ཞི་ཅིན་ཕིང་གིས་སེ་ནེ་ཀལ་གྱི་ཙུང་ལིར་མཇལ་འཕྲད་གནང་།

ཟླ6པའི་ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པའི་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁི་ལ་མཇལ་འཕྲད་གནང་།ཟླ6པའི་ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་སུ་ཞུགས་པའི་སེ་ནེ་ཀལ་གྱི་ཙུང་ལི་

སྒོ་འབྱེད་མཉམ་ལས། ལྗང་མདོག་འཕེལ་རྒྱས།——2025ལོའི་མཚོ་སྔོན་ཚོང་ཚོགས་ཀྱི་ངོ་མཚར་ཉམས་སྣང་།

ཨའོ་མོན་གྱི་ཟས་རིགས་ཐོན་རྫས་མཚོ་སྔོན་ཚོང་ཚོགས་སྟེང་ཞུགས་པ།ཨ་ཧྥུ་ཧན་ནས་ཡོང་བའི་འགྲེམས་ཚོང་པས་རྒྱལ་ནང་གི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རྒྱུས་ལོན་བྱེད་བཞིན་པ།  མོ་ཞི་ཁོའི་འགྲེམས་ཁང་དུ་ལས་དོན་མི་སྣས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་སྒྲིག་བཞིན་པ།འགྲེམས་སྟོན་ལ་ཞུགས་པའི་ཚོང་པས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་བཞིན་པ།འ

༄༅། །སྒྲུང་གཏམ་གྱི་དྲིན་གཟོ་བ།

༄༅། །སྒྲུང་གཏམ་གྱི་དྲིན་གཟོ་བ།བཀྲ་བྷས་བརྩམས།ཆོས་དབྱིངས་རྒྱ་མཚོས་བསྒྱུར།གླེང་སློང་བའི་གཏམ།       བཤད་ཡོང་ན་ཧ་ཅང་ངོ་ཚ་དགོས་པ་ཞིག་སྟེ། སྒྲུང་གཏམ་ལ་འབྲེལ་འདྲིས་བྱུང་ནས་ལོ་ངོ་སུམ་ཅུ་ལྷག་འགོར་བའི་རིང་དུ། སྤྱིར་ན་སྒྲུང་གཏམ་བརྒྱད་ཅུ་ལྷག་སྤེལ་མྱོང་བ་དང་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་འགའ་ཞིག་ཀྱང་པར་དུ་བསྐྲུན་མྱོང་མོད། འོན་ཀྱང་། ང་རང་སྒེར་ངོས་ནས་བསམས་ན། གསར་རྩོམ་

༄། མཆོག་གྱུར་མཆོག་ལ་བསྟོད་པ་དད་འདུན་ཡིད་ཀྱི་ཉི་ཟེར།

ལུམྦིའི་ཚལ་དུ་སྐུ་བལྟམས་ཚུལ།མཛེས་ལྷུན་ཆགས་ཀྱི་རྩེ་ཁ་འདེད་པའི། །གནས་མ་གྷ་ཡི་མཚུངས་མེད་ནོར་བུ། །ཐུགས་ཡ་མཚན་གྱི་རྐང་གཉིས་གཙོ་བོ། །དོན་སྙིང་རྗེ་ཡི་སྐྱེས་བུ་དྲན་ནོ། །ལས་བསམ་དཀར་གྱི་ཚོགས་གཉིས་རྫོགས་པའི། །འཛུམ་མེ་ཏོག་གི་དྲོད་ཁོལ་དབུས་ནས། །དཔའ་སྙིང་སྟོབས་ཀྱི་ཡིད་འོང་དགྱེས་པའི། །གཞོན་མཚུངས་མེད་ཀྱི་སྲས་པོ་དྲན་ནོ། །རྩལ་ཐོགས་མེད་ཀྱི་དཔལ་མཛངས་ངང་ནས། །བྱམས་སྙིང་རྗེ་ཡི་པད

མཐོ་རྒྱུཊ་ཀྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་སོཊ་བསྒྲཊ་འདུག

ཚེས10ཉིན། པེ་ཅིང་དང་། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་སོགས་ས་ཁུལ་གྱི་མཐོ་རྒྱུགས་ཀྱི་ཉིན་མཐའ་མའི་རྒྱུགས་ལེན་མཇུག་འགྲིལ་བ་དང་བསྟུན་ནས2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་མཇུག་འགྲིལ་ཡོད།                ཡིག་རྒྱུགས་མཇུག་འགྲིལ་རྗེས། རེ་འདུན་རེའུ་མིག་ག་དུས་འགོད་དགོས་པ་དང་། རྒྱུགས་སྤྲད་ཚར་རྗེས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ་ཞེ་ན། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ནས་

བོད་ལྗོངས་ཀྱི2025ལོའི་མཐོ་རྒྱུགས་ཀྱི་སློབ་བསྡུའི་སྐར་གྲངས་ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས24ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་གླིང་ནས་ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བསྡུ་ལེན་གྱི་ཆེས་དམའ་བའི་ཚོད་འཛིན་སྐར་གྲངས་དང་རྒྱུགས་སྤྲོད་སློབ་མའི་རྒྱུགས་སྐར་ཟླ6པའི་ཚེས25ཉིན་ཀྱི་ཆུ་ཚོད12:00སྟེང་ཁྱབ་བསྒྲགས་བྱས།རྒྱུགས་སྤྲོད་སློབ་མས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་སློབ་བསྡུ་ཆ་འཕྲིན་འདྲི་རྩད་མ་ལག་དང“བོད་ལྗོངས་ན་གཞོན”འཕྲིན་སྟེགས། སྐད་འཕྲིན་ཞབས་ཞུའི་ཨང་གྲངས“བོད་ལྗོངས་སློབ་གསོ་ཡིག་རྒྱུགས་སློབ་བསྡུ”སྦྲེལ་བ་སོགས་བརྒྱུད་ནས་སྐར་གྲངས་འདྲི་རྩད་བྱས་ཆོག རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་བོད་ལྗོངས་སློབ་གསོ་ཡིག་རྒྱུགས་གླིང་གི་གཞུང་ཕྱོགས་དྲ་བ་དང་གཞུང་ཕྱོགས་འཕྲིན་སྟེགས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཆ་འཕྲིན་ངོས་འཛིན་བྱས་ཏེ་གཞུང་ཕྱོགས་མིན་པའི་ཆ་འཕྲིན་གང་རུང་ལ་ཡིད་ཆེས་མི་བྱེད་རོགས། །བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་སློབ་བསྡུ་ཆ་འཕྲིན་འདྲི་རྩད་མ་ལགདྲ་ཚིགས། http://xxcx.zsks.edu.xizang.gov.cn:8082“བོད་ལྗོངས་ན་གཞོན”འཕྲིན་སྟེགས།སྐད་འཕྲིན་ཞབས་ཞུའི་ཨང་གྲངས“བོད་ལྗོངས་སློབ་གསོ་ཡིག་རྒྱུགས་སློབ་བསྡུ”སྦྲེལ་བ།(དོ་ཁུར→ཞབས་ཞུ→རྒྱུགས་སྤྲོད་སློབ་མ་སྦྲེལ་བ)བོད་ལྗོངས་སྲིད་དོན་ཞབས་ཞུ་དྲ་བ།དྲ་ཚིགས། https://www.xzzwfw.gov.cn

མཐོ་སློབ་སློབ་བསྡུའི་མཚོ་སྔོན་གྱི་སྐར་གྲངས་ཚད་གཞི་ཁྱབ་བསྒྲཊ་བྱས།

ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད། 2025ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭས་མཚོ་སྔོན་ཞིང་ཆེན་ནས་སློབ་མ་བསྡུ་བའི་རིགས་ཚན་ཁག་དང་དེ་བཞིན་རིམ་པ་ཁག་གི་སློབ་བསྡུའི་སྐར་གྲངས་ཚད་གཞི་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར་ཏེ།ལོ་རྒྱུས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(རྒྱལ་ཁབ་དང་ས་གནས་ཀྱི་ཆེད་དམིགས་འཆར་འགོད། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་འཆར་འགོད། སྤྱིར་བཏང་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭ་བཅས་ཚུད)ཡི་སྐར་གྲངས་ཚད་གཞི་ནི། སྐར་མ་405ཡིན། དམིགས་བསལ་རིགས་ཀྱི་སློབ་བསྡུའི་སྐར་གྲངས་ཚད་གཞི་ནི། སྐར་མ་450ཡིན། དམག་དོན་སློབ་གྲྭ་དང་མཁའ་དམག་གི་གནམ་གྲུ་གཏོང་མཁན། རྨང་བརྟན་འཆར་འགོད་དང་བླང་བྱ་གཞན་པ་ཡོད་པའི་སློབ་གླིང(ཆེད་ལས)འཆར་འགོད་ཀྱི་སློབ་མའི་སྐར་གྲངས་ངེས་པར་དུ་ཚད་ཐིག་འདིར་སླེབས་དགོས། མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་150ཡིན།དངོས་ཁམས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(རྒྱལ་ཁབ་དང་ས་གནས་ཀྱི་ཆེད་དམིགས་འཆར་འགོད། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་འཆར་འགོད། སྤྱིར་བཏང་གི་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭ་ཚུད)ཡི་སྐར་གྲངས་ཚད་གཞི་ནི། སྐར་མ་350ཡིན། དམིགས་བསལ་རིགས་ཀྱི་སློབ་བསྡུའི་སྐར་གྲངས་ཚད་གཞི་ནི། སྐར་མ་420ཡིན། དམག་དོན་སློབ་གྲྭ་དང་མཁའ་དམག་གི་གནམ་གྲུ་གཏོང་མཁན། རྨང་བརྟན་འཆར་འགོད་དང་བླང་བྱ་གཞན་པ་ཡོད་པའི་སློབ་གླིང(ཆེད་ལས)འཆར་འགོད་ཀྱི་སློབ་མའི་སྐར་གྲངས་ངེས་པར་དུ་ཚད་ཐིག་འདིར་སླེབས་དགོས། མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་150ཡིན།མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་གི་སློབ་ཁྲིད(བོད་ཡིག) ལོ་རྒྱུས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(མི་རིགས་གྲ་སྒྲིག་འཛིན་གྲྭ་ཚུད)དང་མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་366ཡིན། དངོས་ཁམས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(མི་རིགས་གྲ་སྒྲིག་འཛིན་གྲྭ་ཚུད)དང་མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་333ཡིན།མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་གི་སློབ་ཁྲིད(སོག་ཡིག) ལོ་རྒྱུས་ཚ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་280ཡིན། དངོས་ཁམས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་300ཡིན། གསལ་བཤད་བྱ་རྒྱུར། མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་གི་སློབ་ཁྲིད་འཆར་འགོད་ཀྱི་རྒྱུགས་འབྲས་རྩིས་རྒྱག་སྟངས་ནི(རྒྱ་ཡིག+མི་རིགས་སྐད་ཡིག)÷2+རྩིས་རིག+ཕྱི་སྐད+གདམ་གསེས་ཐོག་མའི་རིག་ཚན1+བསྐྱར་གདམ་རིག་ཚན2+སྲིད་ཇུས་རང་བཞིན་གྱི་གཟིགས་སྐྱོང་སྐར་གྲངས)ཡིན།ལུས་རྩལ་རིགས། ལོ་རྒྱུས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་385ཡིན། མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་300ཡིན། དངོས་ཁམས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(སྤྱིར་བཏང་མི་རིགས་འཛིན་གྲྭ་ཚུད)ཡི་སྐར་གྲངས་ཚད་གཞི་ནི། སྐར་མ་335ཡིན། མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་224ཡིན། གསལ་བཤད་བྱ་རྒྱུར། ལུས་རྩལ་རིགས་ཀྱི་སྐར་གྲངས་ཚད་གཞི་ནི་ལུས་རྩལ་རིགས་ཀྱི་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་ཡིག་རྒྱུགས་ཀྱི་ཚད་ལོངས་པའི་སློབ་མའི་རྒྱུགས་འབྲས་ཡིན་པ་དང་། སྐར་གྲངས་རྩིས་རྒྱག་སྟངས་ནི། མཐོ་རྒྱུགས་ཀྱི་རིག་གནས་བསླབ་ཚན་གྱི་རྒྱུགས་འབྲས+སྲིད་ཇུས་རང་བཞིན་གྱི་གཟིགས་སྐྱོང་སྐར་མ)ཡིན།སྒྱུ་རྩལ་རིགས། རོལ་དབྱངས་རིགས་དང་། མཛེས་རྩལ་དང་ཇུས་འགོད་རིགས(མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་སློབ་ཁྲིད་འཆར་འགོད་ཚུད)ཞབས་བྲོའི་རིགས། སྙན་སྒྲོན་དང་གཙོ་སྐྱོང་རིགས། ཡིག་གཟུགས་རིགས། དེ་བཞིན་འཁྲབ་སྟོན(འཁྲབ་ཁྲིད)རིགས་ཀྱི་ཟློས་གར་གློག་བརྙན་འཁྲབ་ཁྲིད་དང་གྱོན་ཆས་འཁྲབ་སྟོན་རིགས་བཅས་ཀྱི་སྐར་གྲངས་ཚད་གཞི་ནི། ལོ་རྒྱུས་ཚོ་ཆུང་གི་དངོས་གཞི་ནི་སྐར་མ་304ཡིན་པ་དང་། མཐོ་རིམ་ལས་རིགས(ཆེད་ཚན)ནི་སྐར་མ150ཡིན། དངོས་ཁམས་ཚོ་ཆུང་གི་དངོས་གཞིའི་སྐར་གྲངས་ཚད་གཞི་ནི། སྐར་མ་263ཡིན་པ་དང་། མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྐར་གྲངས་ཚད་གཞི་ནི། སྐར་མ150ཡིན།འཁྲབ་སྟོན(འཁྲབ་ཁྲིད)རིགས་ཀྱི་ཟློས་གར་གློག་བརྙན་འཁྲབ་སྟོན། ལོ་རྒྱུས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་296ཡིན་པ་དང་། མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་150ཡིན། དངོས་ཁམས་ཚོ་ཆུང་། དངོས་གཞིའི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་263ཡིན་པ་དང་། མཐོ་རིམ་ལས་རིགས(ཆེད་ཚན)ཀྱི་སྤྱིར་བཏང་འཛིན་གྲྭའི་སྐར་གྲངས་ཚད་གཞི་ནི། སྐར་མ་150ཡིན།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་པ།

ཟླ་6ཚེས་24ཉིན། ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།ཟླ་6ཚེས་24ཉིན། ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།ཟླ་6ཚེས་24ཉིན་ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཚོགས་འདུར་ཞུགས་པ་རེད།ཚོགས་འདུར་ཉེན་བརྡའི་སློབ་གསོའི་གློག་བརྙན་བསྟན་པ་དང་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བ་རེད།ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ལ་འཕྲད་པའི་ཉེན་ཁའི་ཚོད་བགམ་གལ་ཆེན་དང་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་ཐད་ཀར་ཁ་གཏད་བཅག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པ་ནས་འགོ་རྩོམ་འགག་བརྟོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་འཆར་འགོད་གནང་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་བ་དང་། དུས་བབ་གསར་པའི་འོག་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་འཕྲད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ནས། ང་ཚོར་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བས། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་བཅས་རྣམ་པ་གསར་རྐྱང་དུ་གྱུར་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་སེམས་མཐུན་དང་། བློ་བདེ། ལས་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས། སློབ་སྦྱོང་དང་སློབ་གསོ་ལས་བྱུང་བའི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་ལས་སྒྲུབ་ཀྱི་ངར་ཤུགས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་དངོས་འབྲེལ་སྒྱུར་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔེ་མཚོན་གྱོད་དཔེ་ལྡོག་ཕྱོགས་ཀྱི་བསླབ་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་ཉིད་དང་། བསམ་བློ། འགན་འཁྲི་དེའི་ནང་འཇོག་པ་དང་། གཅིག་ཤེས་ཀུན་གྲོལ་དང་བསླབ་བྱ་བླངས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་མཐའ་གཅིག་ཏུ་བསྲུངས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་བློ་ཡིད་ཚིམ་པ་དང་། ལྷག་བསམ་རྣམ་དག སྐྱོན་བྲལ། འགན་འཁུར་ཐུབ་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་ཞིག་བྱེད་དགོས།ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གྱོད་དཔེ་དཔྱད་གཞིར་འཛིན་པ་དང་ཉེན་བརྡ་རྒྱུན་དུ་སྒྲོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱོད་བཟང་སྒྲིག་ནན་དང་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འཛིང་རགས་སྔར་བས་བརྟན་པོ་སྐྲུན་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་བློ་བརྟན་འགྱུར་མེད་ངང་བྱེད་དགོས། བོད་ཀྱི་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་དུ་བཏང་སྟེ་རང་རྟོགས་ངང“ཡོད་པ་བདུན”ལ་བརྟེན་ནས་རང་གཟབ་རང་སྒུག་གིས་གཏམ་སྤྱོད་གཅིག་མཐུན་དང་ཁ་ཞེ་གཉིས་མེད་ཐུབ་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ལས་སྒྲུབ་ལས་གཏོད་ཀྱི་སྣེ་ཁྲིད་པ་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ངོས་ཀྱི་ལས་ཀ་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་གཏོང་བཅས་བྱེད་མཁས་པོ་བྱེད་པ་དང་། འཕེལ་རྒྱས་ཁྲོད་ཀྱི་ངེས་གནས་གསལ་པོ་འཚོལ་བ། ལས་ཀའི་བྱ་ཐབས་སྤྱི་ཡོངས་ཀྱི་དགོས་མཁོ་དང་སྔར་བས་མཐུན་པ་དང་ས་གནས་དང་སྡེ་ཚན་གྱི་ཡུན་རིང་འཕེལ་རྒྱས་ལ་སྔར་བས་ཕན་ཐོགས་པ་བྱེད་པ། བྱ་བ་བསྒྲུབ་པར་བརྩོན་འགྲུས་དང་། བྱ་བ་ཞིབ་ཕྲ་སྒྲུབ་པ། བྱ་བ་ཏན་ཏིག་སྒྲུབ་པ། རང་འཁྲིའི་ལས་གནས་ཐོག་སྲིད་གཉེར་འགན་སྒྲུབ་བཅས་བྱས་ཏེ་འགན་འཁྲི་གཙང་སྒྲུབ་ཏན་ཏིག་ཐུབ་པར་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས་དངོས་སྒྲུབ་ལེགས་འབུལ་གྱི་འབད་འཐབ་པ་ཞིག་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་རྟོགས་པ་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་ཁུར་ལ་བརྟེན་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་དང་། ལྷག་བསམ་ཟོལ་མེད་ངང་མང་ཚོགས་ལ་ཕན་བདེ་དོན་གཉེར་དང་བྱ་བ་དངོས་སྒྲུབ་པ། འཕྲལ་བདེ་འཕྲལ་ཕན་དང་རྨོངས་ཚོད་ཀྱིས་ཐབས་ཇུས་འགོད་པ་དང་ཧོལ་རྒྱུག་ལས་སྒྲུབ་དང་དེ་བཞིན་མི་བདེན་རྫུན་སྒྲིག་བཅས་གཏན་འགོག་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གྱོད་དཔེ་དྲངས་ནས་ལེགས་བཅོས་ལ་སྐུལ་འདེད་དང་གྱོད་དཔེར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་དགོས། དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྙིང་གཏམ་དང་སྐད་ཆ་ཤོད་རེས་དེ་བཞིན་ཞིབ་བཤེར་དང་འཐེན་བཤེར་སོགས་ཀྱི་བྱེད་སྟངས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། དོ་དམ་དང་ལྟ་སྐུལ་དེ་འགོ་ཁྲིད་སྤྱོད་པའི་བརྒྱུད་རིམ་ཧྲིལ་པོར་གཏོགས་པར་བྱས་ནས་རུལ་སུངས་ཐོན་སླ་བའི་གཙོ་གནད་ལས་གནས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་གཞིགས་ཏེ། “འགོ་ཁྲིད་གཙོ་བོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ངན་རུལ་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་བཏང་སྟེ། “མཉམ་བཤེར”ལ་བརྟེན་ནས་ངན་རུལ་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། “མཉམ་བཅོས”ལ་བརྟེན་ནས་ངན་རུལ་གཉིས་ཀ་རྩ་བཀོག་གཏོང་བ། སྒྲིག་འགལ་ཟ་འཐུང་སོགས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་དང་གཏན་འགོག་མཐའ་གཅིག་ཏུ་བྱས་ནས། ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་དག་ནན་ལྕི་མྱུར་གསུམ་གྱི་སྒོ་ནས་ཐག་གཅོད་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཀྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་། ལམ་ལུགས་ཀྱིས་ཏང་སྐྱོང་བ་དང་གཏན་འབེབས་ལྟར་ཏང་སྐྱོང་བ་མཐའ་འཁྱོངས། “འཕྲལ་དུ་བཅོས་པ”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ཏེ། ལམ་ལུགས་ལག་བསྟར་བྱེད་ཤུགས་དང་ལམ་ལུགས་ཀྱི་བཙན་ཐབས་འཆུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་ནན་གོ་ཆོད་པ་དང་བཀག་རྒྱའི་ཟིལ་ཐོན་པ་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་རིམ་ཁག་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གནད་དོན་འཚོལ་བཤེར་གཏིང་ཟབ་བྱེད་པ། དག་ཐེར་ལ་དམ་འཛིན་ཏན་ཏིག་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྣང་ཚུལ་མུ་མཐུད་གསོ་འཁྱོངས་བྱེད་དགོས། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

སློབ་མ་རྣམས་ཉི་ཤར་ཤང་དུ་བསྐྱོད་དེ་དངོས་མིན་རིག་གནས་ཤུལ་བཞག་གི་ཞིབ་འཇུག་སློབ་སྦྱོང་བྱས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་སློབ་ཆུང་སློབ་གསོ་ཚོགས་པའི་སློབ་མ་རྣམས་ཉི་ཤར་ཤང་དུ་བསྐྱོད་དེ་དངོས་མིན་རིག་གནས་ཤུལ་བཞག་གི་ཞིབ་འཇུག་སློབ་སྦྱོང་བྱས་པ་དང་། ཉི་ཤར་རྫ་བཟོའི་ལག་རྩལ་ཉམས་ལེན་བྱས་ཏེ་སྲོལ་རྒྱུན་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ལ་ཉམས་ལེན་བྱས་པ་རེད། བྱེད་སྒོ་སྤེལ་རིང་། སློབ་བུ་ཚོ་ལས་ཀའི་སྟེགས་བུར་བསྡད་དེ་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་དགེ་རྒན་གྱི་མཛུབ་ཁྲིད་འོག་རྫ་བཟོའི་གསང་བ་རིམ་བཞིན་འཚོལ་ཞིབ་བྱས་པ་རེད། ཐེངས་འདིའི་དངོས་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་དེས་སློབ་བུ་ཚོར་ལག་ལེན་ཁྲོད་སྲོལ་རྒྱུན་ལག་རྩལ་གྱི་དྲོད་ཚད་ཚོར་ཐུབ་པ་མ་ཟད།ད་དུང“སློབ་ཁང+དངོས་མིན་རིག་གནས་ཤུལ་བཞག”གི་རྣམ་པའི་ཐོག་ནས་ས་གནས་དེ་གའི་རིག་གནས་སློབ་གྲྭའི་འཚོ་བའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་དངོས་མིན་རིག་གནས་ཤུལ་བཞག་གི་མཛེས་སྡུག་བྱིས་པའི་བདེན་འཚོལ་ཁྲོད་རིམ་གྱིས་མངོན་ཡོད།

བོད་ལྗོངས་སློབ་ཆེན་གྱིས་ཡན་ཨན་གྱི་སྙིང་སྟོབས་སྒྲོག་འགྲེལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ལོ་5འཁོར་བའི་བྱེད་སྒོ་སྤེལ་བ།

ཉིན་ཤས་གོང་བོད་ལྗོངས་སློབ་ཆེན་གྱིས“གསར་བརྗེའི་ལོ་རྒྱུས་ཕྱིར་དྲན་བྱེད། འབད་འཐབ་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་ཡན་ཨན་གྱི་སྙིང་སྟོབས་སྒྲོག་འགྲེལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ལོ་5འཁོར་བའི་བྱེད་སྒོ་སྤེལ་བ་རེད།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུན་ཤན་ཀྲུང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།བྱེད་སྒོའི་ཐོག དུས་དང་རྣམ་པ་ཀུན་ཏུ་གསར་བརྗེའི་རིག་གནས་རྨང་གཞིར་བྱས་ཏེ། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ལས་དོན་ཁག་ཏན་ཏིག་དང་ཡག་པོ་སྒྲུབ་པ་དང་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།མཇུག་ཏུ་བྱེད་སྒོར་ཞུགས་མཁན་ཚོས་མཉམ་དུ་ཡན་ཨན་སྙིང་སྟོབས་ཀྱི་རིམ་སྤེལ་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

དཀར་མཛེས་ཁུལ་གྱི་སློབ་མ13319འབྲིང་རྒྱུགས་ལ་ཞུགས།

སྤྱི་ཟླ6པའི་ཚེས12ཉིན་གསར་འགོད་པས་དཀར་མཛེས་ཁུལ་རྒྱུགས་ལེན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།2025ལོའི་འབྲིང་རྒྱུགས་དེ་སྤྱི་ཟླ6པའི་ཚེས13ཉིན་ནས་ཚེས15ཉིན་བར་སྤེལ་བ་རེད། ཁུལ་ཡོངས་སུ་རྒྱུགས་གནས33དང་རྒྱུགས་ར470བཙུགས་ཡོད་པ་དང་། རྫོང(གྲོང་ཁྱེར)18ལ་ཁྱབ་ཡོད། རྒྱུགས་ཞུགས་སློབ་མ13319འབྲིང་རྒྱུགས་བསྒྱུར་བཅོས་རྗེས་ཀྱི་རྒྱུགས་ལེན་དུ་ཐེངས་དང་པོར་ཞུགས་པ་རེད། དཀར་མཛེས་ཁུལ་གྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་མ་བསྡུ་ལེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་མེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་དཀར་མཛེས་ཁུལ་གྱིས་འབྲིང་རྒྱུགས་ལ་ལེགས་སྒྲིག་གལ་ཆེན་བྱས་ཡོད་པ་སྟེ། རྒྱུགས་ལེན་སྤྱིའི་སྐར་གྲངས850ནས་སྐར་གྲངས750ལ་ལེགས་སྒྲིག་བྱས་པ་དང་། རྒྱུགས་ལེན་བསླབ་ཚན6ནས་བསླབ་ཚན7བར་མང་དུ་བཏང་ཡོད། དེ་སྔོན་གྱི“ཀུན་སྤྱོད་ཁྲིམས་སྐྱོང་དང་ལོ་རྒྱུས”མཉམ་འདུས་རྒྱུགས་ཤོག་དེ“ཀུན་སྤྱོད་ཁྲིམས་སྐྱོང”དང“ལོ་རྒྱུས”གཉིས་ཁེར་རྐྱང་གི་བསླབ་ཚན་གཉིས་སུ་ཕྱེ་ཡོད། རྒྱུགས་ལེན་རིང་ཁུལ་དང་རྫོང(གྲོང་ཁྱེར)རིམ་གཉིས་རྒྱུགས་ལེན་ཨུ་ལྷན་གྱི་མགོ་ཁྲིད་གཙོ་བོས་བརྒྱུད་རིམ་ཧྲིལ་པོར་བཀོད་འདོམས་བྱེད་བཞིན་ཡོད་པ་དང་། སྤྱི་བདེ་དང་གསང་སྲུང་། འཚུབ་བསྟུན་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ལས་དོན་ཚོ་ཆུང་བཙུགས་ནས་ས་ཚུགས་སུ་བཅའ་སྡོད་གཞུང་དོན་སྒྲུབ་པ་དང་། གློག་ཤུགས་དང་འཕྲིན་གཏོང་སྡེ་ཚན་གྱིས་ཆུ་ཚོད24ཡི་འཚུབ་བསྟུན་འགན་སྲུང་ལག་ལེན་བསྟར་བཞིན་ཡོད། རྒྱུགས་ར་ཚང་མར་ཚད་ལྡན་ཅན་གྱི་སྒྲིག་བཀོད་དང་བརྒྱུད་རིམ་ཧྲིལ་པོར་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་ཡོད། ལོ་ཙཱ། རྟ་མགྲིན་རྡོ་རྗེ།རྩོམ་སྒྲིག་པ། རྟ་མེ།

