སྲུང་སྐྱབས་ཀྱིས་འདུར་རྒྱུག་འགྲན་སྡུར་གྱི་ཨང་དང་པོ་བླངས་པ།

ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར་མཇུག་སྒྲིལ་བའི2025ལོའི་རྒྱལ་ཡོངས་འདུར་རྒྱུག་བྱ་དགའ་ཆེན་པོའི་འགྲན་སྡུར(ས་ཚིགས2པ)དང་ཏུང་ཅིན་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་གདམ་གསེས་འགྲན་སྡུར་ཁྲོད། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་ཁག་གི་རུ་མི་ལྷ་སྲུང་སྐྱབས་ལ་སྐྱེས་པའིU16ཚོགས་ཆུང་གི་སྤྱི་ལེ5ཡི་ཨང་དང་པོ་ཐོབ། 2025ལོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་བྱ་དགའ་ཆེན་པོའི་འགྲན་སྡུར(ས་ཚིགས2པ)དང་འདུར་རྒྱུག་སྣ་རྐྱང་བའི་འགྲན་སྡུར(ས་ཚིགས་དང་པོ)དང་ཏུང་ཅིན་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་འདེམས་སྒྲུག་འགྲན་སྡུར་ཟླ3པའི29ཉིན་ནས་ཟླ3པའི30ཉིན་བར་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་འཚོགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མིའི་རུ་ཁག33གྱི་བདམས་ཐོན་པ301ཞུགས་ཡོད་པ་དང་། འགྲན་སྡུར་གྱི་རྣམ་གྲངས་ནང་སྤྱི་ལེ35དང་། སྤྱི་ལེ20དང་། སྤྱི་ལེ10དང་། སྤྱི་ལེ5བཅས་ཀྱི་འདུར་རྒྱུག་དང་དེ་བཞིན་མ་ལ་སུང་འདུར་རྒྱུག་མཉམ་བསྲེས་རྒྱུན་མཐུད་སོགས་ཀྱི་རྣམ་གྲངས་ཚུད་ཡོད་པ་རེད། ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་ཁག་གི་རུ་མི་ལྷ་སྲུང་སྐྱབས་ཀྱིས་སྐྱེས་པའིU16ཚོགས་ཆུང་གི་སྣ་རྐྱང་འགྲན་སྡུར་གྱི་སྤྱི་ལེ5ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་སྐར་མ22སྐར་ཆ35ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་འདུག

༄༅།།ཀྲུང་གོ་དང་པར་ཙིར་གྱི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཧྲེང་པོ་ལུའོ་རུ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ལི་ཡུའེ་རེ་ནེ་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་དང་པར་ཙིར་གྱི་དཔལ་འབྱོར་ཚོང་དོན་གླེང་སྟེགས་པར་ཙིར་གྱི་ཧྲེང་པོ་ལུའོ་རུ་གཉེར་བ་རེད། ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྒྲིག་གཞི་དང་ཁེ་ལས་ཀྱི་འཐུས་མི་100ལྷག་ཙམ་གླེང་སྟེགས་ལ་ཞུགས་ནས་མཉམ་ལས་ཀྱི་གྲོས་མཐུན་མང་པོར་མིང་རྟགས་བཀོད་ཅིང་། གྲོས་མཐུན་དེ་དག་དང་འབྲེལ་བའི་དངུལ་འབོར་ཨ་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་ཡོད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་པར་ཙིར་གྱི་ལས་རིགས་ཁག་དང་མཉམ་ལས་ཟབ་ཏུ་མུ་མཐུད་བཏང་ནས། “རྒྱུད་གཅིག་ལམ་གཅིག” གི་སྒྲོམ་གཞིའི་འོག་གཉིས་ཁེ་གཉིས་ཕན་རྒྱ་སྐྱེད་ཧུར་ཐག་གཏོང་གི་ཡིན། ད་ཐེངས་ཁེ་ལས་པའི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་པར་ཙིར་ལ་འཚམས་འདྲིར་ཡོང་བར་གྲུབ་འབྲས་ཡག་པོ་ཐོབ་བྱུང་ཞེས་བརྗོད། པར་ཙིར་གྱི་ཚོགས་ཞུགས་མི་སྣས། མིག་སྔར་གོ་ལ་ཧྲིལ་པོའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་དེས་མཉམ་ལས་གཉིས་ཁེའི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། འགྲན་སློང་མང་པོའི་འོག པར་ཀྲུང་དཔལ་འབྱོར་ཚོང་དོན་འབྲེལ་བ་ནས་མཉེན་གཤིས་དང་ཕན་ཚུན་གསབ་རེས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད་ཅེས་བརྗོད།

མཚོ་སྔོན་གྱི་ན་གཞོན་ལུས་རྩལ་པ་ལྷ་སྲུང་སྐྱབས་ཀྱིས་ཨང་དང་པོ་བླངས་འདུག

སྒྲིག་སྒྱུར། སངས་དོན། ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།མཚོ་སྔོན་གསར་འགྱུར་དྲ་བ·རབ་མཛེས་མཚོ་སྔོན་གྱི་མགྲོན་སྣེ་ནས་འབྱོར་བའི་གནས་ཚུལ། ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར་མཇུག་སྒྲིལ་བའི2025ལོའི་རྒྱལ་ཡོངས་འདུར་རྒྱུག་བྱ་དགའ་ཆེན་པོའི་འགྲན་བསྡུར(ས་ཚིགས2པ)དང་ཏུང་ཅིན་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གདམ་གསེས་འགྲན་བསྡུར་ཁྲོད། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་ཁག་གི་རུ་མི་ལྷ་སྲུང་སྐྱབས་ལ་སྐྱེས་པའིU16ཚོགས་ཆུང་གི་སྤྱི་ལེ5ཡི་ཨང་དང་པོ་ཐོབ། 2025ལོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་བྱ་དགའ་ཆེན་པོའི་འགྲན་བསྡུར(ས་ཚིགས2པ)དང་འདུར་རྒྱུག་སྣ་རྐྱང་བའི་འགྲན་བསྡུར(ས་ཚིགས་དང་པོ)དང་ཏུང་ཅིན་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་འདེམས་སྒྲུག་འགྲན་བསྡུར་ཟླ3པའི29ཉིན་ནས་ཟླ3པའི30ཉིན་བར་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་འཚོགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མིའི་རུ་ཁག33གྱི་བདམས་ཐོན་པ301ཞུགས་ཡོད་པ་དང་། འགྲན་བསྡུར་གྱི་རྣམ་གྲངས་ནང་སྤྱི་ལེ35དང་། སྤྱི་ལེ20དང་། སྤྱི་ལེ10དང་། སྤྱི་ལེ5བཅས་ཀྱི་འདུར་རྒྱུག་དང་དེ་བཞིན་མ་ལ་སུང་འདུར་རྒྱུག་མཉམ་བསྲེས་རྒྱུན་མཐུད་སོགས་ཀྱི་རྣམ་གྲངས་ཚུད་ཡོད་པ་རེད། ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་ཁག་གི་རུ་མི་ལྷ་སྲུང་སྐྱབས་ཀྱིས་སྐྱེས་པའིU16ཚོགས་ཆུང་གི་སྣ་རྐྱང་འགྲན་བསྡུར་གྱི་སྤྱི་ལེ5ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་སྐར་མ22སྐར་ཆ35ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་འདུག སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་ཚིགས་བཀོལ་སྤྱོད་བདག་སྐྱོང་ཐད་ཀྱི་བརྡ་སྦྱོར། སྐབས་རྗེས་མ། དྭངས་གསལ་གུང་གསེང་རིང་ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་འཇོག་གནས30842སུ་གླ་ཡོན་མི་བསྡུ་བ་རེད།

༄༅།།མཚོ་སྔོན་གྱི་ལུས་རྩལ་པར་བུད་མེད་ཀྱི་འཁྱགས་ལྡིར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་བྱ་དགའི་རྟགས་མ་ཐོག་མ་རག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་23ཉིན་ཧན་གོ་རུ་གཉེར་བའི་2025ལོའི་བུད་མེད་ཀྱི་འཁྱགས་ལྡིར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་། མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ལུས་རྩལ་པ་སུའུ་ཐིང་ཡུས་དང་རྒྱལ་ཁབ་རུ་ཁག་གི་རུ་མིར་ཟངས་ཀྱི་རྟགས་མ་རག་པ་དེས་2026ལོའི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཐད་ཀར་ཞུགས་ཆོག་པའི་ཐོབ་ཐང་བདེ་བླག་ངང་རག་པ་རེད།ད་རེས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་རུ་ཁག་13ཞུགས་ཡོད་པ་དང་། ཀྲུང་གོའི་རུ་ཁག་གིས་ཝང་རུའེ་དང་། ཧན་ཡུས། ཏུང་ཙི་ཆི། ཅང་ཅ་དབྱི། སུའུ་ཐིང་ཡུས་བཅས་ལས་གྲུབ་པའི་རུ་མི་འགྲན་བསྡུར་ལ་བཏང་བ་དང་། དེའང་ཁོང་ཚོ་མཉམ་ལས་བྱས་ནས་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཞུགས་ཐེངས་ཐོག་མ་ཡིན་པ་རེད། རེས་སྐོར་འགྲན་བསྡུར་བྱེད་རིང་། ཀྲུང་གོའི་རུ་ཁག་ཐེངས་བདུན་རྒྱལ་བ་དང་ཐེངས་ལྔ་ཕམ་པའི་གྲུབ་འབྲས་ཐོག་ནས་ཨང་རིམ་ལྔ་པར་སླེབས་པ་དང་། ཕྱེད་མཐའ་བསྡུར་གྱི་ཐོབ་ཐང་འགྲན་བསྡུར་ནང་སུའེ་ཏེན་རུ་ཁག་དང་འགྲན་སྐབས། ཀྲུང་གོའི་རུ་ཁག་གིས་ཕམ་ཉེའི་གནས་ལས་རྒྱལ་ནས་ལོ་14ཡི་རྗེས་སླར་ཡང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་མདུན་གྲས་བཞིའི་ནང་ཚུད་པ་དང་། དེ་རྗེས་ཀྱི་ཕྱེད་མཐའ་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་སུའེ་ཙེར་རུ་ཁག་ལས་རྒྱལ་མི་ཐུབ་ཀྱང་། ཧན་གོའི་རུ་ཁག་དང་ཨང་གསུམ་པ་འགྲན་པའི་གོ་སྐབས་ཐོབ་ཡོད། མི་རིང་བའི་གོང་མཇུག་འགྲིལ་མ་ཐག་པའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འཁྱགས་ལྡིར་གྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་བསྡུར་གྲངས་གཉིས་བསྡུར་བདུན་གྱི་ཐོག་ནས་ཧན་གོའི་རུ་ཁག་ལས་ཕམ་སྟེ་གསེར་གྱི་རྟགས་མ་ལེན་ཐུབ་མེད་པ་རེད།(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་བསྟན་བློས་ཞུས)

ཞིང་ནང་ལུས་རྩལ་འགྲན་ཚོགས་འཚོགས་པ།

འདི་ནི་ཧྲི་པིང་རྫོང་མཱ་ཤིས་ཤང་གི་ཡུལ་མི་ཞིང་ནང་གི་ཐག་འཐེན་འགྲན་བསྡུར་ལ་ཞུགས་པ།འདི་ནི་ཧྲི་པིང་རྫོང་ཁྲེང་ཀོན་གྲོང་རྡལ་ཧྲང་ཝུང་ཧྲའོ་གྲོང་ཚོའི་ཡུལ་མི་ཤིང་གཅོད་རྒྱུག་མཐུད་འགྲན་བསྡུར་ལ་ཞུགས་པ།ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཧྲི་པིང་རྫོང་གི་ས་ཆ་མང་པོས་ཐུན་མོང་མ་ཡིན་པའི“ཞིང་ནང་ལུས་རྩལ་འགྲན་ཚོགས”འཚོགས་ཤིང་། ཞིང་ནང་དུ་ཐག་པ་འཐེན་པ་དང་། ཕྲག་ཏུ་འབྲུ་རིགས་དབོར་བ། ཤིང་གཅོད་རྒྱུག་མཐུད་འགྲན་བསྡུར་སོགས་དགོད་བྲོ་ལ་ངོ་མཚར་ཆེ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བར་ཡུལ་སྐོར་བ་དང་ཡུལ་མི་རྣམས་ཀྱིས་ཚ་ཚ་འུར་འུར་ངང་ཞུགས་པ་རེད། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

ཁྲག་ཤེད་ཇེ་དམའ་རུ་གཏོང་འདོད་ན། ཐའེ་ཅི་དྲག་རྩལ་སྦྱོང་།

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་གླིང་ཀོང་ཨན་མོན་སྨན་ཁང་སོགས་སྡེ་ཁག་གི་ཞིབ་འཇུག་མི་སྣས་གསར་དུ་ཤེས་རྟོགས་བྱུང་བ་ལྟར་ན། ཐའེ་ཅི་དྲག་རྩལ་སྦྱངས་པས་ཁྲག་ཤེད་མཐོ་བའི་དར་མར་སྔ་དུས་སུ་ཕན་ཐོགས་ཡོད་ལ། དེས་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་ཕན་འབྲས་ནི་དབྱང་ལྡན་འགུལ་སྐྱོད་ལས་མང

བྱི་ཏང་བདུན་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

བྱི་ཏང་བདུན་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།བྱི་ཏང་བདུན་པ།ཡང་ན་གོང་བཤད་གླ་རྩི་ལྔ་པ་སྦྱོར་བ་ཚད་ལྡན་གྱི་སྟེང་དུ། དེ་དང་བུངས་མཉམ་བྱི་ཏང་ཀ་སྦྱར་བ་བྱི་ཏང་བདུན་པ་ལུགས་གཅིག་འདི། གོང་གསལ་ལས་ནུས་པ་ཅུང་ཟད་ཆེ་བ་འཆི་མེད་སྲིན་སེལ་ཡང་ཟེར།ཕན་ནུས།བྱི་ཏང་བདུན་པ་བཟི་ཆེ་བསིལ་དྲོད་སྙོམས། དཀར་མངར་ཟས་དང་གྲང་བས་རྐྱེན་བསླངས་པའི། ཀླད་སྲིན་ཡ་མ་མིག་སྲིན་སོ་སྲིན་དང་། ཕོ་གླང་རྒྱུ་མའི་སྲིན་དང་ལྤགས་སྲིན་དང་། གཞང་སྲིན་ལ་སོགས་སྲིན་བུའི་ནད་རིགས་ཀྱིས། གློག་ལྟར་འཁྱུག་ཅིང་ན་ཟུག་ལྡང་དུབ་བྱེད། ཡང་ན་ཀོ་ལེར་གཟེར་དང་ཟ་ཕྲུག་སོགས། ཁྱད་པར་གཞང་སྲིན་ནད་ཀྱི་གཉེན་པོ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།

བོད་ཀྱི་གཏམ་དཔེ།

འགྱེལ་བའི་སྟེང་ལ་རྡོག་བརྫིས།མུ་གེའི་སྟེང་ལ་ཟླ་ལྷག摔倒还践踏,饥荒加闰月。(雪上加霜)