མི་ཆོས་སློབ་གསོའི་བརྡ་དོན་འཕེལ་རིམ་དང་དེང་རབས་ཀྱི་དོན་སྙིང་ཅུང་ཙམ་གླེང་བ།

མི་ཆོས་སློབ་གསོ་ནི་མི་རྣམས་ལ་ཡང་དག་པའི་ཀུན་སྤྱོད་ཀྱི་ལྟ་བ་དང་ཡ་རབས་ཀྱི་ཀུན་སྤྱོད་གསོ་སྐྱོང་བྱས་ནས་སྤྱི་ཚོགས་ཁྲོད་དུ་མི་ཆོས་ཀྱི་ཚད་གཞི་དང་མཐུན་པའི་ཐབས་ཇུས་དང་བྱ་སྤྱོད་སྟབས་བདེ་བསྐྲུན་རྒྱུ་དེ་རེད་སྙམ། འཚོ་བའི་ཁྱབ་ཁོངས་སུ་མི་ཆོས་སློབ་གསོ་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་པས། ཕྲན་གྱིས་རྩོམ་འདིར་མི་ཆོས་སློབ་གསོའི་བརྡ་དོན་འཕེལ་རིམ་དང་དེང་རབས་སློབ་གསོའི་ཁྲོད་ཀྱི་དོན་སྙིང་སྐོར་ལ་དཔྱད་གླེང་ཅུང་ཙམ་བྱས་ཡོད།གཅིག མི་ཆོས་སློབ་གསོའི་བརྡ་དོན་འཕེལ་རིམ་མདོར་བསྟན། དེ་ཡང་འགྲོ་བ་མིའི་རིགས་འདི་ཉིད་བྱུང་བ་ནས། སྤྱི་ཚོགས་ངེས་ཅན་ཞིག་གི་ནང་དུ་ངེས་པར་དུ་འཚོ་བ་རོལ་དགོས་པར་མ་ཟད། སྤྱི་ཚོགས་གང་རུང་ཞིག་གི་གྲུབ་ཆ་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་ནི་སྨྲོས་མ་དགོས་པ་རེད། སྤྱི་ཚོགས་འཚོ་བ་གང་རུང་ཞིག་ལ་མཚོན་ན། ཆེ་ས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཡོད་པ་དང་། ཆུང་ས་ནས་ཡུལ་ལུང་སོ་སོའི་གཏན་ཆགས་རྒྱུན་འབྱམས་སུ་སོང་བའི་གོམས་གཤིས་ཡོད། ད་དུང་གོང་གསལ་དེ་གཉིས་ཀྱི་ཁོངས་སུ་གསལ་པོར་མ་འདུས་པའི་དམིགས་བསལ་གྱི་མི་ཆོས་སོགས་བགྲང་ལས་འདས་པ་ཡོད་རྐྱེན་སྤྱི་ཚོགས་ཀྱི་ཚོགས་པའི་ཁྲོད་ནས་གང་བྱུང་མང་བྱུང་གི་སྤྱོད་པ་ཅི་འདོད་འདོད་ཡོད་མི་ཆོག་པར་རང་གཅུན་བག་ཡོད་དུ་གནས་དགོས། མི་ཆོས་སློབ་གསོ་ནི་མི་ཆོས་རིག་པ་དང་སློབ་གསོ་རིག་པའི་དོན་སྤྱི་དང་ཟུང་འབྲེལ་བྱས་པ་ཞིག་རེད། དེའི་ཚིག་གི་འབྱུང་ཁུངས་ནི་གནའ་བོའི་གྷི་རིག་གི་སྐད་ཀྱི་ཁྲོད“ethos”(དོན་ནི་གོམས་གཤིས་དང་གཤིས་ཀ)དང“ethikos”(དོན་ནི་ཀུན་སྤྱོད)ལ་ཁུངས་འདེད་བྱས་ཆོག གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པའི་མཁས་པ་ཨ་རི་སི་ཏོ་ཏལ་གྱིས་མི་ཆོས་ཞེས་པའི་ཐ་སྙད་དངོས་སུ་བཀོལ་ཡོད་པ་དང་། ཁོང་གི་བརྩམས་ཆོས«ཉི་ཀོ་མ་ཁོའི་མི་ཆོས་རིག་པ»ནི་མི་ཆོས་རིག་པའི་རྨང་གཞི་བཏིང་བའི་བརྩམས་ཆོས་ཤིག་ཡིན་པར་འདོད། ཨ་རི་སི་ཏོ་ཏལ་གྱིས་མིའི་རིགས་ཀྱི་བྱ་སྤྱོད་དང་ཀུན་སྤྱོད་ལ་ཞིབ་འཇུག་བྱས་པ་བརྒྱུད་མི་རྣམས་ཀྱིས་འཚོ་བའི་ཁྲོད་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཇི་ལྟར་དོན་གཉེར་བྱ་རྒྱུའི་སྐོར་ལ་དཔྱད་བསྡུར་བྱས་པ་རེད། གནའ་བོའི་གྷི་རིག་གི་མི་ཆོས་རིག་པ་རོམ་གྱི་དུས་སྐབས་སུ་སྔར་ལས་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་སི་ཏུའོ་ཡ་གྲུབ་མཐའ་དང་དབྱི་པི་ཅིའུ་ལུའུ་གྲུབ་མཐའ་ཡི་བསམ་བློས་རྗེས་རབས་པའི་མི་ཆོས་སློབ་གསོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པར་གྲགས། མི་ཆོས་སློབ་གསོས་ནུབ་ཕྱོགས་རིག་གནས་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་མོད། འོན་ཀྱང་དེའི་གོ་དོན་དང་ལག་ལེན་ཡང་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་འགྱུར་ལྡོག་འབྱུང་བཞིན་ཡོད་དེ། དུས་རབས་བར་མའི་ཡོ་རོབ་གླིང་དུ། ཡེ་ཤུའི་ཆོས་ལུགས་ཀྱི་བསྟན་དོན་གྱིས་མི་ཆོས་སློབ་གསོར་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། ཀུན་སྤྱོད་ཚད་གཞི་ནི་གཙོ་བོ་ཆོས་ལུགས་དད་མོས་ལས་བྱུང་བ་རེད། ཡང་ཉེ་རབས་ནས་བཟུང་མི་ཆོས་སློབ་གསོ་དེ་རིམ་བཞིན་ཆོས་ལུགས་ཀྱི་འཆིང་རྒྱ་ལས་གྲོལ་ཏེ། མི་སྒེར་གྱི་རྗེས་དཔག་གི་བསམ་གཞིགས་དང་རང་བདག་གི་གདམ་ག་སྔར་ལས་མང་བ་ནན་བཤད་བྱས་ཡོད། ཤར་ཕྱོགས་རིག་གནས་ཁྲོད་དུ། དཔེར་ན་ཀྲུང་གོ་ལྟ་བུར་མཚོན་ན། མི་ཆོས་སློབ་གསོར་ཡང་ལོ་རྒྱུས་ཡུན་རིང་ཞིག་ལྡན་ཡོད་དེ། རུའུ་ལུགས་ཀྱི་བྱམས་བརྩེའི་ཀུན་སྤྱོད་འདུ་ཤེས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་མི་ཆོས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་ཀུན་གྱིས་མཁྱེན། བོད་མི་རིགས་ལ་མཚོན་ན། མི་ཆོས་ཞེས་པའི་ཐ་སྙད་དེ་ཏུན་ཧོང་ཤོག་དྲིལ་ནང་དུ་སྔར་ནས་ཐོན་ཟིན་ཏེ། ཕུ་ནུའི་མདོ་ལས“མྱིའི་ཆོས་ནི། དྲང་ཞིང་སྲི་ཞུ་དང་། དེས་ཤིང་མཉེན་བ་དང་། སྙིང་རྗེ་འེ་ཞིང་། དངན་ཆན་མྱེད་རྗེས་དང་ཁྲེལ་ཡོད། སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ”ཞེས་མེས་པོ་བློ་གྲོས་ཅན་དག་གིས་འགྲེལ་བ་གནད་ལ་འཁེལ་བ་ཞིག་བརྒྱབ་ཟིན། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་དུ་ཐུན་མོང་གི་ཀུན་སྤྱོད་འདུ་ཤེས་སམ་སྤྱི་རྒྱུག་གི་མི་ཆོས་ལྟ་བ་ཞིག་སྔར་ནས་གྲུབ་ཡོད་པ་གསལ་ཏེ། «བཀའ་ཐང་སྡེ་ལྔ»ལས“དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། །སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང”ཞེས་གསུངས་ཡོད་པ་དང་། དེ་ནས་སྤང་བླང་འཇུག་ལྡོག་གི་འདུ་ཤེས་སམ་བསམ་བློ་ཞིག་རིམ་གྱིས་གྲུབ་པའམ་མ་ལག་ཅན་གྱི་མི་ཆོས་སློབ་གསོ་ཞིག་ཆགས་ཡོད་པ་ཏུན་ཧོང་ནས་ཐོན་པའི«ཕུ་ནུའི་མདོ»དང«སུམ་པའི་མ་ཤགས་ཆེད་པོ» «ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ»སོགས་སུ་གསལ། མི་ཆོས་སློབ་གསོ་ནི་མ་ལག་ཅན་གྱི་སློབ་གསོའི་བྱེད་སྒོ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་སློབ་ཁྲིད་དང་ལག་ལེན། ཁྲིད་སྟོན་བཅས་བརྒྱུད་དེ་མི་ཆོས་ཀྱི་སློབ་གསོ་ནི་མི་སྒེར་རམ་ཚོགས་སྤྱིའི་ཡང་དག་པའི་བྱ་སྤྱོད་ཀྱི་ཚད་གཞི་དང་། རིན་ཐང་གི་འདུ་ཤེས། བརྡར་གཅོད་ཀྱི་ནུས་པ་བཅས་བརྒྱུད་སྤྲོད་བྱེད་པ་དང་འབྲེལ་བ་ཡོད་ཅིང་། དེའི་དམིགས་ཡུལ་ནི་མི་རྣམས་ལ་ཡང་དག་པའི་ཀུན་སྤྱོད་ཀྱི་ལྟ་བ་དང་ཡ་རབས་ཀྱི་ཀུན་སྤྱོད་གསོ་སྐྱོང་བྱས་ནས་སྤྱི་ཚོགས་ཁྲོད་དུ་མི་ཆོས་ཀྱི་ཚད་གཞི་དང་མཐུན་པའི་ཐབས་ཇུས་དང་བྱ་སྤྱོད་སྟབས་བདེ་བསྐྲུན་རྒྱུ་དེ་རེད་སྙམ་མོ། །གཉིས། མི་ཆོས་སློབ་གསོའི་དེང་རབས་ཀྱི་དོན་སྙིང་། འཛམ་གླིང་ཡོངས་སུ་ཤེས་རིག་སྣ་ཚོགས་ཀྱི་ཀློང་བརྡོལ་བ་དང་ལྷག་པར་དུ་དཔལ་འབྱོར་འཛུགས་སྐྲུན་གྱི་ཡོ་ལང་རྣམ་པར་རྒྱས་པའི་དེང་གི་དུས་འདིར། མི་རིགས་མང་པོ་ཞིག་གི་སྲོལ་རྒྱུན་གྱི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ལྟ་བར་ཤུགས་རྐྱེན་འདྲ་མིན་སྣ་ཚོགས་ཐེབས་ནས་ཉམས་ཉེས་དང་གོད་ཆག་ཚད་མི་འདྲ་བར་བྱུང་དང་འབྱུང་བཞིན་ཡོད་ལ། མི་དང་མིའི་བར་གྱི་འབྲེལ་བ་སོགས་ཀྱང་རིམ་གྱིས་རྒྱང་ཐག་ཇེ་རིང་དུ་གྱུར་ནས་ཡོད་ཚད་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནའི་ཕྱོགས་སུ་དམིགས་པའི་དུས་འདི་ལྟ་བུ་ལ། སྤྱི་ཚོགས་ཡོངས་ཁྱབ་ཀྱི་ཀུན་སྤྱོད་མ་ལག་ཅིག་བསྐྲུན་པའི་དགོས་གལ་ཤིན་ཏུ་ཆེ་སྙམ། མི་ཆོས་སློབ་གསོས་དེང་རབས་ཀྱི་མི་སྒེར་གྱི་ཀུན་སྤྱོད་ཚོད་འཛིན་དང་སྤྱི་ཚོགས་ཀྱི་སྤྱི་དམངས་གསོ་སྐྱོང་། སློབ་གསོ་འདྲ་མཉམ་སོགས་ཡོང་བར་རམ་འདེགས་དང་སྐུལ་འདེད་བཅས་བྱེད་པར་དོན་སྙིང་ཆེན་པོ་ལྡན་སྙམ་ཏེ། ༡ མི་སྒེར་གྱི་ངོས་ནས་བཤད་ན། མི་ཆོས་སློབ་གསོ་ནི་མི་སྒེར་གྱི་ཀུན་སྤྱོད་དང་ཀུན་སྤྱོད་ཀྱི་འདུ་ཤེས་བཟང་པོ་འཛུགས་པར་ཕན་ཐོགས་ལ། ཀུན་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ནུས་པ་ལྡན། མི་སྒེར་གྱི་ཡང་དག་པའི་རིན་ཐང་ལྟ་བ་དང་བཟང་ངན་བརྡར་ཤ་གཅོད་པའི་བློ། ལེགས་པའི་ཐབས་ཇུས་འདོན་པའི་ནུས་པ་སོགས་གསོ་སྐྱོང་བྱས་ཏེ་འཚོ་བའི་དཀའ་ངལ་སྣ་ཚོགས་དང་འཕྲད་སྐབས་གདམ་ག་འོས་འཚམ་ཞིག་བྱེད་ཐུབ་པའི་དོན་སྙིང་ལྡན། ༢ སྤྱི་ཚོགས་ཀྱི་ངོས་ནས་བཤད་ན། སྤྱི་ཚོགས་གང་ཞིག་བརྟན་བརླིང་ངང་གནས་ཤིང་འཆམ་མཐུན་སྒོས་འཕེལ་དགོས་ན་ཐོག་མར་མི་དང་མིའི་བར་གྱི་འབྲེལ་བ་ལས་གྲུབ་པའི་མི་ཆོས་ཀུན་སྤྱོད་ལེགས་པོ་ཞིག་བསྐྲུན་དགོས་ཏེ། འབའ་སྟོད་ཚེ་དབང་རྡོ་རྗེ་ལགས་ཀྱིས“སྤྱི་ཚོགས་ཀུན་སྤྱོད་ལེགས་པོ་ཞིག་འབྱུང་བར་རྒྱལ་ཁྲིམས་ཀྱི་བཙན་དབང་དང་ཟིལ་ཤུགས་དགོས་ལ་མི་ཆོས་ཀྱི་ཕྱོགས་སྟོན་དང་སློབ་གསོ་དགོས་པའང་སྨྲས་མེད་རེད”ཅེས་གསུངས་པ་ལྟར་མི་ཆོས་སློབ་གསོས་མི་དང་མིའི་བར་ཕན་ཚུན་བརྩི་འཇོག་དང་རྒྱུས་ལོན། མཉམ་ལས་བཅས་བྱེད་པར་སྐུལ་འདེད་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་ཕན་པ་ཆེ་ཞིང་། སྤྱི་དམངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་སྤྱི་དམངས་ལ་ཀུན་སྤྱོད་བཟང་པོ་འཛོམས་སུ་བཅུག་སྟེ། སྤྱི་ཚོགས་ཀྱི་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཤིན་ཏུ་ཆེ་སྙམ། ༣ སློབ་གསོའི་མ་ལག་གི་ངོས་ནས་སྤྲོས་ན། མི་ཆོས་སློབ་གསོས་སློབ་གསོའི་མ་ལག་གི་མི་སྒེར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད་པས། ཤེས་བྱ་དང་འཇོན་ཐང་གོང་འཕེལ་གཏོང་ཐུབ་པར་མ་ཟད། མི་སྒེར་གྱི་ཀུན་སྤྱོད་དང་རིན་ཐང་ལྟ་བ་བཅས་ལ་ལེགས་བཅོས་བྱེད་པར་དེ་བས་དོ་སྣང་བྱེད་ཀྱི་ཡོད་པས། མི་ཚང་མར་ཀུན་སྤྱོད་ཀྱི་སློབ་གསོ་ལེགས་པོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་ནས་མི་གཤིས་ཀྱི་ཁྱད་ཆོས་དང་ལ་རྒྱ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། སྤྱིར་ཕྱོགས་གང་གི་ངོས་ནས་བལྟས་ཀྱང་མི་ཆོས་སློབ་གསོའི་རིན་ཐང་ནི་དཔག་དཀའ་བ་ཞིག་ཏུ་ཆགས་ཡོད། ལྷག་པར་དུ་དངོས་པོའི་དཔལ་ཡོན་དར་རྒྱས་ཆེ་བའི་དེང་གི་དུས་འདིར་མི་ཆོས་སློབ་གསོའི་རིན་ཐང་ནི་དེ་བས་ཆེ་བར་འདུག་སྙམ་ནས། ཕྲན་གྱི་དཔྱད་རྩོམ་འདིས་དེང་གི་སྤྱི་ཚོགས་དང་སློབ་གསོའི་ཁྲོད་དུ་ཀུན་སྤྱོད་སློབ་གསོའམ་མི་ཆོས་སློབ་གསོར་དོ་སྣང་དང་། མཐོང་ཆེན་རེ་ཙམ་ཡོང་བའི་ཆེད་དུ་མི་ཆོས་སློབ་གསོའི་དེང་རབས་ཀྱི་དོན་སྙིང་རགས་ཙམ་གླེང་ཡོད། །

མཚོ་སྔོན་ཡུལ་ཤུལ་ཀྲོའུ་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་དབར་སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ།

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་དབར་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ཡུལ་ཤུལ་དུ་འཚོགས་པ་རེད། ཕྱོགས་གཉིས་པོས་རོལ་དབྱངས་སྒྱུ་རྩལ་འབྲེལ་ཐག་ཏུ་བྱས་ཏེ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་དམིགས་ནས་མཉམ་དུ་སློབ་གྲྭ་དང་ས་གནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད།ད་རེས་ཀྱི་མཉམ་ལས་ཀྱིས་ཡུལ་ཤུལ་གྱི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་རོལ་དབྱངས་གསར་རྩོམ་སོགས་ཐད་ཀྱི་ཞན་ཆར་དམིགས་ཏེ། ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་ཆེད་ལས་ཀྱི་ལེགས་ཆ་བཏོན་ནས། བཅར་འདྲི་གསར་རྩོམ་དང་། སློབ་ཚན་མཉམ་དུ་བཀོད་སྒྲིག སྤུས་རྟགས་བཏོད་པ་སོགས་ཀྱི་ཐབས་ཤེས་བརྒྱུད། བོད་རིགས་ཀྱི་རོལ་དབྱངས་རིག་གནས་རྒྱུན་འཛིན་གསོན་པོ་ཐུབ་པར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་གཤམ་གསལ་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྩིས་ཡོད་དེ། རིག་གནས་གསར་གཏོད་དང་། ཡུལ་ཤུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་སྔོན་འདོན། ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རོལ་དབྱངས་བརྩམས་ཆོས་གསར་རྩོམ་བཅས་བྱས་ནས། “གཙང་གསུམ་ཆུ་འགོའི”དབྱངས་རྟ་རྒྱལ་ཡོངས་སུ་ཁྱབ་པར་བྱ་རྒྱུ་དང་། ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་དམིགས་བཀར་གསོ་སྐྱོང་དང་དགེ་རྒན་ཆེ་མོ་བའི་མཉམ་ལས་བྱས་ནས་ཡུལ་དེའི་སྒྱུ་རྩལ་ཤེས་ལྡན་པའི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་རོལ་དབྱངས་མཚམས་སྦྱོར་དུ་བྱས་ནས་དབྱིངས་བཞུགས་རྣམ་པའི་འཁྲབ་སྟོན་དང་རོལ་དབྱངས་ཀྱི་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་གསར་སྤེལ་གྱིས་ཡུལ་ཤུལ་དུ“སྐྱེ་ཁམས་དང་སྒྱུ་རྩལ”ཟུང་འབྲེལ་གྱི་ཁྱད་ལྡན་སྤུས་རྟགས་གཏོད་པར་རམ་འདེམས་བྱ་རྒྱུ་ཡིན་པ་རེད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

བོད་ལྗོངས་ཀྱི་སློབ་གྲྭ་བཅུ་གསུམ་མིང་ཐོ་འདིའི་ནང་ཚུད་འདུག

སློབ་གྲྭའི་རྐང་རྩེད་སྤོ་ལོ་སྤུས་མཐོའི་གོང་འཕེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། འབྲེལ་ཡོད་སློབ་གྲྭ་ཁག་གིས་རང་བདག་རེ་ཞུ་དང་། ཆེད་ལས་མཁས་པས་དཔྱད་དཔོག ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཞིབ་དཔྱད་འོས་སྦྱོར། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བཅས་བྱས་པ་བརྒྱུད། སློབ་གསོ་པུས་གཏན་འཁེལ་བྱས་ནས་མིང་བཏགས་པའི་སྤྱི་ལོ་2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་5889ཡོད་པ་དང་། དེའི་ནང་། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སློབ་འབྲིང་། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་སློབ་འབྲིང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་འབྲིང་གཉིས་པ། ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་འབྲིང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སློབ་ཆུང་དང་པོ་སོགས་བོད་ལྗོངས་ཀྱི་སློབ་གྲྭ་བཅུ་གསུམ་ཁྱད་ལྡན་རྐང་རྩེད་སྤོ་ལོའི་སློབ་གྲྭའི་མིང་ཐོ་དེའི་ནང་ཚུད་འདུག ཞིབ་ཕྲའི་མིང་ཐོ་གཤམ་གྱི་པར་རིས་ལ་གཟིགས་དང་།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

མི་ཐབས་རིག་ནུས་ཀྱི་རྩིས་ནུས་སྲུང་སྐར་བར་སྣང་དུ་འཕེན་གཏོང་བྱས་པ།

འདི་ནི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྩིས་རྒྱག་སྲུང་སྐར་བར་སྣང་དུ་འཕེན་གཏོང་བདེ་བླག་བྱུང་བའི་གནས་ཚུལ་ཡིན་པ།ཀྲུང་གོས་འཛམ་གླིང་གི་བར་སྣང་རིམ་འདས་རྩིས་འཁོར་ཐོག་མ་བཟོ་འགོ་བཙུགས་ཡོད། རྣམ་གྲངས་དེས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་དང་གྲངས་གཞི་ཐག་གཅོད་ལ་འགྱུར་ལྡོག་གཏོང་ཐུབ་རེ་ཡོད། འཆར་གཞི་འདིས་བར་སྣང་གི་རིམ་འདས་རྩིས་འཁོར་གྱི་ལྷུ་ལག་ཁག་དང་པོ་འཁོར་

ལྷ་གྲུ་ཨང་ཉི་ཤུ་པའི་མཁའ་སྐྱོད་པའི་ཚོ་ཆུང་གི་གྲུ་ཚང་ནས་ཕྱིར་ཐོན་པའི་བྱེད་སྒོ་ཐེངས་གཉིས་པ་ལེགས་གྲུབ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་6ཚེས་26ཉིན་གྱི་ཆུ་ཚོད་21དང་སྐར་མ་29ཡི་ཐོག ཆུ་ཚོད་6དང་ཕྱེད་ཀ་ཙམ་རིང་གྲུ་ཚང་ནས་ཕྱིར་ཐོན་པའི་བྱེད་སྒོ་སྤེལ་བ་བརྒྱུད། ལྷ་གྲུ་ཨང་ཉི་ཤུ་པའི་མཁའ་སྐྱོད་ཚོ་ཆུང་གི་མཁའ་སྐྱོད་པ་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ཀྱིས་ཕན་ཚུན་རོགས་ལས་དམ་ཟབ་བྱས་པ་དང་། བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་ལག་པ་དང་ས་ངོས་ཚན་ཞིབ་མི་སྣའི་གཞོགས་འདེགས་རྒྱབ་སྐྱོར་འོག སྔོན་གཏན་འཁེལ་བའི་ལས་འགན་ཁག་ཡིད་བཞིན་ལེགས་གྲུབ་བྱུང་བ་དང་། གྲུ་ཚང་ནས་ཕྱིར་ཐོན་མཁན་མཁའ་སྐྱོད་པ་ཁྲེན་ཏུང་དང་ཁྲེན་ཀྲུང་རུའེ་གཉིས་བདེ་བླག་ངང་ཝེན་ཐན་ཚོད་ལྟ་ཁང་དུ་ཕྱིར་ལོག་ཐུབ་ཅིང་གྲུ་ཚང་ནས་ཕྱིར་ཐོན་པའི་བྱེད་སྒོ་ཡིད་བཞིན་ལེགས་གྲུབ་བྱུང་བ་རེད།ཀྲུང་གོ་མི་བཞུགས་མཁའ་སྐྱོད་ལས་གྲྭ་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲུ་ཚང་གི་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའི་རིང་། མཁའ་སྐྱོད་པ་ཁྲེན་ཏུང་དང་ཁྲེན་ཀྲུང་རུའེ་གཉིས་ཀྱིས་བར་སྣང་ས་ཚིགས་ཀྱི་བར་སྣང་གད་ཧྲུག་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་དང་། གྲུ་ཚང་ཕྱི་རོལ་གྱི་སྒྲིག་ཆས་ལ་སྐོར་ཞིབ་དང་ཐག་གཅོད་བྱེད་པ་སོགས་ཀྱི་ལས་འགན་ལེགས་གྲུབ་བྱུང་བ་མ་ཟད། གྲུ་ཚང་ཕྱི་རོལ་གྱི་སྟེགས་བུའི་ཐོག་རྐང་སྒྲོག་སྒྲིག་ཆས་དང་མཐུད་སྣེའི་སྒྱུར་ལེན་སྒྲིག་ཆས་སྒྲིག་སྦྱོར་ཐུབ་ཅིང་། དེས་མཁའ་སྐྱོད་པ་གྲུ་ཚང་ཕྱི་རོལ་དུ་ལས་དོན་སྒྲུབ་པའི་ལས་ཕྱོད་ཆེ་རུ་བཏང་བ་དང་། རྗེས་མཐུད་ཕྱི་ཚང་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའི་དུས་ཡུན་སྐར་མ་40ཙམ་ཐུང་དུ་གཏོང་ཐུབ་རེ་ཡོད་པ་རེད།མིག་སྔར། མཁའ་སྐྱོད་པའི་ཚོ་ཆུང་གིས་སྒྲུབ་འགན་ཁུར་བའི་བར་ཁམས་ཚན་རིག་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་། རྗེས་མཐུད་ད་དུང་བར་ཁམས་ཚེ་སྲོག་ཚན་རིག་དང་ལྗིད་ཤུགས་ཕྲན་བུའི་རྨང་གཞིའི་དངོས་ཁམས། བར་སྣང་རྒྱུ་ཆའི་ཚན་རིག མཁའ་སྐྱོད་གསོ་རིག མཁའ་སྐྱོད་ལག་རྩལ་གསར་པ་སོགས་ཁྱབ་ཁོངས་སུ་བར་སྣང་ཚན་ཞིབ་དང་ལག་རྩལ་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།

ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་AI “རིག་ལྡན་གློག་མིག”སྤྱོད་འགོ་ཚུགས་པ།

ཉེ་ཆར། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་བབས་ཚུགས་སུ་AIརིག་ནུས་རིས་དཔྱད་སྒྲིག་ཆས་ནང་འདྲེན་བྱས་ནས་འགྲུལ་བཤེར་བགྲོད་ལམ་ལ་ཚོད་ལྟའི་ངང་སྤྱད་ཡོད། AIརིག་ནུས་ཀྱི་ཐོག་མའི་དབྱེ་བཤེར་དང་མི་ཐབས་ཆེད་ལས་བསྐྱར་བཤེར་ཟུང་དུ་འབྲེལ་བའི་བྱེད་སྟངས་དེ་རིགས་ཀྱིས་མི་ཐབས་རིག་ནུས་ཀྱི་མྱུར་ཚད་དང་བརྟན་བརླིང་རང་བཞིན་དང་། བདེ་འཇགས་ཞིབ་བཤེར་བའི་ཉམས་མྱོང་དང་བརྡར་གཅོད་ནུས་པའི་ལེགས་ཆ་ཟུང་འབྲེལ་གང་ལེགས་བྱས་ནས། བདེ་འཇགས་ཞིབ་བཤེར་གྱི་གནད་འཁེལ་ཚད་དང་བློས་འཁེལ་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ་འགྲུལ་པར་ཞིབ་བཤེར་བྱེད་ཡུན་ཐུང་དུ་ནུས་ལྡན་བཏང་ཡོད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མི་བཟོ་བའི་ལག་རྩལ་འགག་སྒྲོལ་དང་བེད་སྤྱོད་ཚོད་ལྟ་བྱེད་འགོ་ཚུགས་པ།

ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་དམངས་སྲིད་པུའུ་ཡིས་མཉམ་དུ་བརྡ་ཐོ་བཀྲམ་ནས་རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མི་བཟོ་བའི་ལག་རྩལ་འགག་སྒྲོལ་དང་བེད་སྤྱོད་ཚོད་ལྟའི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་ཡོད།ཚོད་ལྟའི་དུས་ཡུན་2025ལོ་ནས་2027ལོ་བར་ཡིན་པ་དང་། རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མི་བཟོ་བའི་ལག་རྩལ་འགག་སྒྲོལ་དང་བེད་སྤྱོད་ཚོད་ལྟའི་རྣམ་གྲངས་ཁག་གཅིག་དུས་མཚམས་ཕྱེ་ནས་ལག་ལེན་བསྟར་ཁར། ཞིབ་འཇུག་དང་བཀོལ་སྤྱོད་ཕྱོགས་གཉིས་ཆ་འགྲིག་གིས་འགག་སྒྲོལ་བྱེད་པར་སྐུལ་འདེད་བཏང་ནས། ཁྱིམ་ཚང་དང་། སྡེ་ཁུལ། རྒན་གསོའི་སྒྲིག་གཞི་སོགས་སུ་ཐོན་རྫས་སྤྱོད་པར་ར་སྤྲོད་དང་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་བཏང་ནས་རིམ་པ་མང་བ་དང་སྣ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པའི་འཕྲུལ་མིའི་ཐོན་རྫས་ཁག་གཅིག་བཟོ་རྒྱུ་ཡིན་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་ནང་དོན་ནང་ཆ་འགྲིག་འགག་སྒྲོལ་གྱི་ལས་དོན་སྤེལ་རྒྱུ་དང་དེའི་ནང་གཙོ་བོ་ལུས་ཟུངས་དང་རིག་ནུས་ཤོར་བའི་རྒན་རྒོན་ལ་ལྟ་རྟོག་དང་། ནད་གཡོག་རྒྱུག་རོགས། བདེ་ཐང་ཡར་སྐུལ། རིག་ལྡན་ཁོར་ཡུག རྒྱུན་གཏན་འཚོ་བར་རམ་འདེགས་སོགས་ལ་དམིགས་ཏེ། ཐོན་རྫས་ཀྱི་བདེ་འཇགས་རང་བཞིན་དང་། བློས་འགེལ་རང་བཞིན། སྤྱོད་བདེའི་རང་བཞིན། ཞབས་ཞུའི་ནུས་པ་བཅས་རིམ་བཞིན་ཆེ་རུ་གཏོང་བ་དང་། བེད་སྤྱོད་ར་སྤྲོད་བྱས་ཏེ་དེའི་བརྒྱུད་རིམ་ཁྲོད་ཐོན་རྫས་རིམ་འཇུག་རིམ་སྤོར་བྱས་ནས་བེད་སྤྱོད་ར་སྤྲོད་ཀྱི་དུས་ཚོད་ཟླ་6ལས་མི་ཐུང་བ་བྱེད་པ། ཚད་གཞི་དང་གདེང་འཇོག་གི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱོད་ཡུལ་གྱི་དགོས་མཁོ་དང་བེད་སྤྱོད་བདེ་འཇགས་ལ་དམིགས་ནས་རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མིའི་ཐོན་རྫས་ཞིབ་བཟོ་དང་ཞབས་ཞུའི་ཚད་གཞི་ཚད་ལྡན་དུ་གཏོང་བ་སོགས་ཚུད་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

རླངས་འཁོར་ཨང་རྟགས་ཡག་པོ་བླངས་ཆོག་པའི་མགོ་སྐོར།

མི་མང་པོ་ཞིག་གིས་རླངས་འཁོར་ཉོས་རྗེས། རླངས་འཁོར་ལ་ཨང་རྟགས་ཡག་པོ་ཞིག་འདོགས་རྒྱུའི་རེ་བ་བཅངས་ཡོད་ལ། མི་ལ་ལས་ད་དུང་རིན་གོང་མཐོན་པོ་བྱིན་ནས་རང་གིས་བློར་བབས་པའི་ཨང་རྟགས་དེ་ཉོ་བཞིན་ཡོད། དགོས་མཁོ་དེས་ཉེས་ཅན་ལ"ཚོང་ལས་ཀྱི་གོ་སྐབས"སྤྲད་ཡོད་དེ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་རུ་སྡོད་མཁན་ལིའུ་ཅིན་གྱིས་དྲ་ལམ་ག་གེ་མོ་རུ་རླངས་འཁོར་ཨང་རྟགས་ཡག་པོ་བླངས་ཆོག་ཅེས་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས། དོན་དངོས་སུ་ཇུས་འགོད་ཞིབ་ཚགས་བྱས་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའི་མགོ་གཡོགས་མགོ་སྐོར་ཡིན།དྲ་རྒྱའི་སྟེགས་བུ་གང་མང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། ཁ་པར་རྩེད་ཞོར་དུ་རང་ལ་མཁོ་བའི་དངོས་པོ་ཉོ་བ་ནི་ད་ལྟའི་དུས་རབས་ཀྱི་འཛད་སྤྱོད་པ་ཚོའི་རྒྱུན་ལྡན་གྱི་སྣང་ཚུལ་ལྟ་བུར་གྱུར་ཡོད་ཅིང་། སྐུ་ཞབས་ཀུའུ་ཡང་དེ་ལས་མ་འདས། 2024ལོའི་ཟླ6པའི་ཟླ་མཇུག་གི་ཉིན་ཞིག་ལ། སྐུ་ཞབས་ཀུའུ་ཁོམ་དྲགས་པས་ཁ་པར་གྱི་བརྙན་ཐུང་ལ་བལྟས་པ་དང་། རླངས་འཁོར་ཨང་རྟགས་ཡག་པོ་བླངས་ཆོག་པའི་ཆ་འཕྲིན་ཞིག་གིས་ཁོའི་ཡིད་དབང་ཡོངས་སུ་འཕྲོག་པར་བྱས། གསར་དུ་ཉོས་པའི་རླངས་འཁོར་ལ་ཨང་རྟགས་ཡག་པོ་ཞིག་འདོགས་ཆེད་ཁོས་ཕ་རོལ་པོར་འབྲེལ་གཏུག་བྱས།"ཁྱོད་བདེ་མོ། ངས་ཁྱོད་ཀྱི་ཆ་འཕྲིན་མཐོང་སོང་། ང་ལ་རླངས་འཁོར་ཨང་རྟགས་ཡག་པོ་ཞིག་མཁོ་འདུག""ཆོག་གི། ངའི་སྐད་འཕྲིན་སྣོན་དང་། ཞིབ་ཕྲའི་གནས་ཚུལ་སྒེར་ནས་བཤད""རླངས་འཁོར་ཨང་རྟགས་ཀྱི་གྲོན་དངུལ་ཇི་ལྟར་བསྡུ་དགོས""དེ་གཙོ་བོ་ཁྱེད་ལ་ཨང་རྟགས་གང་ཞིག་དགོས་མིན་ལ་བལྟ་དགོས། རྒྱུན་ལྡན་གྱི་ཨང་རྟགས་ལ་སྒོར་སྟོང་ཕྲག་ཁ་ཤས་དང་། 888དང666ལྟ་བུའི་བཀྲ་ཤིས་པའི་ཨང་རྟགས་ལ་སྒོར་ཁྲི་འགའ་དགོས། སྔོན་ལ་གཏའ་མ་སྤྲད་དགོས""རླངས་འཁོར་ཨང་རྟགས་ཐོབ་ཐུབ་པའི་ཁག་ཐེག་བྱེད་ཐུབ་བམ། གནད་དོན་མེད་དམ""སེམས་བདེ་མོ་བྱོས། ང་ལ་ནང་ཁུལ་དུ་འབྲེལ་བ་ཡོད་པས་སྒོར་མོ་སྤྲད་དེ་ཟླ་གཅིག་གི་ནང་ལེན་ཐུབ་ངེས་ཡིན""དེས་ན་ངས་ཨང་རྟགས་ཤིག་འདེམས་རྒྱུ་ཡིན""ཁྱོད་ཀྱིས་གཤམ་གྱི་ཨང་རྟགས་ལས་གཅིག་བདམས་ཆོག མཚོ་སྔོནACV000དང་། མཚོ་སྔོནA7Y777 མཚོ་སྔོནA9L999... "སྐུ་ཞབས་ཀུའུ་ཡིས་ཕ་རོལ་པོས་སྤྲད་པའི་ཨང་རྟགས་མཐོང་རྗེས། ཆེས་ཡག་པའི་འཁོར་རྟགས་ཞིག་ཉོ་རྒྱུའི་ཐག་བཅད་དེ་རིན་གོང་གྲོས་བྱས་པ་བརྒྱུད། སྒོར6000གིས་ཚོང་འགྲིག་པར་བྱས་པ་དང་།ཁོས་ཁ་པར་ལས་གཏའ་མར་སྒོར2000བསྐུར་རྗེས་རང་ཉིད་དགའ་བའི་འཁོར་རྟགས་ཤིག་བདམས། འཁོར་རྟགས་ལག་ཏུ་འབྱོར་བའི་ཉིན་མོར་སྐུ་ཞབས་ཀུའུ་ཡིས་ལྷག་མའི་སྒོར4000སྟེར་རྩིས་བྱས། ཉིན་འགའ་འགོར་བ་ན། སྐུ་ཞབས་ཀུའུ་ལ་ཕ་རོལ་པོས་བསྐུར་བའི་ཨང་རྟགས་ལེགས་འགྲུབ་བྱུང་བའི་འདྲ་པར་ཞིག་འབྱོར་ཞིང་། དེའི་སྟེང་དུ་ཁོའི་མིང་དང་ཁོས་བདམས་པའི་མཇུག་གྲངས333ཅན་གྱི་འཁོར་རྟགས་བྲིས་ཡོད། དེ་དང་ཆབས་ཅིག་ཕ་རོལ་པོས་སྐུ་ཞབས་ཀུའུ་ལ་རང་གི་ཐོབ་ཐང་ཆ་འཕྲིན་དང་འདྲ་པར། ཁ་པར་ཨང་གྲངས་སོགས་བསྐུར་དགོས་པའི་རེ་བ་བཏོན་པ་ན། ཁོས་འཁོར་རྟགས་གཏན་འཁེལ་བྱས་ཟིན་པ་མཐོང་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྒོར4000ཕ་རོལ་པོར་བསྐུར།ཝང་ཆེ་གེ་མོས་ཀྱང་གོང་སྨོས་དང་འདྲ་བར་དྲ་ལམ་དུ་འཁོར་རྟགས་ཡག་པོ་བླངས་ཆོག་པའི་ཆ་འཕྲིན་མཐོང་བའི་མོད་ལ། ཡིད་སེམས་རབ་ཏུ་བཀུག་ཅིང་ཕ་རོལ་པོའི་སྐད་འཕྲིན་བསྣན་ཏེ8888ཅན་གྱི་འཁོར་རྟགས་ཤིག་ཉོ་རྩིས་བྱས་ཤིང་། གཏའ་མར་སྒོར་ཁྲི1.5བསྐུར་བ་དང་། ཟླ་གཅིག་གི་ནང་་འཁོར་རྟགས་དངོས་སུ་ལག་ལ་འབྱོར་རྗེས་འཕྲོ་མའི་སྒོར་ཁྲི2སྟེར་རྩིས་བྱས།མིག་རྡེབ་དབང་ཙམ་གྱིས་ཟླ་བ་གཉིས་ལྷག་འགོར་ཟིན། དགའ་སྤྲོ་ཆེན་པོས་ཁེངས་པའི་སྐུ་ཞབས་ཀུའུ་ཡིས་སྒུག་གིན་སྒུག་གིན་འཁོར་རྟགས་མཐོང་རྒྱུ་མ་བྱུང་བས། སེམས་སུ་རིམ་བཞིན་དོགས་པ་སྐྱེས་ནས་རང་གིས་བདམས་པའི་འཁོར་རྟགས་ལ་ཞིབ་བཤེར་བྱས་པ་ན། མ་གཞི་ཁོས་ཉོས་ཟིན་པའི་འཁོར་རྟགས་དེ་རང་གི་མིང་འོག་ཏུ་མེད་པ་ཤེས་ལ། ཝང་ཆེ་གེ་མོས་ཀྱང་ཕ་རོལ་པོར་ཆ་འཕྲིན་བསྐུར་དུས་རང་ཉིད་གསུབ་འདུག་པ་ཤེས། མགོ་སྐོར་ཐེབས་པའི་མི་གཉིས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་དྲ་རྒྱའི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་རུ་ཁག་ཏུ་སོང་ནས་གྱོད་དོན་སྙན་སེང་ཞུས།སྙན་སེང་འབྱོར་རྗེས། མཁར་ནུབ་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་ཉེན་རྟོག་པས་འཕྲལ་དུ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས། བརྟག་དཔྱད་བྱས་པ་བརྒྱུད། དྲ་ལམ་ག་གེ་མོ་རུ་ཆ་འཕྲིན་སྐུར་མཁན་དེའི་མིང་ལ་ལིའུ་ཅིན་ཟེར་ཞིང་། རྩིས་ཨང་ཐོ་འགོད་བྱེད་དོན་ནི་འཁོར་རྟགས་ཡག་པོ་མཁོ་མཁན་མང་པོས་དོ་ཁུར་བྱེད་ཆེད་ཡིན་ལ། དོན་དངོས་སུ་སྒོར་མོས་མགོ་སྐོར་གཏོང་ཆེད་ཡིན། ཁོས་ཁྱབ་བསྒྲགས་བྱས་པའི་བརྙན་ཚང་མ་ནི་དྲ་ཐོག་ནས་ཕབ་ལེན་བྱས་རྗེས་སྒྲིག་བཟི་བྱས་པ་ཡིན་ཞིང་།གྱོད་གཞི་དེ་གཉིས་སྒྲུབ་པའི་སྐབས་སུ་མཁར་ནུབ་ཆུའ་ཉེན་རྟོག་ཕྱོགས་ལ་གྱོད་དོན་སྙན་ཞུ་མང་པོ་གཅིག་རྗེས་གཉིས་མཐུད་དུ་འབྱོར།2025ལོའི་ཟླ3པར། ཉེས་བསགས་དོགས་ཡོད་ཉེས་ཅན་ལིའུ་ཅིན་མཁར་ནུབ་ཆུའུ་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར། འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ལིའུ་ཅིན་གྱིས་ཉེས་བསགས་དོན་དངོས་ཁས་ལེན་བྱས།ཁོས"མགོ་སྐོར་བཏང་སྟེ་ལེགས་འགྲུབ་བྱུང་རྗེས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་གཡོལ་ཐབས་བྱས་པ་ཡིན། ངོ་མ་གཡོལ་ཐབས་མེད་ན་ཕ་རོལ་པོ་གསུབ་པ་ཡིན། རང་ཉིད་ལ་དམིགས་བསལ་ཀྱི་འཁོར་རྟགས་ཡག་པོ་ལེན་པའི་ནུས་པ་མེད་པས།'ནང་ཁུལ་གྱི་འབྲེལ་བ'སོགས་རྟོག་བཟོ་བྱས་ཤིང་གནོད་འཚེ་ཕོག་མཁན་གྱི་ཡིད་དབང་བཀུག་པར་མ་ཟད། གཏའ་མ་དང་གྲོན་དངུལ་སོགས་ཀྱི་མིང་ཐོག་ནས་མགོ་སྐོར་བཏང་སྟེ་ཁྲིམས་འགལ་ངང་ཁེ་བཟང་རེག་པ་ཡིན"ཟེར།མིག་སྔར། དོགས་ཡོད་ཉེས་ཅན་ལིའུ་ཅིན་གྱིས་མགོ་སྐོར་བཏང་བའི་ནག་ཉེས་བསགས་པའི་རྐྱེན་གྱིས་མཁར་ནུབ་ཆུའུ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཟིན་ལ། གྱོད་གཞི་ལ་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད།ཉེ་ཆར། གྱོད་སྒྲུབ་ཉེན་རྟོག་པས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱ་ཆེའི་ཁ་ལོ་པ་རྣམས་ལ་དྲན་སྐུལ་བྱས་པ་སྟེ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། འཁོར་རྟགས་སྤྲོད་ལེན་དང་དོ་དམ་ནི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ལག་བསྟར་བྱེད་པ་ལས། མི་སྒེར་རམ་ཡང་ན་དབང་ཆ་སྤྲད་པའི་ལས་ཁུངས་གང་རུང་ལ་རང་དགར་ཐག་གཅོད་བྱེད་པའི་དབང་ཆ་མེད། དྲ་ལམ་དུ་ཚབ་སྒྲུབ་བྱས་ཆོག་པ་སོགས་ཀྱི་ཆ་འཕྲིན་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་། གལ་ཏེ་འཁོར་རྟགས་སོགས་འབྲེལ་ཡོད་ལས་སྒོའི་དགོས་མཁོ་ཡོད་ཚེ་ངེས་པར་གཞུང་ཕྱོགས་ཀྱི་དམིགས་བཙུགས་ལས་ཁུངས་སུ་སོང་ནས་སྒྲིག་སྲོལ་ལྟར་འཁོར་རྟགས་ལེན་དགོས།(གྱོད་དཔེའི་ཁྲོད་དུ་བརྫུས་མིང་བཀོལ་ཡོད)

AG600རྟགས་ཅན་གནམ་གྲུ་ཐོན་སྐྱེད་བྱེད་ཆོག་པའི་ལག་ཁྱེར་རག་པ།

ཚེས་11ཉིན། རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཆོག་པའི་རང་རྒྱལ་གྱི་གནམ་གྲུ་ཆེ་གྲས་AG600རྟགས་ཅན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཀོང་ཏུང་ཀྲུའུ་ཧའེ་རུ་ཐོན་སྐྱེད་བྱེད་ཆོག་པའི་ལག་ཁྱེར་སྤྲད་ཅིང་། དེས་AG600རྟགས་ཅན་གནམ་གྲུ་ཐོན་སྐྱེད་འབོར་ཆེན་བྱེད་པའི་དུས་རིམ་དུ་སླེབས་པ་མཚོན་ནས་རང་རྒྱལ་གྱི་མཁའ་འགྲུལ་འཕྲལ་སྡོམ་རོགས་སྐྱོབ་སྒྲིག་ཆས་ཆེ་གྲས་མ་ལག་བཟོ་བའི་འགག་རྩའི་ལམ་ཚད་རྡོ་རིང་ལྟ་བུར་གྱུར་ཡོད། རྗེས་སུ། AG600རྟགས་ཅན་གནམ་གྲུ་ཞིབ་བཟོའི་ལས་རིམ་ཧྲིལ་པོས་རྒྱལ་ཁབ་ཀྱི་འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས་གསར་གཏོད་སྒུལ་ཤུགས་སུ་བྱེད་པར་ཤུགས་རྒྱག་རྒྱུ་རེད།འདི་ནི་ཚེས་11ཉིན། ཀྲུའུ་ཧའེ་ཀྲུང་གོ་མཁའ་འགྲུལ་ཤར་བགྲོད་ཧྭ་ནན་གནམ་གྲུ་བཟོ་ལས་ཚད་ཡོད་ཀུང་སིས་པར་བརྒྱབ་པའི་AG600རྟགས་ཅན་གྱི་གནམ་གྲུའི་སྤྱིའི་སྒྲིག་སྦྱོར་ལས་རིམ་གྱི་གནས་ཚུལ་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་10%ལྷག་ཙམ་འཕར་བ།

ཚེས་11ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་རླངས་འཁོར་ལས་རིགས་ཀྱི་སྤྱིའི་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཞིང་། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་གྲངས་གནས་གཉིས་འཕར་ཡོད་པ་རེད།གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ལྔ་པའི་བར། རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1282.6དང་ཁྲི་1274.8ཟིན་པ་དེ་དུས་མཚུངས་ལས་12.7%དང་10.9%སོ་སོར་འཕར་ཡོད། དེའི་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་569.9དང་ཁྲི་560.8ཟིན་པ་དེ་དུས་མཚུངས་ལས་45.2%དང་44%སོ་སོར་འཕར་ནས། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་རླངས་འཁོར་གསར་པའི་ཕྱིར་ཚོང་བསྡོམས་འབོར་གྱི་44%ཟིན་ཡོད་པ་རེད།“གསར་གཉིས”སྲིད་ཇུས་ཤུགས་ཆེན་འདོན་པ་དང་། ཕན་འབྲས་རྒྱུན་མཐུད་ཐོན་པ། རླངས་འཁོར་ཁེ་ལས་ཀྱི་ཐོན་རྫས་གསར་པ་འདོན་པ་སོགས་ཀྱི་རྒྱུ་རྐྱེན་བཟང་པོས་རླངས་འཁོར་ཁྲོམ་རའི་འཛད་སྤྱོད་གསོན་ཤུགས་གང་མགྱོགས་འཕེལ་བར་རམ་འདེགས་ཐུབ་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ནང་དུ་རླངས་འཁོར་ཁྲི་1025.8བཙོངས་པ་དེ་དུས་མཚུངས་ལས་11.7%འཕར་ཡོད། ཟླ་བ་ལྔ་པ་ཁོ་ནར། རྒྱལ་ནང་དུ་རླངས་འཁོར་ཁྲི་213.5བཙོངས་པ་དེ་དུས་མཚུངས་ལས་10.3%འཕར་ཡོད་པ་རེད།ཕྱིར་གཏོང་ཐད། ཟླ་བ་དང་པོ་ནས་ལྔ་པའི་བར། རླངས་འཁོར་ཁྲི་249ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་7.9%འཕར་ཡོད། དེའི་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་85.5ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་64.6%འཕར་ཡོད། ཟླ་བ་ལྔ་པ་ཁོ་ནར། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་21.2ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་ལྡབ་1.2འཕར་ཡོད་པ་རེད།འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རར་རྒྱུན་མཐུད་རྣམ་པ་བཟང་པོ་མངོན་ཞིང་། ཟླ་དང་པོ་ནས་ལྔ་པའི་བར། འགྲུལ་སྐྱེལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1108དང་ཁྲི་1099.6ཟིན་པ་དེ་དུས་མཚུངས་ལས་14.1%དང་12.6%སོ་སོར་འཕར་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མི་ཐབས་རིག་ནུས་བཀོལ་སྤྱོད་བྱེད་པའི་འགྲན་ལམ་གསར་པས་ཤེས་ལྡན་མི་སྣའི་དགོས་མཁོ་གསར་པ་ཆེ་རུ་བཏང་བ་དང་། ལས་ཞུགས་ཀྱི་བར་ཁམས་གསར་པ་ཟམ་མི་ཆད་པར་རྒྱ་བསྐྱེད་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནས་བཟུང་། མི་ཐབས་རིག་ནུས་དང་། རྩེར་སོན་བཟོ་སྐྲུན། རྡུལ་ཕྲན་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ལས་མི་དགོས་མཁོ་ཆེན་པོ་ཡོད་པའི་དབང་གིས། རིགས་ཁག་གི་ལས་གནས་ལ་རིག་ནུས་སྣོན་ཞེས་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཡོད་པས། ལས་ཞུགས་ཀྱི་བར་ཁམས་གསར་པ་ཟམ་མི་ཆད་པར་གཏོད་བཞིན་ཡོད།༢༠༢༥ལོའི་རྒྱལ་ཡོངས་གྲོང་ཁྱེར་སྐོར་སྐྱོད་ཀྱི་ལས་མི་བསྡུ་བའི་མི་ཐབས་རིག་ནུས་ལས་གནས་ཀྱི་ཆེད་དོན་བྱེད་སྒོ་ཧང་ཀྲོའུ་རུ་གཉེར་བ་དང་། རིགས་ཁག་གི་ལས་གནས་༦༠༠༠ལྷག་ཙམ་བཏོན་ཡོད། མི་ཐབས་རིག་ནུས་ལས་རིགས་ཀྱིས་འབྲེལ་ཡོད་ལས་གནས་ཁྲོད་བཟུང་བའི་བསྡུར་ཚད་བརྒྱ་ཆ་༥༢ཟིན་པ་དང་། དེའི་ནང་རྩིས་རྒྱག་ཞིབ་འཇུག་གསར་སྤེལ་དང་། བཟོ་ལས་ཀྱི་མཉམ་འབྲེལ་དྲ་རྒྱ་སོགས་མདུན་གྲལ་གྱི་རྩེར་སོན་ཁ་ཕྱོགས་མང་པོ་ཚུད་ཡོད། ཀྲེ་ཅང་གི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གི་ལས་མི་བསྡུ་བའི་འགོ་འཛིན་ལི་ཅི་ཕིང་གིས། ད་ལོ་སྔོན་དཔག་བྱས་ན་ལོ་དེ་རང་ལ་སློབ་མཐར་ཕྱིན་པའི་སློབ་མ་༡༢༠༠བསྡུ་རྒྱུ་ཡིན། ཧ་ལམ་མི་༢༠༠ཡས་མས་སྔ་ནུར་དུ་དངོས་སྦྱོང་བྱ་རྒྱུར་བསྡུ་རྒྱུ་ཡིན་ཞེས་བཤད་ཡོད།མི་ཐབས་རིག་ནུས་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ་དང་བསྟུན་ནས། མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ཀྱི་འབྲེལ་ཡོད་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་ཡང་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད། ཐེང་ཞུན་གོ་ལ་ཧྲིལ་པོའི་ལས་མི་བསྡུ་མཁན་གྱི་འགན་འཁུར་བ་ལོ་ཧའེ་པོ་ཡིས། ད་ལོ་ཐེང་ཞུན་གྱིས་མ་ལག་རང་བཞིན་གྱི་ལས་མི་མང་དུ་གཏོང་བའི་འཆར་གཞི་འགོ་འཛུགས་རྒྱུ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་དངོས་སྦྱོང་སློབ་མ་ཁྲི་གཅིག་བསྡུ་རྒྱུ་ཡིན་པ། དེའི་ནང་ལག་རྩལ་དང་། ཐོན་རྫས། ཇུས་འགོད། ཁྲོམ་ར། འགན་ནུས་སོགས་རིགས་ཆེ་བ་ལྔ་ཡི་ལས་གནས་༧༠ལྷག་ཙམ་ཚུད་ཡོད་ཅེས་དང་། ཁོང་གིས། ང་ཚོས་ཚན་རྩལ་རིགས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་སྔར་ལས་ཆེ་བ་འགྲོ་བཟོ་ཡོད། ད་ལྟ་བསྡུ་བའི་ལས་གནས་ནང་། མ་དཔེ་ཆེན་མོ་དང་། སྤྲིན་རྩིས་རྒྱག གྲངས་གཞི་ཆེན་མོ། འགུལ་བྱེད་འཕྲུལ་འཁོར་སོགས་ཁ་ཕྱོགས་ཀྱི་དགོས་མཁོའི་བཟུང་ཚད་ཀྱང་མང་ཤོས་ཡིན་པ་རེད།པའེ་ཏུའུ་ཡིས་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སློབ་མར་དངོས་སྦྱོང་གི་ལས་གནས་༣༠༠༠ལྷག་ཙམ་མཁོ་འདོན་བྱས་པ་དང་། དེའི་ནང་བརྒྱ་ཆ་༩༠ལྷག་ནི་མི་ཐབས་རིག་ནུས་དང་འབྲེལ་བ་ཡོད་པ། དེའི་ནང་མ་དཔེ་ཆེན་མོ་དང་། འཕྲུལ་འཁོར་གྱིས་སློབ་སྦྱོང་། མི་མེད་འཁོར་གཏོང་སོགས་ཁྱབ་ཁོངས་ལ་ཁེབས་ཡོད། དེ་དང་ཆབས་ཅིག་རྩེར་སོན་ལག་རྩལ་ལྡན་པའི་འབུམ་རམས་པ་རྩེ་གྲ་བསྡུ་བའི་འཆར་གཞི་སོགས་འགོ་བཙུགས་ཡོད་པ་རེད། པའེ་ཏུའུ་ཡི་སློབ་གྲྭར་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ཅིང་ལི་ལེའུ་ཧྲོའེ་ཡིས། འབྱུང་འགྱུར་ལོ་གསུམ་ནང་། པའེ་ཏུའུ་ནས་ད་དུང་དངོས་སྦྱོང་ལས་གནས་ཉིས་ཁྲི་ཆིག་སྟོང་མཁོ་འདོན་བྱ་རྒྱུ་དང་། གོམ་གང་མདུན་སྤོས་ངང་དངོས་སྦྱོང་ནས་དངོས་གཞིར་འགྱུར་བའི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞེས་དང་། ཁོང་གིས། འཕྲུལ་འཁོར་གྱིས་སློབ་སྦྱོང་བྱེད་པ་དང་། རང་བྱུང་སྐད་རིགས་སྒྲུབ་སྤྱོད་བྱེད་པ། མ་དཔེ་ཆེན་པོའི་རྩིས་རྒྱག་དེ་བཞིན་མདུན་སྣེ་དང་རྒྱབ་སྣེའི་གསར་སྤེལ། འཐབ་ཇུས་ཐོན་རྫས་ཀྱི་ཅིང་ལི། མི་ཐབས་རིག་ནུས་ཐོན་རྫས་ཀྱི་ཅིང་ལི་སོགས་ཚང་མ་ནི་ང་ཚོས་ལས་མི་བསྡུ་བའི་ཁ་ཕྱོགས་ཡིན་ཞེས་བཤད་ཡོད།