མགྱོགས་ཐུག་ཟོས་ན་གནོད་པ་འདི་རིགས་ཡོད་དམ།

མགྱོགས་ཐུག་གི་ཐད་དུ“གོ་ནོར་བྱུང་ས”གཉིས་ཡོད། གོ་ནོར་དང་པོ། རུལ་འགོག་རྫས་འབོར་ཆེན་བསྣན་པའི་རྐྱེན་གྱིས། མགྱོགས་ཐུག་གི་སྤུས་ཚད་འགན་ལེན་དུས་ཡུན་རིང་། མགྱོགས་ཐུག་མང་ཆེ་བར་རུལ་འགོག་རྫས་མ་བསྣན་ན་ཡང་ཟླ་བ་6ཡན་གྱི་སྤུས་ཚད་འགན་ལེན་དུས་ཡུན་རྒྱུན་འཛིན་བྱེད་ཐུབ། འདི་ནི་གཙོ་བོ་མགྱོགས་ཐུག་ལ་ཆུ་འདོར་བཟོ་རྩལ་སྤྱད་པ་དང་དམ་སྦྱར་ཐུམ་སྒྲིལ་བྱས་པ་ལས་རུལ་འགོག་རྫས་ལ་བརྟེན་པ་མིན། ནམ་རྒྱུན་མགྱོགས་ཐུག་དྲོད་ཚད་མཐོ་བའི་སྣུམ་ནང་བཙོས་ནས་ཆུ་འདོར་བའམ་ཡང་ན་དྲོད་རླུང་གིས་སྐམ་བཟོ་བྱེད་པ་སོགས་ལས་སྣོན་བཟོ་རྩལ་བཀོལ་ཡོད། བཟོ་རྩལ་གང་ཞིག་ཡིན་རུང་མགྱོགས་ཐུག་གི་ཆུའི་འདུས་ཚད་ཧ་ཅང་དམའ་བར་གྱུར། ཞིབ་འཇུག་གཞི་གྲངས་ལྟར་ན། སྣུམ་བཙོས་ཐུག་པའི་ཆུའི་འདུས་ཚད་ནི་2%ནས་5%ལས་མེད་པ་དང་། སྣུམ་བཙོས་མ་ཡིན་པའི་ཐུག་པའི་ཆུའི་འདུས་ཚད་ནི་8%ནས་12%ཡིན། ཁོར་ཡུག་སྐམ་པོ་འདི་འདྲར་སྐྱེ་དངོས་ཕྲ་རབ་(དཔེར་ན་འབུ་ཕྲ་དང་རླམ་སྲིན་ལྟ་བུ)གསོན་དཀའ་ལ་སྐྱེ་འཕེལ་བྱེད་དཀའ་བས། མགྱོགས་ཐུག་ལ་རུལ་འགོག་རྫས་བསྣན་ནས་སྤུས་ཚད་འགན་ལེན་དུས་ཡུན་ཇེ་རིང་དུ་གཏོང་མི་དགོས། གོ་ནོར་གཉིས་པ། མགྱོགས་ཐུག་ནི་སྣུམ་བཙོས་ཡིན་པས། ལུས་ལ་གནོད་ཅིང་སྐྲན་ནད་སློང་ངེས། མགྱོགས་ཐུག་ལ་སྣུམ་བཙོས་དང་སྣུམ་བཙོས་མ་ཡིན་པ་རིགས་གཉིས་ཡོད། “སྣུམ་བཙོས་མགྱོགས་ཐུག་ཀྱིས་སྐྲན་ནད་སློང་པའི”སྐོར་གྱི་བཤད་ཚུལ་ནི་གཙོ་བོ་སྣུམ་བཙོས་མགྱོགས་ཐུག་ལས་བྱུང་བའི་ཞཱི་ཤན་ཨན་ག་པ་ལ་སེམས་ཁྲལ་བྱས་པ་ལས་བྱུང་བ་ཡིན། ཞཱི་ཤན་ཨན་ག་པ་ནི་2Aརིགས་ཀྱི་སྐྲན་ནད་སློང་རྫས་སུ་གཏོགས། སྲོག་ཆགས་ཀྱི་དངོས་བཤེར་ལས་སྐྲན་ནད་སློང་བའི་རང་བཞིན་ར་སྤྲོད་བྱས་ཡོད་མོད། འོན་ཀྱང་མིའི་རིགས་ཐད་ཀྱི་དཔང་རྟགས་འདང་ངེས་མེད། ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན། འགྲོ་བ་མིའི་ཞཱི་ཤན་ཨན་ག་པ་བཟོད་ཚད་ནི་ཉིན་རེར་ལུས་པོའི་ལྗིད་ཚད་སྟོང་ཁེ་རེར་ཝེ་ཁེ་2.6~16ཡིན། ཞིབ་འཇུག་གི་མཇུག་འབྲས་གཞན་ཞིག་ལས་མངོན་པ་ལྟར་ན། མགྱོགས་ཐུག་གི་ཞཱི་ཤན་ཨན་ག་པའི་ཆ་སྙོམས་འདུས་ཚད་ནི་ཝེ་ཁེ་/སྟོང་ཁེ་54.4ཡིན། མགྱོགས་ཐུག་ཐུམ་གཅིག་གི་ལྗིད་ཚད་ཁེ་90ལྟར་བརྩིས་ན། དེའི་ནང་དུ་འདུས་པའི་ཞཱི་ཤན་ཨན་ག་པ་ནི་ཧ་ལམ་ཝེ་ཁེ་4.9ཡིན། གལ་ཏེ་མགྱོགས་ཐུག་ཁོ་ནར་བལྟས་ན། ཉིན་རེར་ཐུམ་31ལྷག་ཟོས་ན་ད་གཟོད་ཚད་ལས་བརྒལ་སྲིད་པས།སེམས་ཁྲལ་བྱེད་མི་དགོས། གནོད་མེད་ཀྱི་སྒོ་ནས་མགྱོགས་ཐུག་འཐུང་བར་དོན་ཚན་འདི་2བློ་ལ་ངེས་དགོས། མགྱོགས་ཐུག་ལ་འཚོ་བཅུད་ལྡན་མིན་གཙོ་བོ“ཁ་ཕྱེ་སྟངས”ལ་རག་ལས་ཡོད། 1.སྤྲི་དཀར་རྫས་དང་སྔོ་ཚལ་རིགས་སྡེབ་སྒྲིག་བྱེད་དགོས། སྤྲི་དཀར་རྫས་དང་སྔོ་ཚལ་རིགས་སྡེབ་སྒྲིག་བྱས་ན་འཚོ་བཅུད་སྔར་བས་མང་བ་ཁག་ཐེག་བྱེད་ཐུབ། སྤྱི་འགྲོས་འདི་ཡིད་ལ་འཛིན་ཆོག་སྟེ། མགྱོགས་ཐུག(ཐུམ་1)+སྤྲི་དཀར་རྫས་ཟས་རིགས(ཁེ་50)+སྔོ་ཚལ་(ཁེ་100-150) 2. བྲོ་རྫས་ཁུག་མ་བཀོལ་སྤྱོད་འོས་འཚམ་བྱེད་པ་དང་ཐུག་པའི་ཁུ་བ་ཉུང་ཙམ་འཐུང་། མགྱོགས་ཐུག་ཕོར་པ་གང་ལ་ཕལ་ཆེར་ཞག་ཚིལ་ཁེ་25དང་ཚྭ་ཁེ་5-7.5ཙམ་འདུས་ཡོད་པས། བྲོ་རྫས་ཁུག་མ་བཀོལ་སྤྱོད་འོས་འཚམ་བྱེད་པ་དང་ཐུག་པའི་ཁུ་བ་ཉུང་ཙམ་འཐུང་བ་ལས་ཚང་མ་འཐུང་མི་རུང་།

རྒྱང་སྒྲིབ་གཤགས་བཅོས་བྱེད་མཁན་ཚོས་འདིར་གཟིགས་དང་།

མིག་ལ་རྒྱང་སྒྲིབ་ནད་ཕོག་མཁན་མི་ཉུང་བ་ཞིག་གིས་རྒྱང་མཐོང་སྐུལ་འོད་གཤགས་བཅོས་བྱེད་འདོད་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་མིག་འབྲས་ཆུང་ཆུང་ཞིག་གི་སྟེང་དུ་གཤགས་བཅོས་བྱས་ན་བདེ་འཇགས་ཡིན་མིན་དང་གཤགས་བཅོས་ཚར་རྗེས་མཇུག་རྐྱེན་ངན་པ་འབྱུང་མིན། དེ་བཞིན་མིག་གི་རྒྱང་སྒྲིབ་ཏུའུ་གྲངས་ལྡོག་འཕར་ཡོང་མིན་སོགས་ཀྱི་ཐད་སེམས་ཁྲལ་བྱེད་ཀྱི་ཡོད། འོ་ན། རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་དེ་བདེ་འཇགས་ཡིན་ནམ།རྒྱང་སྒྲིབ་ནད་གཤགས་བཅོས་བྱས་ན་མིག་ཤེལ་རྒྱག་མི་དགོས་ཀྱང་གཤམ་གསལ་གྱི་དོན་དག་ལ་དོ་སྣང་བྱེད་དགོས། རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་ནི་མིག་སྐྱིའི་སྐུལ་འོད་གཤགས་བཅོས་ཀྱི་རིགས་ཤིག་ཡིན། དེ་ནི་གཙོ་བོ་ནད་པའི་མིག་གི་ཀྱོག་འོད་རྣམ་པ་ཡོ་བསྲང་བྱས་ཏེ། མིག་གི་རྒྱང་མཐོང་ནུས་པ་ཇེ་དྲག་ཏུ་བཏང་ནས། མིག་ཤེལ་རྒྱག་མི་དགོས་པར་གསལ་པོར་མཐོང་ཐུབ་ཀྱི་ཡོད། རྒྱང་སྒྲིབ་ནད་གཤགས་བཅོས་བྱས་པ་བརྒྱུད། ནད་པའི་མིག་ཤེད་དེ་གཤགས་བཅོས་གོང་བརྟག་དཔྱད་སྔོན་དཔག་བྱས་ནས་ཐོབ་པའི་མིག་ཤེད་ལས་ཐོབ་ཐུབ་ཀྱི་ཡོད་པས།(དཔེར་ན་གཤགས་བཅོས་མ་བྱས་གོང་མིག་ཤེལ་རྒྱག་པའི་མིག་ཤེད་དེ་ཏུའུ་གྲངས་1.5ཡིན་ན། གཤགས་བཅོས་བྱས་རྗེས་ཀྱི་མིག་ཤེད་ཀྱང་ཏུའུ་གྲངས1.5ལ་སླེབས་ཐུབ) མིག་ཤེལ་རྒྱག་མི་དགོས་པར་རྒྱང་ལྟ་ཐུབ་པ་མངོན་འགྱུར་ཡོང་ཐུབ་ཀྱི་ཡོད། གཤགས་བཅོས་བྱེད་མཁན་མི་ཁྲི་1630ཡི་རྗེས་མཐུད་གནས་ཚུལ་ལ་ཞིབ་འཇུག་དང་བསྡོམས་རྩིས་ལྟར་ན། གཤགས་བཅོས་བྱས་རྗེས་ནད་པ་བརྒྱ་ཆ་97གྱི་མིག་ཤེད་ཡོ་བསྲང་ཐུབ་པས། ནད་པ་དེ་རིགས་ཀྱི་རྒྱང་མཐོང་ནུས་པ་ཇེ་དྲག་ཏུ་ཕྱིན་ནས་འཚོ་བའི་མཐོང་ཚོར་གྱི་རྣམ་པ་ཡག་པོ་ཞིག་ལ་མྱོང་རོལ་ཐུབ་ཀྱི་ཡོད། གཤགས་བཅོས་བྱས་རྗེས་ནད་པའི་སྤྱི་ཡོངས་ཀྱི་བློ་ཡིད་ཚིམ་ཚད་ཆ་སྙོམས་བརྒྱ་ཆ་95.4(87.2%-100%)ཟིན་གྱི་ཡོད། འོན་ཀྱང་དྲན་སྐུལ་ཞུ་དགོས་པ་ཞིག་ནི། རྒྱང་སྒྲིབ་ནད་གཤགས་བཅོས་ནི་གཤགས་བཅོས་ཐེངས་གཅིག་བྱས་པ་བརྒྱུད་མིག་གི་བདེ་ཐང་དེ་ནམ་ཡང་རྒྱུན་བསྐྱངས་ཐུབ་པ་ཞིག་གཏན་ནས་མིན་པར། དེ་ནི་གཤགས་བཅོས་མ་བྱས་གོང་མིག་གི་རྒྱང་མཐོང་ནུས་ཚད་དེ་ཡོ་བསྲང་བྱེད་པ་ཙམ་ཡིན་པས། གཤགས་བཅོས་བྱས་རྗེས་སླར་ཡང་རྒྱང་མཐོང་ནུས་པ་ཞན་དུ་འགྲོ་ཉེན་ཡོད་པ་དང་། ཚད་མཐོ་བའི་རྒྱང་མཐོང་ལས་འབྱུང་བའི་མིག་གི་ནད་གཞི་ཡང་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ་ཀྱི་མེད། མི་མང་པོ་ཞིག་གིས་གཤགས་བཅོས་བྱས་རྗེས་རྒྱང་སྒྲིབ་ནད་སྔོན་འགོག་སྨན་བཅོས་བྱེད་པར་ངོས་འཛིན་བྱས་ནས། མིག་ལ་སྲུང་སྐྱོབ་བྱེད་པ་སྣང་མེད་དུ་བཞག་སྟེ། འཛེམ་བག་མེད་པར་ལག་ཐོགས་ཁ་པར་དང་རོལ་རྩེད་རྩེད་ཆས་སོགས་རྩེད་བཞིན་ཡོད། འོན་ཀྱང་དེ་ལྟར་བྱས་ན་ཡང་བསྐྱར་མིག་ཤེད་ཞན་དུ་འགྲོ་སྲིད་པས། གཤགས་བཅོས་བྱས་རྗེས་མིག་ལ་སྔར་བཞིན་སྲུང་སྐྱོབ་ཡག་པོ་བྱེད་དགོས།རྒྱང་སྒྲིབ་ནད་གཤགས་བཅོས་བྱ་རྒྱུ་དེ་བདེ་འཇགས་ཡིན་ནམ། མི་མང་པོ་ཞིག་གིས་གཤགས་བཅོས་བྱས་རྗེས་ཏུའུ་གྲངས་བསྐྱར་ལོག་ཐེབས་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་མོད། དོན་དངོས་སུ་མི་མང་ཆེ་བར་ཏུའུ་གྲངས་བསྐྱར་ལོག་འབྱུང་མི་སྲིད། ནད་པ་ཉུང་ཤས་ཤིག་ལ་ཀྱོག་འོད་ཕྱིར་ལྡོག་གི་སྣང་ཚུལ་འབྱུང་སྲིད། གནས་ཚུལ་དེ་རིགས་མང་ཆེ་བ་རྒྱང་མཐོང་ཚད་མཐོ་བའི་ནད་པ་དང་གཤགས་བཅོས་བྱས་རྗེས་ལུགས་མཐུན་ངང་མིག་སྤྱོད་རྒྱུར་དོ་སྣང་མ་བྱས་པའི་དབང་གིས་ཐོན་སྲིད། ད་དུང་མི་ཁ་ཤས་ཀྱིས་རྒྱང་མཐོང་སྐུལ་འོད་གཤགས་བཅོས་བྱས་ཚེ། ལོ་ན་རྒས་དུས་མིག་ལོང་བར་ཆགས་མིན་ལ་སེམས་ཁྲལ་བྱེད་བཞིན་ཡོད། བཤད་ཚུལ་དེ་རིགས་ལ་ཚན་རིག་གི་གཞི་འཛིན་ས་མེད་པས། སེམས་ཁྲལ་བྱེད་དགོས་དོན་མེད། རྒྱང་སྒྲིབ་ནད་གཤགས་བཅོས་ནི་མིག་སྐྱིའི་གཏུབ་གཞོག་གཤགས་བཅོས་ཤིག་ཡིན་པས། མིག་ནང་གི་གྲུབ་ཚུལ་དང་ཕུང་གྲུབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མི་སྲིད། གལ་སྲིད་མི་ཁ་ཤས་ལོ་ན་རྒས་དུས་མིག་ཤེད་ཞན་དུ་ཚབས་ཆེར་སོང་ནའང་། མང་ཆེ་བ་ནི་མ་གཞི་མིག་ཤེད་ཉམས་པ་ལས་བྱུང་བ་ཞིག་རེད། དཔེར་ན། གདུང་བའི་མིག་ནད་དང་སྐྱ་འགྲིབ་སོགས་གཤགས་བཅོས་བྱས་པ་དང་ཐད་ཀར་འབྲེལ་བ་མེད།རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པར་ཉེན་ཁ་གང་དག་ཡོད་སྲིད། གཤགས་བཅོས་གང་འདྲ་ཞིག་ཡིན་རུང་ཉེན་ཁ་ཡོད་པ་དང་། རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་ཡང་དེ་ལྟར་ཡིན། འོན་ཀྱང་གཤགས་བཅོས་དེའི་ཉེན་ཁ་ཧ་ཅང་ཆུང་བ་མ་ཟད། རྒྱུན་དུ་ཚོད་འཛིན་ཐུབ་ཀྱི་ཡོད། རྒྱང་མཐོང་སྐུལ་འོད་གཤགས་བཅོས་རྗེས་སུ་རྒྱུན་དུ་འབྱུང་སྲིད་པའི་ཉེན་ཁ་ཁག་ཅིག་ཡོད་པ་སྟེ། མཐོང་ཚོར་ལ་གནོད་སྐྱེལ་བ། གནས་སྐབས་སམ་ཡང་ན་དུས་ཡུན་རིང་པོར་མིག་གི་མཐོང་ཚོར་ལ་གནོད་པ་སྐྱེལ་བཞིན་ཡོད། ལྷག་པར་དུ་མུན་ནག་གི་ཁོར་ཡུག་འོག་མིག་ཤེད་ཇེ་ཞན་དུ་འགྲོ་བ་དང་འོད་འཁྱིལ་བ་ཅུང་མངོན་གསལ་དོད་པོ་ཡོད། མི་ཁ་ཤས་ཀྱིས་མཚན་མོ་རླངས་འཁོར་གཏོང་དུས་གནས་ཚུལ་འདི་རིགས་ཐོན་གྱི་ཡོད་མོད། འོན་ཀྱང་ནད་རྟགས་དེ་རིགས་སྤྱིར་བཏང་ཟླ་བ་འགའི་རྗེས་སུ་མེད་པར་འགྱུར་བའམ་ཡང་ན་ཞི་ལྷོད་དུ་འགྲོ་སྲིད་པས། སེམས་ཁྲལ་བྱེད་དགོས་མེད། དུས་ཐོག་ལ་སྨན་བཅོས་བྱེད་ན་འགྲིག་གི་ཡོད། གཤིབ་བསྡུར་ཚོར་སྐྱེན་ནུས་ཚད་ཞན་དུ་འགྲོ་བ། ནད་རྟགས་དེ་རིགས་ཆེད་སྤྱོད་ཀྱི་ཞིབ་བཤེར་སྒྲིག་ཆས་ལ་བརྟེན་ནས་ཞིབ་བཤེར་བྱེད་ཐུབ་ལ། གོམས་རྗེས་གཞི་རྩའི་ཐོག་ཚོར་ཐུབ་ཀྱི་མེད། མིག་སྐམ་པའི་ནད་གཞི་འབྱུང་སྲིད། མིག་སྐམ་ནད་གཞི་དེ་ནི་གཤགས་བཅོས་བྱས་རྗེས་ཀྱི་ཆེས་རྒྱུན་མཐོང་གི་མི་བདེ་བའི་ནད་རྟགས་ཤིག་ཡིན། མིག་སྨན་སྤྱད་ན་འབྲེལ་ཡོད་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ། སྤྱིར་བཏང་གཤགས་བཅོས་བྱས་རྗེས་ཀྱི་ཟླ་བ་3ནས་6བར་དུ་བཀོལ་སྤྱོད་བྱེད་དགོས།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

གནོད་སྐྱོན་ཚབས་ཆེ་བའི་ཟས་རིགས་སྣ་ཁ་བཅུ།

ཁྱེད་ཀྱིས་རྒྱུན་མཐོང་གི་བཟའ་བཏུང་ཁྲོད་སྐྲན་ནད་བཟོ་སྲིད་པའི་ཟས་རིགས་ཁ་ཤས་ཡོད་པ་ཨེ་ཤེས་ལགས། དེ་རིང་ང་ཚོས་སྐྲན་ནད་བཟོ་སྲིད་པའི་ཟས་རིགས་སྣ་ཁ་བཅུ་མཚམས་སྦྱོར་བྱ་རྒྱུ་ཡིན། དེ་དག་སིལ་ཏོག་རིགས་གཅིག སྔོ་ཚལ་རིགས་གཉིས། བཏུང་བ་རིགས་གསུམ། ཤའི་རིགས་བཞི་བཅས་ཡོད། སིལ་ཏོག་སྣ་ཁ་གཅིགསིལ་ཏོག་སྣ་ཁ་གཅིག་ནི་རུལ་བ་དང་རླམ་ཆགས་པའི་སིལ་ཏོག་རེད། ཞིབ་འཇུག་ལས་དེའི་རིགས་ཀྱི་སིལ་ཏོག་ལ་རྒྱུན་མཐོང་གི་རླམ་སྲིན་དུག་རྒྱུ་རིགས་གཉིས་ཡོད་དེ། ཀྲན་ཧམ་རྒྱུ་ནག་པོ་དང་རླམ་པ་དུག་རྒྱུ་དམར་ནག་ཀ་པ་རེད། དུག་རྒྱུ་འདི་གཉིས་ནི་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་ལས་ཁུངས་ཀྱི་སྐྲན་བཟོའི་རྒྱུ་ལ་གཏན་ཁེལ་བྱས་ཡོད། དེ་གཉིས་སྐྲན་བཟོས་ནུས་པ་དྲག་པོ་མེད་ཀྱང་བདེ་ཐང་ལ་གནོད་པ་ཚབས་ཆེན་ཡོད། རིགས་འདི་གཉིས་ཕུད། སིལ་ཏོག་དེ་རིགས་ནང་ད་རུང་དེ་ལས་གནོད་པ་ཆེ་བའི་རྫས་ཡོད། དཔེར་ན་རུལ་བའི་ཤིང་མངར་ནང་གི་ཅེ་ལིང་རླམ་སྲིན་དུག་རྒྱུ་དང་། རྒུན་སྐམ་དང་འབྲས་བུ་མེ་ཏོག་ནང་འདུས་ཡོད་པའི་འཁྱོག་སེར་རླམ་རྒྱུ་དུག་རྒྱུ་ལྟ་བུ། སྐྲན་ནད་བཟོ་སྲིད་པའི་དངོས་རྫས་དག་དག་ཡིན་ལ། མྱུར་གཤིས་དུག་ཀྱང་ཕོག་སྲིད། སྔོ་ཚལ་རིགས་གཉིས། 01སྙོལ་ཚལ།2023 ལོར་དབྱིན་ཇིའི་གསོ་རིག་ཨུ་ལྷན་གྱི་ནང་ཁག་རིག་པའི་ཐོག་འགྲེམས་སྤེལ་བྱས་པའི་མི་བཞི་འབུམ་བཞི་ཁྲི་དང་འབྲེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་པར་སྙོལ་ཚལ་ཟོས་ན་མིད་ཐག་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆེ་རེད། གཞི་གྲངས་ལས་མངོན་པ་ལྟར་ན། སྙོལ་ཚལ་མི་ཟ་མཁན་དང་བསྡུར་ན་རྒྱུན་པར་སྙོལ་ཚལ་ཟ་མཁན་ལ་མིད་ཐག་སྐྲན་ནད་ཕོག་པ་ནས་ཤི་ཤོར་ཚད་བརྒྱ་ཆའི་ཞེ་ལྔ་ཇེ་མཐོར་འགྱུར་ཡོད།02སྣུམ་ཆེ་བའི་སྔོ་ཚལ།སྣུམ་ཆེ་བའི་ཚལ་གྱི་ནང་ཚིལ་འདུས་ཚད་མཐོན་པོ་ཡོད། དེ་ཡང་ཚིལ་མང་པོ་འདུས་པའི་བཟའ་བཏུང་ནི་ལོང་གའི་སྐྲན་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་རེད།བཏུང་བ་རིགས་གསུམ། 01བཏུང་བ་ཚ་པོ།ཏུའུ་རེ་ལྔ་ཡན་གྱི་བཏུང་བ་ནི་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་ཀྱིས་ཀ་རིམ་པ་གཉིས་པའི་ངན་སྐྲན་སྐྱེད་རྫས་གྲས་སུ་བཞག་ཡོད། དེ་མ་ཟད་སྲོག་ཆགས་ཚོད་ལྟ་ལས་ཀྱང་བདེན་དཔང་བྱས་ཡོད། ཏུའུ་རེ་ལྔ་ནས་ཏུའུ་བདུན་ཅུ་བར་གྱི་བཏུང་བས་མིད་པར་རྨ་བཟོས་ནས་མིད་ཐག་སྐྲན་ནད་བཟོ་སྲིད།02མངར་ཆ་འདྲེས་པའི་བཏུང་བ།མངར་ཆ་འདྲེས་ཡོད་པའི་བཏུང་བྱ་ཅི་ཙམ་མང་པོ་འཐུང་ན་སྐྲན་ནད་ཕོག་པའི་ཉེན་ཁ་དེ་ཙམ་ཆེ། 2019 ལོར་དབྱིན་ཇིའི་གསོ་རིག་དུས་དེབ་ཐོག་བཀོད་པའི་མི་འབུམ་གཅིག་དང་འབྲེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་རེར་མངར་ཆ་འདྲེས་ཡོད་པའི་བཏུང་བ་ཧའོ་ཧྲེང་བརྒྱ་འཐུང་ན། སྤྱིའི་ཆ་ནས་སྐྲན་ནད་ཕོག་པའི་ཉེན་ཁ་བརྒྱ་ཆའི་བཅོ་བརྒྱད་ཇེ་མཐོ་དང་། ནུ་མའི་ངན་སྐྲན་ཕོག་པའི་ཉེན་ཁ་བརྒྱ་ཆའི་ཉེར་གཉིས་ཇེ་མཐོ་རེད། 03ཨ་རག་ཉིང་ཁུའི་བཏུང་བ།ཨ་རག་གིས་ཐད་ཀར་མཆིན་པའི་ཕྲ་ཕུང་ལ་གནོད་བསྐྱལ་ནས་ཨེམ་བསྒྱུར་རྩབས་ཇེ་མཐོར་འགྱུར་འཇུག་རྒྱུ་རེད། ཆང་འཐུང་ན་མཆིན་པའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་འགྱུར་སྲིད་པ་མ་ཟད་འབྲས་སྐྲན་ཕོག་ཚད་ནི་གཙོ་བོ་ཆང་འཐུང་ཚད་དང་ཆང་འཐུང་ཐེངས་ལ་རག་ལས་པ་བདེན་དཔང་བྱས་ཡོད། སྦི་རག་དང་ཡང་ན་རྒུན་ཆང་། དེ་མིན་ཨ་རག་རིགས་གང་འཐུང་རུང་འབྲས་སྐྲན་བཟོ་པའི་ཉེན་ཁ་ཇེ་ཆེར་འགྱུར་སྲིད།ཤའི་རིགས་བཞི། 01ལས་སྣོན་བྱས་པའི་ཤའི་རིགས།རྒྱུན་དུ་མཐོང་རྒྱུ་ཡོད་པའི་བརླ་ཀྲུམ་དང་ཤ་བདུགས་མ་སོགས་བྲོ་བ་ཞིམ་པ་དང་་སྟབས་བདེ་ཡོད་པས་ན་གཞོན་ལོ་ཆུང་ཚོ་བཟའ་རྒྱུར་ཤིན་ཏུ་དགའ་རེད། ཡིན་ནའང་ཤའི་རིག་འདི་དག་ཟོས་ན་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་འགྱུར་སྲིད།02ཤ་དམར་ཟ་རྒྱུ་ཚད་ལས་བརྒལ་བ།ཤ་དམར་ཟེར་བ་ནི་གཡོས་སྦྱོར་མ་བྱས་སྔོན་གྱི་ཁ་དོག་དམར་པོའི་ཤ་གསོན་པོའམ་རློན་པར་གོ་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་གཏོགས་ཡིན་པའི་འབྲས་སྐྲན་ཞིབ་འཇུག་ལས་ཁུངས་ཀྱི་ཤ་དམར་དེ་ཀ་རིམ་པ་གཉིས་པའི་ངན་སྐྲན་སྐྱེད་རྫས་གྲས་སུ་བཞག་ཡོད། ཤ་དམར་ཟ་རྒྱུ་དགའ་ན་ལོང་གའི་འབྲས་སྐྲན་སོགས་ཕོག་ཉེན་ཆེ། དེ་ཡང་ཤ་དམར་གཏན་ནས་ཟ་མི་ཆོག་པ་མ་ཡིན་ཏེ། ཤ་དམར་ནང་གཏེར་རྒྱུ་མང་པོ་འདུས་ཡོད་པ་དང་ནང་སྒོས་སུ་ལྕགས་རྒྱུ་འབེལ་བས། ཤ་དམར་ཟ་ཆོག་རེད། ཡིན་ཡང་ཚད་དང་རན་དགོས། 03ཤ་བསྲེགས་ཀྱི་རིགས།ཤ་བསྲེགས་ནི་དྲོད་ཚད་མཐོན་པོས་གཡོས་སྦྱོར་བྱས་པ་རེད། དྲོད་ཚད་མཐོ་ཤོས་ཡིན་ན་ཏུའུ་སུམ་བརྒྱ་བདུན་ཅུ་ཟིན་ཐུབ། དྲོད་ཚད་འདི་འདྲའི་འོག་ཤའི་རིགས་ལ་ངན་སྐྲན་སྐྱེད་རྫས་ཐོན་རེད། ངན་སྐྲན་སྐྱེད་རྫས་དེ་དྲོད་ཚད་ཇེ་མཐོ་དང་དུས་ཚོད་ཇེ་རིང་སོང་བ་དང་བསྟུན་ཇེ་མང་འགྲོ་རེད། 04ཀྲུང་ལུགས་ཀྱི་ཚྭ་སྙོལ་ཉ་ཤ།ཀྲུང་ལུགས་ཀྱི་ཚྭ་སྙོལ་ཉ་ཤ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟུར་དུ་བཀར་ནས་འབྲས་སྐྲན་བཟོ་སྲིད་པའི་དངོས་རྫས་ཤིག་ཡིན་པ་གསལ་པོར་བསྟན་ཡོད།