ཐི་ལིང་ཕུའུ་ཡིས་གྲོས་ཆོད་བཀོད་དེ་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེ་ཡིས་འབར་སྣུམ་ཅན་གྱི་རླངས་འཁོར་གསར་བའི་ཕྱིར་འཚོང་གཏན་འགོག་བྱེད་པའི་འཆར་གཞིར་བཀག་འགོག་བྱས།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས12ཉིན་ཕོ་བྲང་དཀར་པོ་ནས་གྲོས་ཆོད་བཀོད་དེ། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེ་ཡིས་ཨ་མེ་རི་ཁ་རྒྱལ་ཡོངས་ནས་སྔོན་ལ2035ལོའི་སྔོན་ལ་འབར་སྣུམ་ཅན་གྱི་རླངས་འཁོར་གསར་བའི་ཕྱིར་འཚོང་གཏན་འགོག་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པར་བཀག་འགོག་བྱས།ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་མགོ་བ་ཉིག་སུན་གྱིས2020ལོར་སྲིད་འཛིན་བཀའ་རྒྱ་བཀོད་དེ། 2035ལོའི་སྔོན་ལ་མངའ་སྡེའི་མངའ་ཁོངས་སུ་འབར་སྣུམ་ཅན་གྱི་རླངས་འཁོར་གསར་བའི་ཕྱིར་འཚོང་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེ་ཡིས2035ལོའི་བར་ཉུང་མཐར་ཡང་བརྒྱ་ཆའི་བརྒྱད་ཅུའི་ཕྱིར་འཚོང་རླངས་འཁོར་གསར་བ་དེ་གློག་སྒུལ་རླངས་འཁོར་ཡིན་པ་དང་། གློག་གསོག་ཅན་གྱི་འདྲེས་སྦྱོར་སྒུལ་ཤུགས་ཅན་གྱི་རླངས་འཁོར་གྱི་བསྡུར་ཚད་བརྒྱ་ཆའི་ཉི་ཤུར་བསླེབས་པར་བྱེད་རྒྱུའི་འཆར་གཞི་ཡོད། འཆར་གཞི་དེས་ཀྱང་ཨ་མེ་རི་ཁའི་མངའ་སྡེ་གཞན་པ11གིས་དང་ལེན་བྱས་ཡོད་པ་དང་། དེའི་ལག་བསྟར་ཁྱབ་ཁོངས་ཀྱིས་ཨ་མེ་རི་ཁའི་རླངས་འཁོར་ཚོང་རའི་སུམ་ཆའི་གཅིག་ཟིན་ཡོད།ཐི་ལིང་ཕུའུ་ཡིས་ད་རུང་གྲོས་ཆོད་གཞན་པ་བཀོད་ནས། ཨ་མེ་རི་ཁའི་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡིས2023ལོར་ཆོག་མཆན་བཀོད་པའི་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་དྲོད་རླངས་ཕྱིར་གཏོང་གི་ཚད་དམའ་བའི་དངོས་སྐྱེལ་རླངས་འཁོར་ཆེ་གྲས་ཇེ་མང་དུ་གཏོང་བའི་འཆར་གཞི་རྩིས་མེད་དུ་བཏང་བ་དང་། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་དངོས་སྐྱེལ་རླངས་འཁོར་ཆེ་གྲས་དང་སྒུལ་འཁོར་ལ་དམིགས་ཏེ་ལག་བསྟར་བྱས་པའི་ཐཱན་ཉུང་དབྱང་འགྱུར་རྫས་ཀྱི་ཕྱིར་གཏོང་ཚད་གཞི་མེད་པར་བཏང་།ཕིན་པའོ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། རླངས་འཁོར་བཟོ་སྐྲུན་ཚོང་བ་དང་རྡོ་སྣུམ་ཀུང་ཟིས་བལྟས་ན་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་དམིགས་འབེན་དེ་མངོན་འགྱུར་བྱེད་ཐབས་མེད་པར་འདོད་ཡོད་ལ། ཐི་ལིང་ཕུའུ་ཡིས་བཀོད་པའི་གྲོས་ཆོད་དེ་ཁོ་ཚོར་མཚོན་ན་འདོད་ཐོག་ལ་རྟ་རྒྱུག་པ་ལྟ་བུ་རེད།བསྒྲགས་པ་ལྟར་ན། ཆོད་དོན་དེ་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྲིད་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་ཁག་ལ་མཚོན་ན་ཆམ་ཕབ་དྲག་པོ་ཞིག་ཡིན་པ་དང་། ཁོ་ཚོས་བལྟས་ནས་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་ཁྲིམས་སྲོལ་དེ་རླངས་འཁོར་དག་གཙང་ཅན་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བར་གལ་འགངས་ཧ་ཅང་ཆེ་བར་འདོད་ཡོད།ཉིག་སུན་གྱིས་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་རྒྱལ་ཚོགས་ཀྱི་བྱེད་ཐབས་དེ་དག་ཁྲིམས་འགལ་ཡིན་པར་འདོད་པར་མ་ཟད། ཁྲིམས་ཁང་ནས་ཞུ་གཏུག་བྱེད་རྒྱུའི་དམ་བཅའ་བཞག་ཡོད།བསོད་ནམས་ཚེ་རིང་གིས་བསྒྱུར།

༄༅།།འཛམ་གླིང་ཡང་རྩེར“ཚན་རྩལ་རགས་ཆེན”བསྐྲུན་པ།

2021ལོའི་ཟླ་3ཚེས་26ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་DGཆུ་ཤུགས་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་གཏམ་བཟང་ཞིག་འབྱོར་བ་སྟེ། ཨར་སྐྲུན་ཚན་པས་ཚངས་ཐིག་ཧའོ་སྨི་200དང་རིང་ཚད་སྨི་26.2ཟིན་པའི་རིམ་གསུམ་བཙིར་གནོན་ཨར་འདམ་གྱི་མ་དཔེ་ཞིག་བདེ་བླག་ངང་བཏོན་ནས་དེ་གོང་རང་རྒྱལ་གྱིས་གསར་གཏོད་བྱས་པའི་རིང་ཚད་སྨི་25.9ཡི་བཙིར་གནོན་ཨར་འདམ་གྱི་མ་དཔེའི་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད་པ་རེད། འཛམ་གླིང་གི་ཟིན་ཐོ་གསར་པ་དེ་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་ཀྲུང་གོ་ཆུ་ཤུགས་གློག་ཁང་ཅུས་དགུ་པའི་བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཤང་ཆན་གྱིས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་པའི་མཉམ་འདུས་རྣམ་པའི་དྲོད་སྲུང་བརླན་སྲུང་ལག་རྩལ་གསར་པ་ལས་བྱུང་བ་དང་རགས་ཆེན་ལ་རིག་ནུས་ཀྱི“དྲོད་སྲུང་གོ་ཆ”སྤྲས་པ་རེད། ཤང་ཆན་གྱིས“མིག་སྔར་རིམ་གསུམ་བགྲུས་བཙིར་ཨར་འདམ་གྱི་ལྟེ་དཔེ་དེ་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་ཡོད”ཅེས་ངོ་སྤྲོད་བྱས། ཤང་ཆན་ནི་1983ལོར་ཧུའུ་ནན་ཞིང་ཆེན་ཤང་ནུབ་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་རུ་སྐྱེས་པ་དང་། 2007ལོར་ཁྲང་ཧྲ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཆུའི་བཟོ་པའི་ཆེད་ལས་ནས་མཐར་ཕྱིན་རྗེས་ཀྲུང་གོ་ཆུ་ཤུགས་གློག་ཁང་ཅུས་དགུ་པར་ལས་ཀ་བྱས་པ་རེད། ལས་ཀར་ཞུགས་ནས་ལོ་18སོང་རིང་། ཤང་ཆན་གྱིས་རྣམ་གྲངས་པུའུ་དང་མཉམ་དུ་ཀུའེ་ཀྲོའུ་དང་། ཡུན་ནན། ཧུའུ་པེ། ཧྲན་ཤིས་སོགས་སུ་བསྐྱོད་པ་དང་། 2018ལོར་ཀྲུང་གོ་ཆུ་ཤུགས་གློག་ཁང་ཅུས་དགུ་པས་བོད་ལྗོངས་DGཆུ་ཤུགས་གློག་ཁང་གི་རགས་ཆེན་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ཁུར་བ་དང་། ཤང་ཆན་གྱིས་ལས་གྲྭའི་སྤྱི་ཁྱབ་བཟོ་བཀོད་པའི་འགན་ཁུར་བ་རེད། “དཀའ་ངལ་དང་འགྲན་སློང་གང་འདྲ་ཞིག་འཕྲད་ཀྱང་། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ན། སེལ་མི་ཐུབ་པའི་དཀའ་གནད་མེད་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་ཤང་ཆན་གྱིས་བརྗོད། ཡིད་ཆེས་དེ་ལ་བརྟེན་ནས་ཤང་ཆན་གྱིས་བོད་ལྗོངས་DGཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་རིང་ལག་རྩལ་གྱི་དཀའ་གནད་གཅིག་རྗེས་གཉིས་མཐུད་ངང་བསལ་ཡོད། ལག་རྩལ་ལ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དེས་རྣམ་གྲངས་ཀྱི་གཟི་བརྗིད་དུས་སྐབས་བསུས་པ་སྟེ། 2023ལོར་བོད་ལྗོངས་DGཆུ་ཤུགས་གློག་ཁང་ལ་རྒྱལ་ཁབ་ཀྱི་སྤུས་ལེགས་ལས་གྲྭའི་གསེར་གྱི་བྱ་དགའ་ཐོབ་པ་རེད། བོད་ལྗོངས་DGཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཕུད། ཤང་ཆན་ད་དུང་བོད་ཀྱི་གཙོ་གནད་རྣམ་གྲངས་མང་པོའི་འཛུགས་སྐྲུན་ནང་ཞུགས་ཤིང་། དེའི་རིང་ཁོང་གིས་བློ་ཁོག་ཆེན་པོས་ཐལ་རྡོའི་ཕྱེ་མས་སོལ་ཐལ་གྱི་ཚབ་བྱེད་པའི་བསམ་ཚུལ་བཏོན་པ་དང་། ལག་རྩལ་ཚོགས་པའི་སྣེ་ཁྲིད་དེ་ཚོད་ལྟ་ཁང་དང་ལས་ཡུལ་དབར་འགྲོ་འོང་ཐེངས་མང་བྱས་ཏེ་བོད་ལྗོངས་ཆུ་ཤུགས་གློག་ཁང་གི་ལས་གྲྭ་འཛུགས་སྐྲུན་ཁྲོད་སྲོལ་རྒྱུན་གྱི་བསྲེས་སྦྱོར་རྒྱུ་ཆ་དཀོན་པའི་དཀའ་གནད་བསལ་བ་རེད། “ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ། ང་ཚོས་ངལ་རྩོལ་པ་ཚང་མར་འཇོན་ཐང་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་དགོས”ཞེས་ཤང་ཆན་གྱིས་དེ་ལྟར་བརྗོད་ཅིང་། དེ་ལྟར་ལག་ལེན་ཡང་བསྟར་གྱི་ཡོད། འཛུགས་སྐྲུན་བྱེད་པའི་ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་ཀུང་སིས་རང་འགུལ་ངང་ཡུལ་དེ་གའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་འབྲེལ་མཐུད་བྱས་ཤིང་། ཡུལ་དེ་གའི་མང་ཚོགས་མི་ཐེངས་16000ལྷག་ཙམ་ལས་གྲྭ་འཛུགས་སྐྲུན་ནང་སྔོན་དུ་བསྡུས་པས“སྒོ་རྩར་ལས་ཞུགས”ཐུབ་ཡོད། དུས་མཚུངས་སུ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་62བསྡུས་ཏེ་ཁོང་གིས“དགེ་རྒན་གྱིས་དགེ་ཕྲུག་སྐྱོང་བའི”ཐབས་ལམ་བརྒྱུད་གསོ་སྐྱོང་བྱས་པས། ལས་མི་གསར་པ་ནས་ལག་རྩལ་གྱི་རྐང་འཛིན་པར་མགྱོགས་མྱུར་འཚར་ལོངས་བྱུང་ཡོད། གངས་ལྗོངས་ས་མཐོར་འབད་འབུངས་ཡར་བརྩོན་བྱེད་མཁན་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཤང་ཆན་གྱི་གཟུགས་བརྙན་ནི། དུས་རབས་གསར་པའི་ངལ་རྩོལ་པའི་བསྟོད་གླུ་ཞིག་དང་འདྲ་བར་མི་རྣམས་ས་བབ་སྔར་ལས་མཐོ་བའི་ཕྱོགས་སུ་རྒྱུན་ཆད་མེད་པར་འཛེགས་རྒྱུར་ལམ་སྟོན་བྱེད་བཞིན་ཡོད།

བུ་ཕྲུག་སྙོར་སྐྱོང་དབང་ཆའི་གཏན་འཁེལ།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1084པར་གཏན་འཁེལ་བྱས་དོན། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་ནི་ཕ་མ་གཉེན་འཐོར་བ་ལ་བརྟེན་ནས་མེད་པར་འགྱུར་འགྲོ་བ་ཞིག་གཏན་ནས་མིན་པར། བཟའ་ཚང་ཐོར་རྗེས་བུ་ཕྲུག་དེ་ཕ་མ་གཉིས་ལས་སུས་ཐད་ཀར་སྙོར་སྐྱོང་བྱས་ནའང་། དེ་ནི་སྔར་བཞིན་ཕ་མ་གཉིས་ཀའི་བུ་ཕྲུག་ཡིན། གཉེན་ཐོར་རྗེས། ཕ་མ་ཕྱོགས་གཉིས་ཀར་སྔར་བཞིན་བུ་

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མྱུལ་ཞིབ་ཐིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ།

ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་དབྱང་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གཞུང་དོན་ཁང་ལ་མཆན་འགོད་བཀའ་ལན་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཉེས་དོན་ལག་བསྟར་ཞིབ་དཔྱོད་ཐིང་དུ“ཞིབ་དཔྱོད་མྱུལ་ཞིབ་ཐིང”གི་སྒོ་བྱང་བཀལ་ཏེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་མྱུལ་ཞིབ་ཐིང་དངོས་སུ་བཙུགས་པ་རེད།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་མྱུལ་ཞིབ་ཐིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་ཞིབ་དཔྱོད་མྱུལ་ཞིབ་ཆེད་ལས་ཅན་གྱི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པ་མཚོན་ཞིང་། དེས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་མྱུལ་ཞིབ་ལམ་སྲོལ་དང་སྒྲིག་གཞི་དང་ཆེད་ལས་ཅན་འཛུགས་སྐྱོང་ལ་སྤྱི་འདོམས་དང་ཤུགས་སྣོན་དེ་བས་ཡག་པོ་རྒྱག་པ་དང་། ཁྲིམས་འཛིན་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་དང་ཁྲིམས་འཛིན་དྲང་གཞག་སྲུང་སྐྱོང་ལ་རམ་འདེགས་དེ་བས་ཡག་པོ་བྱེད་པར་ཕན་ཐོགས་ཡོད། མིག་སྔའི་བར། ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་28དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞིབ་དཔྱོད་ཁང་ཁག་གཅིག་གིས་ཆེད་དོན་ཞིབ་དཔྱོད་མྱུལ་ཞིབ་སྒྲིག་གཞི་བཙུགས་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མགོ་སྐོར་ལ་ངོ་རྒོལ་བྱེད་པའི“ངེས་སྦྱོང་སློབ་ཚན”ནང་ཡག་པོར་ཞུགས་ནས། དམངས་ཡོངས་ཀྱིས་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་དགོས།

ཟླ6པའི་ཚེས16ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སྤྱི་བདེ་པུའུ་ཡིས་མཉམ་འབྲེལ་གྱིས“དམངས་ཡོངས་ཀྱིས་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་བ”ཞེས་པའི་གཅིག་བསྡུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ཞིང་། བརྗོད་དོན་ནི“མགོ་སྐོར་ལ་ངོ་རྒོལ་བྱ་རྒྱུ་ནི་ངེས་སྦྱོང་སློབ་ཚན་ཞིག་ཡིན་པས། འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་པ་དང་འགན་འཁྲི་ཡག་པོར་འཁུར་དགོས”ཞེས་པ་དེ་ཡིན། ཉེ་བའི་ལོ་ཤས་རིང་། གློག་འཕྲིན་དྲ་རྒྱའི་མགོ་སྐོར་བྱེད་སྟངས་རྒྱུན་ཆད་མེད་པར་གསར་བརྗེས་བྱས་ནས། སྲོལ་རྒྱུན་གྱི་མགོ་སྐོར་ནསAIསོགས་མཐོ་རིམ་ཚན་རྩལ་གྱི་གནད་ཁེལ་མགོ་སྐོར་སྣ་ཚོགས་ལ་མི་རྣམས་ཀྱིས་བཀག་འགོག་བྱེད་ཐབས་མེད་པ་ཞིག་རེད། རྡུང་རྡེག་དང་ཆད་གཅོད་ནན་པོ་བྱས་ཏེ། མགོ་སྐོར་ལ་ངོ་རྒོལ་དང་མགོ་སྐོར་སྔོན་འགོག་བྱེད་པ་ནི་ངེས་པར་དུ་ལག་ལེན་དུ་བསྟར་དགོས། གློག་འཕྲིན་གྱི་མགོ་སྐོར་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་མཐུན་སྦྱོར་བྱེད་དགོས་པ་དང་། དམངས་ཡོངས་ཞུགས་ནས་མཉམ་ཤུགས་ཆགས་པར་བྱེད་དགོས། ད་ཐེངས་ཀྱི་གཅིག་བསྡུའི་དྲིལ་བསྒྲགས་ཟླ་བའི་ནང་རྒྱལ་ཡོངས་སུ“བསྐྱོད་པ་ལྔ”(སྡེ་ཁུལ་དང་། གྲོང་གསེབ། ཁྱིམ་ཚང་། སློབ་གྲྭ ཁེ་ལས)ཡི་བྱེད་སྒོ་སྤེལ་ནས་ལག་དེབ་སྟེར་བ་དང་། ལེ་ཚན་འདོན་པ། འགྲན་བསྡུར་གཉེར་བ་སོགས་རྣམ་པ་སྣ་མང་བརྒྱུད་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཁྱབ་གདལ་བཏང་ནས། མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་དེ་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོར་བརྒྱུད་སྤྲོད་བྱ་རྒྱུ་རེད། ང་ཚོ་མི་ཚང་མས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་། རྒྱུས་མེད་ཀྱི་ཁ་པར་ལ་ཡིད་ཆེས་མི་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་མི་བྱེད་པ། ཅི་ཡིན་མ་ཤེས་པར་མི་གཞན་ལ་དངུལ་བསྒྱུར་མི་བྱེད་པ། དོགས་པ་ཟ་བའི་གནས་ཚུལ་ལ་འཕྲད་ན་དུས་ཐོག་ཏུ་ཉེན་རྟོག་པར་ཉེན་བརྡ་གཏོང་དགོས་པ་མ་ཟད། ཉེ་འགྲམ་གྱི་མི་རྣམས་ལ་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཁྱབ་སྤེལ་བྱེད་དགོས། “དམངས་ཡོངས་ཀྱིས་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ”དགོས་པ་མ་ཟད། ལྷག་པར་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ཡུན་རིང་ལ་བྱས་རྗེས་འཇོག་དགོས། སྤྱི་བདེ་ལས་ཁུངས་ཀྱིས་མུ་མཐུད་དུ་ཆེད་དོན་བྱ་སྤྱོད་སྤེལ་དགོས་པ་དང་། བཟོ་ལས་དང་ཆ་འཕྲིན་སྡེ་ཁག་དང་དངུལ་རྩའི་སྒྲིག་གཞིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས། མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། །

རྒྱལ་སྤྱིའི་དུག་འགོག་ཉིན་མོར་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༦པའི་ཚེས་༢༦ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་༣༨པ་རེད། ཉེ་ཤས་རིང་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ། ༼བདེ་ཐང་གི་མི་ཚེ། གཙོག་མིན་དུག་མེད་༽ཅེས་པ་བརྗོད་གཙོར་བཟུང་ནས་རིག་རྩལ་འཁྲབ་སྟོན་དང་ཉམས་ལེན་ལྟ་སྐོར་བྱེད་པའི་ཐབས་ལ་བརྟེན་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་ཚོར་དུག་འགོག་ཤེས་བྱ་ཁྱབ་གདལ་བཏང་ཡོད། ཅང་སུའུ་སུའུ་ཀྲོའུ་རུ། སྤྱི་ཚེས་༢༦ཉིན་ལིན་ཙེ་ཞུས་དྲན་གསོ་ཁང་མང་ཚོགས་ལ་སྒོ་ཕྱེ་བ་མ་ཟད། ༼མཉམ་དུ་དུག་འགོག་འཛིང་རགས་འབད་པས་བསྐྲུན། སེམས་མཐུན་བདེ་སྲུང་ཐོག་ནས་འབྱུང་འགྱུར་ཕྱོགས་༽ཞེས་པ་བརྗོད་གཙོར་བྱས་ནས་བྱེད་སྒོ་སྤེལ་བ་དང་། དུག་འགོག་ལོ་རྒྱུས་ཤེས་བྱ་དྲིལ་བསྒྲགས་གང་ལེགས་བྱས་ཡོད། ལེའོ་ཉིང་ཧྲེན་དབྱང་དང་། ཧུའུ་པེ་ཝུའུ་ཧན། མཚོ་སྔོན་ཟི་ལིང་། ཧོ་པེ་ཞུང་ཨན། སི་ཁྲོན་ཀོང་ཨན་སོགས་ས་ཆར་དུག་འགོག་ཚན་པས་༼དུག་འགོག་བདེ་ཐང་རྒྱུག་ཤར་གློད་པ་༽ཞེས་པ་དང་། ༼དུག་འགོག་བརྗོད་གཙོའི་འགྲེམས་སྟོན་༽ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས། མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོས་དུག་ངོ་ཤེས་པ་དང་། དུག་འགོག་པ། དུག་དང་ལེན་མི་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་འགྲོ་ཐབས་བྱས་ཡོད། ཡུན་ནན་དང་། ཧའེ་ནན། ཧུའུ་ནན། ཅི་ལིན་སོགས་ཀྱི་དུག་འགོག་ཚན་པས་དུག་རྫས་གཅིག་སྡུད་ཐོག་མེད་པ་བཟོ་བའི་བྱེད་སྒོ་སྤེལ་བ་དང་། རིམ་ཁག་ལྕགས་ལམ་གྱི་སྤྱི་བདེའི་ལས་ཁུངས་ཀྱིས་འབབ་ཚུགས་སུ་མེ་འཁོར་ལ་ཞིབ་བཤེར་བྱེད་པ་དང་དུག་རྫས་དང་འབྲེལ་བའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཡོད། སྤྱི་ལོ་༢༠༢༤ལོ་ནས་བཟུང་། རིགས་ཁག་གི་དུག་རྫས་སྤྱི་རྒྱ་ལྔ་བརྒྱ་དྲུག་ཅུ་རེ་བཞི་དང་གྲངས་ཆུང་བརྒྱད་གཞུང་བཞེས་བཏང་ཡོད། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་༼མཚོ་གཙང་༽ཞེས་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས། དུག་རྫས་མཚོ་ཐོག་ནས་ལྐོག་འདྲེན་བྱེད་པའི་བགྲོད་ལམ་བཀག་ཡོད་པ་རེད།

བུ་ཕྲུག་ཕ་མའི་ཁ་ཆེམས་ཀྱི་དཔང་མི་བྱས་ཆོག་གམ།

བུ་ཕྲུག་ཕ་མའི་ཁ་ཆེམས་ཀྱི་དཔང་མི་བྱེད་མི་ཆོག་སྟེ། རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1140པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་མི་རྣམས་ཁ་ཆེམས་ཀྱི་དཔང་མིར་བརྩི་མི་རུང་བའི་གཏན་འཁེལ་བྱས་ཡོད་དེ།(གཅིག) དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན། དེ་བཞིན་དཔང་བོའི་ནུས་པ་མེད་མཁན་གཞན་དག(གཉིས) ཤུལ་འཛིན་པ་དང་ཤུལ་དངོས་སྤྲོད་མཁན།(གསུམ) ཤུལ་འཛིན་པ་དང་ཤུལ་དངོས་སྤྲོད་མཁན་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་བཅས་ཡིན། 宽本加

སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་ན་ཆད་པ་ཕོག

རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན253པའི་ནང་ཚན1པོའི་གཏན་འཁེལ་ལྟར་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་ནས་མི་གཞན་ལ་སྤྱི་དམངས་སྒེར་གྱི་ཆ་འཕྲིན་བཙོངས་པའམ་འདོན་སྤྲོད་བྱས་པའི་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅད་པར་མ་ཟད། དངུལ་ཆད་ཀྱང་གཅོད་རྒྱུའམ་ཡང་ན་དངུལ་ཆད་གཅིག་པུར་གཅོད་རྒྱུ། ཉེས་ཚབས་དེ་ལས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ7མན་བར་གྱི་ཉེས་ཆད་གཅད་པར་མ་ཟད། དངུལ་ཆད་ཀྱང་གཅོད་རྒྱུ།རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་ཏེ་འགན་འཁྲི་སྒྲུབ་པའམ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཁྲོད་ཐོབ་པའི་སྤྱི་དམངས་སྒེར་གྱི་ཆ་འཕྲིན་མི་གཞན་ལ་བཙོངས་པའམ་མཁོ་འདོན་བྱས་པའི་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འཁེལ་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུ།སྤྱི་དམངས་སྒེར་གྱི་ཆ་འཕྲིན་རྐུ་ཁྱེར་རམ་བྱ་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་ཐོབ་པའི་རིགས་ལ་གོང་གསལ་ནང་ཚན1པོའི་གཏན་འཁེལ་ལྟར་ཉེས་ཆད་གཅོད་རྒྱུ།ལས་ཁུངས་ཀྱིས་གོང་གི་ནག་ཉེས་དག་བསགས་ན། ལས་ཁུངས་དེར་དངུལ་ཆད་གཅད་པར་མ་ཟད། དེའི་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་འཁུར་བའི་མི་སྣ་གཞན་དག་ལ་དོན་ཚན་དེ་དག་གི་གཏན་འཁེལ་ལྟར་ཉེས་ཆད་གཅོད་རྒྱུ་ཞེས་བཀོད་ཡོད།

​ཕ་ཡི་བུ་ལོན་བུ་ཡིས་འཇལ་དགོས་སམ།

དེ་ལ་ངེས་པ་མེད་དེ། རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1161པའི་གཏན་འཁེལ་ལྟར་ན། ཤུལ་འཛིན་པས་ཐོབ་པའི་ཤུལ་བཞག་རྒྱུ་ནོར་གྱི་དངོས་ཡོད་རིན་ཐང་དེ་ཤུལ་འཛིན་བྱ་ཡུལ་གྱིས་ཁྲིམས་ལྟར་འཇལ་དགོས་པའི་ཁྲལ་དངུལ་དང་བུ་ལོན་གཙང་འཇལ་བྱ་དགོས། ཤུལ་བཞག་རྒྱུ་དངོས་ཀྱི་རིན་ཐང་དངོས་ལས་བརྒལ་བའི་ཆ་དེ་ཤུལ་འཛིན་པས་རང་མོས་ཀྱིས་འཇལ་འདོད་ཡོད་ན་དེའི་ཁོངས་སུ་མི་གཏོགས། ཤུལ་འཛིན་པས་ཤུལ་འཛིན་མ་བྱས་ན་ཤུལ་བཞག་ནོར་བདག་གིས་ཁྲིམས་ལྟར་སྤྲོད་འཇལ་བྱ་དགོས་པའི་ཁྲལ་དངུལ་དང་བུ་ལོན་གཙང་འཇལ་གྱི་འགན་མ་འཁུར་ན་ཆོག གོང་གསལ་གྱི་གཏན་འཁེལ་སྟེང་ནས་ཕ་ཡི་བུ་ལོན་བུ་ཕྲུག་གིས་སྐྱིན་ཚབ་སྤྲོད་དགོས་མིན་དེ་གཙོ་བོ་བུ་ཕྲུག་གིས་ཕ་མའི་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱས་ཡོད་མེད་ལ་བལྟ་དགོས་པ་དང་། ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱས་ཚེ་གཞི་ནས་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་པའི་དངོས་ཡོད་རིན་ཐང་ཚད་གཞི་བྱས་ཏེ་བུ་ལོན་འཇལ་འགན་འཁུར་དགོས་པ་ཤེས་ཐུབ་ཅེས་བཀོད་ཡོད།

​སྒྲིག་གཞིའི་ནང་ནོར་འཁྲུལ་ཅི་འདྲ་བཟོས་ན་ལས་གནས་ལས་ཕུད་སྲིད།

རང་རྒྱལ《གཞུང་ཞབས་པའི་བཅའ་ཁྲིམས》ཀྱི་དོན་ཚན83པའི་གཏན་འཁེལ་ལྟར་ན། གཞུང་ཞབས་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ལས་གནས་ལས་ཕྱིར་ཕུད་རྒྱུའི་གཏན་འཁེལ་བྱས་ཡོད་དེ།(གཅིག) ལོ་འཁོར་མོའི་དཔྱད་ཞིབ་བྱེད་སྐབས་ལོ་གཉིས་བསྟུད་མར་ལས་སྒོ་མི་འཕར་བའི་རིགས།(གཉིས) ད་ལྟའི་ལས་འགན་འཁུར་མི་ཐུབ་ལ་བཀོད་སྒྲིག་གཞན་དག་ཀྱང་དང་ལེན་མི་བྱེད་པའི་རིགས།(གསུམ) གནས་སའི་ལས་ཁུངས་ལེགས་སྒྲིག་དང་མེད་པར་བཟོ་བ། ཟླ་སྒྲིལ་གཏོང་བའམ་ཡང་ན་སྒྲིག་གཞིའི་མི་གྲངས་ཉུང་དུ་གཏོང་བ་བཅས་ཀྱི་དབང་གིས་ལས་ཀ་ལེགས་སྒྲིག་བྱེད་སྐབས་ལུགས་མཐུན་གྱིས་བཀོད་སྒྲིག་བྱ་རྒྱུ་ཁས་མ་བླངས་པའི་རིགས།(བཞི) གཞུང་ཞབས་པའི་འོས་འགན་མི་སྒྲུབ་པ་དང་གཞུང་ལས་པའི་སྒྲིག་ཁྲིམས་ལ་བརྩི་སྲུང་མི་བྱེད་པ། སློབ་གསོ་བཏང་ཡང་སྔར་བཞིན་འགྱུར་བ་མེད་པ། ལས་ཁུངས་སུ་མུ་མཐུད་དུ་ལས་ཀ་བྱེད་པར་མི་འཚམ་ལ་ཕྱིར་ཕུད་ཀྱི་ཆད་པའང་གཅོད་མི་འོས་པའི་རིགས།(ལྔ) ལས་བྱོལ་བྱས་པའམ་གཞུང་དོན་དུ་ཕྱི་ལ་སོང་བ་དང་། གུང་གསེང་དུས་ཡུན་ལོན་ཡང་རྒྱུ་མཚན་མེད་པར་ལས་ཁུངས་སུ་མ་ལོག་པར་བསྟུད་མར་ཉིན15ལས་བརྒལ་བའམ་ཡང་ན་ལོ་གཅིག་ནང་ཉིན30ལས་བརྒལ་བའི་རིགས་བཅས་ཡིན།