རྣམ་གླིང་རྫོང་དུ་སྨན་པ་བསྟེན་དཀའ་བའི་ལོ་རྒྱུས་མཇུག་རྫོགས་པ།

ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཡིན་ལ། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ། ཏང་ཀྲུང་དབྱང་དང་ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་འོག སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་ཐད་དུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། རྫོང་དང་གྲོང་གསེབ་རིམ་པ་གསུམ་ལ་ཁྱབ་པའི་དེང་རབས་ཅན་གྱི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་བཙུགས་པས་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྣམ་གླིང་རྫོང་གི་ལྟེ་བའི་སྨན་ཁང་། རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཡོད། སྔོན་ཆད་རྣམ་གླིང་རྫོང་གི་སྨན་བཅོས་ཆ་རྐྱེན་ཧ་ཅང་ཞན་པ་དང་། རྫོང་རིམ་པའི་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ཞན་པ། CTསོགས་སྨན་བཅོས་སྒྲིག་ཆས་རྩེ་གྲ་དཀོན་པ། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་མི་འདང་བ། མང་ཚོགས་རྣམས་སྨན་པ་བསྟེན་དཀའ་བ་སོགས་ཀྱི་གནད་དོན་མངོན་གསལ་དུ་ཕྱིན་ཡོད། ད་ཆ་རྣམ་གླིང་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་ལའང་འགྱུར་ལྡོག་ཤུགས་ཆེན་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག སྨན་ཁང་གིས་སྔ་རྗེས་སུ་སྒོར་ཁྲི1920བཏང་ནས་རྫོང་རིམ་པའི་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱི་དྲོད་མཁོ་འདོན་གྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ཏེ། ནད་པར་དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་སྨན་བཅོས་ཁོར་ཡུག་ཅིག་བསྐྲུན་པ་དང་། སྒོར་ཁྲི1100བཏང་ནས་རྫོང་ལྟེ་བའི་སྨན་ཁང་གི་འགོས་ནད་དང་སྨན་བཅོས་རོགས་སྐྱོར་ནུས་པ་འཛུགས་སྐྱོང་བྱས་ཏེ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་ཁྲི270བཏང་ནས་ཚད་ལྡན་ཅན་གྱི་བུ་བཙའ་ཁང་དང་དུག་སེལ་མཁོ་སྤྲོད་ཁང་སོགས་རིམ་སྤོར་སྒྱུར་བཀོད་བྱས་ཏེ། སྨན་ཁང་གི་ཞབས་ཞུའི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། ཉེ་བའི་ལོ་ཤས་ཀྱི་རིང་ལ། རིན་ཐང་སྒོར་ཁྲི1100ལྷག་ཙམ་གྱིCTའཕྲུལ་ཆས་དང་རྨ་ཁ་མེད་པའི་དབུགས་འབྱིན་རྔུབ་འཕྲུལ་ཆས་སོགས་སྔོན་ཐོན་སྒྲིག་ཆས་སྔ་རྗེས་སུ་རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་དུ་སྤྱོད་འགོ་ཚུགས་པ་དང་། ཝེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་རིན་ཐང་སྒོར་ཁྲི230ཡི་གཟུགས་པོ་བརྟག་དཔྱད་རླངས་འཁོར་སྤྲད་པས། མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་ནས་བདེ་འཇགས་སྟབས་བདེའི་གཟུགས་པོ་བརྟག་དཔྱད་ཞབས་ཞུ་ལོངས་སྤྱོད་ཐུབ་ནས་ནད་གཞི་སྔ་ཙམ་བརྟག་དཔྱད་ཐུབ་ཚད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་གི་སྨན་བཅོས་སྒྲིག་ཆས། “གཞན་བརྟེན་དང་རང་བརྟེན་ཟུང་དུ་འབྲེལ”ནས་ས་གནས་དེ་གའི་སྨན་དོན་མི་སྣ་གསོ་སྐྱོང་བྱས་པ། ལོ་མང་པོའི་རིང་ལ། བོད་སྐྱོར་སྨན་བཅོས་རུ་མི་ཁག་ཐེངས་མང་པོས་ཐོག་མའི་བསམ་འདུན་མི་བརྗེད་པར་རྣམ་གླིང་དུ་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་ཏེ“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”རྣམ་པ་འཚོལ་ཞིབ་ཀྱིས་ལག་རྩལ་སློབ་ཁྲིད་དང་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་རོགས་ཁྲིད་བྱས་ནས། རྣམ་གླིང་རྫོང་གི་སྨན་བཅོས་འཕྲོད་བསྟེན་ནད་ཐོག་ཆེད་ལས་ཀྱི་ཆུ་ཚད་མཐོ་རུ་དང་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་རྣམ་གླིང་རྫོང་གི་སྨན་བཅོས་བྱ་གཞག་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། བོད་སྐྱོར་ཆེད་མཁས་པས“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ལམ་སྲོལ་བརྒྱུད། རྣམ་གླིང་རྫོང་ལྟེ་གནས་སྨན་ཁང་གི་སྨན་དོན་མི་སྣའི་ཆེད་ལས་རྩལ་ནུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། མོ་ནད་ཚན་ཁག་གི་མངལ་སྣོད་གཤགས་ནས་ཕྲུ་གུ་བཙའ་བའི་གཤགས་བཅོས་བདེ་བླག་ངང་ཐུབ་པ། འཇུ་བྱེད་ནང་ཤེལ་ལག་རྩལ་སོགས་ཁྱབ་ཁོངས་མང་པོར་འཕེལ་རིམ་གསར་པ་བྱུང་ནས། “གཞན་བརྟེན་རྣམ་པའི”རོགས་སྐྱོར་ནས“རང་བརྟེན་རྣམ་པ”ཡི་བར་ལ་འཕེལ་རྒྱས་ཕྱིན་ཡོད། རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་གི་སྨན་བཅོས་ཁོའོ་ཡི་འགན་འཁུར་བ་ལྷག་པ་ཕན་ཐོགས་ཀྱིས། ད་ཆ་ང་ཚོའི་སྨན་ཁང་གིས་ཞིབ་བཤེར་བརྟག་དཔྱད་རྣམ་གྲངས་སྣ་ཚོགས་དང་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་རང་ཚུགས་ངང་ལེགས་སྒྲུབ་ཐུབ་ནས། མང་ཚོགས་ཚོས་ཕན་ནུས་ཆེ་ཞིང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་སྟེ། ནད་གཞི་ཆུང་གྲས་ཞང་ནས་སྨན་བཅོས་ཐུབ་པ་དང་ནད་གཞི་ཆེ་གྲས་རྫོང་ནས་སྨན་བཅོས་ཐུབ་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད་ཅེས་བཤད། མང་ཚོགས་ཀྱིས་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་དྲ་བ་བརྟན་པོ་བཙུགས་པ། གྲོང་གསེབ་ཀྱི་རིམ་གཉིས་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་གསར་སྒྱུར་རིམ་སྤོར་བྱས་ཤིང་། རྣམ་གླིང་རྫོང་གིས་སྔ་རྗེས་སུ་གྲོང་གསེབ་ཀྱི་རིམ་གཉིས་སྨན་བཅོས་སྒྲིག་གཞིར་སྙིང་གློག་ལྟ་སྐྱོང་ཡོ་བྱད་དང་། སྦྲུམ་སྙིང་ལྟ་སྐྱོང་ཡོ་བྱད། དུག་སེལ་ཡོ་བྱད། སྙིང་པར་རྒྱག་ཆས། སྨུག་ཕྱིའི་འོད་ཀྱི་དུག་སེལ་གློག་སྒྲོན་སོགས་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། རྣམ་གླིང་རྫོང་མཁར་རྩེ་ཞང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་པ་སངས་ལྷ་མོས“སྔོན་ཆད་གྲོང་མིར་ནད་གཞི་ཅུང་ཟད་ཕོག་ཀྱང་རྫོང་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་ང་ཚོའི་འཕྲོད་བསྟེན་ཁང་དུ་རྒྱུན་སྤྱོད་བརྟག་དཔྱད་སྒྲིག་ཆས་ཡོད་པར་མ་ཟད། རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་ལས་དོན་སྒྲུབ་སྟངས་འོག ད་ཆ་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་རྒྱུན་མཐོང་ནད་རིགས་མང་ཆེ་བ་སྨན་བཅོས་ཐུབ་ཀྱི་ཡོད་པས། མང་ཚོགས་ཀྱི་སྨན་བཅོས་དཀའ་བའི་སེམས་ཁྲལ་ཆུང་དུ་ཤུགས་ཆེན་བཏང་ཡོད”ཅེས་བཤད་པ་དང་། ཁོང་གིས། གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ད་དུང་རྒྱུན་མཐོང་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་སྒྲིག་སྦྱོར་བྱས་ཡོད་པས། གྲོང་གསེབ་ཀྱི་སྨན་པའི་ནུས་པ་དེ་བས་ལེགས་པ་བཏོན་ཐུབ་སྟེ་གྲོང་མིའི་བདེ་ཐང་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་བཤད། མཁར་རྩེ་ཞང་གི་གྲོང་མི་པད་མ་བསྟན་འཛིན་གྱིས། སྔོན་ཆད་སྨན་པ་བསྟེན་པར་འགྲོ་སྐབས་ཞང་གི་འཕྲོད་བསྟེན་ཁང་དུ་སྨན་པ་ཉུང་ལ་སྨན་བཅོས་སྒྲིག་ཆས་ཀྱང་ཆ་ཚང་པོ་མེད་པ་སོགས་ཀྱི་རྐྱེན་པས། རྫོང་ངམ་གྲོང་ཁྱེར་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད། ད་ཆ་ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་བྱེད་ཐུབ་ལ་སྨན་བཅོས་འགན་བཅོལ་ཡང་དུས་ཐོག་ཏུ་རྩིས་ཞུ་ཐུབ་ཀྱི་འདུག་ཅེས་བཤད། སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། རྣམ་གླིང་རྫོང་གིས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པའི་བགྲོད་ལམ་ཐོག་གོམ་པ་དེ་བས་བརྟན་པོ་སྤོས་ཏེ་འོད་སྟོང་འཕྲོ་བའི་ལེའུ་རྩོམ་ངེས་རེད།

གཅིན་དུག་ནད་ཀྱི་འབྱུང་རྐྱེན་དང་འགོག་ཐབས།

གཅིན་དུག་ནད་ནི་ཅི་ཞིག་ཡིན།གཅིན་དུག་ནད་ནི་དལ་གཤིས་མཁལ་མའི་ནད་ཀྱི་མཇུག་མཐའི་དུས་རིམ་ཡིན། སྐབས་དེར་མཁལ་མའི་བྱེད་ལས་ཉམས་པས། མིའི་ལུས་སྟེང་གི་བརྗེ་ཚབ་ཐོན་དངོས་དང་། སྙིགས་རྫས། གཅིན་རྒྱུ་དང་ཆུ་ལྷག་མ་སོགས་ལུས་ཕྱི་ལ་གཏོང་མི་ཐུབ་པས། མིའི་ལུས་ཕུང་ལ་དུག་ཕོག་པའི་ནད་རྟགས་དང་འདྲ་བའི་རྟགས་འདུས་ནད་རིགས་རབ་དང་རིམ་པ་འབྱུང་སྲིད། གལ་ཏེ་དལ་གཤིས་མཁལ་རིལ་ཆུང་བའི་མཁལ་མའི་གཉན་ཚད་དང་བར་རྫས་རང་བཞིན་གྱི་མཁལ་མའི་གཉན་ཚད། གཅིན་སྙི་ཟ་ཁུའི་མཁལ་ནད་བཅས་དུས་ཡུན་རིང་པོར་མི་དྲག་པའམ་ཡང་ན་ཚོད་འཛིན་ཡག་པོ་མ་བྱས་ན་ཇེ་སྡུག་ཏུ་ཕྱིན་ནས། མཇུག་མཐར་ནད་པ་ཁ་ཤས་ལ་གཅིན་དུག་ནད་ཕོག་སྲིད།འབྲེལ་ཡོད་བརྟག་དཔྱད་ཀྱི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་ཀྱི་གཅིན་དུག་ནད་ཕོག་པའི་ཆ་སྙོམས་ཀྱི་ལོ་ཚོད་དེ་སྔོན་གྱི་ལོ50ནས60བར་ནས་རིམ་བཞིན་ལོ30ནས40བར་ཇེ་ཆུང་དུ་སོང་བ་དང་། དེ་ནས་ལོ11ནས20བར་གྱུར་ཡོད། དེའི་ནང་ལོ20མན་གྱི་ན་གཞོན་ནད་པའི་གྲངས་འབོར་ད་དུང་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་རྒྱུ་རྐྱེན་ལ་བལྟས་ན། གཙོ་བོ་བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་ཏེ། མཚན་སྐྱེལ་པ་དང་། ཉིན་རེའི་ཆ་སྙོམས་ཀྱི་ཆུ་འཐུང་ཚད་མི་འདང་བ། ཚྭ་དང་མངར་ཆ་མང་བའི་བཟའ་བཏུང་བསྟེན་པ། དུས་ཡུན་རིང་པོར་གཅིན་བསྲན་ནས་གཅིན་ལམ་ལ་ཡང་ནས་བསྐྱར་དུ་འགོས་ནད་བྱུང་བ། གཅོང་ནད་དོ་དམ་ཚོད་འཛིན་མ་ཐུབ་པ་སྟེ། དུས་ཡུན་རིང་པོར་ཁྲག་མངར་མཐོ་བ་དང་ཁྲག་ཤེད་མཐོ་བའི་དབང་གིས་མཁལ་རིལ་ཆུང་བ་སྲ་འགྱུར་བྱུང་ནས་རིམ་བཞིན་གཅིན་དུག་ནད་དུ་གྱུར་པ། གཅིན་པར་རྒྱུན་ལྡན་གྱི་བརྟག་དཔྱད་བྱས་མེད་པ་དང་། སྔ་དུས་ཀྱི་མཁལ་ནད་ཤེས་ཚད་མི་འདང་བ། བདེ་ཐང་འདུ་ཤེས་ཞན་པ་སོགས་དང་འབྲེལ་བ་ཡོད།གཅིན་དུག་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།གཅིག མཁལ་མའི་བྱེད་ནུས་ལ་གནོད་པ་ཐེབས་སྲིད་པའི་ནད་རིགས་སྣ་ཚོགས་ཏེ་དཔེར་ན། ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད། གཅིན་ལམ་རྡེའུ་སྐྲན་སོགས་སྨན་བཅོས་བྱས་ནས་ཚོད་འཛིན་ཡག་པོ་བྱེད་དགོས།གཉིས། སྨན་རྫས་གང་བྱུང་དུ་སྤྱོད་མི་རུང་། སྨན་མ་འཐུང་གོང་སྨན་པར་བློ་འདྲི་བྱེད་དགོས། མཁལ་མའི་དུག་གཤིས་སྨན་རྫས་སྤྱོད་དགོས་བྱུང་ན། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་དགོས། མཁལ་མའི་བྱེད་ནུས་ལ་ཡང་དོ་སྣང་ཆེན་པོ་བྱེད་དགོས།གསུམ། ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་དགོས། རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་གཉན་ཚད་འབྱུང་བ་དང་། མཁལ་རིལ་ཆུང་བའི་མཁལ་ཚད་སོགས་ཀྱི་ནད་རིགས་འབྱུང་བ་སྔོན་འགོག་བྱེད་དགོས།བཞི། ཚྭ་དང་མངར་ཆ། ཞག་ཚིལ་མང་བའི་ཟས་རིགས་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ། བདེ་ཐང་གི་བཟའ་བཏུང་དང་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་དགོས། ཆུ་མང་ཙམ་འཐུང་དགོས།ལྔ། ཆོས་ཉིད་ལྡན་པའི་སྒོ་ནས་ལས་སྒྲུབ་དང་ངལ་གསོ་བྱེད་དགོས་པ་ལས། མཚན་སྐྱེལ་བ་དང་གཅིན་པ་བསྲན་མི་རུང་།རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།

གཙང་གསུམ་འབྱུང་ཡུལ་གྱི་ཚེ་སྲོག་གི་སྲུང་སྐྱོང་བ།

2025ལོའི་དཔྱིད་ཀྱི་དཔལ་ཡོན་གང་སར་བཞད་པའི་མཚམས་འདིར་ཁམས་ཡུས་ཧྲུའུ་ཡི་ལམ་སྣེ་རྡོག་པས་འཇལ་ནས་ས་ཡོམ་གནོད་འཚེའི་རྗེས་ཀྱི་འཕེལ་འགྱུར་ལ་རྒྱུས་ལོན་བྱེད་དུ་ཆས། ལོ་བཅོ་ལྔའི་སྔོན་གྱི་ས་ཡོམ་གྱིས་རི་བོ་སྒུལ་ཅིང་མཚོ་མོ་སྐྱོམས་མོད། ཁོང་ཚོའི་བྱམས་ལྡན་གྱི་ལག་ཟུང་གིས་ཚེ་སྲོག་མང་པོ་བསྐྱབས་པའི་དན་རྟགས་གནས་འདིར་གསལ། ཉི་འོད་ཀྱི་ཟེར་མ་འབུམ་ཕྲག་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་ཐོག་བརྩེགས་གསར་པའི་ཤེལ་ཡོལ་བརྒྱུད་རིག་ནུས་སྨན་བཅོས་མ་ལག་གི་འཆར་ཤེལ་ཐོག་འཕྲོ་སྐབས། ང་ཚོའི་མིག་ལམ་དུ་མཐོང་བ་ནི་དེང་རབས་ཅན་གྱི་སྨན་ཁང་ཞིག་གིས་འགྲོ་བའི་ན་ཟུག་སེལ་བ་དང་ཚེ་སྲོག་གི་རེ་བ་བསྐྱར་གསོ་བྱེད་པའི་བརྗིད་ཆགས་ཀྱི་ལེའུ་གསར་པའི་བཀྲག་མདངས་དེ་རེད།རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ཁུལ་དུ་ས་ཡོམ་བྱུང་ནས་ལོ་ངོ་བཅོ་ལྔ་འདས་པའི་ནང་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ཡང་དག་པའི་མཛུབ་སྟོན་དང་རྒྱབ་སྐྱོར་དང་། དེ་བཞིན་སྤུན་ཟླའི་ཞིང་ཆེན་གྱི་ཤུགས་ཆེའི་རོགས་སྐྱོར་འོག ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་དང་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ཀྱི་སྨན་བཅོས་སྒྲིག་ཆས་དང་། སྨན་པའི་དཔུང་ཁག སྨན་བཅོས་ལག་རྩལ་སོགས་ཀྱི་ཐད་སྔ་ན་མེད་པའི་འཕེལ་རྒྱས་དང་འགྱུར་བ་ཆེན་པོ་བྱུང་ནས། ས་གནས་འདིའི་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་སྔར་ལས་ལྷག་པ་ཐོབ་ཡོད་པ་རེད། ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཨོའུ་དབྱང་།ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཨོའུ་དབྱང་གིས། ངས་ས་ཡོམ་གྱི་སྔ་གཞུག་གི་འགྱུར་ལྡོག་ཆེན་པོ་དངོས་སུ་བརྒྱུད་ཡོད། ས་ཡོམ་མ་བརྒྱབ་གོང་སྨན་ཁང་གི་གཞི་ཁྱོན་ཆུང་བ་དང་སྒྲིག་ཆས་སྟབས་བདེ་ཡིན་པ། གཤགས་བཅོས་མང་པོ་བྱ་ཐབས་བྲལ་བས། མང་ཚོགས་སྨན་བཅོས་བྱེད་པར་ས་ཆ་གཞན་དུ་མི་འགྲོ་ཀ་མེད་རེད། 2010ལོའི་7.1གྱི་ས་ཡོམ་དེས་སྨན་ཁང་ཞིག་རལ་དུ་བཏང་མོད། འོན་ཀྱང་ང་ཚོས་སྐབས་དེར་ཕྱིར་བཤོལ་མ་བྱས་པར་གུར་ཕུབ་ནས་ནུས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་བྱས་པ་ཡིན། ས་ཡོམ་རྗེས་སྨན་ཁང་བསྐྱར་སྐྲུན་བྱས་རྗེས། སྨན་ཁང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ལ། སྔར་གྱི་ནད་ཁྲི་80ནས་200བར་མང་དུ་ཕྱིན་པ་དང་། རྨང་གཞིའི་བརྟག་དཔྱད་ནས་རྩེར་སོན་གཤགས་བཅོས་སྒྲིག་ཆས་སོགས་ཆ་ཚང་ཡོད། ད་ཆ་ང་ཚོས་མགོ་ཀླད་ཀྱི་ཕྱི་རྨས་དང་ཚིགས་བརྗེ་བ་སོགས་དཀའ་ཚེགས་ཆེ་བའི་གཤགས་བཅོས་བྱེད་ཐུབ་པ་མ་ཟད། མྱུར་སྐྱོབ་ལྟེ་གནས་ཆེན་པོ་ལྔ་བསྐྲུན་ཡོད་པས་ཞིང་འབྲོག་མང་ཚོགས་རྣམས་ལ་སྒོ་འགྲམ་ནས་སྤུས་ལེགས་ཀྱི་སྨན་བཅོས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ཅེས་གསུངས།ས་ཡོམ་རྗེས་ཀྱི་ལོ་བཅོ་ལྔའི་ནང་། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། མིག་ནད་ཚན་ཁག་གི་ཀྲུའུ་རིན་ཚེ་དབང་རྡོ་རྗེས། སྔོན་ཆད་སྨན་པའི་ལག་རྩལ་དང་སྨན་ཁང་གི་སྒྲིག་ཆས་ཆ་རྐྱེན་ཞན་པའི་དབང་གིས་ནད་པ་མང་པོ་ཞིག་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་མིག་ནད་ཚན་ཁག་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་མིག་ནད་སྣ་ཚོགས་བཅོས་ཐུབ་པ་མ་ཟད། ཚན་ཁག་འདི་ཡུལ་འདིའི་མི་རྣམས་ཀྱི་འོད་སྣང་སྲུང་མཁན་དང་མིག་ནད་ཅན་ལ་འོད་སྣང་སྦྱིན་མཁན་ཞིག་ཏུ་གྱུར་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ཚེ། ས་གནས་འདི་གའི་མང་ཚོགས་ཀྱི་མིག་གི་བདེ་ཐང་བྱ་གཞག་ལ་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུ་དེ་ནི་ང་ཚོ་ཐུན་མོང་གི་འོས་འགན་ཞིག་ཡིན་ཞེས་གསུངས།ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་ཀྲུའུ་རེན། ཚེ་དབང་རྡོ་རྗེ།ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཨོའུ་དབྱང་གིས། འདི་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། སྨན་ཁང་གངས་ལྗོངས་ས་མཐོའི་ཚེ་སྲོག་གི་སྐྱབས་གནས་སུ་གྱུར་བ་མཐོང་སྐབས། དེ་ཡི་བཀའ་དྲིན་སེམས་གཏིང་ནས་ཚོར་གྱིན་འདུག་ལ། ཡུས་ཧྲུའུ་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་སེམས་ཤུགས་ཀྱང་བརྟན་དུ་སོང་ཞེས་གསུངས། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

སྨན་བཅོས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།

སྨན་རྫས་དང་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ན། ནད་གཞི་ལྟ་བའི་ཐད་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཐུབ་པར་ཕན་ཐོགས་ཡོད་ལ། འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་དོ་སྙོམས་པོ་མེད་པ་དང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་བ་གཙོ་བོ་ཐག་གཅོད་ཐུབ་སྟེ། མི་དམངས་ཀྱི་བདེ་ཐང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་ཕན་ཐོགས་ཀྱང་ཡོད། རྒྱལ་ཡོངས་ཀྱི་རྫོང་ཁོངས་འབྲེལ་བ་ཟབ་པའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྱོང་གི་ཚོད་ལྟ་བྱ་ཡུལ་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས“མཐའ་མཚམས་ས་ཐག་རིང་བ་དང་། ཞབས་ཞུའི་ཁྱབ་རྒྱ་ཆེ་བ། འགྲིམ་འགྲུལ་ཚོད་འཛིན་གྱི་རྐྱེན་མང་བ། སྨན་བཅོས་སྟོབས་ཤུགས་ཞན་པ”བཅས་ཀྱི་དོན་དངོས་ལ་གཞིགས་ནས“ལེགས་ཆ་ཆེན་པོ་གཉིས་འདོན་སྤེལ་དང་། ཐབས་ལམ་གཉིས་ལེགས་སུ་གཏོང་བ། རིམ་གསུམ་མ་ལག་འཛུགས་པ། ལམ་སྲོལ་གསུམ་འཐུས་སྒོ་ཚང་དུ་གཏོང་བ”བཅས“2233”གྱི་ལས་ཀའི་བྱ་ཐབས་རིམ་བཞིན་འཚོལ་ཞིབ་བྱས་ཏེ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ་རེད།“དམག་དམངས་མཉམ་འདྲེས་དང་སྨན་བཅོས་བོད་སྐྱོར”གྱི་ལེགས་ཆ་ཆེན་པོ་གཉིས་འཚོལ་ཞིབ་བྱས་ནས་འདོན་སྤེལ་བྱས་པ།དམག་དམངས་མཉམ་འདྲེས་ཀྱི་ལེགས་ཆ་བཏོན་ནས་སྨན་བཅོས་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱས་ཤིང་། རྫ་ཡུལ་རྫོང་གིས་བཅའ་སྡོད་དཔུང་སྡེ་དང་མཐུན་སྦྱོར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ཤང་གྲོང་འཕྲོད་བསྟེན་ཁང་དང་བཅའ་སྡོད་དཔུང་སྡེའི་སྨན་ཁང་དང་འཕྲོད་བསྟེན་ཁང་དབར་དམག་དཔུང་དང་ས་གནས་ཀྱི་སྨན་བཅོས་མཉམ་ལས་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་སྟེ། ཤང་གྲོང་འཕྲོད་བསྟེན་ཁང་གིས་བཅའ་སྡོད་དཔོན་དམག་ལ་ཐོགས་མེད་བགྲོད་ལམ་བཏོད་པས་དོས་དྲག་དཔོན་དམག་ལ་འཕྲལ་མར་ནུས་ཆེའི་སྨན་བཅོས་ཐུབ་པ་དང་། ཕྱི་ཕྱོགས་ནས་གདན་ཞུ་བྱས་པའི་རིགས་གཅིག་མཁས་ཅན་ཡིན་པའི་བཅའ་སྡོད་གསོ་སྦྱོང་གི་སྨན་དོན་སྟོབས་ཤུགས་ཀྱིས་དུས་བཀག་ལྟར་རྫོང་མི་དམངས་སྨན་ཁང་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། འཕྲོད་བསྟེན་ཁང་བཅས་སུ་རིན་མེད་སྨན་བཅོས་བྱེད་པ་དང་། བཅའ་སྡོད་དཔུང་སྡེའི་སྨན་བཅོས་ཀྱི་ཐོན་ཁུངས་མང་ཚོགས་ལ་ཕྱོགས་ནས་སྒོ་ཕྱེ་བ་དང་དུས་ངེས་མེད་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བས། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་མཉམ་ལས་གཉིས་ཕན་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱུང་ཡོད།སྨན་བཅོས་བོད་སྐྱོར་གྱི་ལེགས་ཆ་བཏོན་ནས་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་ཞིང་། རྫ་ཡུལ་རྫོང་གིས་བོད་སྐྱོར་སྨན་བཅོས་ཤེས་ལྡན་པའི་ལེགས་ཆར་བརྟེན་ནས་ལག་རྩལ་གྱི་སྟོང་ཆ་བསྐངས་པ་དང་། ཧྲེན་ཀྲེན་གྲོང་ཁྱེར་གྱིས་མཁོ་ཆོད་སྨན་བཅོས་ཤེས་ལྡན་པ་23བདམས་ནས་རྫ་ཡུལ་རྫོང་སྨན་རྩིས་ཁང་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁག་གཅིག་བཅས་སུ་མངགས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ། མཁའ་དམག་གི་ཁྱད་ལྡན་གསོ་རིག་ལྟེ་གནས་དང་མཉམ་འབྲེལ་སྨན་བཅོས་བོད་སྐྱོར་རུ་ཁག་བཙུགས་ཏེ་ཁྱོན་བསྡོམས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པ་21རྫ་ཡུལ་རྫོང་མི་དམངས་སྨན་ཁང་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བར་མངགས་པ་རེད།“ནང་ཁུལ་དུ་སྨན་བཅོས་གཅིག་མཐུན་ཚོགས་པ་སྟོབས་ཆེར་གཏོང་བ་དང་ཕྱི་ཕྱོགས་སུ་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུཌ་པའི”ཐབས་ལམ་གཉིས་འཚོལ་ཞིབ་བྱས་ནས་ལེགས་སུ་བཏང་བ།ནང་ཁུལ་དུ་སྨན་བཅོས་གཅིག་མཐུན་ཚོགས་པ་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་བདེ་ཐང་དྲ་ཚགས་དམ་དུ་བཏང་ཞིང་། རྫ་ཡུལ་རྫོང་ཁོངས་སུ“གཞི་གཅིག་ཅན་གྱི་དོ་དམ་བྱེད་ཐབས་ཁག་དྲུག”ལྟེ་བར་བྱས་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཕྱོགས་བསྡུས་ནོར་དོན་ཁང་བཙུགས་ནས་སྨན་བཅོས་གཅིག་མཐུན་ཚོགས་པའི་མ་དངུལ་དོ་དམ་དང་། སྨན་བཅོས་ཡོ་བྱད། ནད་བརྟག་ཚོད་ལྟའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བཅས་ཀྱི་འགན་འཁུར་བ་དང་སྨན་རྫས་བརྗེ་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས། རྫོང་དང་ཤང་རིམ་གཉིས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་འབྲེལ་མཐུད་ནུས་ལྡན་བྱུང་ཡོད།ཕྱི་ཕྱོགས་སུ་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་རོགས་རེས་འགན་སྲུང་དྲ་བ་ཚགས་དམ་དུ་བཏང་ཞིང་། རྫ་ཡུལ་རྫོང་གིས་ཕྱི་ཕྱོགས་སུ“བྱང་དུ་མཁའ་དམག་དམིགས་བསལ་སྨན་ཁང་ལ་སྒྱུར་བ་དང་། ལྷོ་རུ་ཧྲེན་ཀྲེན་སྨན་ཁང་ལ་སྒྱུར་བ། ཉེ་འཁོར་དུ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དང་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་། དཔའ་ཤོད་རྫོང་། དེ་བཞིན་ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་མི་དམངས་སྨན་ཁང་བཅས་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི”སྨན་བཅོས་མཉམ་འབྲེལ་ཚོགས་པ་བཙུགས་ནས་རོགས་སྐྱོར་སྨན་ཁང་དང་མཉམ་དུ་ནད་གཞི་ཛ་དྲག་ལ་སྲོག་ཉེན་ཆེ་བའི་ནད་པ་སྒྱུར་ལེན་གྱི་ལམ་སྲོལ་བཙུགས་ཡོད།“རྫོང་སྟོབས་ཆེན་དང་། ཤང་འཁྲུག་ཆ་དོད་པ། གྲོང་ཚོ་བརྟན་ལྷིང”བཅས་ཀྱི་རིམ་གསུམ་མ་ལག་འཚོལ་ཞིབ་བྱས་ནས་བསྐྲུན་པ།“རྫོང་སྟོབས་ཆེན”ལ་དམིགས་ཏེ་སྣེ་འདྲེན་སྨན་ཁང་གི་སྟོབས་ཤུགས་ཆེ་རུ་བཏང་ཞིང་། རྫ་ཡུལ་རྫོང་མི་དམངས་སྨན་ཁང་གིས་དོས་དྲག་དང་འཇུ་བྱེད་སྡེ་ཁག་སོགས་གཙོ་གནད་སྡེ་ཁག་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། མཁལ་མ་གཡོན་མའི་གཤགས་བཅོས་དང་ཀ་ལི་གཤགས་ནས་དེའི་གནོན་ཤུགས་ཆུང་དུ་གཏོང་བའི་གཤགས་བཅོས་སོགས་ཛ་དྲག་དང་ཚབས་ཆེ་བའི་ནད་གཞི་སྨན་བཅོས་ཐེངས་དང་པོ་བྱས་ནས“ཀ་པ་རིམ་པ་གཉིས་པའི”ཕྱོགས་བསྡུས་སྨན་ཁང་གསར་གཏོད་དང་གདེང་འཇོག་ལས་དོན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཡོད་པ་རེད།“ཤང་འཁྲུག་ཏུ་གཏོང་བར”དམིགས་ཏེ་ཤང་འཕྲོད་བསྟེན་ཁང་གི་འགུལ་ནུས་གསར་པ་འཕེལ་བར་བྱས་ཤིང་། 2024ལོར་རྫ་ཡུལ་རྫོང་གི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་16སྤེལ་རོགས་བྱས་ཡོད། ཧྲེན་ཀྲེན་གྱི་ལྟེ་བའི་སྨན་ཁང་གསུམ་གྱིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་6ལ་ཁ་གཏད་རོགས་སྐྱོར་བྱེད་པར་མཐུན་སྦྱོར་བྱས་ཏེ། སྨན་ཁང་གིས་སྨན་ཁང་འགན་གཙང་ལེན་པ་དང་། རིགས་གཅིག་མཁས་ཅན་མངགས་གཏོང་བྱེད་པ། ནད་ཐོག་སློབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དོ་དམ་བྱེད་རོགས་དང་། སྣེ་ཁྲིད་བྱེད་རོགས། རོགས་སྐྱོར་བྱེད་རོགས་བཅས་བྱས་ཏེ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད་པ་རེད།“གྲོང་ཚོ་བརྟན་ལྷིང”ལ་དམིགས་ཏེ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཞབས་ཞུའི་འབྲེལ་ཐག་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་རྫོང་གྱིས“སྨན་པ་གཅིག་དང་སྨན་གཡོག་གཅིག”གཙོ་ཁྲིད་དུ་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁག་གི་ཆེད་བསྐོས་པ་དང་གྲོང་གསེབ་སྨན་པ་བྱེད་པོར་བྱས་པའི་ཁྱིམ་ཚང་སྐོར་ཞིབ་ཡན་ལག་རུ་ཆུང་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི་2.8ལ་གན་འཇོག་ཞབས་འདེགས་ཞུས་ཏེ་གྲོང་མིར་སྨན་བཅོས་ཀྱི་སྟབས་བདེའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་ཡོད། “གྲོང་ཚོའི་སྨན་པའི་ཞབས་ཞུའི་ལས་གནས”བཟོས་ནས་ས་གནས་དེ་ག་དང་གྲོང་ཚོ་དེ་གའི་གྲོང་ཚོའི་སྨན་པར་གཙོ་གནད་གསོ་སྐྱོང་བྱས་པ་དང་ཆབས་ཅིག་ལས་ཞུགས་མ་ཐུབ་པའི་སློབ་ཆེན་ཐོན་པའི་ཆེད་བསྐོས་པ་དང་སློབ་ཆེན་ཐོན་པའི་གྲོང་ཚོའི་སྨན་པ་བསྡུས་ཡོད་པ་རེད།“སྤྱི་འདོམས་དང་། དོ་དམ། མཐུན་སྦྱོར”བཅས་ཀྱི་ལམ་སྲོལ་ཁག་གསུམ་འཚོལ་ཞིབ་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ།མཐོ་གནས་སྤྱི་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་རྫོང་གིས་རྫོང་དཔོན་ཙུའུ་ཀྲང་དང་ལས་བགོས་རྫོང་དཔོན་གཞོན་པ་ཙུའུ་ཀྲང་གཞོན་པ་བྱས་པའི་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། དུས་བཀག་ལྟར་ཚོགས་འདུ་འཚོགས་ནས་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་ཏེ་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།ནང་ཁུལ་ཚོད་འཛིན་གྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་རྫོང་གྱིས《རྫ་ཡུལ་རྫོང་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་གྲུབ་འབྲས་དཔྱད་བསྡུར་གཏན་འབེབས་བགོ་བཤའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང《རྫ་ཡུལ་རྫོང་མི་དམངས་སྨན་ཁང་གི་བྱས་འབྲས་གླ་ཕོགས་དཔྱད་ཞིབ་བགོ་བཤའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཟོས་ཏེ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་འགན་འཁྲིའི་གསལ་ཐོ་བཟོ་བའི་རྨང་གཞིའི་ཐོག་སྡེ་ཚན་མང་པོའི་མཉམ་འབྲེལ་དཔྱད་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། དཔྱད་ཞིབ་བྱས་འབྲས་དེ་སྨན་བཅོས་ལས་ཁུངས་ཀྱི་ནོར་སྲིད་ཁ་གསབ་དང་། འགོ་ཁྲིད་ཚན་ཁག་བསྐོ་འཐེན། བྱ་དགའ་ཆད་གཅོད་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལམ་ལུགས་ལ་བརྟེན་ནས་མིར་དོ་དམ་བྱེད་པ་དང་། ལམ་ལུགས་ལ་བརྟེན་ནས་དོན་དག་ལ་དོ་དམ་བྱེད་པ། ལམ་ལུགས་ཅན་ལ་བརྟེན་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ལམ་སྲོལ་བཟང་པོ་ཞིག་ཆགས་པར་བྱས་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