མི་གཞན་ལ་གད་སྙིགས་འཕྲིན་ཐུང་བསྐུར་ནས་ཟིང་ཆ་བསླང་ན་ཆོག་གམ།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང་》གི་དོན་ཚན1033པའི་ཚན་པ1པོར་གཏན་འཁེལ་བྱས་དོན། བཅའ་ཁྲིམས་སུ་གཏན་འཁེལ་གཞན་ཡོད་པའམ་ཁེ་དབང་འཛིན་མཁན་གྱིས་མོས་མཐུན་གསལ་པོ་བྱས་ཡོད་པ་ཕུད། རྩ་འཛུགས་སུ་ཞིག་གང་གིས་ཀྱང་གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ། ཁ་པར་དང་འཕྲིན་ཐུང་། དུས་ཐོག་འཕྲིན་གཏོང་ཡོ་བྱད། གློག་རྡུལ་སྦྲག་ཡུལ། བསྒྲགས་ཡིག་སོགས་ཀྱི་རྣམ་པའི་ཐོག་ནས་མི་གཞན་གྱི་མི་སྒེར་གྱི་འཚོ་བ་ལྷིང་འཇགས་ཡོང་བར་བཙན་འཛུལ་བྱེད་པ། ཆ་འཕྲིན་ལག་རྩལ་དང་ཁ་པར་དང་ལག་ཐོགས་ཁ་པར་སོགས་འཕྲིན་གཏོང་སྒྲིག་ཆས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཚོང་པ་མང་པོ་ཞིག་གིས་ཆ་འཕྲིན་ལག་རྩལ་གསར་པ་སྤྱད་ནས་བརྡ་ཁྱབ་འགྲེམ་འཚོང་ཡང་ཡང་བྱེད་བཞིན་ཡོད། དཔེར་ན། གློག་རྡུལ་སྦྲག་ཡིག་དང་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གདམ་ག་མེད་པར་མི་རྣམས་ལ་གད་སྙིགས་ཀྱི་ཆ་འཕྲིན་མང་པོ་བརྒྱུད་བསྒྲགས་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་ལ་བརྟེན་ནས་མི་གཞན་ལ་ཁ་པར་བཏང་ནས་ཉེན་འགོག་འགྲེམ་འཚོང་བྱེད་པའམ་ཁ་པར་ཐོག་ནས་ཁ་བསླུས་རྒྱག་པའི་བྱ་སྤྱོད་སྤེལ་ནས་མི་གཞན་གྱི་ཁང་པ་དང་རླངས་འཁོར་ནང་བསྒྲགས་ཡིག་བསྐུར་ན་མི་དམངས་ཀྱི་འཚོ་བ་ཧ་ཅང་བཟོད་དཀའ་བ་རེད། དེ་མིན་དཔེར་ན། ཀ་དང་ཁ་གཉིས་ནི་ཕོ་མོའི་གྲོགས་པོ་ཡིན་པའི་ཐོག་ནས་འབྲེལ་འདྲིས་བྱས་མྱོང་། ཀ་པས་ཁ་གཉེན་སྒྲིག་བྱས་པ་ཤེས་རྗེས། སེམས་ལ་ཡིད་མི་ཚིམ་པ་དང་། རྒྱུན་དུ་ཁ་པར་ཐོག་ནས་ཁ་བཟའ་ཟླ་གཉིས་ཀྱི་བརྩེ་དུང་གི་གནས་ཚུལ་དང་འབྲེལ་འདྲིས་ཀྱི་བརྒྱུད་རིམ་འདྲི་རྩད་བྱེད་པར་མ་ཟད། ཁ་པར་ཐོག་ནས་ཁ་པའི་ཁྱིམ་མི་དང་། ལས་གྲོགས་དང་ཁྱིམ་མཚེས་ལ་ཁ་པའི་འབྲེལ་འདྲིས་ཀྱི་སྐད་ཆ་ཤོད་རེས་དང་འབྲེལ་བ་ཟབ་མོ་སོགས་བཤད་པས། སྒེར་གྱི་འཚོ་བ་ལྷིང་འཇགས་ལ་གནོད་འཚེ་བཏང་བ་རེད། དེར་གཞིགས་ནས་བཅའ་ཁྲིམས་ཀྱིས་བྱ་ཐབས་དེ་རིགས་ཀྱིས་མི་གཞན་གྱི་མི་སྒེར་གྱི་འཚོ་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བར་དམིགས་བསལ་གྱི་གཏན་འཁེལ་བྱས་ཡོད་པ་སྟེ། ཁ་པར་དང་འཕྲིན་ཐུང་། དུས་ཐོག་འཕྲིན་གཏོང་ཡོ་བྱད། གློག་རྡུལ་སྦྲག་ཡུལ། བསྒྲགས་ཡིག་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མི་གཞན་གྱི་མི་སྒེར་གྱི་འཚོ་བའི་བདེ་འཇགས་ལ་གནོད་འཚེ་གཏང་རྒྱུ་གཏན་འགོག་བྱས་ཡོད།

ན་སོ་དར་ལ་མ་བབས་པའི་མི“སྲུང་སྐྱོང་གི་སྲུང་བཅད”བརྟན་དུ་གཏོང་བ།

འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་བྱེད་སྒོར་ཞུགས་མཁན་ལ་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་རིང་ཞིབ་དཔྱོད་ལས་ཁུངས་ལ་ཐོབ་པའི་གྲུབ་འབྲས་བརྗོད་བཞིན་པ།རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུས་མཉམ་དུ་གཉེར་བའི“མཉམ་དུ་གཅེས་སྐྱོང་བྱེད། མཉམ་དུ་འབྱུང་འགྱུར་སྲུང”ཞེས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྨན་དོན་པ་བཅས་ཀྱི་འཐུས་མི་ཚོར་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞིའི་བཙན་སྐུལ་སྙན་སེང་ལམ་ལུགས(གཤམ་དུ“བཙན་སྐུལ་སྙན་སེང་ལམ་ལུགས”ཞེས་བསྡུ་རྒྱུ)ཀྱི་དོན་སྙིང་འགྲེལ་བཤད་བརྒྱབ་ཡོད།གང་འདྲ་ཞིག་ལ“བཙན་སྐུལ་སྙན་སེང་ལམ་ལུགས”ཟེར་རམ། རྒྱལ་ཁབ་ལས་ཁུངས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་སྤྱི་དོན་དབང་ཆ་ལག་བསྟར་གྱི་དབང་ཆ་སྤྲད་པའི་རིགས་ཁག་གི་རྩ་འཛུགས་དང་བཅའ་ཁྲིམས་ནང་གཏན་འབེབས་ཀྱི་གཞུང་དོན་སྒྲུབ་མཁན་གྱིས་ན་སོ་དར་ལ་མ་བབས་པའི་མིའི་ལས་རིགས་དང་འབྲེལ་བ་ཟབ་པའི་རིགས་ཁག་གི་རྩ་འཛུགས་དང་དེ་བཞིན་དེའི་ལས་ཞུགས་པས་ལས་དོན་སྒྲུབ་སྐབས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འགལ་གྱི་གནོད་འཚེ་ཕོག་པའམ་ཡང་ན་གནོད་འཚེ་ཕོག་པའི་དོགས་གཞི་ཡོད་པ་དང་དེ་བཞིན་ཁྲིམས་འགལ་གྱི་གནོད་འཚེའི་ཉེན་ཁ་འཕྲད་པ་ཤེས་རྟོགས་བྱུང་རིགས་འཕྲལ་དུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་བའམ་ཡང་ན་ཐེར་འདོན་བྱེད་པར་ཟེར།སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་པ་ནི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་དྲ་བ་དམ་ཚགས་སུ་གཏོང་བའི་འགག་རྩ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་བཙན་སྐུལ་སྙན་སེང་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་གྱིས་མཉམ་ཤུགས་ཆགས་པར་བྱས་ནས་གནོད་འཚེ་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་ལྟར་དུས་ཐོག་ཏུ་ཉེས་ཆད་བཅད་ཡོད།བྱེད་སྒོ་སྤེལ་རིང་ཞིབ་དཔྱོད་དཔོན་གྱིས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་རིང་ཐོབ་པའི་གྲུབ་འབྲས་བརྗོད་པ་དང་ཆབས་ཅིག་བཙན་སྐུལ་སྙན་སེང་ལམ་ལུགས་དོན་འཁྱོལ་བྱེད་པའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་ཀྱང་བཏང་ནས་བཙན་སྐུལ་སྙན་སེང་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་དང་། སྤྱོད་རྒྱུར་འཚམ་པའི་གནས་ཚུལ། སྙན་སེང་བྱེད་པོ། སྙན་སེང་ཞུ་སྟངས་བཅས་ངོ་སྤྲོད་བྱས་པ་རེད།ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་དང་གཙོ་བཅོས་སྨན་པ་ཕུར་བུ་སྒྲོལ་མས“དེ་གོང་ང་ཚོས་གཞོགས་འདེགས་གང་ལེགས་བྱས་ནས་བཙན་སྐུལ་སྙན་སེང་ལམ་ལུགས་འགོ་འཛུགས་པའི་ལས་དོན་སྤེལ་ཡོད། བྱེད་སྒོ་དེ་སྤེལ་བ་ལས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ང་ཚོ་ཚང་མས་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཀྱི་ཡོད། དེས་ན་སླད་ཕྱིན་ངས་སྨན་པ་ཞིག་གི་འགན་འཁྲི་དེ་བས་ལེགས་པར་ཁུར་ནས་ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇཌ་སྲུང་བའི‘མདུན་ཕྱོགས་ཀྱི་སོ་དམག’ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

དབྱར་གྱི་དཔལ་མོ་ས་ལ་བབས་པའི་རྒོད་རྩེ་ར་བ།

དབྱར་གཞུང་གི་དུས་འདིར་ཟི་ལིང་དང་ཁྲི་ཀའི་ས་མཚམས་སུ་གནས་པའི་སྒོ་མོའི་ཉག་ཁ་བརྒྱུད་དེ་རི་བོ་རྒོད་རྩེ་ཕྱོགས་སུ་བསྐྱོད་ཚེ། རི་མོ་མཁན་གྱི་སྨྱུག་རྩེ་ནས་འཁྲུངས་པ་ལྟ་བུའི་མཛེས་སྡུག་ཡིད་འོང་གི་རང་བྱུང་སྣོད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དེ་དལ་བ་དུལ་བུར་མཐོང་ལམ་དུ་མངོན་འོངས།       རླངས་འཁོར་ལས་བབས་ཏེ་རི་སྒང་ནས་འགྲེང་བའི་ཚེ། མེ་ཏོག་དང་། རྩི་ཤིང་། ས་ནག རྫ་ཆུ་སྔོན་མོ་སོགས་ཀྱི་

བོད་ལྗོངས་གནམ་མཚོའི་དབྱར་དུས་ཀྱི་མཛེས་ཉམས།

པར་འདི་ནི་གནམ་མཚོའི་ཟུར་ཞིག་རེད།ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན། གནམ་གཤིས་ཇེ་དྲོར་ཕྱིན་པ་དང་བསྟུན་ནས་གནམ་མཚོ་ཆེས་མཛེས་པའི་ལྗོངས་གཟིགས་དུས་ཚིགས་སུ་སླེབས་ཡོད། གནམ་མཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་དབུས་རྒྱུད་དེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གྱི་བར་མཚམས་སུ་གནས་ཤིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2000ལས་བརྒལ་བ་དང་མཚོ་འཕགས་སྨི4718མཚམས་སུ་ཡོད་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་ཆུའི་མཚེའུ་ཆེས་གྲས་ཡིན། །པར་འདི་ནི་གནམ་མཚོའི་ཟུར་ཞིག་རེད།པར་འདི་ནི་གནམ་མཚོའི་ཟུར་ཞིག་རེད།པར་འདི་ནི་གནམ་མཚོའི་ཟུར་ཞིག་རེད།པར་འདི་ནི་གནམ་མཚོའི་ཟུར་ཞིག་རེད།པར་འདི་ནི་གནམ་མཚོའི་ཟུར་ཞིག་རེད།པར་འདི་ནི་གནམ་མཚོའི་ཟུར་ཞིག་རེད།པར་འདི་ནི་གནམ་མཚོའི་འགྲམ་གྱི་གཉན་ཆེན་གདང་ལ་རི་བོའི་མཛེས་ལྗོངས་རེད།པར་འདི་ནི་ཁྲུང་ཁྲུང་མགོ་ཁྲ་ཡིས་གནམ་མཚོའི་ངོགས་སུ་ཟས་འཚོལ་བའི་རྣམ་པ་རེད།པར་འདི་ནི་ཁྲུང་ཁྲུང་མགོ་ཁྲ་ཡིས་གནམ་མཚོའི་ངོགས་སུ་ཟས་འཚོལ་བའི་རྣམ་པ་རེད།པར་འདི་ནི་ཁྲུང་ཁྲུང་མགོ་ཁྲ་ཡིས་གནམ་མཚོའི་ངོགས་སུ་ཟས་འཚོལ་བའི་རྣམ་པ་རེད།

ད་ལོ་ནས་བཟུང་བོད་ལྗོངས་སུ་ཡོང་བའི་ཡུལ་སྐོར་མེ་འཁོར་གྱི་ཁ་གྲངས་དང་ཡུལ་སྐོར་བ་ཇེ་མང་དུ་གྱུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི(གཤམ་དུ་མཚོ་བོད་སྡེ་ཚོགས་ཀུང་སི་ཞེས་བསྡུས་ཡོད)ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་བོད་ལྗོངས་སུ་ཡོང་བའི་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་དེ། ཟླ6པའི་ཟླ་སྟོད་བར་མཚོ་བོད་སྡེ་ཚོགས་ཀུང་སིས་བོད་ལྗོངས་ཕྱོགས་སུ་བསྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར20བཏང་ནས། ཡུལ་སྐོར་བ་མི་ཐེངས8000ལྷག་ལ་ཞབས་ཞུ་སྒྲུབ་པ་དང་ལོ་ལྔའི་རིང་གི་ཟིན་ཐོ་ཆེས་མཐོ་ཤོས་བཏོད་ཡོད།2020ལོ་ནས་ད་ལྟའི་བར་དུ། མཚོ་བོད་སྡེ་ཚོགས་ཀུང་སིས་བསྡོམས་པས་ཡུལ་སྐོར་ཆེད་གཏོང་མེ་འཁོར170ལས་བརྒལ་བ་བཏང་བ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི5.07ལས་བརྒལ་བ་བདེ་འཇགས་ངང་སྐྱེལ་འདྲེན་བྱས། དེའི་ཁྲོད་དུ་བོད་ལྗོངས་ཕྱོགས་སུ་བསྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར61ཡོད། ལྷག་པར་དུ་ད་ལོའི་འཕར་ཚད་ཧ་ཅང་ཆེན་པོ་ཡོད་དེ། ཟླ1པོ་ནས་ཟླ6པའི་ཟླ་སྟོད་བར་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཁྱོན་བསྡོམས65བཏང་བ་དང་། འགྲུལ་པ་མི་ཐེངས་ཁྲི1.3ལྷག་ཙམ་སྐྱེལ་ཡོད། མེ་འཁོར་བགྲོ་སྐྱོད་བྱེད་ཚད་ན་ནིང་དུས་མཚུངས་དང་བསྡུར་ན་ཆེས་ཆེར་འཕར་ཡོད་པ་དང260%འཕར་ཡོད།ད་ལོའི་ཟླ3པར་ཐད་ཀར་ཉིང་ཁྲི་དུ་བསྐྱོད་པའི“རབ་མཛེས་མཚོ་སྔོན། བདེ་སྐྱིད་བོད་ལྗོངས”ཞེས་པའི་རྟགས་ཅན་གྱི་ཆེད་གཏོང་མེ་འཁོར་ཐེངས་དང་པོར་གཏོད་པ་ནས་བཟུང་། བསྡོམས་པས་མེ་འཁོར14བཏང་སྟེ་པེ་ཅིན་དང་ཧྲང་ཧའེ། ཀོང་ཏུན། ཀྲེ་ཅང་། ཧུའུ་ནན་སོགས་ཞིང་ཆེན(རང་སྐྱོང་ལྗོངས། གྲོང་ཁྱེར)བཅུ་ལྷག་ཙམ་དང་དེ་བཞིན་སིང་ཀ་ཕོར་སོགས་རྒྱལ་ཁབ་བཅུ་ལྷག་ཙམ་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།ཡུལ་སྐོར་བའི་ཉམས་ལེན་ཇེ་ལེགས་སུ་གཏོང་ཆེད། མཚོ་བོད་ཚོགས་སྤྱི་ཀུང་སིས་གཉེར་སྐྱོང་རྣམ་པ་དང་ཞབས་ཞུ་རྣམ་པ་ཧུར་ཐག་གིས་གསར་གཏོད་བྱས་ཏེ། ས་གནས་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། “ཡུལ་སྐོར་ལས་དོན་ཁང་མཉམ་འབྲེལ+ཡུལ་སྐོར་ཚོགས་པ་སྡེབ་སྒྲིག”གི་བྱེད་སྟངས་ཁྱབ་གདལ་དུ་བཏང་བ་དང་། ཡུལ་སྐོར་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་ཞིབ་ཚགས་ཀྱིས་ལམ་ཐིག་འཆར་འགོད་བྱེད་པ། ལམ་བར་གྱི་དུས་ཚོད་འཕྲོ་བརླག་ཇེ་ཉུང་དུ་བཏང་བ་མ་ཟད། ས་ཁོངས་ཀྱི་ཁྱད་ཆོས་དང་དུས་ཚིགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས་ལོ་ཧྲིལ་པོར་ཁྱབ་པའི་སྣ་མང་ཅན་དང་ཁྱད་ཆོས་ཅན། སྒྲིག་སྲོལ་གཏན་འཁེལ་ཅན་བཅས་ཀྱི་ཆེད་གཏོང་མེ་འཁོར་ཐོན་རྫས་བཏོན་ཡོད།མཚོ་བོད་སྡེ་ཚོགས་ཀུང་སིས་ཆེད་གཏོང་མེ་འཁོར་གྱི“འགྲིམ་འགྲུལ+ཞག་སྡོད+རོལ་རྩེད”གཞི་གཅིག་ཅན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།“ཡུལ་སྐོར་དོ་དམ་པའི”ཞབས་ཞུ་བཏོན་ཡོད། ཆེད་གཏོང་མེ་འཁོར་ལ་དབྱང་མཁོ་འདོན་བྱེད་པའི་སྒྲིག་ཆས་དང་དམངས་ཕན་སྟབས་བདེ་དངོས་རྫས། ཆེད་ལས་ཀྱི་ཡུལ་སྐོར་སྣེ་ཤན་པ། སྨན་དོན་མི་སྣ་དང་རིག་རྩལ་ཡན་ལག་རུ་ཁག་བཅས་སྒྲིག་སྦྱོར་བྱས་ཡོད་པ་དང་། ལམ་ཐག་ཧྲིལ་བོར་ཞོ་དང་འོ་ཇ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སིལ་ཟས་མཁོ་སྤྲོད་བྱེད་པ་དང་། སྐྱེ་ལྡན་སྔོ་ཚལ་འཐོག་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཉམས་ལེན་ཞབས་ཞུའང་མཁོ་འདོན་བྱས། ད་དུང་གཞུང་ལམ་དང་ལྕགས་ལམ་འབྲེལ་མཐུད་དང་མཛེས་ལྗོངས་ཁུལ་སྦྲེལ་བ་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་བ“འགྲོ་བ་མགྱོགས་པ་དང་ཟ་མ་བཟང་བོ། རྩེད་མོ་སྐྱིད་པོ”ཡོང་བ་བཅས་འགན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་མཚོ་བོད་སྡེ་ཚོགས་ཀུང་སིས“དགུན་དུས་བོད་ལྗོངས་ཡུལ་སྐོར”དང་མཚོ་སྔོན་ཞིང་ཆེན་དགུན་དཔྱིད་ཡུལ་སྐོར་དུས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་སྒོའི་གོ་སྐབས་གང་ལེགས་སྤྱད་དེ། ཧུར་ཐག་གིས་ཚོགས་པའི་སྤ་སེ་དང་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་སོགས་ཀྱི་སྣུར་སྲིང་ལས་སྒོ་རྒྱ་སྐྱེད་ནས། དེ་ལས་མང་བའི་ཡུལ་སྐོར་བས་མཚོ་བོད་ལ་དོ་ཁུར་དང་མཚོ་བོད་དུ་ཕེབས་པར་ཡིད་དབང་བཀུག་ཡོད།ཤེས་གསལ་ལྟར་ན། བོད་ལྗོངས་ཕྱོགས་སུ་བསྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་དེ་མཚོ་བོད་ལྕགས་ལམ་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བརྒྱུད་དེ། མཚོ་སྔོན་པོ་དང་ཁུ་ནུ་རི་བོ། ཨ་ཆེན་གངས་རྒྱབ། གཙང་གསུམ་འབྱུང་ཡུལ་སོགས་ཀྲུང་གོ་དང་འཛམ་གླིང་གི་མཛེས་ལྗོངས་ཁུལ་གྲགས་ཅན་དང་སྦྲེལ་མཐུད་བྱས་ཡོད། ཡུལ་སྐོར་ཆེད་གཏོང་མེ་འཁོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་ནས་ཀྲུང་གོའི་ས་གནས་སོ་སོའི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་བ་དང་། ལམ་རྒྱུད་ཀྱི་ས་ཁུལ་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་ཡོད་ལ། ཞག་སྡོད་དང་བཟའ་བཏུང་། རིག་གནས་ཐོན་རྫས་སོགས་ཐོན་ལས་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱས། ལྷ་ས་རུ་ཡུལ་སྐོར་བ་རྣམས་ཆེད་གཏོང་མེ་འཁོར་ལ་བསྡད་དེ་གངས་ལྗོངས་མཐོ་སྒང་འདི་རུ་ཡོང་ནས་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ལ་དངོས་སུ་ཉམས་ལེན་བྱེད་པ་དང་། ཉིང་ཁྲི་རུ་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི“མྱུར་འཁོར”ལ་བསྡད་ནས་བཙོང་འབོར་མངོན་གསལ་དོད་པོས་འཕར་ཡོད།མཚོ་སྔོན་དང་བོད་ལྗོངས་ཀྱིས“སྒྲིག་སྲོལ་གཏན་འཁེལ་ཅན”གྱི་ཆེད་གཏོང་མེ་འཁོར་ལ་བརྟེན་ནས། ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། འགྲུལ་བ་ཕན་ཚུན་ལ་སྐྱེལ་བ་བཅས་མངོན་འགྱུར་བྱུང་སྟེ། ཐུན་མོང་གིས“ལམ་ཐག་མགྱོགས་མྱུར་དང་ཡུལ་སྐོར་དལ་མོ”ཞེས་པའི་ཡུལ་སྐོར་གྱི་རྣམ་པ་གསར་བ་ཞིག་བསྐྲུན་ཡོད། མཚོ་བོད་མཐོ་སྒང་ལྕགས་ལམ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཁུར་བ་གཞོན་པས“ལོ་རྒན་པའི་ཡུལ་སྐོར་བ་ནི་སྟོབས་ཤུགས་གཙོ་བོ་ཡིན་ཏེ་ཟིན་ཚད70%ལས་བརྒལ་ཡོད། ད་ལོར་ད་དུང་མུ་མཐུད་དུ་བོད་ལྗོངས་སུ་བསྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར20གཏོང་རྩིས་ཡོད་པ་དང་། ཁྲོམ་རའི་དགོས་མཁོ་སྔར་བས་སྐོང་རྩིས་ཡོད”ཅེས་བཤད། །