༄༅།།བོད་ལྗོངས་ཀྱི་པར་ལེན་མཁན་མཁས་པས་གསའ་ཡི་བརྙན་པར་བླངས།

ཉེ་ཆར། བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་བསོད་ནམས་རིན་ཆེན་གྱིས་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་གཡུ་རྡོ་གྲོང་ཚོའི་ཉེ་འགྲམ་གྱི་བྲག་ངོས་ཁོངས་སུ་ཉིན་འགའི་རིང་ལ་རྗེས་འདེད་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་སྲོག་ཆགས་རྩ་ཆེན་གསའ་བདེ་བླག་ངང་པར་ལེན་ཐུབ་པ་རེད། སྲོག་ཆགས་འདི་རྙེད་པས་ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུ

ཁྲི་རལ་བ་ཅན་གྱིས་བཀའ་བསྟན་བསྒྱུར་པའི་སྐོར་ལ་མཛད་པའི་བཀས་བཅད་གསུམ་ནི་གང་དག་ཡིན།

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ཀྱི་རིག་གནས་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་། ཕྱིན་ཆད་བོད་འདིར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་པའི་སྡེ་བ་མི་འཛུགས་ཤིང་། དེ་དག་གི་སྡེ་སྣོད་མི་བསྒྱུར། སྔགས་མ་རྒྱུད་མི་བསྒྱུར། བྲེ་སྲང་དང་ཞོ་ཆ་སོགས་འཇལ་ཆས་རྣམས་རྒྱ་གར་མ་ག་ངྷའི་ཡུལ་གྱི་ཚད་ལ་མཐུན་པར་བྱེད་པ་བཅས་སོ། སྐབས་སྔོན་མ། མཐོ་སྒང་གི་དཔྱིད་དཔལ། མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་རྒྱས། སྐབས་རྗེས་མ། མེད།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་དྲུག་པ་བྱས་པའི་འབྲས་བུ》དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། བྱང་སྲིད་གཞུང2024ཨང51པ། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོའི་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོར། 《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་ཞུ་ཚགས་བྱ་ཐབས(ཞིང་ཆེན་སྲིད་གཞུང་གི་བཀའ་ཨང99པ)དང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི《ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་པའི་ལས་དོན་ཐེངས་དྲུག་པ་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》(མཚོ་སྔོན་ཁྲིམས་འཛིན2024ཨང47པ)བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཁུལ་སྲིད་གཞུང་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཞུ་ཚགས་ཞིབ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཡིག་ཆ་ཡོད་ཚད་ངེས་པར་དུ་ཞུ་དགོས་པ་དང་། ཞུས་པ་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ། ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བཅས་ཀྱི་རྩ་དོན་གཞིར་བཟུང་། 2022ལོའི་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་ལྔ་བྱས་པའི་འབྲས་བུ་གཞིར་བཟུང་སྟེ། 2022ལོའི་ཟླ7པའི་ཚེས1ཉིན་ནས2024ལོའི་ཟླ6པའི་ཚེས30ཉིན་བར། ཁུལ་ཡོངས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ110ལ་ཞིབ་བཤེར་དང་གཙང་བཤེར་ནན་ཏན་བྱས་པས། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་དང་དངོས་སྤྱོད་རང་བཞིན་འགན་ལེན་བྱས། ད་ལྟ་ཁུལ་རིམ་པའི་གཙང་བཤེར་འབྲས་བུ་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།  གཅིག ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པའི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ29(དཀར་ཆག་ཟུར་བཀོད2པ་དང་ཟུར་བཀོད4པ)སོར་འཇོག་བྱས་ནས་མུ་མཐུད་དུ་ནུས་པ་ཡོད། མུ་མཐུད་དུ་ནུས་པ་ལྡན་པའི་ཁུལ་སྲིད་གཞུང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆར་འཆར་ཟིན་བཀོད་པའི་སྡེ་ཁག་གམ་དེའི་འགན་ནུས་འཁུར་བའི་སྡེ་ཁག་གིས་ཡིག་ཆ་ལག་བསྟར་གནས་ཚུལ་ལ་གཞིགས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་དང་ཟུང་འབྲེལ་བྱས་ཏེ་འགུལ་རྣམ་དོ་དམ་ལག་བསྟར་བྱེད་དགོས་པ་དང་། ལག་བསྟར་བྱེད་རིང་གཙང་བཤེར་བྱེད་དགོས་ན། གཏན་འབེབས་ཀྱི་གོ་རིམ་ལྟར་དུས་ཐོག་ཏུ་བསམ་འཆར་ཁུལ་སྲིད་གཞུང་ལ་སྙན་སེང་ཞུ་དགོས། སྡེ་ཁག་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་འཆར་ཟིན་འགོད་མཁན་སྡེ་ཁག་གིས་བསམ་འཆར་བཏོན་རྗེས་གཙང་བཤེར་བྱེད་འགན་འཁུར་དགོས།གཉིས། ནང་དོན་གཙོ་བོ་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་ཀྱི་གཏན་འབེབས་དང་མི་འཚམ་པའམ་ཡང་ན་གོ་ཆོད་དུས་ཡུན་སླེབས་ཟིན་པའི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ15(དཀར་ཆག་ཟུར་བཀོད3པ)མེད་པར་བཟོ་རྒྱུ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མེད་པར་བཟོས་པ་དང་ནུས་པ་མེད་པ་ཁྱབ་བསྒྲགས་བྱེད་པ་ནི་བརྡ་སྦྱོར་འདི་ལག་བསྟར་བྱས་པའི་ཉིན་ནས་བཟུང་ལག་བསྟར་མི་བྱེད་པས། སྲིད་འཛིན་དོ་དམ་ལག་བསྟར་བྱེད་པའི་གཞི་འཛིན་སར་བརྩིས་མི་ཆོག བརྡ་སྦྱོར་འདི་དཔར་འགྲེམ་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།  ཟུར་ཡིག 1.  མཚོ་བྱང་ཁུལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་གྱི་སྤྱི་སྡོམ་རེའུ་མིག 2.  ཁུལ་སྲིད་གཞུང་གི་མུ་མཐུད་དུ་ནུས་པ་ལྡན་པའི(སོར་འཇོག)ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག3.  ཁུལ་སྲིད་གཞུང་གི་མེད་པར་བཟོས་པ་དང་ནུས་པ་ཤོར་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག4.  ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་མུ་མཐུད་དུ་ནུས་པ་ལྡན་པའི(སོར་འཇོག)ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆགམཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས། 2024ལོའི་ཟླ10བའི་ཚེས29ཉིན། ཡིག་ཆ་འདི་ཡོངས་བསྒྲགས་བྱས།  སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ། སྐབས་རྗེས་མ། མེད།

ཁུང་ཙིའི་གསུང་སྒྲོས་ལེའུ་གཉིས་པ། སྲིད་སྐྱོང་།(12)

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས།《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།ཙི་ཀུང་གིས་དམ་པའི་དོན་དྲིས་པ་ལ། ཁུང་ཙི་ན་རེ། དམ་པས་ཐོག་མར་སྒྲུབ་ལ་གྲུབ་རྗེས་སླད་མར་སྨྲའོ།子贡问君子。子曰:“先行其言而后从之。” སྐབས་སྔོན་མ། ཁུང་ཙིའི་གསུང་སྒྲོས་ལེའ་གཉིས་པ། སྲིད་སྐྱོང་།(11) སྐབས་རྗེས་མ། མེད།

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སྔར་ལས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས།

ཁྲིམས་སྐྱོང་གིས་རྨང་གཞི་བསྐྲུན་ན་རྒྱལ་ཁབ་བདེ་འཇགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་ཐུབ། ད་ལོ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་དང་ལག་བསྟར་བྱས་ནས་ལོ་འཁོར10ལོན་པ་ཡིན་ཞིང་། དེས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ལས་འགན་ཁག་ཁ་གསལ་བཟོས་ཡོད། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས། གཞི་གྲངས་བདེ་འཇགས་བཅའ་ཁྲིམས། ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས། གསང་ཉུལ་ལ་རྒོལ་བའི་བཅའ་ཁྲིམས་སོགས་མུ་འབྲེལ་ཁྲིམས་ལུགས་ཁྲིམས་སྲོལ་ཁྱབ་བསྒྲགས་ལག་བསྟར་བྱས་པ་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། ཉེན་ཁ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་མ་ལག རྒྱལ་ཁབ་འཕྲལ་བསྟུན་དོ་དམ་མ་ལག གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་མ་ལག ཆེད་དམིགས་གལ་ཆེན་གྱི་མཐུན་སྦྱོར་བཀོད་འདོམས་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་། དེ་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་ཁྲིམས་ཁྱབ་ལས་དོན་སྤེལ་བའི་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཀྱི་ལམ་སྲོལ་མ་ལག་མགྱོགས་མྱུར་ངང་བཙུགས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ནུས་པ་མངོན་གསལ་གསལ་གྱིས་ཇེ་ཆེར་གྱུར་ཡོད།བྱེད་ཐབས་མང་པོ་མཉམ་སྤྱོད་བྱས་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། “རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《ཆོད་དོན》ནང་བྲིས་ཡོད་ལ། བྱེ་བྲག་གི་ལག་ལེན་ནང་དུའང་དོན་འཁྱོལ་བྱས་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ནང་ཆབ་སྲིད་དང་དམག་དོན། རྒྱལ་ཁབ་མངའ་ཁོངས། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཚན་རྩལ། དྲ་རྒྱ། སྐྱེ་ཁམས། ཐོན་ཁུངས། ཉིང་རྡུལ་རིགས། ཕྱི་རྒྱལ་གྱི་ཁེ་ཕན། མཁའ་དབྱིངས། མཚོ་གཏིང་། གླིང་སྣེ། སྐྱེ་དངོས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། གནས་བབ་གསར་པའི་འོག་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་འཕྲད་པའི་འཇིགས་སྐུལ་དང་འགྲན་སློང་ཇེ་མང་དུ་སོང་བ་དང་། གནད་དོན་རྙིང་པ་ཡོད་ལ་ཉེན་ཁ་གསར་པའང་ཡོད་པས། ང་ཚོས་དུས་བསྟུན་མདུན་སྐྱོད་བྱས་ནས་འཐབ་རྩོད་ཁྲོད་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཉིས་མཉམ་འགུལ་ལེགས་པོ་ཐུབ་པར་ཁག་ཐེག་བྱེད་དགོས།རྒྱལ་ཁབ་བདེ་འཇགས་ནི་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ལ་བརྟེན་དགོས་ཤིང་། ཁྱེད་དང་ང་ལ་འབྲེལ་བ་དམ་ཟབ་ཡོད། ཡུན་ནན་མཐའ་མཚམས་གྱི“ས་མཚམས་རྡོ་རིང་གི་ཏང་གི་སློབ་ཁྲིད་ཆུང་བས”ས་སྲུང་མཐའ་སྲུང་སྐོར་བརྗོད་པ་དང་། ཧྲང་ཧའེ་ལུའུ་ཅ་ཙུའེ་ཡི་དངུལ་རྩའི་སྤྲོ་གླེང་གིས་དངུལ་རྩའི་བདེ་འཇགས་ལ་དོ་ཁུར་བྱེད་པའི་བར་དང་། ཡུལ་དངོས་ཚན་རིག་ཁྱབ་གདལ་ལ་དཔྱད་བསྡུར་བཏང་སྟེ་ཁ་བསླུས་ལ་རྡུང་རྡེག་བཏང་ནས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནས། དྲ་ཐོག་འཆད་ཁྲིད་ཀྱིས་ཆ་འཕྲིན་གསང་བ་ཕྱིར་ཤོར་བར་དོ་ཁུར་དང་འགོག་ཟོན་བྱས་ནས་དྲ་རྒྱའི་བདེ་འཇགས་སྲ་བརྟན་དུ་བཏང་སྟེ། ཐུན་མོང་ཐོག་སྣ་མང་ཞུགས་པའི་རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་ལག་ལེན་རྣམ་པ་གྲུབ་པར་བྱས་ཡོད། “རྒྱལ་ཁབ་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད”ཅེས་པ་དེ་སྦྱར་ཡིག་དང་འབོད་ཚིག་ནས་རང་རྟོགས་ཀྱི་འགུལ་སྐྱོད་དུ་བསྒྱུར་དགོས་ན། ང་ཚོ་མི་ཚང་མས་འགུལ་སྐྱོད་སྤེལ་ནས་ཚད་མཐའ་བརྩི་སྲུང་ནན་མོ་བྱས་ནས། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བྱེད་སྲིད་པའི་བྱེད་སྒོ་གང་རུང་དུ་ཞུགས་མི་རུང་བ་དང་། ང་ཚོས་མིག་གཉིས་གཙང་འབྱིད་བྱས་ཏེ། ཉེ་འགྲམ་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དོགས་ཟོན་བྱས་ནས། རང་རྟོགས་ངང་རྒྱལ་ཁབ་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་དགོས།བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། རྒྱང་སྐྱོད་གསར་པའི་སྟེང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་བྱང་ཚད་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ན། ད་གཟོད་གཞི་ནས་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་རྡོ་བྲག་རྡོ་ལྟར་སྲ་བརྟན་དུ་གཏོང་ཐུབ་པ་དང་། འཕེལ་རྒྱས་ཀྱི་འགྲུལ་བཞུད་ཐོག་རྒྱང་རིང་དུ་བརྟན་མོར་བསྐྱོད་ཐུབ། ང་ཚོས་ལག་གདང་སྦྲེལ་ནས་མཉམ་སྐྱོད་ཀྱིས་དོན་དངོས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དེ་སྤྱི་ཚོགས་ཡོངས་སུ་རྩ་བ་ཟུག་པ་དང་རྩེ་མོ་རྒྱས་སུ་བཅུག་སྟེ། རྒྱལ་ཁབ་ཡུན་རིང་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་སྲུང་སྐྱོབ་བྱེད་དུ་འཇུག་དགོས། །

ཁྲུང་ཆིང་གིས་དུས་ཚོད་དང་ལམ་ཐིག་གཏན་འཁེལ་གྱི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཐོག་མར་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་4ཚེས་20ཉིན་འབྱོར་པའི་གློག་འཕྲིན་གཞིར་བཟུང་། ཚེས་20ཉིན་གྱི་སྔ་དྲོར“ཁྲུང་ཆིང་གིས་བཟོས་པའི”འདུས་ཞག་གཏུབ་ལེབ་བྱུར་བུར་བླུགས་པའི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཞིག་ཁྲུང་ཆིང་མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་བབས་ཚུགས་ནས་དལ་གྱིས་ཐོན་ཞིང་། དེ་ནི་ཁྲུང་ཆིང་གིས་དུས་ཚོད་དང་ལམ་ཐིག་གཏན་འཁེལ་གྱི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་གཏོང་ཐེངས་ཐོག་མ་དེ་ཡིན་ཞིང་། སླད་ཕྱིན་ཟླ་རེར་ཐེངས་གཉིས་རྒྱུན་གཏན་ལྟར་གཏོང་རྒྱུ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཏང་བའི་དུས་ཚོད་དང་ལམ་ཐིགགཏན་འཁེལ་གྱི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཧོར་ཀོ་སི་འགག་སྒོ་བརྒྱུད་རྒྱལ་མཚམས་བསྒྲལ་ཏེ་ཧ་སག་སི་ཐན་བརྒྱུད་རྗེས་སྔོན་དཔག་བྱས་ན་ཉིན་12ཡས་མས་སུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་འབྱོར་རྒྱུ་ཡིན་ཞིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་4700ཙམ་ཡོད་པས་ནུབ་རྒྱུད་དང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དབར་གྱི་ཚོང་དོན་འགྲོ་འོང་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།ཁེ་ལས་ཀྱི་ཟོག་འགྲེམས་ཅིང་ལི་ལིན་ཀྲེན་གྱིས“དུས་གཏན་མེ་འཁོར་རྒྱུན་གཏན་ལྟར་འཁོར་སྐྱོད་བྱས་རྗེས། ང་ཚོའི་དངོས་ཟོག་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་ཕྱིར་གཏོང་བྱེད་པའི་སྐྱེལ་འདྲེན་དུས་ཚོད་ཐུང་དུ་དང་། སྐྱེལ་འདྲེན་དུས་འཁོར་བརྟན་དུ། སྒྲིག་སྦྱོར་བརྒྱུད་རིམ་དེ་བས་སྟབས་བདེ་རུ་བཅས་ཕྱིན་པ་དེས་ཁེ་ལས་ཀྱིས་ཨེ་ཤེ་ཡ་དབུས་མའི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་ཕན་ཐོགས་ཡོད”ཅེས་བཤད་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

ཉང་བྲན་ལུང་ཤུར་དཔྱིད་ཀྱི་སྤྲོ་བས་ཁེངས།

ཉེ་དུས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུད་ཀྱིས་གཙོ་གཉེར་བྱས་པའི་དཔྱིད་རིར་འཛེགས་ཞེས་པའི་བྱེད་སྒོ་དེ་ལྷ་སའི་ཉང་བྲན་ལུང་ཤུར་དུ་གཉེར། བྱེད་སྒོའི་ཐོག་སྙན་པའི་དབྱངས་ཀྱིས་དཔྱིད་དཔལ་གཉིད་ལས་སད་ཅེས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་དཔྱིད་ཀྱི་གསོས་སུ་སྨིན་ཞེས་པ། དཔྱིད་དང་འགྲོགས་ནས་སྣོད་བཅུད་ཉམས་སུ་མྱོང་ཞེས་པའི་བརྗོད་དོན་གཙོ་བོ་གསུམ་མཉམ་འདྲེས་ཀྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོར་དཔྱིད་དཔལ་གྱི་སྤྲོ་སྣང་ཉམས་སུ་མྱོང་དུ་བཅུག་ཡོད། བྱེད་སྒོའི་ཐོག་སྙན་པའི་དབྱངས་ཀྱིས་དཔྱིད་དཔལ་གཉིད་ལས་སད་ཅེས་པའི་རོལ་དབྱངས་འདུ་ཚོགས་ཐོག་དམངས་ཁྲོད་ཀྱི་གཡུག་འདེམ་རོལ་དབྱངས་དང་། ནང་མ་སྟོད་གཞས་དེ་བཞིན་ལོང་བའི་རོལ་ཚོགས་བཅས་ཀྱི་ངོ་ཚར་ཆེ་བའི་འཁྲབ་སྟོན་གྱིས་ཉང་བྲན་ལུང་ཤུར་གྱི་རི་ཀླུང་ཀུན་ཏུ་སྙན་པའི་དབྱངས་དང་འཇེབས་པའི་གླུ་སྒྲས་ཁེངས་པར་བྱས་ལ། ལྷག་པར་དུ་གཞོན་སྐྱེས་གཞས་མ་ཕུན་ཚོགས་ཆོས་སྒྲོན་གྱི་དཔྱིད་ཀྱི་དྲན་གླུ་ཞེས་པའི་རོལ་དབྱངས་འདུ་ཚོགས་ཐོག ཁོང་དང་ཀརྨ་བཀྲི་ཤིས་ཆོས་འབྱོར་གཉིས་ཀྱི་གླུ་གཞས་ཀྱིས་གཟིགས་མོ་བ་ཚོར་རྣ་བའི་གསོས་སུ་སྨིན་པའི་གླུ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། གཞོན་སྐྱེས་གཞས་མ་ཕུན་ཚོགས་ཆོས་སྒྲོན་གྱིས་གསར་འགོད་པར། དཔྱིད་རི་འཛེགས་ཞེས་པའི་བྱེད་སྒོའི་གོ་སྐབས་འདི་དང་བསྟུན་ནས་གཟིགས་མོ་ཚོར་ས་གནས་ས་ཐོག་ཏུ་རང་ཉིད་ནས་གླུ་གཞས་འབུལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད། གཞན་ཡང་མངོན་མིན་རིག་གནས་ཤུལ་བཞག་དཔྱིད་ཀྱི་གསོས་སུ་སྨིན་ཞེས་པ་དང་། དཔྱིད་དང་འགྲོགས་ནས་སྣོད་བཅུད་ཉམས་སུ་མྱོང་ཞེས་པའི་བརྗོད་དོན་བྱེད་སྒོས་ཀྱང་གྲོང་མི་དང་ཡུལ་སྐོར་བ་ཚོར་ས་གནས་ས་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་དང་ཞིམ་ཟས་ཉམས་སུ་མྱོང་བའི་སྤྲོ་སྣང་སྦྱིན་ཡོད། མདོར་ན། རྣ་ཤེས་ནས་མིག་ཤེས་དང་། ལྕེ་རྩེ་ནས་མཛུབ་རྩེའི་བར་བྱེད་སྒོའི་ཕྱོགས་གང་ས་ཅི་ཐད་ནས་དཔྱིད་དུས་ཀྱི་དགྱེས་སྟོན་ཆེན་པོའི་ཁྱད་ཆོས་ལྷག་ཏུ་མངོན་པར་བྱས་ཡོད།

སྒྱུར་བཅོས་ནུས་སྤྲོད་ཀྱིས་འབྲོག་ལས་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་པ།

ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་མངའ་རིས་ས་ཁུལ་སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྟོད་གྲོང་ཚོར་གྲང་ངར་ཆེ་མོད། འོན་ཀྱང་གྲོང་མི་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད། དེ་ནི་ཉིན་ཤས་གོང་རྒོད་ཚང་སྟོད་གྲོང་ཚོས་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་གྲོང་ཚོའི་དམངས་ཕྱུག་དམངས་ཕན་གྱི་དབུལ་སྐྱོར་མཉམ་ལས་ཁང་གི་2024ལོའི་མཉམ་སྡེབ་བགོ་འགྲེམས་བྱེད་སྒོ་སྤེལ་ནས་གྲོང་ཚོའི་ཡུལ་མིར་དྲོ་སྐྱིད་སྦྱིན་པས་རེད།“ན་ནིང་མཉམ་ལས་ཁང་ལ་ཡོང་འབབ་ཡག་པོ་བྱུང་ནས་ཁྱོན་སྒོར་ཁྲི་438.23བགོས་ཡོད། དངུལ་སྨར་ཕུད་ང་ཚོས་ད་དུང་ཚོགས་མི་རེར་ལུག་3དང་། ར་2 མར་རྒྱ་མ་10 ཕྱུར་བ་རྒྱ་མ་8བཅས་བགོས་ཏེ་ཚང་མར་འབྲོག་ཁུལ་སྒྱུར་བཅོས་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་པར་བྱས་ཡོད”ཅེས་མཉམ་ལས་ཁང་གི་ཅིང་ལི་སངས་རྒྱས་སྲི་ཆོས་ཀྱིས་ངོ་སྤྲོད་བྱས།2020ལོར་སྒར་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རྒོད་ཚང་སྟོད་གྲོང་ཚོའི་འབྲོག་ཁུལ་གྱི་ཚོད་ལྟའི་སྒྱུར་བཅོས”ཀྱི་བསམ་ཕྱོགས་གསར་གཏོད་བྱས་ནས་བཏོན་པ་དང་ཆབས་ཅིག་2021ལོའི་ལོ་མཇུག་ཏུ་དངོས་སུ་ལག་ལེན་བྱེད་འགོ་ཚུགས་ཡོད། དེ་ནས་བཟུང་རྒོད་ཚང་སྟོད་གྲོང་ཚོ་དེ་འཕེལ་རྒྱས་ཀྱི“མགྱོགས་ལམ”ཐོག་བསྐྱོད་ནས་མཉམ་སྡེབ་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཐད་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།རྒོད་ཚང་སྟོད་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་དགྲ་འདུལ་གྱིས་འབྲོག་ཁུལ་སྒྱུར་བཅོས་ལས་དོན་སྤེལ་ཚུན་སྒར་རྫོང་གིས་སྔ་རྗེས་སུ་ཁོང་ཚོའི་གྲོང་ཚོར་ཁུལ་ལྡན་ར་དཀར་པོའི་གསོ་ཚགས་ར་བ་དང་། ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ ཚགས་ཤ་སྐམ་པོའི་བཟོ་གྲྭ་དང་དེ་བཞིན་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཕྱིར་ཚོང་ས་ཚིགས་ཀྱི་གྲང་ཉར་མཛོད་ཁང་འཛུགས་སྐྲུན་སོགས་རྣམ་གྲངས་མང་པོ་ལག་བསྟར་བྱས་ཡོད། རྣམ་གྲངས་དེ་དག་གཞིས་ཆགས་པ་ལས་སྔོན་ཆད་རྒོད་ཚང་སྟོད་གྲོང་ཚོའི་གྲོང་མིས་ཕྱུགས་ལས་ཐོན་རྫས་སིལ་མ་སེང་གེ་ཁ་འབབ་གྲོང་རྡལ་དུ་ཁྲོམ་བཏོན་ནས་འཚོང་བའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད།མིག་སྔའི་བར་གྲོང་ཚོ་ཡོངས་སུ་དུད་ཚང་72ཀྱི་མི་214ཡིས་ཕྱུགས་ཟོག་དང་ངལ་ནུས་མ་རྐང་ནང་ཞུགས་པའི་རྣམ་པར་བརྟེན་ནས་མཉམ་ལས་ཁང་ནང་ཞུགས་པ་རེད།གྲོང་མི་འཕྲིན་ལས་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། “ལོ་བཞི་ཡི་གོང་མཉམ་ལས་ཁང་འཛུགས་སྐབས་ངས་ཁྱིམ་གྱི་ལུག་80དང་འབྲི་གཡག་2འཁྲིད་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དེ་ནི་ངས་བྱས་པའི་བྱ་བ་ཡག་ཤོས་དེ་རེད་འདུག ལོ་ཁ་ཤས་སོང་རིང་མཉམ་ལས་ཁང་གི་ཡོང་འབབ་ལོ་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ནས། ལོ་ལྟར་ཁེ་སྤོགས་མི་ཉུང་བ་ཞིག་བྱུང་བ་དེ་སྔོན་ཆད་ཁེར་རྐྱང་དུ་སྒྲུབ་པ་ལས་ལྡབ་ཁ་ཤས་ཀྱིས་ཡག་པ་འདུག”འཕྲིན་ལས་ཀྱིས་འབྲོག་ཁུལ་སྒྱུར་བཅོས་ལ་ཁས་ལེན་བྱེད་ཀྱིན་སེམས་འགུལ་ཆེན་པོས་དེ་ལྟར་བཤད།རྒོད་ཚང་སྟོད་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ཀྱིས་ཐོག་མཐའ་བར་གསུམ་དུ“མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ནས་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི”རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྣ་མང་གི་འབབ་འཕར་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། འབྲོག་ཁུལ་སྒྱུར་བཅོས་གོ་སྐབས་སུ་བྱེད་པ། མཉམ་ལས་ཁང་གི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་འཛུགས་པ་བཅས་བྱས་ཏེ་ཡུག་རྩྭ་དང་མུག་ཤོད་སོགས་སྔོ་རྩྭ་འདེབས་འཛུགས་གཞི་ཁྱོན་ཅན་གྱི་སྒོ་ནས་འཕེལ་རྒྱས་བཏང་ཡོད། དེ་དང་ཆབས་ཅིག་ནོར་ལུག་གི་ཁུ་ལུ་གཅིག་སྡུད་འཚོང་བ་དང་བཟོ་རྩལ་མཁས་པ་སྔོག་འདོན་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་མི་ཚོའི་ཡོང་འབབ་ཡོང་ཁུངས་དེ་བས་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཡོད།དེང་གི་རྒོད་ཚང་སྟོད་གྲོང་ཚོར་འབྲོག་ཁུལ་སྒྱུར་བཅོས་ཀྱི་སྐུལ་འདེད་ནུས་ལྡན་འོག་འབྲོག་ལས་ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གྲོང་མི་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ཏེ་སྒྱུར་བཅོས་ཀྱི་དཔྱིད་རླུང་ཁྲོད་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད་པ་དང་། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་མཛེས་རིས་ཤིག་ཞིག་དལ་བུར་མངོན་བཞིན་ཡོད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