ཡུལ་བརྒྱད་གྲོང་ཚོས་རི་འཛེག་ཡུལ་སྐོར་པ་བསུ་བ།

པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནགས་ཚལ་ལམ་ཆུང་དུ་སྐྱོད་སྐབས། རྒྱལ་ཁབ་ཕྱི་ནང་གི་རི་འཛེག་མཁན་ལས་གྲུབ་པའི་རྐང་ཐང་རུ་ཁག་ཅིག་གངས་རིའི་མཛེས་ལྗོངས་ལྟ་བའི་གནས་སུ་བསྐྱོད་ཅིང་། ཡུལ་བརྒྱད་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་དེའི་རུ་ཁག་གི་སྣེ་ཤན་པ་ཡིན་པ་དང་ལམ་བར་དུ་བོད་ཆས་གྱོན་པའི་ཁོང་གིས་ཕྱོགས་སྟོན་བྱེད་བཞིན་དུ་ས་གནས་དེ་གའི་བསང་གཏོང་བའི་མཛད་སྒོ་དང་། སྐོར་བྲོ། གནའ་བོའི་བཟོ་བཀོད་བཅས་ལ་འགྲེལ་བཤད་བརྒྱབ་པ། ཡུལ་བརྒྱད་གྲོང་ཚོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དུ་གནས་པ་དང་། འཕྲེད་རྒྱུག་རི་རྒྱུད་ཀྱི་དཀྱིལ་རྒྱུད་དུ་གནས་ཤིང་། རྒྱལ་མོ་རྔུལ་ཆུ། རྫ་ཆུ། འབྲི་ཆུ་བཅས་གཙང་གསུམ་མཉམ་རྒྱུག་ཁུལ་དུ་གནས་ཡོད། དེ་ནི་ཇ་རྟའི་གནའ་ལམ་གྱི་ཚོང་མགྲོན་ངལ་གསོ་རྒྱག་སར་གྱུར་ནས་ད་ཆ་ཡུལ་སྐོར་བའི་ངལ་གསོ་རྒྱག་སར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། རང་བྱུང་དང་རྒྱས་སྤྲོས་ཟུང་དུ་འབྲེལ་བའི“རྒྱས་སྤྲོས་རྣམ་པའི”སྤུས་ཚད་མཐོ་བའི་སྤྲོ་གསེང་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གངས་རི་དང་། གྲོག་རོང་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལྡན་པའི་ཡུལ་བརྒྱད་གྲོང་ཚོས“རྒྱས་སྤྲོས་ཆེ་བའི”ཡུལ་སྐོར་ཚད་བརྒལ་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཡོད། ཀྲུང་གོ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་ཞའོ་ཧུང་ཧྲུའུའི་ཐོག་ཡུལ་སྐོར་བས་སྐད་བཞག་ནས་ངོ་མཚར་ལྡན་པའི་རང་བྱུང་མཛེས་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ཀྱི་རིག་གནས་མྱོང་རོལ་བྱས་ཡོད་པས་པད་མ་གངས་རིའི་འགྲུལ་བཞུད་དེ་ནི་དོན་མེད་མ་རེད། རྐང་བགྲོད་ལམ་ཐིག་ནི་རི་བོའི་ཨའོ་རུ་སྦས་པའི་རྒྱས་སྤྲོས་ཡག་ཤོས་མགྲོན་ཁང་དང་ཡུལ་བརྒྱད་གྲོང་ཚོ་གཉིས་ཀྱིས་ལག་གདང་སྦྲེལ་ནས་གསར་སྤེལ་བྱས་པ་ཞིག་རེད། ཡུལ་བརྒྱད་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཆོས་འཕེལ་གྱི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱི“ས་མཐོར་སྐྱོད”ཅེས་པའི་བདེ་ཆེན་གྱི་དམངས་གཞས་འཚོལ་བསྡུ་བྱེད་སྒོར་ཞུགས་པའི་ཀྲུང་ཕྱིའི་གསར་འགོད་པར་གྲོང་ཚོས་མགྲོན་ཁང་གི་མགྲོན་པོར་རྐང་བགྲོད་རྐང་འཁོར་ཞོན་པ་དང་། ཞིང་པའི་སྤྲོ་གསེང་། གངས་རིའི་མཛེས་ལྗོངས་ལ་ལྟ་བ། སྐོར་བྲོའི་རིག་གནས་སོགས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་མཁོ་འདོན་བྱས་པ་དང་། མགྲོན་ཁང་གིས་གྲོང་གསེབ་ལ་འཛད་སྤྱོད་ཀྱི་འགྲུལ་ཁུངས་མཁོ་འདོན་བྱས་པ་དང་འབྲེལ་གྲོང་མི་ཁག་གཅིག་གི་ལས་ཞུགས་ཀྱང་ཐག་གཅོད་བྱས་ཡོད་ཅེས་བཤད། མཉམ་ལས་འོག་གྲོང་མི་780ལས་མེད་པའི་ཡུལ་བརྒྱད་གྲོང་ཚོས་2024ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་6400ལ་སྣེ་ལེན་ཞུས་པ་དང་། གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་32ཟིན་ནས་ཡུལ་སྐོར་ལས་དོན་མི་སྣའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད་པ་རེད།ཐོག་མར་གྲོང་ཚོར་ལས་གཏོད་བྱེད་པར་ཡོང་བའི་ན་གཞོན་བློ་བཟང་ཤེས་རབ་ཀྱིས་གསོ་ཚགས་རིན་གོང་ཅུང་མཐོ་བའི་ཚོན་མདོག་རྣམ་པར་བཀྲ་བའི་རི་བྱ་དེ་མཐའ་འཁོར་གྱི་རྒྱས་སྤྲོས་ཆེ་བའི་མགྲོན་ཁང་མང་པོ་ཞིག་ལ་མཁོ་འདོན་བྱས་ཡོད། པེ་ཅིང་ནས་ཧྲང་ཧའེ་སོགས་ས་ཆར་སྤུས་རྟགས་སྐད་གྲགས་ཆོད་པའི་ཡུལ་བརྒྱད་གྲོང་ཚོའི་ཚོན་མདོག་རྣམ་པར་བཀྲ་བའི་རི་བྱ་དེ་ཡུལ་གཞན་གྱི་མགྲོན་པོའི་ཉལ་ཁྲིའི་འོག་གི་གསོལ་མགྲོན་ཁང་ཁག་གཅིག་གི་ངེས་ཟས་རྒྱུ་ཆར་གྱུར་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་བྱ་དེ་གཅིག་འཚོལ་དཀའ་ཞེས་བཤད། ཡུལ་བརྒྱད་གྲོང་ཚོར་ད་དུང་དམིགས་བསལ་གྱི“གྲོང་མི”ཞིག་ཡོད་པ་སྟེ། ཨ་རི་བ་པུའུ་ལའེ་ཨེན·ལིན་ཏེང་(Brian Linden)དང་། ཁོང་གིས་གཉེར་སྐྱོང་བྱེད་པའི་རི་བཞུགས་མགྲོན་ཁང་དྲུག་པ་དེ་ད་ལོའི་ཟླ་དང་པོར་ཡུལ་བརྒྱད་གྲོང་ཚོའི་པད་ཐང་གྲོང་མིའི་ཚོགས་ཆུང་དུ་ལས་གཉེར་ཚོད་ལྟ་བྱས་པ་དང་། སྐབས་དེར་ཁོང་གིས་ཚོགས་ཆུང་ནང་གི་བོད་རིགས་ཁྱིམ་ཚང་8གདན་འདྲེན་ཞུས་ནས་རྟེན་འབྲེལ་ཞུ་བར་མ་ཟད།མགྲོན་ཁང་དེ“དེ་གའི་གྲོང་མི་དུད་ཚང་དགུ་པ”ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། “འདི་གའི་གྲོང་མིས་རང་ཉིད་ནི་ས་གནས་དེ་གའི་མི་རིགས་གཞན་དག་ལ་ལྟ་སྟངས་འཛིན་པ་དང་འདྲ་བར་འདྲ་མཉམ་ངང་བསྟུན་མཁས་བྱེད་ཀྱི་ཡོད། ‘ཨ་རིའི་མི་རིགས’ཤིག་ཡིན་པའི་ངོས་ནས་རང་ཉིད་དེ་གར་རང་དབང་བག་ཕེབས་ངང་སྡོད་ཀྱི་ཡོད་པས་མཐར་ངའི་ཁྱིམ་དུ་གྱུར་ཡོད”ཅེས་ཁོང་གིས་རྟག་ཏུ་བཟའ་ཟླ་དང་མཉམ་དུ་གྲོང་ཚོའི་ནང་གི་བེད་མེད་དུ་ལུས་པའི་ཁང་པར་བཅར་འདྲི་བྱས་ཏེ་ཁོ་ཧྥེ་འཐུང་ས་དང་དཔེ་དེབ་བར་མཐོངས་ལ་སྒྱུར་བཀོད་བྱེད་རྩིས་ཡོད། ཡུལ་བརྒྱད་གྲོང་ཚོ་དང་མགྲོན་ཁང་། གནས་ཚང་ཁག་དབར་གྱི་མཉམ་ལས་དེས་ཕྱི་རོལ་ལ་ཡིད་སྨོན་བྱེད་པའི་སྐུ་མགྲོན་ཚོ་རང་བྱུང་ཁམས་དང་ཉེ་བཅར་དང་མི་རིགས་ཀྱི་རིག་གནས་ཤེས་སུ་འཇུག་གི་ཡོད། ཡུལ་སྐོར་གསར་སྤེལ་ཐད་ཉིན་རེ་བཞིན་བྱང་ཆུབ་པར་གྱུར་བ་དང་བསྟུན་ནས་ཡུན་ནན་ནུབ་བྱང་གི་བོད་རིགས་གྲོང་ཚོ་དེས་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བ་དེ་བས་མང་བ་ཞིག་གི་ཡིད་དབང་བཀུག་ཡོད།

འབྲི་ཆུའི་ཆུས་ཐང་རོང་གི་དབྱར་དུས་ཀྱི་མཛེས་ལྗོངས།

དབྱར་དུས་སུ་འབྲི་ཆུའི་ཆུས་ཐང་རོང་རྒྱུད་ཀྱི་ཡུལ་ལྗོངས་ནི་པིར་གྱིས་བྲིས་པའི་རི་མོ་བཞིན་མཛེས་སྡུག་ལྡན་པ་ཞིག་ཡོད། ཆུས་ཐང་རོང་དེ་ནུབ་ཁྲུང་ཆིང་གྲོང་ཁྱེར་ཧྥུང་ཅེ་རྫོང་པའེ་ཏི་གྲོང་ནས་ཤར་ཝུའུ་ཧྲན་རྫོང་ཏ་ཞི་ཤང་བར་ཡོད་ཅིང་། དེའི་བརྗིད་ཉམས་དང་གཡང་གཟར་ལས་སྐད་གྲགས་ཆོད་ཡོད་པ་རེད། འདི་ནི་ཉེ་ཆར་པར་བརྒྱབ་པའི་ཆུས་ཐང་རོང་གི་མཛེས་ལྗོངས་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

༄༅།།མཚོ་སྔོན་མཚོ་ནུབ་ཀྱི་མརྒད་མཚོར་ཡུལ་སྐོར་བ་མང་བ།

ཟླ་6ཚེས་13ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚྭ་འདམ་ཆེ་བའི་མརྒད་མཚོ་མཛེས་ཤིང་ལྟ་ན་སྡུག་པས། ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཅིང་། འདི་ནི་ཡུལ་སྐོར་བས་མརྒད་མཚོའི་མཛེས་ལྗོངས་ལ་ལྟ་བཞིན་པ།

རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་མཚམས་སྦྱོར་ཚོགས་འདུ་ཁྲིན་ཏུའུ་རུ་བསྐྱོད།

ཟླ6པའི་ཚེས15ཉིན། “རབ་མཛེས་མཚོ་སྔོན·ངོ་མཚར་སྟོང་གི་རྨ་ལྷོ”ཞེས་པའི། 2025ལོའི་རྨ་ལྷོ་ཁུལ་གྱི་མཚོ་སྔོན་དང་ཀན་སུའུ། ཧྲན་ཞི། སི་ཁྲོན་བཅས་ཞིང་ཆེན་བཞིའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་མཚམས་སྦྱོར་ཚོགས་འདུ་ཁྲིན་ཏུའུ་རུ་བསྐྱོད།མཚམས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ། 《ངོ་མཚར་སྟོང་གི་རྨ་ལྷོ·འགུག་ཤུགས་ཆེ་བའི་གཟུགས་འདས་ཤུལ་བཞག་རིག་དངོས》ཞེས་པའི་དྲིལ་སྒྲོག་གློག་བརྙན་ངོ་མཚར་ཆེན་པོའི་སྒོ་ནས་བསྟན་པ་དང་། གསོན་ཉམས་ལྡན་པའི་བརྙན་རིས་ལ་བརྟེན་ནས་ཡུལ་དངོས་ཀྱི་སྐུ་མགྲོན་དང་མང་ཚོགས་ཚང་མར་རྨ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་གྱི་མཛེས་སྡུག་ཚོར་དུ་བཅུག རྨ་ལྷོ་ཁུལ་གྱི་དབུ་བཞུགས་རིག་གནས་ཡུལ་སྐོར་མཚམས་སྦྱོར་དཔོན་དབྱང་ཁྲིན་ཚའེ་ཡིས། “ནུབ་རྒྱུད་ཀྱི་མཛེས་ལྗོངས་ཆེན་མོ་སྟེ་ངོ་མཚར་སྟོང་གི་རྨ་ལྷོ”ཞེས་པའི་ཡུལ་སྐོར་ལམ་ཐིག་སྤུས་ལེགས་ངོ་སྤྲོད་ནན་མོ་བྱས་པར་བརྟེན། ཡུལ་དངོས་སུ་ཡོད་པའི་ལྟད་མོ་བ་རྣམས་ཀྱིས་རྨ་ལྷོའི་ཡུལ་སྐོར་གྱི་མཛེས་སྡུག་ལ་སྣ་སྒོ་མོ་ནས་ངོས་འཛིན་ཡག་པོ་བྱུང་།གན་རྒྱ་འཇོག་པའི་ལས་རིམ་དེ་མཉམ་ལས་ཀྱི་མགོ་རྩོམ་ས་གསར་པར་གྱུར། སི་ཁྲོན་ཞིང་ཆེན་ཡུལ་སྐོར་མཐུན་ཚོགས་དང་རྨ་ལྷོ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མཚོ་སྔོན་ཞིང་ཆེན་ཁང་ཧོས་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་དང་ཁྲིན་ཏུའུ་ཨའེ་ཞིན་རྒྱལ་སྤྱིའི་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་ཟི་གཉིས་ཀྱིས་སོ་སོར་མཉམ་ལས་གྲོས་མཐུན་བཞག་ནས། ཡུལ་སྐོར་བ་ཕན་ཚུན་སྐྱེལ་རྒྱུ་དང་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཟབ་སྤེལ་ལ་དམ་པོར་དམིགས་ཡོད། དུས་མཚུངས་སུ། སི་ཁྲོན་དང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཁེ་ལས་སྦྲེལ་མཐུད་ཚོགས་འདུ་འཚོགས་ཏེ། ས་གནས་གཉིས་ཀྱི་ཡུལ་སྐོར་ལས་དོན་ཁང་གི་འཐུས་མིའི་ཡིད་དབང་བཀུག་ནས། ས་ཁོངས་མཉམ་འགུལ་གྱི་ཐབས་ལམ་ཐད་ནས་མཉམ་དུ་གྲོས་མོལ་བྱས་ཏེ། “ཐོན་ཁུངས་མཉམ་སྤྱོད་དང་ལམ་ཐིག་སྦྲེལ་མཐུད། ཁྲོམ་ར་མཉམ་དུ་རྒྱ་བསྐྱེད་པ”བཅས་ཀྱི་མཉམ་ལས་བྱེད་སྟངས་ལག་བསྟར་ལ་སྐུལ་འདེད་བཏང་ཡོད།བན་དེ་སྐྱབས་ཀྱིས་བསྒྱུར།

རྒྱལ་ཁབ་17གྱི་ཡུལ་སྐོར་ཚོང་པ་བརྒྱ་ལྷག་ཙམ་བོད་དུ་ལྟ་སྐོར་ལ་སླེབས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང། ཉེ་ཆར། དབྱིན་ཇི་དང་། ནེའུ་ཙི་ལན། རི་པིན། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་17ནས་ཡོང་བའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པ་བརྒྱ་ལྷག་ཙམ་གནམ་གྲུར་བསྡད་ནས་བོད་ལྗོངས་ལྷ་སར་ཡོང་སྟེ“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས། 2025ལོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པ་བོད་དུ་སྐྱོད་པའི”བྱེད་སྒོར་ཞུགས་པ་རེད།བོད་ཀྱི་བྱེད་སྒོའི་ས་ཚིགས་དང་པོ་ཡིན་པའི་ལྷོ་ཁ་གྲོང་ཁྱེར་དུ་ཡུལ་སྐོར་ཚོང་པ་ཚོས་ངོ་མཚར་ཆེ་བའི་རིག་གནས་ཀྱི་ཡུལ་སྐོར་བྱེད་སྒོ་སྤེལ་ཡོད། ཁོང་ཚོས་བོད་ཀྱི་ལོ་རྒྱུས་ཐོག་གི་ཕོ་བྲང་དང་པོ་ཡུམ་བུ་བླ་སྒང་ལ་ལྟ་སྐོར་བྱས་པ་དང“ལྷ་མོའི་གྲོང་ཚོ་དང་པོར”གྲགས་པའི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་བསྐྱོད་ནས་སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་ཡོད། བོད་ཀྱི་བཙན་པོའི་བང་སོ་དང་། ཆང་ཁྱིམ་གཞིས་ཀ བསམ་ཡས་གཙུག་ལག་ཁང་སོགས་ལོ་རྒྱུས་ཀྱི་རིག་གནས་གནའ་ཤུལ་ལ་ལྟ་སྐོར་བྱས་ནས་ལོ་རྒྱུས་ཀྱི་རིག་གནས་ཟབ་མོར་མྱོང་ཚོར་བྱས་པ་མ་ཟད། ཡར་འབྲོག་གཡུ་མཚོའི་འགྲམ་ནས་ས་མཐོའི་མཛེས་སྡུག་ལྡན་པའི་རང་བྱུང་རྣམ་པར་མྱོང་རོལ་ཡང་ཐུབ་ཡོད།སུའེ་ཙེར་གྱི་ཡུལ་སྐོར་ཚོང་པ་མཱ་ལི་ནཱ་ཡིས“འདི་གའི་རང་བྱུང་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཟབ་པས་ངའི་ཡིད་དབང་འཕྲོག་སོང་། ས་གནས་འདི་གའི་མི་རྣམས་སེམས་རྩ་འཁོལ་བས་ང་ལ་དྲོ་སྐྱིད་ཀྱི་ཚོར་སྣང་སྟེར་བྱུང”ཞེས་བཤད།ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་ཞིག་རེད། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

ངལ་གསོའི་ལེའུ།

གོས་སྔོན་བཏིང་འདྲའི་རྩྭ་ཐང་ནི། །གཡུ་ཡི་མཎྜལ་བཞེངས་དང་མཚུངས། །སྤྲིན་དཀར་མུ་ཏིག་འཐོར་འདྲའི་འོག །དཀར་དམར་མེ་ཏོག་སྡུག་གུར་བཀྲ །བསམས་ན་དྲན་ངོར་འཆར་སླ་ཞིང་། །བལྟས་ན་མིག་གི་དགའ་སྟོན་ཞིག །བསྡད་ན་ཉམས་དགུའི་སྣང་བ་ཞིག །ལང་ལོང་དྲན་པའི་ཀློང་ནས་འཕྱུར། །ཁོར་ཡུག་སྔོ་ལྗང་ཉམས་དགའི་དབུས། །ལྕང་སྡོང་ཕོན་པོའི་བསིལ་གྲིབ་འོག །བག་ཡངས་རྩེད་འཇོའི་སྣང་བར་བྲེལ། །ངལ་གསོའི་ལེའུ་འདི་རུ་བཀོད། །དུས་ཀྱི་དབྱར་གཞུང་རེ་རེ་ལ། །ལང་ཚོའི་རྗེས་ཤུལ་རེ་རེ་ཡོད། །ལོ་ཆུང་སྣང་བའི་ཁ་དོག་དེ། །ཚོར་བའི་རི་མོའི་རྒྱན་དུ་སྤྲས། །ཆུ་དང་ཆུ་ཕྲན་ལྷོད་ཀྱིས་བཞུར། །ཤིང་དང་ལྗོན་པ་ཚར་དུ་དངར། །ཁུ་བྱུག་གསུང་སྐད་ཕྱོགས་བཞིར་གྲགས། །ངོ་མཚར་མཛེས་སྡུག་མིག་གི་གསོས། །ཉི་མ་ནུབ་རིར་བཞུད་པའི་རྗེས། །མཚན་མོའི་ཟླ་བ་སྒོར་ཞིང་གསལ། །རླུང་བུ་འཇམ་པོ་དལ་གྱིས་ལྡང་། །སེམས་པ་ངལ་གསོའི་ཚུལ་དུ་ཞུགས། །ཟླ་འོད་མག་མོག་འཆར་བའི་འོག །ཚོགས་དྲུག་སྣང་བའི་རི་མོ་བཀྲ །ཡིད་འོང་ལྷིང་འཇགས་ཉམས་དགའ་ཞིང་། །འཚོ་བའི་གྲུ་ཟུར་འོད་ཀྱིས་ཁྱབ། །དབྱར་གསུམ་ས་གཞིར་དྲོད་ཁོལ་རྒྱས། །བདེ་སྣང་གཟི་སྟོབས་མངར་མོའི་ཁྲོད། །སྙན་ངག་མཛའ་གླུ་སྙན་པོ་དེ། །མགྲིན་པའི་ཀློང་ནས་ཐོལ་གྱིས་བརྡོལ། ། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཚོ་སྔོན་མཚོ་བྱང་ཀྲོའུ་ཡིས་ཡུལ་སྐོར་ཁྲོམ་རའི་བྱེད་པོར་བྱ་དགའི་མ་དངུལ་སྒོར་ཁྲི་169ཐོག་མར་སྤྲད་པ།

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་བྱ་དགའི་མ་དངུལ་སྤྲད་པ་སྟེ། རིག་གནས་ཡུལ་སྐོར་ཁེ་ལས་29དང་མི་སྒེར་ལ་བྱ་དགའི་མ་དངུལ་སྒོར་ཁྲི་169ཐོག་མར་སྤྲད་ནས“དངོས་སྒྲུབ་བྱེད་མཁན་ལ་བྱ་དགའ་ཆེན་པོ་སྤྲད་དེ་ཐོན་ལས་འཁོར་འབྲེལ་ལ་སྐུལ་སློང་བྱེད་པའི”བརྡ་རྟགས་དྲག་པོ་བཏང་བ་རེད།ཐེངས་འདིའི་མ་དངུལ་གྱི་རོགས་སྐྱོར་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་དམིགས་ཤིང་། སྤུས་རྟགས་གཏོད་པ་དང་། ཡུལ་སྐོར་བ་འགུག་པ། ཐོན་ལས་མཉམ་འདྲེས་སོགས་ལྟེ་བའི་ལྷུ་ཚིགས་ལ་དམིགས་ནས། རིགས་ཆེན་པོ་བཞིའི་རྣམ་གྲངས་11འདུས་པའི་བྱ་དགའི་སྲིད་ཇུས་མ་ལག་ཞིབ་ཚགས་བཙུགས་ཐོག ཡུལ་སྐོར་ལས་དོན་ཁང་གི་ཚོགས་པ་སྒྲིག་འཛུགས་དང་། རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ། རང་སྨྱན་སྦྱོར་གྱི་དྲིལ་བསྒྲགས་ཚོང་གཉེར། འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བྱ་དགའི་ཚད་གཞི་ཁ་གསལ་ཞིབ་ཕྲ་བཟོས་ནས།“དངུལ་སྨར”སྤྲད་དེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འགག་རྩའི་ལས་དོན་གནད་སྨིན་བསྒྲུབས་པ་རེད། བདམས་ཐོན་བྱུང་བའི་ཁེ་ལས་དང་མི་སྒེར་ཚང་མར“དཔྱད་གཞིའི་ཡིག་ཆར་ཐོག་མའི་ཞིབ་བཤེར+རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ+སྤྱི་ཚོགས་ལ་ཁྱབ་བསྒྲགས”བཅས་རིམ་པ་མང་བའི་གདམ་གསེས་ནན་པོ་བྱས་ཡོད་པས། ལས་རིགས་འཕེལ་རྒྱས་ཀྱི་མདུན་གྲལ་སྟོབས་ཤུགས་དང་གསར་གཏོད་ཁ་ཕྱོགས་མཚོན་ཡོད་པ་རེད།བྱ་དགའི་རོགས་སྐྱོར་མ་དངུལ་སྤྲོད་པའི་དམིགས་ཡུལ་ནི《མཚོ་བྱང་ཀྲོའུ་ཡི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་རོགས་སྐྱོར་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རིག་གནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་གསར་གཏོད་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་ཆེད་རེད། རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་སྤྲད་དེ་ཁེ་ལས་ཁག་ལ་རྣམ་གྲངས་དོན་འཁྱོལ་མགྱོགས་མྱུར་དང་ཞབས་ཞུའི་སྤུས་ཚད་རིམ་སྤོར་བྱེད་རོགས་བྱས་པ་དང་ཆབས་གཅིག མི་སྒེར་གྱི་ཞིབ་འཇུག་གཏིང་ཟབ་དང་ལག་ལེན་རྒྱུན་འཛིན་ལ་སྐུལ་འདེད་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་ལ་སྒུལ་ཤུགས་སྟོབས་ཆེན་སྣོན་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 《ཞིབ་སྲོལ》དེ་2024ལོའི་ཟླ་8ཚེས་26ཉིན་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་2026ལོའི་ཟླ་8ཚེས་25ཉིན་བར་གོ་ཆོད་རྒྱུ་རེད། འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

གཙོད་ཀྱི་རྒྱུད་སྤེལ་གནས་སྤོའི་ལམ།

པར་འདི་ནི་གཙོད་ཁྱུ་གཅིག་གིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་རྒྱུད་སྤེལ་གནས་སྤོ་བྱེད་པའི་རྣམ་པ་རེད། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་ཟླ5པ་ནས7པའི་བར་བོད་ལྗོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་རྣམས་གནས་སྤོ་རྒྱུད་སྤེལ་གྱི་དུས་ཚིགས་སུ་སླེབས་ཡོད། དེ་ཚོ་ནམ་རྒྱུན་ཁ་ཐོར་དུ་སྡོད་པའི་འཚོ་སྡོད་བྱ་ཡུལ་ནས་གན

ཀྲུང་གོར་སྡོད་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོས་མཚོ་སྔོན་དུ་དངོས་བཅར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་གསར་པའི་སྐོར་ནས་མཉམ་གླེང་བྱས།

ཟླ6པའི་ཚེས23ཉིན་ནས་ཚེས26ཉིན་བར་དུ། པོ་ཧའེ་དང་མོ་ཞི་ཁོ། ཀི་ལེན་ནཱ་ཏ་སོགས་རྒྱལ་ཁབ12ནས་ཡོང་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དང་མཐོ་རིམ་ཕྱི་འབྲེལ་དཔོན། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱི་འགན་འཁུར་མི་སྣ22། འཇར་མན་དང་རྒྱ་གར། ཕ་ཁི་སི་ཐན། ཨ་ཧྥུའུ་ཧན་སོགས་རྒྱལ་ཁབ་ཀྱི་ཚོང་པའི་མཐུན་ཚོགས་དང་ཕྱི་རྒྱལ་ཁེ་ལས་ཀྱི་འཐུས་མི་བཅས་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས26པར་ཞུགས་ཏེ། དུས་ཡུན་ཉིན་བཞིའི་རིང་གི་ཡུལ་དངོས་རྟོག་ཞིབ་ལས་སྒོ་སྤེལ།འཐུས་ཚབ་ཚོགས་པས་སྔ་ཕྱིར་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་བཤམས་སྟོན་ཁང་དང་ཧྲིན་ཡོན་ས་གདན་སྡེ་ཚོགས། ཟི་ལིང་ས་མཐོའི་མུ་ཏིག་ལྟ་སྐོར་ལྕོག་རིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་སྡེ་བ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅས་སུ་བསྐྱོད་དེ། ཡུལ་དངོས་སུ་སོང་ནས་འཚམས་འདྲི་བྱས་པ་བརྒྱུད། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བ་གཉིས་ཕན་འབྲས་ལྡན་པའི་སྒོ་ནས་སྦྲེལ་མཐུད་གང་ལེགས་བྱེད་ཀྱིན་པ་སོགས་ཐད་ཀྱི་གསར་གཏོད་ལག་ལེན་ལ་རྒྱུས་ལོན་ཞིབ་མོ་བྱས། མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དག་གཙང་ནུས་ཁུངས་གསར་སྤེལ་དང་ཁྱད་སྟོབས་ཞིང་ཕྱུགས་ལས་རིགས་རིམ་སྤོར་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་ཅན་བླངས་པར་གཞུང་ཚབ་པ་ཚོས་གདེང་འཇོག་ཆེན་པོ་བྱས།ད་ཐེངས་ཀྱི་ཡུལ་དངོས་འཚམས་འདྲིའི་བྱེད་སྒོ་འདིས་མཚོ་སྔོན་གྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་མུ་མཐུད་ཟབ་སྤེལ་གཏོང་བར་སྟེགས་བུ་གལ་ཆེན་བསྐྲུན་ཡོད། ཕྱི་འབྲེལ་དཔོན་མང་པོས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཉམས་མྱོང་དེ་དཔྱད་གཞིར་འཛིན་རིན་ཡོད་པ་དང་། རང་སོ་སོའི་རྒྱལ་ཁབ་དང་མཚོ་སྔོན་བར་ལྗང་མདོག་ནུས་ཁུངས་དང་དེང་རབས་ཞིང་ལས། རིག་གནས་ཡུལ་སྐོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མི་གཞུང་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་མང་པོའི་ཐད་དངོས་གཉེར་མཉམ་ལས་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།བན་དེ་སྐྱབས་ཀྱིས་བསྒྱུར།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་དཔེ་མཚོན་གྱོད་དཔེ་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་བ།