ཞོགས་པའི་ཇ་ཡུན་གསར་འགྱུར།

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།གསར་འགྱུར་གལ་ཆེན།རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྒྱ་ཁྱོན་མུའུ་དུང་ཕྱུར1.2ལས་བརྒལ་བ་དང་། “ལྔ་བཅུ་བཞིའི”སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་སྔོན་དཔག་གི་དམིགས་ཚད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད།ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས10.9%འཕར་ནས། བཟོ་ལས་ཐོན་སྐྱེད་ཧྲིལ་པོའི་བརྒྱ་ཆའི་གྲངས3.5འཕར་བར་སྐུལ་ཁྲིད་བྱས་ཡོད།སྡོམ་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་དྲ་ཐོག་གི་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར36242ཟིན་པ་དང་། དུས་མཚུངས་ལས་7.9%འཕར་ཡོད།ཉིན་ཤས་གོང་། སློབ་གསོ་པུས2024ལོའི་སློབ་ཆེན་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཐོ་འགོད་སྙན་སེང་དང་མཆན་འགོད་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་ཆེན་དུ་ཆེད་ལས་གནས་སྡོམ་པས1839གསར་སྣོན་བྱས་ཡོད།མི་སྤྱི་པུ་དང་། ནོར་སྲིད་པུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་བཅས་སྡེ་ཁག་གསུམ་གྱིས་ཉེ་ཆར《ལས་ཤོར་འགན་བཅོལ་གྱི་ལས་བརྟན་དམངས་ཕན་སྲིད་ཇུས་ཀྱི་བྱེད་ཐབས་རྒྱུན་མཐུད་ངང་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། ཁེ་ལས་ཀྱིས་ལས་གནས་བརྟན་པོར་ཡོང་བར་རྒྱབ་སྐྱོར་དང་། ངལ་རྩོལ་པའི་རྩལ་ནུས་མཐོ་རུ་གཏོང་རོགས་བྱས་ཏེ། ལས་ཤོར་འགན་ལེན་གྱི་མ་མཐའ་འགན་སྲུང་བྱས་ཡོད་པ་རེད།རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་སྡོམ་རྩིས་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོའི་དངོས་ཟོག་ཉོ་ཚོང་རྣམ་གྲངས་འོག་གི་རྒྱལ་མཚམས་བརྒལ་བའི་མ་དངུལ་ཨ་སྒོར་དུང་ཕྱུར2063ཟིན་པ་དང་། དུས་མཚུངས་ལས་ལྡབ1.2འཕར་ཡོད།2025ལོའི་དུས་ཚིགས་དང་པོའི་དུས་མཇུག་བར། རང་རྒྱལ་དངུལ་ཁང་གི་རྒྱུ་ནོར་བདག་གཉེར་ཐོན་རྫས་རྒྱུན་མཐུད་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི29.14ཟིན་པ་དང་། དུས་མཚུངས་ལས་9.41%འཕར་ཡོད།ཧྲིན་ཀྲོའུ་ཨང་རྟགས་ཉི་ཤུ་པའི་ལས་འགན་ཚེས22ཉིན་འཕེན་གཏོང་མ་བྱས་གོང་གི་ས་ཁུལ་ཡོངས་ཀྱི་མཉམ་སྡེབ་སྦྱོང་བརྡར་མཐའ་མ་ལེགས་འགྲུབ་བྱུང་བ་དང་། འཕེན་གཏོང་ཁུལ་གྱིས་འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ཚང་མ་བྱས་ཚར་ཡོད།ཚེས22ཉིན་ཕྱི་འབྲེལ་པུས་འབར་མ་སྲིད་གཞུང་དང་འབར་མའི་བྱང་རྒྱུད་ཀྱི་རྨེན་ཏི་ཝུའུ་ཀུའོ་ཧོ་མནའ་མཐུན་དམག་དཔུང་ཁུན་མིང་ཞི་བའི་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་ཆེད། ཕྱོགས་གཉིས་པོའི་ཐུན་མོང་ཐོག་གདན་ཞུས་ལྟར། ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར་དམག་མཚམས་འཇོག་པའི་ལྟ་སྐུལ་ཚོགས་ཆུང་འབར་མའི་ལ་ཧྲུའུ་རུ་མངགས་ནས། འབར་མའི་དམག་དཔུང་དང་ཀོ་ཀན་མནའ་མཐུན་དམག་དཔུང་གིས་དམག་མཚམས་འཇོག་རྒྱུར་ལྟ་སྐུལ་བྱས་ཏེ། ལ་ཧྲུའུ་གྲོང་ཁུལ་བདེ་བླག་ངང་རྩིས་སྤྲོད་བྱེད་པར་བདེན་དཔང་བྱ་རྒྱུ་ཡིན་ཞེས་བཤད།ཚེས22ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྔོན་དཔག་བྱས་ན2025ལོར་ཨ་རིའི་དཔལ་འབྱོར་འཕར་ཚད་དེ་1.8%བར་ཇེ་དལ་དུ་འགྲོ་རྒྱུ་ཡིན་པ་དང་། ཟླ1པའི་སྔོན་དཔག་རིན་ཐང་ལས་བརྒྱ་ཆའི་གྲངས0.9ཡིས་དམའ་རུ་སོང་ཡོད་ལ། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ཁྲོད་མར་ཆག་ཚད་ཆེས་མཐོ་ཤོས་རེད།སྤྱི་ཚོགས།ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་ཚེས22ཉིན་མཉམ་འབྲེལ་ཐོག་ཆུ་ལོག(ཤྭ་འོད)གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་བཏང་བ་སྟེ། སྔོན་དཔག་བྱས་ན་ཚེས22ཉིན་གྱི་ཆུ་ཚོད20ནས་ཚེས23ཉིན་གྱི་ཆུ་ཚོད20བར། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག(ཤྭ་འོད)གི་གནོད་འཚེ་ཐོན་སྲིད་པ་དང་། དེའི་ནང་ས་ཁུལ་ཁ་ཤས་ལ་ཆུ་ལོག(ཤྭ་འོད)གི་གནོད་འཚེ་ཐོན་པའི་སྲིད་ཕྱོད་ཅུང་ཆེ།ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཐེངས་ཁྲི83.4དང་ལེན་བྱས་པ་དང་། དེའི་ནང་ཐེར་འདོན་ཞུ་གཏུག་རིགས་ཀྱི་ཡིག་བསྐུར་ངོ་བཅར་ཐེར་འདོན་ཐེངས་གྲངས་ཁྲི་23.1ཟིན་ཡོད།ཉིན་ཤས་གོང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་ཐོག་ནས། ཀྲུང་དབྱང་རྩ་འཛུགས་པུར་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚན་སྐོར་གྱི་དེ་སྔའི་ཚན་གཙོ་ལི་ཀང་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས།ཚེས23ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ལི་ཕེང་ཞིན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལི་ཕེང་ཞིན་ལ་སྲོག་ཁྲིམས་བཅད་པ་དང་། ལོ་གཉིས་ལ་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱེད་རྒྱུ་རེད།གློག་བརྙན་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།《ནོ་ཊས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གསང་ལྡེ་དུས་འགྱངས་ཐེངས་གསུམ་པ་བྱས་ནས་ཟླ5ཚེས31ཉིན་བར་རིང་དུ་གཏོང་བ་དང་། ཟླ4ཚེས22ཉིན་བར། གོ་ལ་ཧྲིལ་པོའི་སྤ་སེ་བཙོང་ཚད་དུང་ཕྱུར157ལས་བརྒལ་ཡོད་པ་རེད།གྲངས་གཞི་ལས་མངོན་པར། 2024ལོར་རང་རྒྱལ་གྱི་མུ་འབྲེལ་མགྲོན་བྲང་གི་ཁྲོམ་ར་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། མུ་འབྲེལ་མགྲོན་བྲང་གི་གྲངས་འབོར་དུས་མཚུངས་ལས་ཁྲི31.61འཕར་བ་དང་། འཕར་ཚད4.68%ཟིན་ཡོད།རང་རྒྱལ་གྱི་རིག་དངོས་ལས་རིགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་དང་པོ་སྟེ《ཀྲུང་གོའི་རིག་དངོས་ལོ་རྒྱུས》ཉེ་ཆར་རིག་དངོས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད།ཚེས22ཉིན་གྱི་སྔ་དྲོར། ཀྲུང་གོ་ཆུ་རྐྱལ་མཐུན་ཚོགས་སྐབས་དྲུག་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། ཀྲོའུ་ཅི་ཧུང་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།ཀྲེ་ཅང་ཧྲའོ་ཞིན་གྱི་བུ་མོ་ཞིག་སེམས་ཆུང་མ་བྱས་པར་ཆུའི་ནང་དུ་ལྷུང་བ་དང་། ལོ13ཡིན་པའི་ཁྲེན་ཁའེ་ཞོན་དང་ལོ་8ཡིན་པའི་ཁྲེན་ཁའེ་ཞང་གཉིས་ལམ་དུ་འགྲོ་སྐབས་མཐོང་རྗེས། གཅིག་གིས་གློག་རྡུལ་ཆུ་ཚོད་ཐོག་ནས་ཁ་པར་ཉེན་བརྡ་བཏང་བ་དང་། གཅིག་གིས་ཁྱིམ་མཚེས་སྐྱོབ་རོགས་ལ་བོས་པས། མཐར་ཚང་མས་རོགས་རམ་འོག་བུ་མོ་དེ་བསྐྱབས།སྲིད་ཇུས།པེ་ཅིང་གིས2025ལོར་གྲོང་ཁྱེར་དེ་གའི་ཐེམ་ཐོ་ཡིན་པའི་སློབ་ཆུང་མཐར་ཕྱིན་སློབ་མས་དང་བླངས་ཀྱི་གནས་གཞིར་བཟུང་སློབ་ཞུགས་བྱེད་པ་དང་། མིང་ཐོ་འགོད་མཁན་སློབ་མ་བསྡུ་བའི་མི་གྲངས་ལས་ཉུང་བའི་དམའ་རིམ་སློབ་འབྲིང་དུ་ཐག་ཉེ་སར་ཐོ་འགོད་བྱས་ནས་སློབ་ཞུགས་བྱ་རྒྱུ་གསལ་བོར་བཏོན།ཧེ་ལུང་ཅང་གིས་ཞིབ་སྲོལ་པར་འགྲེམས་བྱས་ནས2025ལོར་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གསར་སྒྱུར་བྱེད་པར་རླངས་འཁོར་རེར་ཁ་གསབ་སྒོར་ཁྲི11.8ཟིན་ཡོད།ཧྲན་ཏུང་ཆིང་ཏའོ་ཡིས་བུ་ཕྲུག་མང་པོའི་ཁྱིམ་ཚང་གི་ཁང་པ་ཉོ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཆ་རྐྱེན་དང་མཐུན་པ་མ་ཟད་2025ལོའི་ཟླ4ཚེས1ཉིན་ནས2026ལོའི་ཟླ6ཚེས30ཉིན་བར། གྲོང་ཁྱེར་དེ་གར་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་ཉོས་ཚེ། ཕྲུ་གུ་གཉིས་དང་ཕྲུ་གུ་གསུམ་ཅན་གྱི་ཁྱིམ་ཚང་ལ་སོ་སོར་སྒོར་ཁྲི5དང་སྒོར་ཁྲི10ཡི་ཁང་པ་ཉོ་བའི་ཁ་གསབ་སྟེར་རྒྱུ་རེད།དེ་རིང་གི་གནམ་གཤིས།ཞིན་ཅང་གི་ཐེན་ཧྲན་རི་བོའི་ནུབ་རྒྱུད་དང་། ཞིན་ཅང་ལྷོནན་ཅང་གི་ནུབ་རྒྱུད་རི་ཁུལ། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧུའུ་ནན་གྱི་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུ་ཅན། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཀོང་ཞི། ཁྲོན་ནུབ་ས་མཐོའི་ཤར་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། སྐབས་སྔོན་མ། ཞོགས་པའི་ཇ་ཡུན་གསར་འགྱུར། སྐབས་རྗེས་མ། མེད།

རླངས་འཁོར་ཤར་གཏོང་ཐུབ་ལ་ཉེ་བ།

ཉེ་ཆར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ཟླ་དང་པོའི་ཚེས7ཉིན་བོད་ལྗོངས་དིང་རིར་ས་ཡོམ་རིམ་པ6.8བརྒྱབ་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས། རྒྱལ་ལམ349རྒྱུད་ཀྱི་གཞིས་རྩེ་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན(བསྡུས་མིང་ལ་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན་ཟེར)ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ནས་ལམ་བཀག་པས། རླངས་འཁོར་སྐྱོད་ཆོག་གི་མེད་ལ། སྐབས་དེར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཟམ་པའི་འཁྲིས་སུ་ལྕགས་ཟམ་ཞིག་བསྐྲུན་རྒྱུའི་འཆར་གཞི་བཟོས་ཡོད། ཉེ་དུས་ཨར་ལས་བཟོ་སྐྲུན་ལེགས་པར་བྱས་པ་བརྒྱུད། མིག་སྔར་ལས་གྲྭ་ཡོངས་ཀྱི90%ལེགས་པར་འགྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ལ་ཉེ། བོད་ལྗོངས་ལྷ་རྩེའི་ཡར་ཀླུང་ཟམ་ཆེན་གྱི་སྐབས་འཕྲལ་ལྕགས་སྒྲོམ་ཟམ་ཆེན་ཨར་སྐྲུན་གྱི་ཡུལ་དངོས། ཟླ་དང་པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ལ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་པ་དང་། ས་ཡོམ་གྱིས་དིང་རི་དང་། ལྷ་རྩེ། ས་སྐྱ། ས་དགའ། གཏིང་སྐྱེས་སོགས་རྫོང5ལ་ཤུགས་རྐྱེན་ཐེབས་ནས་མི་ཁྲི6.15ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྩེའི་ཡར་ཀླུང་ཟམ་ཆེན་ནི་ལྷ་རྩེ་རྫོང་གི་ཕྱི་རོལ་གྱི་སྤྱི་ལེ5ཡི་ཡར་ཀླུང་གཙང་པོའི་སྟེང་དུ་བསྐྲུན་ཡོད་ཅིང་། རིང་ཚད་ལ་སྨི205ཡོད་པ་དེ་ནི་དབྱིན་ཡིག་གི་གསལ་བྱེདTཡི་དབྱིབས་སུ་མངོན་པའི་ཟམ་པ་ཞིག་ཡིན་ལ། དེ་གཞིས་རྩེ་དང་ས་དགའ། ངམ་རིམ། མངའ་རིས་སོགས་བར་གྱི་འགྲིམ་འགྲུལ་འགག་མདོ་གལ་ཆེན་ཞིག་དང་། གཙང་པོའི་ཕ་རོལ་གྱི་ཞིང་འབྲོག་མང་ཚོགས་ལྷ་རྩེར་འགྲོ་ན་ངེས་པར་དུ་བརྒྱུད་དགོས་པའི་ཟམ་པ་ཞིག་ཀྱང་རེད། བོད་ལྗོངས་ཀྱི་དིང་རིར་ས་ཡོམ་རིམ་པ6.8བརྒྱབ་རྗེས། ལྷ་རྩེའི་ཡར་ཀླུང་ཟམ་ཆེན་གྱི་ཆེད་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད། ཟམ་པ་དེ་ཉིད་ཉེན་ཁ་ཆེ་བའི་ཟམ་པར་གཏན་འཁེལ་བྱས་པ་དང་། དེ་རྗེས་འཕྲལ་དུ་ལམ་བཀག་ནས་འགྲོ་སྐྱོད་བྱེད་མི་ཆོག་པར་བྱས་ཤིང་། སྤྱི་ཚོགས་ཡོངས་སུ་ལམ་ཇི་ལྟར་སྐོར་ནས་འགྲོ་ཚུལ་ཡོངས་བསྒྲགས་བྱས་པར་མ་ཟད་ཟམ་པ་བསྐྱར་སྐྲུན་གྱི་ཇུས་གཞི་བཟོས། བགྲོད་ལམ་ཤར་གཏོང་ལ་ཚད་བཀག་མི་ཐེབས་པའི་ཆེད་དུ། འགྲིམ་འགྲུལ་སྡེ་ཚན་གྱིས་ས་གནས་དེ་གར་སྐབས་འཕྲལ་གྱི་ཤར་བགྲོད་འགན་ལེན་གྱི་ལྕགས་སྒྲོམ་ཟམ་པ་ཞིག་བསྐྲུན་རྒྱུ་ཐག་གིས་བཅད། ལྷ་རྩེ་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་གནས་སྐབས་རང་བཞིན་གྱི་ལྕགས་སྒྲོམ་ཟམ་ལས་གྲྭའི་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་དང་། གཞིས་རྩེའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ལྷ་རྩེ་བདག་སྐྱོང་དུམ་བུའི་འགོ་འཛིན་གཞོན་པ་ཚེ་བསྟན་བསམ་འགྲུབ་ཀྱིས་ཨར་ལས་མི་སྣས་ནུས་ཤུགས་ཡོད་རྒུ་བཏོན་ནས། ལྕགས་སྒྲོམ་ཟམ་དུས་ལྟར་ལེགས་འགྲུབ་བྱས་རྗེས། གང་མགྱོགས་ངང་བེད་སྤྱོད་གཏོང་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་།