ཉེན་བརྡ་གཏོང་བའི་ནུས་པ་ཐོན་པ་དང་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་བཞི་པས་ཚེས་23ཉིན་དཔེ་མཚོན་གྱོད་དཔེ་ཁག་གསུམ་པ་གཅིག་སྡུད་དང་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།མིག་སྔར་ལྟ་བཤེར་ཚོགས་ཆུང་8ཀྱིས་ཧྲན་ཤིས་དང་། ནང་སོག ཧྲན་ཏུང་། ཧྲའན་ཤིས། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5ལ་ལྟ་བཤེར་བྱས་ཏེ་རྨ་ཆུ་རྒྱུག་ཁུལ་དུ་ལྟ་བཤེར་དང་ཞིང་ཆེན་ཁུལ་ཁོངས་སུ་ལྟ་བཤེར་ལས་དོན་སྤེལ་བ་དང་ཆབས་ཅིག་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་ཁེ་ལས་3ལ་སྤྱི་འདོམས་ལྟ་བཤེར་བྱས་པ་རེད།ལྟ་བཤེར་ཚོགས་ཆུང་ཁག་གིས་རྨ་ཆུ་རྒྱུག་ཁུལ་དུ་ལྟ་བཤེར་དང་ཞིང་ཆེན་ཁུལ་ཁོངས་སུ་ལྟ་བཤེར་ལས་དོན་སྤྱི་འདོམས་ངང་སྤེལ་བར་བརྟེན། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་སྦྲེལ་མཐུད་དང་། ཁུལ་ཁོངས་མཐུན་སྦྱོར། ལམ་སྲོལ་འཛུགས་སྐྱོང་སོགས་རྒྱུག་ཁུལ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཐུན་མོང་རང་བཞིན་བཅས་ཀྱི་གནད་དོན་ལ་དོ་སྣང་བྱུང་བ་མ་ཟད། ཞིང་ཆེན(རང་སྐྱོང་ལྗོངས)ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ། སྐྱེ་ཁམས་བདེ་འཇགས་ཀྱི་ངེས་གནས་བཅས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན(རང་སྐྱོང་ལྗོངས)ཁག་གི་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་ཐུབ་པ་དང་འཐབ་ཕྱོགས་དང་པོ་དང་ས་གནས་ས་ཐོག་ཏུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ། འགན་འཁྲི་མི་འཁུར་བ་དང་གནད་དོན་ཐག་གཅོད་མི་བྱེད་པ། ཁྲལ་སེལ་སླ་བཅོས་དང་མི་བདེན་རྫུན་བཟོ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁག་གཅིག་ཤེས་རྟོགས་ཐུབ་ཡོད།ལྟ་བཤེར་ཚོགས་ཆུང་གིས་ད་དུང་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་བཟོ་ལས་གླིང་ཁུལ་དང་གཏེར་ཁུལ་དུ་གནས་ཁུལ་མང་ལ་རྒྱ་ཁྱོན་ཆེ་བ་དང་། ཐོན་ཁུངས་ཅན་དང་གྲུབ་ཆའི་རང་བཞིན་གྱི་སྦགས་བཙོག་གི་གནས་ཚུལ་མངོན་གསལ་དོད་པ། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལས་དོན་སྒྲུབ་ཤུགས་མི་འདང་བར་བརྟེན་གནད་དོན་མང་པོ་ཡོད་པ་བཅས་ཤེས་རྟོགས་ཐུབ་ཡོད། 2021ལོ་ནས་བཟུང་ཝུའུ་ཧའེ་གྲོང་ཁྱེར་གྱིས་སྒྲིག་འགལ་ངང་རྡོ་སོལ་སྲེག་འགྱུར་ཐོན་ནུས་ཏུན་ཁྲི་220ལྷག་ཙམ་གསར་སྣོན་བྱས་ཡོད།ཧྲན་ཏུང་ཞིང་ཆེན་ཙི་པོ་དང་ཏེ་ཀྲོའུ་སོགས་གྲོང་ཁྱེར་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ལས་འགན་ཁག་གཅིག་དོན་འཁྱོལ་མ་བྱུང་བ་དང་ཁྲིམས་འགལ་ངང་བཙོག་འབུད་ཕྱིར་གཏོང་གི་གནད་དོན་མངོན་གསལ་དོད་ཙམ་ཡོད་ཅིང་། ཙེ་པོ་གྲོང་ཁྱེར་ཙེ་ཁྲོན་ཆུས་ཀྱི་རྡོ་ཐལ་ཐོན་སྐྱེད་ཁེ་ལས་ཁག་གཅིག་གི་དངོས་རྫས་ཕུང་གསོག་ཐེབས་པ་དང་། སྐྱེལ་འདྲེན་མཐོར་འདེགས། རྒྱུ་ཆ་འདོན་འཇུག འགྲོ་ལམ་སྐྱེལ་འདྲེན་སོགས་ལྷུ་ཚིགས་སུ་ཐལ་རྡུལ་སྦགས་བཙོག་གི་གནད་དོན་ཡོད་པ་དང་ཁེ་ལས་ལ་ལས་ཁྲིམས་འགལ་ངང་བཙོག་འབུད་ཕྱིར་གཏོང་བྱས་པའི་ནང་ཧེང་ལུའུ་ཨར་ལས་རྒྱུ་ཆ་དང་། དབྱིན་ཀྲེང་ནཱ་སྨི་རྒྱུ་ཆ་གསར་པ། གསེར་རྡོའི་གཏེར་ལས་སོགས་ཁེ་ལས་ཀྱི་དུ་རླངས་སྦགས་བཙོག་བཅོས་སྐྱོང་སྒྲིག་བཀོད་འཁོར་རྒྱུག་ཚད་ལྡན་མེད་པ་དང་ཐལ་རྡུལ་འབོར་ཆེན་ཐད་ཀར་ཕྱིར་གློད་ཡོད།ཏེ་ཀྲོའུ་གྲོང་ཁྱེར་གྱི་ལུགས་རྒྱག་ཁེ་ལས་ཁག་གཅིག་གི་སྦགས་བཙོག་བཅོས་སྐྱོང་སྒྲིག་བཀོད་རྙིང་ཧྲུལ་དང་ཁོར་ཡུག་དོ་དམ་རྣམ་པ་ཙམ་ཡིན་ཞིང་། ལྟ་བཤེར་བྱས་རྗེས། ལིང་ཁྲེང་ཆུས་ཀྲོ་ཨེར་ཚན་རྩལ་ཀུང་སིའི་བཙོ་སྦྱང་དང་བྱེ་ལྷུང་སོགས་ལས་རིམ་གྱི་རླངས་རོ་བསྡུ་རུབ་དང་ཐག་གཅོད་བྱེད་ཤུགས་མི་འདང་བས་དུ་བའི་སྦགས་བཙོག་ཆེ་ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད།ལྟ་བཤེར་ཚོགས་ཆུང་གིས་འབྲེལ་ཡོད་གནས་ཚུལ་ལ་སྔར་བས་བརྟག་དཔྱད་བྱ་རྒྱུ་མ་ཟད། བླང་བྱ་གཞིར་བཟུང་རྗེས་མཐུད་ཀྱི་ལྟ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

༄༅།།ཀྲུང་གོའི“ལྗང་མདོག་དཔེ་སྟོན་ཞིང་ཁ”སཱ་ཧཱ་ལཱ་བྱེ་ཐང་དུ་རྩ་བ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སི་ཡོན། མོ་རི་ཐ་ནི་ཡའི་ནུབ་རྒྱུད་ཀྱི་ཐེ་ལཱ་ཀྲ་ཁུལ་པེར·པར་གཱ་གྲོང་ཚོའི་བྱེ་སའི་རྣང་མའི་ས་ཤུར་དུ་ཐིགས་ཆུ་གཏོང་བའི་མདོང་ལམ་སྟར་པ་མང་པོ་ཁྲིད་ཡོད་པས། ཤིང་ཏོག་དང་སྔོ་ཚལ་གྱི་མྱུ་གུ་མང་པོ་འབུས་འདུག དེའི་ཉེ་འགྲམ་གྱི་ཉི་ནུས་ཤེལ་ལེབ་ཀྱིས་འོད་ནུས་རྒྱུན་ཆད་མེད་པར་གློག་ཤུགས་སུ་བསྒྱུར་པ་དེས་ཆུ་འཐེན་འཕྲུལ་འཁོར་སྐུལ་ནས་ས་འོག་གི་ཆུ་ཞིང་ཁར་འདྲེན་བཞིན་འདུག རྒྱང་ནས་བལྟས་ཚེ། སྔོན་ཆད་རྩྭ་རྩི་ཤིང་རྐང་གཅིག་ཀྱང་མི་སྐྱེ་བའི་མྱ་ངམ་ཐང་དེ་ད་ཆ་སྔོ་ཐིང་ཐིང་ཆགས་ནས་བྱེ་ཐང་སྔོ་ལྗང་གླིང་དུ་གྱུར་པའི་རི་མོ་ལྟ་ན་སྡུག་པ་ཞིག་གྲུབ་བཞིན་ཡོད་པ་རེད། “འདི་ནི་དུས་ཐུང་གི་མཛེས་ལྗོངས་ལས་གྲྭ་ཞིག་མིན་པར་དངོས་འབྲེལ་རྒྱུན་མཐུད་ཆོག་པའི་ལྗང་མདོག་ཕྱོགས་སྒྱུར་ཞིག་རེད”ཅེས་ཀྲུང་ཧྥེའི་ལྗང་མདོག་ལག་རྩལ་སྤྱི་གླིང་མོ་རི་ཐ་ནི་ཡའི་དཔེ་སྟོན་རྣམ་གྲངས་ཀྱི་མོ་རི་ཐ་ནི་ཡ་ཕྱོགས་ཀྱི་མཐུན་སྦྱོར་བ་ཐུའུ་ལཱ་ཏེ·མའེ་ཏུའུ་ཡིས་ཚོད་ལྟའི་ཞིང་ནང་དུ་སྐྱེས་པའི་ཆེ་ཙེ་ལ་ལག་པས་རེག་བཞིན་སྤོབས་པ་ཆེན་པོས་བཤད། མའེ་ཏུའུ་ཡིས་དེ་སྔ་ཀྲུང་གོ་ཧུའུ་ནན་སློབ་ཆེན་དུ་སློབ་སྦྱོང་བྱས་ནས་རབ་འབྱམས་པའི་སློབ་གནས་བླངས་ཡོད་ལ། ད་ཆ་མོ་རི་ཐ་ནི་ཡའི་ཁོར་ཡུག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་པུའུ་ཡི་དཔོན་རིགས་བྱས་ནས་ཧྥེ་ཀྲུང་ལྗང་མདོག་ལག་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་འགན་འཁུར་བཞིན་ཡོད་པ་རེད། དཔེ་སྟོན་རྣམ་གྲངས་འདི་ནི་ཀྲུང་མོ་ཕྱོགས་གཉིས་པོས་ཐུན་མོང་ཐོག་ལག་ལེན་བསྟར་གྱི་ཡོད། ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་ཡིས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་རྗེས་མཐུད་ལག་རྩལ་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད། གླིང་ཁུལ་དེ་ནི་2024ལོའི་ཟླ་བ་བདུན་པར་བཙུགས་ཤིང་། ས་བཟུང་རྒྱ་ཁྱོན་སྤྱི་ཆིང་4ཟིན་པ་དང་གཙོ་བོ་བྱེ་འགོག་ཁུལ་དང་། དཔལ་འབྱོར་འབྲས་ཤིང་ཁུལ། བྱེ་ས་སྔོ་ཚལ་འདེབས་འཛུགས་ཁུལ། གཟན་རྩྭ་འདེབས་འཛུགས་ཁུལ། ཁྱིམ་བྱ་གསོ་སྤེལ་ཁུལ་བཅས་ཡོད་པ་རེད། པེར·པར་གཱ་གྲོང་ཚོ་ནི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེ་ཤར་ངོས་ཀྱི་སྤྱི་ལེ་70ཙམ་གྱི་སར་ཡོད་པའི་བྱེ་ཐང་གི་མཐའ་རུ་ཆགས་ཡོད། “དང་ཐོག་ང་ཚོས་གནས་ཡུལ་འདེམས་སྐབས་རྒྱལ་ས་དང་བར་ཐག་ཉེ་བས་ལག་རྩལ་འགྲེམས་སྟོན་དང་རྗེས་མཐུད་གསོ་སྦྱོང་བྱེད་བདེ་པོ་འདུག་བསམ་བྱུང” “ང་ཚོས་ད་ཡོད་ཀྱི་རང་བྱུང་ཆ་རྐྱེན་འོག་འཚམ་མཐུན་རང་བཞིན་ཆེ་ལ་ལད་མོའི་ཁྱབ་གདལ་གཏོང་ཆོག་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་སྔོན་ཆད་མོ་རི་ཐ་ནི་ཡར་དངོས་སུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མྱོང་པའི་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་བྱེ་ཐང་ཞིབ་འཇུག་ཚོགས་པའི་ཚོགས་མི་ཀྲོའུ་ནཱ་ཡིས་ངོ་སྤྲོད་བྱས་པ་རེད། མའེ་ཏུའུ་ཡིས་རྒྱང་རིང་གི་བྱེ་འབུར་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར“སྔོན་ཆད་འདི་ག་ཧ་ལམ་བྱེ་མས་མནན་ནས་ཅི་ཡང་སྐྱེ་གི་མེད”ཅེས་བཤད། ཡིན་ན་ཡང་ད་ཆ་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་པའི་གཞོགས་འདེགས་འོག རིག་ནུས་ཆུ་འདྲེན་དང་། འོད་ཤུགས་ཆུ་འཐེན། བྱེ་ས་འདེབས་འཛུགས། ས་རྒྱུ་ལེགས་བཅོས་སོགས་བྱེ་བཅོས་ཐད་ཀྱི་ཀྲུང་གོའི་ལེ་ལག་ཚང་སྒྲིག་གི་ཚན་རྩལ་ཡག་པོར་བརྟེན་ནས་བྱེ་ཐང་རིམ་བཞིན་ལྗང་མདོག་གིས་ཁེབས་བཞིན་ཡོད། ཀྲོའུ་ནཱ་ཡིས། ལག་རྩལ་འདི་དག་ཀྲུང་གོའི་ཤིན་ཅང་གི་བྱེ་ཐང་བཅོས་སྒྲིག་ཁྲོད་བེད་སྤྱོད་རྒྱ་ཁྱབ་བཏང་ཡོད། འཚམ་མཐུན་རང་བཞིན་ཆེ་རུ་བཏང་རྗེས“གླིང་སྒྲོལ་སྤོ་འཛུགས”བྱས་པར་མིག་སྔར་ཨ་ཧྥེ་རི་ཁའི་ནུབ་རྒྱུད་དུ་གྲུབ་འབྲས་རགས་ཙམ་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འདིའི་ལ་སེར་དང་། མངར་ཚལ། སྲན་ལྗང་སོགས་ལོ་ཏོག་ཚོད་འདེབས་ལས་དོན་ལེགས་གྲུབ་བྱུང་ནས་ཁག་གཅིག་བསྐྱར་འདེབས་བྱས་ཏེ་སྐྱེ་ཁམས་མ་ལག་གཞི་རྩའི་ཆ་ནས་འཁོར་རྒྱུག་བཟང་པོ་ཐུབ་ཡོད་པ་རེད། ཀྲུང་ཧྥེའི་ལྗང་མདོག་ལག་རྩལ་སྤྱི་གླིང་ནི་ཀྲུང་གོས་ཨ་ཧྥེ་རི་ཁའི“ལྗང་མདོག་ལྕགས་རི་རིང་པོའི”འཆར་གཞིར་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་ལས་གྲྭ་གལ་ཆེན་ཞིག་རེད། སཱ་ཧཱ་ལཱའི་བྱེ་ཐང་ལྷོ་ཕྱོགས་སུ་མི་མཆེད་པར་བྱ་ཆེད། མོ་རི་ཐ་ནི་ཡ་ཚུད་པའི་སཱ་ཧཱ་ལཱའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་11གིས་ཨ་ཧྥེ་རི་ཁའི“ལྗང་མདོག་ལྕགས་རི་རིང་པོའི”འཆར་གཞི་བཟོས་པ་སྟེ། ཞེང་ཚད་ལ་སྤྱི་ལེ་15དང་རིང་ཚད་ལ་སྤྱི་ལེ་7000ལྷག་ཙམ་ཡོད་པའི་ནགས་ཚལ་འགོག་སྲུང་ཁུལ་ཞིག་བསྐྲུན་རྒྱུ་ཡིན་པ་རེད། འཆར་གཞི་དེའི་ཀྲུའུ་ཞིའི་རྒྱལ་ཁབ་མོ་རི་ཐ་ནི་ཡའི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེ་རུ་ཨ་ཧྥེ་རི་ཁར་ཁྱབ་པའི“ལྗང་མདོག་ལྕགས་རི་རིང་པོའི”དྲུང་ཡིག་ཁྲུའུ་བཙུགས་ནས་མཐུན་སྦྱོར་གྱི་ལས་འགན་འཁུར་གྱི་ཡོད་པ་རེད། “ཧྥེ་ཀྲུང་གི་སྐྱེ་ཁམས་མཉམ་ལས་ལ་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པ་དང་། མོ་རི་ཐ་ནི་ཡར་མཉམ་ལས་ཀྱི་འགོ་འཛུགས་སའི་གྲས་ཤིག་ཏུ་འགྱུར་བའི་ཆ་རྐྱེན་རྦད་དེ་འཛོམས་ཡོད” མའེ་ཏུའུ་ཡིས“དཔེ་སྟོན་རྣམ་གྲངས་ལ་ལོ་གཅིག་ཀྱང་མ་འགོར་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ལས་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཉམས་མྱོང་གིས་ཨ་ཧྥེ་རི་ཁའི་ཐན་ཁུལ་ལ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ་གསལ་བཤད་ཐུབ་ཀྱི་ཡོད”ཅེས་བཤད། (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནོ་ཝ་ཁ་ཆོ་ཐེ་ནས་འབྱོར་བའི་གློག་འཕྲིན)

༄༅།།མཚོ་སྔོན་གྱི“ལྗང་མདོག་དང་ཞིང་ལས”ཟུང་དུ་འབྲེལ་བའི་རྣམ་གྲངས་ཐོག་མ་ཡ་རྫིར་དོན་འཁྱོལ་བྱས་པ།

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལ་རིགས་རང་སྐྱོང་རྫོང་ནས་ཤེས་རྟོགས་བྱས་པར། ཡ་རྫི་རྫོང་གི“རྨ་ཆུའི་ཞིང་འབྲོག་ཐོན་རྫས”ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་དང་མཚོ་སྔོན་གྱི་དབྱི་ཀྲུང་གྲངས་འཛིན་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིའི་དབར་མཉམ་ལས་གྲོས་མཐུན་བཞག་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་དང་ཚ་ནུས་ལྷག་མའི་དྲོད་རླངས་མཁོ་འདོན་བྱེད་སྟངས་ཞིང་ལས་ཐོན་སྐྱེད་ཁྲོད་སྤྱོད་པའི་རྣམ་གྲངས་ཐོག་མ་དེ་ཡ་རྫི་རྫོང་གི“རྨ་ཆུའི་ཞིང་འབྲོག་ཐོན་རྫས”ཞིང་ལས་རིག་ནུས་རྩིས་རྒྱག་ལྟེ་གནས་སུ་གཞིས་ཆགས་པ་རེད།“རྨ་ཆུའི་ཞིང་འབྲོག་ཐོན་རྫས”ཞིང་ལས་རིག་ནུས་རྩིས་རྒྱག་ལྟེ་གནས་ཀྱི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1ཙམ་གཏོང་རྩིས་ཡོད་པ་དང་། དོས་སྒམ་རྣམ་པའི་རྩིས་ནུས་ལྟེ་གནས་གསར་དུ་བསྐྲུན་རྒྱུ་ཡིན་པ། འཕྲུལ་ཆས་ཁང་དང་ཞབས་ཞུའི་ཡོ་ཆས་ཀྱི་གཞི་ཁྱོན་400pཡིན་པ་རེད། རྣམ་གྲངས་དེས་གླིང་ཁུལ་དུ་རྩིས་ནུས་དང་ཚ་ནུས་ལྷག་མ་ཟུང་དུ་འབྲེལ་བའི་ཉེར་སྤྱོད་རྣམ་པ་བཏོད་དེ་2MWདོས་སྒམ་རྣམ་པའི་གཞི་གྲངས་འཕྲུལ་ཁང་གི་ཚ་ནུས་ལྷག་མ་སྤྱད་དེ་གླིང་ཁུལ་གྱི་དྲོད་ཁང་སྨི་ངོས་གྲུ་ཁྲི་2ལ་དྲོད་རླངས་མཁོ་འདོན་བརྟན་པོ་བྱ་རྒྱུ་དང་དུས་མཚུངས་ཞིང་ལས་འདེབས་འཛུགས་ཀྱི་རིག་ནུས་རྩིས་རྒྱག་ཞིབ་དཔྱད་ཚད་ལེན་དང་། རིག་ནུས་དྲོད་ཁང་ལྟ་ཞིབ་ཚད་ལེན། འཕྲུལ་མིའི་ཤིང་འབྲས་འཐུ་བསྡུ། རིག་ནུས་ཅན་གྱི་ཐུམ་སྒྲིལ་རྒྱག་པ། མི་མེད་གནམ་གྲུས་སྡེབ་སྐྱེལ་སོགས་རིག་ནུས་ཞིང་ལས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱོད་འགོ་ཚུགས་པ་དེས་དྲོད་ཁང་གི་དྲོད་རླངས་མཁོ་འདོན་མ་གནས་དམའ་རུ་ནུས་ལྡན་འགྲོ་རྒྱུ་དང་རིག་ནུས་ཞིང་ལས་ཀྱི་རྣམ་པ་གསར་པ་གསར་སྤེལ་བྱས་ཏེ། ཡ་རྫི་རྫོང་ལ་ལྗང་མདོག་གློག་ཤུགས་དང་། ལྗང་མདོག་རྩིས་ནུས། ལྗང་མདོག་ཚ་ནུས་ལྷག་མ། ལྗང་མདོག་ཞིང་ལས། ལྗང་མདོག་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བཅས་ཀྱི་རྣམ་གྲངས་སྐྲུན་པར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།“རྨ་ཆུའི་ཞིང་འབྲོག་ཐོན་རྫས”ས་མཐོའི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་གྱིས་རྨ་ཆུ་ལྟེ་བར་བྱས་ཏེ།“སྤུས་རྟགས་གཅིག(རྨ་ཆུའི་ཞིང་འབྲོག་ཐོན་རྫས)དང་། ལྟེ་གནས་གཉིས(དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་ཞབས་ཞུའི་ལྟེ་གནས་དང་གསོ་སྦྱོང་སྐྱོང་གསོའི་ལྟེ་གནས)ནུས་པའི་ཁུལ་བཞི(དཔེ་སྟོན་ཁུལ་དང་། ཐོན་སྐྱེད་ཁུལ། སྤྲོ་གསེང་ཁུལ། ཟོག་འགྲེམས་ཁུལ)བཅས་ཀྱི་བཀོད་པ་ཆགས་ཡོད། གླིང་ཁུལ་གྱི་ཐོན་འབབ་མཐོ་བའི་ཤིང་འབྲས་དང་སྔོ་ཚལ་གྱིས་ས་གནས་དེ་གའི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ས་ཆ་གཞན་དུ་ཕྱིར་ཚོང་ཡང་བྱེད་ཀྱི་ཡོད། ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྐྲུན་རོགས་བྱེད་པ་དང་ཆབས་ཅིག “ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་དང་ཞིང་ལས་དང་། རིག་གནས། ཡུལ་སྐོར། ཚོང་དོན”བཅས་ལས་རིགས་ལྔ་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་བརྒྱུད་སྤྲོ་གསེང་ཞིང་ལས་དར་རྒྱས་ཤུགས་ཆེན་བཏང་ནས་ཡུལ་སྐོར་བ་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་སྟེ་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

ཀན་སུའུ་དཔའ་རིས་སུ་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བྱས་པས་བདེ་སྡོད་ཀྱི་ཕུགས་འདུན་འགྲུབ་པ།

ཉེ་བའི་ལོ་ཤས་རིང་། རྨ་ནུབ་དོག་ལམ་གྱི་ཤར་སྣེའི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་རྫོང་གིས་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། བཀོད་སྒྲིག་ཁང་པ་ནུས་ཤུགས་ཡོད་རྒུས་སྐྲུན་མགྱོགས་སུ་བཏང་སྟེ་མང་ཚོགས་ལ་བློ་བདེ་བག་ཕེབས་དང་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཡོད། འདི་ནི་གཙང་ཞིང་གྲལ་བསྟར་སྒྲིག་པའི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཕ་ཁྲི་གྲོང་རྡལ་གྱི་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི2025ལོའི་དྲིལ་སྒྲོག་བྱ་འགུལ་སི་ཁྲོན་དུ་སྤེལ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི2025ལོའི་དྲིལ་སྒྲོག་བྱ་འགུལ་ཚེས8ཉིན་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་རུ་སྤེལ་མགོ་བརྩམས། ད་ལོའི་དྲིལ་སྒྲོག་བྱེད་སྒོའི་བརྗོད་དོན་ནི"ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་བསྐྲུན་པ"ཞེས་པ་དེ་ཡིན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི་བྱ་འགུལ་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གིས་སྣེ་ཁྲིད་དེ་སྤེལ་བ་ཡིན།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མགོ་རྩོམ་ཚོགས་འདུའི་སྟེང་ངོ་སྤྲོད་བྱས་དོན། ད་ལོའི་དྲིལ་སྒྲོག་བྱེད་སྒོ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་། ལྟ་སྐུལ་འཐུས་མི་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཡུལ་དངོས་སུ་བཅར་འདྲི་བྱས་ནས་གནས་ཚུལ་སྒྲོག་སྤེལ་དང་། སི་ཁྲོན་ཞིང་ཆེན་གྱི"རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན་པའི"འདུ་ཤེས་ལག་བསྟར་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་གི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་བཟོ་བ། འབྲི་ཆུའི་དཔལ་འབྱོར་ཁུལ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་གི་འདུ་ཤེས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད།སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སི་ཁྲོན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གཙོ་གནད་ས་ཁུལ་བཅས་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གལ་ཆེ་བ་དང་དམིགས་བསལ་གྱི་འཐབ་ཇུས་གནས་བབ་ལྡན། ཉེ་བའི་ལོ་འགའི་རིང་། སི་ཁྲོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་སོགས་་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མངའ་ཁོངས་ཀྱི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཀྱི་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་ཆུ་ཚད་མཐོར་འདེགས་ཕན་ཚུན་གཅིག་འདེགས་དང་ཕན་ཚུན་ཕན་ནུས་ལྡན་པའི་རྣམ་པ་བཟང་པོ་མངོན་ཡོད།རྒྱུས་ལོན་པ་ལྟར་ན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི་དྲིལ་སྒྲོག་བྱེད་སྒོ་དེ1993ལོ་ནས་བཟུང་སྤེལ་བ་དང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲིམས་སྐྱོང་དྲིལ་སྒྲོག་མངའ་ཁོངས་ལ་ཤུགས་རྐྱེན་རྒྱ་ཁྱབ་ལྡན་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་པའི་ཟོང་རྟགས་གལ་ཆེན་ཡིན། ད་ལོའི་བྱ་འགུལ་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་དང་། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཐུན་མོང་ཐོག་ཞུགས་པ་དང་། མི་དམངས་ཉིན་རེའི་ཚགས་པར་དང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྲུང་དབྱང་སྨྱན་སྦྱོར་དང་། གྲོང་ཁྱེར་རིགས་ཀྱི་སྨྱན་སྦྱོར་སྐོར་ཞིག དེ་མིན་སི་ཁྲོན་གྱི་ས་གནས་དེའི་སྨྱན་སྦྱོར་བཅས་ཀྱིས་བཅར་འདྲི་དང་གནས་ཚུལ་སྤེལ་རྒྱུ་རེད། མགོ་རྩོམ་ཚོགས་འདུའི་རྗེས་སུ། བཅར་འདྲི་ཚོགས་པ་ཁྲེང་ཏུའུ་དང་། ལུའུ་ཀྲོའུ། དབྱི་པིན་བཅས་སུ་བསྐྱོད་དེ་ཡུལ་དངོས་སུ་བཅར་འདྲི་བྱ་རྒྱུ་རེད། །

འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ།

ཉེ་ཆར། ནོར་སྲིད་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཆུ་བེད་པུའུ། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་བཅས་ཀྱིས《འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)དང་། 《གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོའི་གཞུང་རྒྱུན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་ཞིང་། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས《བསམ་འཆར》དང《ལག་བསྟར་ཇུས་གཞི》ལ་གསལ་འགྲེལ་བརྒྱབ་པ་རེད།ཁ་གསབ་ལམ་སྲོལ་གྱི་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།གང་འདྲ་ཞིག་ལ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་ཟེར་རམ། མདོར་བསྡུས་ནས་བཤད་ན། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་ས་ཁུལ་དང་ཕན་པ་ཐོབ་པའི་ས་ཁུལ་དབར་མ་གནས་མཉམ་འཁུར་དང་། ཕན་འབྲས་མཉམ་སྤྱོད། མཉམ་ལས་མཉམ་སྐྱོང་བཅས་ཀྱི་ལམ་སྲོལ་འཛུགས་པར་ཟེར།ཤིན་ཨན་གཙང་པོ་བཅོས་སྐྱོང་ལ་ཆ་བཞག་ན། གཙང་པོ་དེ་ཨན་ཧུའེ་ཧོང་ཧྲན་གྲོང་ཁྱེར་ཞིའུ་ཉིང་རྫོང་ལིའུ་ཀུའུ་ཅན་ནས་རྒྱུག་ཡོང་བ་དང་། ཆུ་གཞུང་གི་རིང་ཚད་ལ་སྤྱི་ལེ་359ཡོད་པའི་ནང་གསུམ་ཆ་གཉིས་ཨན་ཧུའེ་ཡི་མངའ་ཁོངས་སུ་ཡོད། ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་བརྒྱུད་ནས་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཁྲོན་ཨན་རྫོང་ནས་རྒྱུག་པ་དང་། དེ་ནས་སྨད་རྒྱུད་ཀྱི་ཆན་ཏའོ་མཚེའུ་དང་ཧྥུའུ་ཁྲུན་གཙང་པོར་བཞུར་ནས་ཆན་ཐང་གཙང་པོར་འདྲེས་ཀྱི་ཡོད།དུས་རབས་འདིའི་དུས་འགོར། ཧོང་ཧྲན་ས་ཆ་དེ་ཉིད་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཤིང་། བཙོག་ཆུ་དང་གད་སྙིགས་དག་ཤིན་ཨན་གཙང་པོ་བརྒྱུད་ཆན་ཏའོ་མཚེའུ་ཡི་ནང་བཞུར་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། 2012ལོར་ཨན་ཧུའེ་དང་ཀྲེ་ཅང་གིས་ཤིན་ཨན་གཙང་པོ་བཅོས་སྐྱོང་ཐད“ཆུ་སྤུས་རྒྱན་འཇོག”གི་གྲོས་མཐུན་བཞག་པ་སྟེ། རེས་སྐོར་དང་པོའི་དུས་ཡུན་ལོ་3ཡིན་པ་དང་། ཨན་ཧུའེ་དང་ཀྲེ་ཅང་སོ་སོས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་ཁ་གསབ་ཐེབས་རྩ་བཙུགས་ཏེ་ས་ཁོངས་བརྒལ་བའི་བཤགས་ངོས་ཆུ་སྤུས་ལ་ཞིབ་དཔྱད་བྱ་རྒྱུ་ཡིན་ཞིང་། ཚད་ལོན་ན་ཀྲེ་ཅང་གི་སྒོར་དུང་ཕྱུར་1དེ་ཨན་ཧུའེ་ལ་སྤྲོད་རྒྱུ་དང་། ཚད་མ་ལོན་ན་ཨན་ཧུའེ་ཡི་སྒོར་དུང་ཕྱུར་1དེ་ཀྲེ་ཅང་ལ་སྤྲོད་རྒྱུ་བྱས་ཡོད།གྲོས་མཐུན་དེའི་ལྕག་སྐུལ་ཕན་འབྲས་མངོན་གསལ་དོད་ཅིང་། 2012ལོ་ནས་བཟུང་། ཤིན་ཨན་གཙང་པོ་ཞིང་ཆེན་བརྒལ་བའི་བཤགས་ངོས་ཀྱི་ཆུ་སྤུས་བསྟུད་མར་ལོ་12རིང་ས་ངོས་ཆུའི་ཁོར་ཡུག་སྤུས་ཚདⅡརིགས་ཀྱི་ཚད་གཞིར་སླེབས་པ་དང་། ལོ་ལྟར་ཆན་ཏའོ་མཚེའུར་སྤུས་ལེགས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་70འདྲེན་གྱི་ཡོད།འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད། “གཙོ་གནད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་བརྟན་པོ་གཏོང་གི་ཡོད” མིག་སྔའི་བར། སྲིད་ཇུས་དང་མ་དངུལ་གྱི་ཁྲིད་སྟོན་བརྒྱུད་ཞིང་ཆེན་24ལ་ཞིང་ཆེན་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་30འཛུགས་པར་སྐུལ་འདེད་བཏང་བ་དང་། ཅང་སུའུ་དང་། ཧྥུའུ་ཅན། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དུ་ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་འབབ་རྒྱུད་ཀྱི་ཁ་གསབ་ལམ་སྲོལ་ཡོངས་སུ་ཁྱབ་ནས་འབབ་རྒྱུད་ཀྱི་མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད་ཅེས་ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད།འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། 2016ལོར་ནོར་སྲིད་པུས་སྣེ་ཁྲིད་ནས《འབབ་རྒྱུད་ཀྱི་སྟོད་སྨད་དུ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་ཀྱི་ཚད་གཞི་དང་བྱེད་སྟངས་སོགས་གནད་དོན་གལ་ཆེན་ཁ་གསལ་བཟོས་ཡོད། དེ་རྗེས་སླར་ཡང་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཧྲིལ་པོར་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཡོད།ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དཀའ་གནད་དང་འགག་གནད་བསལ་བ་དང་། “དུས་ཚོད་རེའུ་མིག”དང“ལམ་ཐིག་ས་བཀྲ”ཁ་གསལ་བཟོ་བ།རི་བོ་སྔར་བས་སྔོ་ལྗངདང་ཆུ་བོ་སྔར་བས་དྭངས་གཙང་ཡོང་བར་ལམ་ལུགས་ཀྱིས་སྲུང་སྐྱོང་བྱ་རྒྱུར་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས།“མིག་སྔར། ས་ཁུལ་ཁག་གཅིག་དབར་འཕྲེད་ཕྱོགས་ཁ་གསབ་བྱེད་པར་ད་དུང་དཀའ་གནད་དང་འགག་ས་འཕྲད་ཡོད་པས་ཁ་གསབ་གྲོས་མཐུན་འཇོག་པ་དང་གྲོས་མཐུན་ལག་བསྟར་སོགས་ཀྱི་ལྷུ་ཚིགས་སྔར་བས་ཚད་ལྡན་དུ་བཟོ་དགོས” ད་རེས་སྡེ་ཚན་5ཡིས《བསམ་འཆར》དང《ལག་བསྟར་ཇུས་གཞི》མཉམ་དུ་བཀྲམ་སྟེ་དུས་སྐབས་གསར་པའི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་གྱི་ལས་ཀའི་དམིགས་ཚད་དང་། གཙོ་གནད་ལས་འགན། ཞིབ་ཕྲའི་བྱེད་ཐབས་བཅས་ཁ་གསལ་བཟོས་པ་དང་། ས་གནས་གཙོ་བོར་བྱེད་པ་དང་ཀྲུང་དབྱང་གིས་རྒྱབ་སྐྱོར་ཁྲིད་སྟོན་བྱེད་པ་ཁ་གསལ་བཟོས་པ། “གཅིག་གྱུར་དང་ལོགས་དབྱེ་ཟུང་འབྲེལ”གྱི་མཉམ་སྤྱོད་བྱེད་སྟངས་མཐའ་འཁྱོངས། “སུས་སྦགས་བཙོག་བཟོས་ན་དེས་བཅོས་སྐྱོང་དང་སུས་སྲུང་སྐྱོང་བྱས་ན་དེར་ཕན་པ་ཐོབ་པ”མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྱབ་པ་དང་དབང་འགན་འདྲ་མཚུངས། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་སྟངས་མགྱོགས་པོར་འཛུགས་པ་བཅས་བྱས་ནས་ས་ཁོངས་དབར་གྱི་མཉམ་འགུལ་ཡག་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་རྒྱུ་ཡིན་ཞེས་གོང་གསལ་གྱི་འགན་འཁུར་བས་བརྗོད་པ་རེད།ཡིག་ཆ་དེ་གཉིས་ནང་ཉེ་དུས་དང་ཕུགས་ཀྱི་དུས་མཚམས་དབྱེ་བའི་དམིགས་ཚད་ཁ་གསལ་བཟོས་ཡོད་པ་སྟེ། 2027ལོར་སླེབས་སྐབས་འབྲི་ཆུ་དང་རྨ་ཆུའི་ཆུ་གཞུང་གཅིག་གྱུར་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་དང་། ས་གནས་ཁག་ཏུ་ཁོངས་གཏོགས་ཁུལ་ནང་གི་གཞུང་རྒྱུན་ལ་ཁྱབ་པའི་ས་ཁོངས་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་རྒྱུ། འབབ་རྒྱུད་ལས་བརྒལ་བའི་ཆུ་འདྲེན་ལས་གྲྭ་གལ་ཆེན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། ནགས་ཚལ་དང་། རྩྭ་ཐང་། རླུང་ཁམས་ཆེན་པོ། འདམ་ར། བྱེ་ཐང་། རྒྱ་མཚོ། ཆུ་རྒྱུན། རྨོ་ཞིང་སོགས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་ཕན་པའི་འཚོལ་ཞིབ་བྱ་རྒྱུ་རེད། 2035ལོར་སླེབས་སྐབས་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། འབྲི་ཆུ་དང་རྨ་ཆུ་སོགས་གཙོ་གནད་འབབ་རྒྱུད་ཀྱི་གཞུང་རྒྱུན་དང་དེའི་ཆུ་ཕྲན་གལ་ཆེན་ལ་ཁྱོན་ཡོངས་ནས་ཁྱབ་རྒྱུ་མ་ཟད། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། ནང་དོན་དེ་བས་གཏིང་ཟབ་པ། རྣམ་པ་དེ་བས་ཕུན་སུམ་ཚོགས་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ཇེ་མཐོར་འགྲོ་བ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་ནུས་ལྡན་ཐུབ་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་བ་བཅས་བྱ་རྒྱུ་དང་འབྲེལ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུ་རེད།“རང་བརྟེན”བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་འདོམས་ནན་པོ་བྱས་ཏེ་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ།སྲུང་སྐྱོང་བྱེད་མཁན་དང་ལེགས་སྐྱེས་འབུལ་མཁན་ལ་ཕན་པ་དངོས་ཐོབ་ཏུ་འཇུག་དགོས། ནོར་སྲིད་པུས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱ་ཡུལ་དང་ཕན་པ་ཐོབ་མཁན་དབར་མཉམ་འགུལ་ཡག་པོ་ཡོང་བ་བྱ་རྒྱུ་ཡིན་པ་རེད།བྱེད་ཐབས་གཙོ་བོའི་ནང་། ཐཱན་འབུད་དབང་ཆ་དང་། བཙོག་འབུད་དབང་ཆ། ཆུ་སྤྱོད་དབང་ཆ་སོགས་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་ཉོ་ཚོང་ཁྲོམ་ར་མགྱོགས་མྱུར་གསོ་སྐྱོང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་ལུགས་མཐུན་ངང་དབྱེ་མཚམས་གཏན་འཁེལ་དང་བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་ཀྱི་ཕན་པ་ཐོབ་མཁན་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་ལ་ཁ་གསབ་སྤྲོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་ཐོན་ལས་དགེ་མཚན་ལྡན་ལ་བརྟན་པོའི་ངང་འཕེལ་རྒྱས་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་པ། སྲིད་གཞུང་གི་མ་འཇོག་ཐེབས་རྩའི་སྐུལ་སྤེལ་ནུས་པ་གང་ལེགས་བཏོན་ནས་སྤྱི་ཚོགས་ཀྱི་མ་རྩ་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ནང་ཧུར་ཐག་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཚུད་ཡོད། དེ་དང་ཆབས་ཅིག་ས་གནས་ཀྱིས་སྔོན་ལ་ཚོད་ལྟ་དང་ལག་བསྟར་བྱས་ཏེ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་ནགས་ཚལ་དང་། རྩྭ་ཐང་། རླུང་ཁམས་ཆེན་པོ། འདམ་ར། བྱེ་ཐང་། རྒྱ་མཚོ། ཆུ་རྒྱུན། རྨོ་ཞིང་སོགས་སྣ་མང་ཅན་གྱི་ཁ་གསབ་ཐབས་ལམ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དེ་སྲིད་གཞུང་གི་མ་དངུལ་རྐྱང་པའི་ཁ་གསབ་ནས་སྣ་མང་ཅན་གྱི་ཁ་གསབ་བྱེད་སྟངས་བར་དང་། མཉམ་ལས་བཅོས་སྐྱོང་ནས་ཐུན་མོང་འཕེལ་རྒྱས་བར། “གཞན་བརྟེན་རྣམ་པ”ནས“རང་བརྟེན་རྣམ་པ”བར་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།སྡེ་ཚན་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རྗེས་ལ་གདེང་འཇོག་བྱས་ཏེ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། 《ལག་བསྟར་ཇུས་གཞི》གཞིར་བཟུང་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་མཉམ་འབྲེལ་ལས་རྗེས་དཔྱད་བསྡུར་ཚོགས་ཆུང་བཙུགས་ནས་ཁ་གསབ་མ་དངུལ་གྱི་ལས་རྗེས་ལ་གདེང་འཇོག་བྱས་ཏེ་ཁ་གསབ་མ་དངུལ་གྱི་ལས་རྗེས་ལ་གདེང་འཇོག་བྱས་པའི་འབྲས་བུ་དེ་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་བཏང་ནས་ཁ་གསབ་མ་དངུལ་བེད་སྤྱོད་ཁ་གསལ་གཏིང་གསལ་ཡོང་བར་ཤུགས་སྣོན་རྒྱག་དགོས། སྲུང་སྐྱོང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་ཚབས་ཆེན་ཐོན་པ་སོགས་ཀྱི་རྐྱེན་པས་འབྲི་ཆུའི་སྨད་རྒྱུད་ཞིང་ཆེན་ལ་ཤུགས་རྐྱེན་ཐེབས་རིགས་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་འཕྲི་འཐེན་སོགས་ཀྱི་བྱེད་ཐབས་སྤྱད་ཆོག་གི་ཡོད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

༄༅།།མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་ནུས་རྒྱུ་གཙང་མའི་དྲོད་ལེན་དང་། བཟོ་ལས་ཁེ་ལས་བཅོས་སྐྱོང་གཏིང་ཟབ། སྒུལ་སྐྱོད་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་དོ་དམ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་འབར་རླངས་ཁྲོ་ཐབ་ཏན་ཉུང་སྒྱུར་བཀོད་རླངས་ཏུན་218དང་། རྡོ་སོལ་སིལ་ཐོར་དུད་ཚང་ཁྲི་7.86བཅོས་སྒྲིག རླངས་འཁོར་གོག་རྙིང་ཁྲི་1.6ལྷག་སྤྱོད་མཚམས་འཇོག་པ་བཅས་བྱས་པ་དང་། རྨ་ཆུའི་གཞུང་ཆུ་དང་། འབྲི་ཆུ། རྫ་ཆུ། ཧེ་ཧོ་གཙང་པོ་བཅས་འབབ་རྒྱུད་ཀྱི་ཆུ་སྤུས་རིགས་Ⅱདང་དེའི་ཡན་དུ་བསླེབས་པ། ས་རྒྱུའི་སྦགས་བཙོག་འབྱུང་ཁུངས་དོ་དམ་ཚོད་འཛིན་གྱི་གཙོ་ཆེའི་ལས་གྲྭར་བརྒྱུད་རིམ་ལྡན་པར་སྐུལ་འདེད་བཏང་ནས་སྔོན་ཐོབ་ལྟ་འདོམས་ས་ཆའི་གསལ་ཐོ་བཟོས་པ་མ་ཟད་ད་དུང་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་པ་སོགས། ཟླ་5ཚེས་28ཉིན། 《2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པའི་ནང་། མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པ་མངོན་ཡོད་པ་རེད། གནམ་སྔོན་སྲུང་འཐབ་ཡག་པོ་བརྒྱབ་ཅིང་། 《མཚོ་སྔོན་ཞིང་ཆེན་གྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཇུས་གཞི》བཟོས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་ཆེ་བའི་གནམ་གཤིས་ཀྱི་འཕྲལ་སྡོམ་སྔོན་ཇུས(2024ལོ)》ལ་བཟོ་བཅོས་བརྒྱབ་ཏེ་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་ལམ་སྲོལ་ལེགས་སུ་བཏང་ཐོག་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་གྲངས་གཞིའི་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་བྱས་ནས་གནད་སྨིན་བཙོག་བཅོས་དང་འབེན་གཏད་བཙོག་བཅོས་བྱས་ཏེ། བྱེ་རླུང་འཚུབ་པའི་གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་འོག་གི་སྦགས་བཙོག་ལ་དོ་དམ་ཚོད་འཛིན་བྱེད་ཐབས་ཧུར་ཐག་བཟོས་པ་རེད། ཆུ་དྭངས་སྲུང་འཐབ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། གཙོ་གནད་འབབ་རྒྱུད་ཁག་གི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་དང་། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྒྲིག འབྲི་ཆུ་སྲུང་སྐྱོང་ཉམས་གསོའི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་འཆར་གཞིའི་དུས་དཀྱིལ་དཔྱད་དཔོག་བཅས་བྱས་ཐོག་གཙོ་གནད་བཟོ་ལས་གླིང་གི་ཆུའི་སྦགས་བཙོག་གནད་དོན་གྱི་ཞིབ་བཤེར་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་དང་། གླིང་ཁུལ་གྱི་བཙོག་ཆུ་བསྡུ་རུབ་གཙང་གསིང་ནུས་པ་སྔར་བས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་རྫོང་གྲོང་དུ་འཛུགས་སྐྲུན་ཁུལ་གྱི་བཙོག་ཆུ་དྲི་ངན་ཅན་ཞིབ་བཤེར་བཅོས་སྒྲིག་ལས་དོན་སྤེལ་བ། ཞིང་ཆེན་དེ་ཡོངས་ཀྱི་གཙོ་གནད་འབབ་རྒྱུད་ཀྱི་གཙང་པོ(མཚེའུ)བཙོག་འབུད་མདོ་ཁར་གྲལ་བཤེར་ཁུངས་འདེད་དང་ལོ་འཁོར་གྱི་བཅོས་སྒྲིག་ལས་འགན་ལེགས་སྒྲུབ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་རིམ་པ་དང་། རྫོང་རིམ་པ། གྲོང་གསེབ་བཅས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཆེད་དོན་བརྟག་ཞིབ་ལས་དོན་ལེགས་སྒྲུབ་བཅས་བྱས་ཏེ། ཤང་དང་གྲོང་རྡལ་དང་དེ་བཞིན་དེའི་མན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་དང་ཚད་གཞི་འཛུགས་པའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ས་གཙང་སྲུང་འཐབ་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཞིང་སྤྱོད་ས་ཆའི་ས་རྒྱུའི་སྦགས་བཙོག་ཁུངས་འདེད་བཅོས་སྒྲིག་དང་། ལོ་འཁོར་གྱི་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་པའི་ལས་དོན་འཆར་གཞི་བཀྲམ་པ། སྣ་ག་ཚབ་བྱེད་དང་ཆུ་ལུད་སྙོམས་སྒྲིག་སོགས་བྱེད་ཐབས་སྤྱད་དེ་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད། གཙོ་གནད་ལྟ་འདོམས་ཚན་པས་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་གི“ཕྱིར་མིག་ལྟ་བ”དང་མཐའ་འཁོར་ལྟ་ཞིབ་ཚད་ལེན་དང་། ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ཁུལ་དབྱེ་འབྱེད་བྱས་ཏེ་ས་འོག་ཆུའི་རིགས་དབྱེ་ཁུལ་དབྱེ་དོ་དམ་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་བ་དང་སྦྲགས། རྫས་འགྱུར་བཟོ་ལས་གླིང་དང་ཉེན་ཡོད་སྙིགས་རོ་སྦས་སར་དམིགས་ཏེ་ས་འོག་ཆུའི་སྦགས་བཙོག་གནས་ཚུལ་ལ་བརྟག་ཞིབ་དང་། དོ་དམ་ཚོད་འཛིན། ཉམས་གསོ་བཅས་བྱས་པ་རེད།

འབྲི་ཆུའི་ཆུ་འགོའི་རྒྱུད་ཀྱི་ཚེ་སྲོག་གསར་པ།

འདི་ནི་ཉིན་ཤས་གོང་པར་བརྒྱབ་པའི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟུར་ཞིག་ཡིན་པ།འདི་ནི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཚང་བཟོ་བཞིན་པའི་ཆུ་བྱ་ཡིན་པ།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རོང་པོ་འདམ་ར་འབྲི་ཆུའི་ཆུ་འགོར་གནས་ཤིང་། དེ་གར་རྩྭ་ཆུ་བཟང་བས་དུས་བྱ་གནས་སྤོ་ལམ་གྱི་ས་ཚིགས་དང་སྐྱེ་འཕེལ་བྱ་ཡུལ་གཙོ་བོར་གྱུར་ཡོད། ད་ལོའི་ཟླ་ལྔ་པར་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། དེ་གས་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག་ཚུད་པའི་བྱ་རིགས་37བབ་སྡོད་སྐྱེ་འཕེལ་བྱེད་པའི་ཡིད་དབང་བཀུག་ཡོད་ཅིང་། ཁྲུང་ཁྲུང་མགོ་ཁྲ་ཁྱུ་ཚོགས་ཀྱི་མགོ་གྲངས་5626ཟིན་ཡོད་པ་མ་ཟད། བྱ་ཕྲུག་ཚོས་ཀྱང་འཕུར་རྩལ་སྦྱོང་བཞིན་ཡོད་པ་དང་། རྩ་ཆེ་ལ་སྟོངས་ལ་ཉེ་བའི་ཁྲུང་ཁྲུང་སྐེ་ནག་94ལྟ་ཞིབ་ཐུབ་པའི་ནང་21གིས་ཚེ་སྲོག་གསར་པ་སྐྱོང་བཞིན་ཡོད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

༄༅།།ལྷ་སར་ནང་མ་སྟོད་གཞས་ཀྱི་འགྲན་བསྡུར་ཆེན་མོ་སྤེལ་བ།

ཟླ་6ཚེས་28ཉིན། ལྷ་སའི་གླིང་ཁའི་ནང་མ་སྟོད་གཞས་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དེ་སྟག་རྩེ་ཆུས་སུ་ཚུགས་པ་རེད། ཡུལ་དངོས་སུ། སྔོན་ལ་བདམས་ཐོན་བྱུང་བའི་དཔུང་ཁག་19རིམ་པར་གར་སྟེགས་ཐོག་ཏུ་འགྲན་བསྡུར་བྱས་པ་རེད། ནང་མ་སྟོད་གཞས་ཞེས་པ་ནི་བོད་ཀྱི་དམངས་ཁྲོད་གླུ་གར་རིམ་པ་ཅུང་མཐོ་བར་འཕེལ་རྒྱས་བྱུང་བ་དང་། གླུ་དང་བྲོ་གར། རོལ་དབྱངས་བཅས་འདྲེས་མའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཤུལ་བ

༄༅། །ཡིད་འོང་སྤུ་གྲིའི་རྒྱུ་དང་ཁྱད་ཆོས་སྐོར་གླེང་བ།

མི་རིགས་ཀྱི་ལག་ཤེས་བཟོ་ལས་ནི་རང་ལྗོངས་ཀྱི་སྲོལ་རྒྱུན་ཐོན་ལས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། དེ་ལས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་མངོན་བཞིན་ཡོད། རང་ལྗོངས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་ལག་ཤེས་ཐོན་རྫས་མང་པོ་ཡོད་པའི་ཁྲོད་བོད་གྲི་ནི་ཐུན་མོང་མ་ཡིན་པ་ཞིག་རེད། དེ་ཡང་ཇི་སྐད་དུ། གྲི་དང་ཕོར་པ་གང་འགྲོར་འཁྱེར། དགྲ་དང་གྲོགས་པོ་ནམ་ཡོང་ཆ་མེད་པ་ཅེས་ཟེར་སྲོལ་མཆིས་པ་ལྟར། རང་རེའི་དམངས་ཁྲོད་དུ་གྲི་ལ་དང་དོད་བྱེད་པའི་སྲོལ་ལུགས་ཤིག་སྔ་ས་ནས་དར་ཡོད། སྤོ་བོ་རྫོང་ཡིད་འོང་སྤུ་གྲིའི་བཟོ་རྩལ་དེ་ཡང་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་དུ་འཁོད་ཡོད། སྤྱིར་ཡིད་འོང་གི་གྲི་འདི་རིགས་ལ་སྤུ་གྲི་འམ་སྤོ་གྲི་ཞེས་ཡུལ་མིང་དང་ཁྱད་ནུས་ཐོག་ནས་སྤོ་བོའི་ཡུལ་ནས་ཐོན་པའམ་གྲི་རྣོ་ངར་ཅན་ཞེས་གོ་བ་བླངས་ན་འགལ་བ་མི་འདུག་སྙམ། ཡིད་འོང་སྤུ་གྲིའི་ཁྱད་ཆོས་གཙོ་བོ་ནི་གྲིའི་ངོས་གཉིས་སུ་འབྱུང་བ་ཆུའི་རི་མོ་དང་མེའི་རི་མོ། ནམ་མཁའི་འཇའ་ཡི་རི་མོ་ཁག་གསུམ་ཙམ་བརྡུང་སྲོལ་མཆིས་ལ། རྒྱུ་ཆའི་ངོས་ནས“ཡིད་འོང་སྨྱུག་རིའི་ལྕགས་གཏེར”དང“ཕ་རྒན་སྲིན་པོའི་ལྕགས་གཏེར” “ཀོང་པོ་བྲག་གསུམ་གྱི་ལྕགས་གཏེར”བཅས་གཏེར་རྡོ་རིགས་གསུམ་མཉམ་དུ་བཙོ་སྦྱངས་བྱས་ནས་གྲུབ་པའི་ཐུན་མོང་མ་ཡིན་པའི་རྒྱུ་ཆ་དང་བཟོ་རྩལ་དག་གངས་ལྗོངས་ས་ཕྱོགས་ཀུན་དུ་ཁྱབ། དམངས་ཁྲོད་ངག་རྒྱུན་དུའང་། འཕྱར་བ་ཙམ་གྱིས་དགྲ་བོ་དབང་དུ་འདུ་བའི་རལ་གྲི་ཚད་ཆོད་མ་དང་། གྲི་གཡུག་ཐེངས་གཅིག་ལ་མཛོ་དང་སྒ་མཉམ་དུ་གཅོད་ཐུབ་པའི་མཛོ་ཕོ་སྒ་ཆོད། གྲི་གཅིག་ལ་ལུག་བརྒྱ་སྤྲད་ཀྱང་མ་ཁུག་པའི་ལུག་བརྒྱ་མ་ཞེས་གྲིའི་རྣོ་ངར་དང་རིན་ཐང་འགྲན་ཟླ་བྲལ་བའི་ཚད་དུ་བྱེད།སྤུ་གྲིའི་བཤད་པ། ཡིད་འོང་ལྕགས་རིའི་ལྕགས་རྡོ་ཕོ་ལྕགས་ཡིན། །ཡིད་འོང་སྨྱུག་རིའི་ལྕགས་རྡོ་མོ་ལྕགས་ཡིན། །བྲག་གསུམ་ཡུལ་གྱི་ལྕགས་རྡོ་བར་ལྕགས་ཡིན། །ལྕགས་རྡོ་དེ་གསུམ་འདུས་ནས་ལྕགས་གཅིག་བཞུ། །ལྕགས་མཁར་ཟུར་བཞི་ལོག་བརྒྱད་ཡིན། །ཁུག་མོ་གཡག་ཀོ་ཁ་སྦྱར་ཡོད། །རྒྱབ་མཁན་ཨ་ཐིག་ནག་པོ་ཡིན། །རྡོ་ལྕགས་ལ་སྒྱུར་བའི་དམ་ཅན་མིས། །ལྕགས་དེ་ལ་བརྟེན་ནས་གྲི་ཞིག་བརྡུངས། །བརྡུངས་མི་སུ་ཡིན་མ་ཤེས་ན། །བརྡུངས་མི་དམ་ཅན་མགར་བ་ཡིན། །མགར་གཡོག་སུ་ཡིན་མ་ཤེས་ན། །མགར་གཡོག་ཐེའུ་རང་སྤུན་དགུ་ཡིན། །ཡར་སྔོན་ནམ་ལ་དཀར་བརྡུང་བྱེད། །བཅོ་ལྔའི་ཉིན་ལ་འཇའ་སྟོན་ཁྲིད། །གྲི་བཀྲག་མདངས་ཆེ་བ་དེ་ནས་བྱུང་། །མར་སྔོན་ནམ་ལ་ནག་བརྡུང་བྱེད། །ཉི་ཤུ་དགུ་ལ་དགུ་བརྡུང་བྱེད། །གྲི་སོ་ཁ་ནག་པ་དེ་ནས་བྱུང་། །ངར་ཆུ་སྲིན་པོའི་སྙིང་ཁྲག་བླུད། །གྲི་རྣོ་ཁ་འཛོམས་པ་དེ་ནས་བྱུང་། །ངར་ཚོད་ཨ་ཕོ་རང་གིས་བཟོ། །གྲི་མཉེན་ཆ་འཛོམས་པ་དེ་ནས་བྱུང་། །གྲི་འདི་ལ་གྲུབ་ཆ་ཨེ་འདྲ་ཡོད། །གྲི་འདི་ལ་འདྲ་མ་འདི་འདྲ་ཡོད། །འཛེར་གཅིག་ཡག་ལ་འདྲ་མ་ཡོད། །རྒྱལ་པོ་གདན་ལ་བཞུགས་འདྲ་ཡོད། །འཛེར་གཉིས་ཡག་ལ་འདྲ་མ་ཡོད། །རྒྱལ་བློན་གྲོས་ལ་བཤིབ་པ་འདྲ། །འཛེར་གསུམ་ཡག་ལ་འདྲ་མ་ཡོད། །བུ་སྤུན་གསུམ་ས་རྡོ་བཀོག་པ་འདྲ། །གཏིང་འབོག་ཡག་ལ་འདྲ་མ་ཡོད། །འཇའ་ཚོན་སྣ་ལྔའི་ཁྲ་ཞིག་ཡོད། །སྦ་ལུང་ཡག་ལ་འདྲ་མ་ཡོད། །གླ་སྤགས་རྒྱུན་བུ་ཉིས་སྒྲིལ་ཡིན། །སྦོ་སྒྲིལ་ཡག་ལ་འདྲ་མ་ཡོད། །ཕོ་གསར་སྐེད་རགས་བཅིངས་འདྲ་ཡོད། །པད་མགོ་ཡག་ལ་འདྲ་མ་ཡོད། །ལུག་བརྒྱ་ཐང་ལ་བཀྲམ་འདྲ་ཡོད། །རྒྱ་ལོ་ཡག་ལ་དྲ་མ་ཡོད། །བཅོ་ལྔའི་ཟླ་བ་ཤར་འདྲ་ཡོད། །གྲི་ཡུ་ཡག་གི་འདྲ་མ་ལ། །མཚར་ཞིང་བུ་མོའི་སྐྱེ་ཡག་འདྲ། །གྲི་ཤུབས་ཡག་གི་འདྲ་མ་ལ། །གྲི་ཤུབས་ཙན་དན་ཤིང་ལས་བཟོས། །སྐྱེ་ཡག་བུ་མོའི་གོས་རྒྱན་འདྲ། །གྲི་ཐག་ཡག་གི་འདྲ་མ་ལ། །ཁྱུང་དཀར་མཛོ་ཕོའི་རྒྱུན་བུ་ཡིན། །ཆ་མགོ་ཡག་གི་འདྲ་མ་ལ། །ཆ་མགོ་ཆུ་སྲིན་ཁ་སྤྲོད་ཡིན། །ཤུབས་བཏུམས་ཤ་བོའི་པགས་པ་ཡིན། །གྲི་ངོ་ཡག་གི་འདྲ་མ་ལ། །དཀར་གསལ་ཟླ་བ་ཤར་བ་འདྲ། །ལྟག་འཛུམ་ཡག་གི་འདྲ་མ་ལ། །རི་རྩེར་ཁ་བ་བབས་པ་འདྲ། །གྲི་སོ་ཡག་གི་འདྲ་མ་ལ། །ནག་པོ་མུན་པ་རུབ་པ་འདྲ། །གྲི་ཐོད་ཡག་གི་འདྲ་མ་ལ། །ཕོ་ར་རྩ་ཅན་གྱི་ཐོད་པ་འདྲ། །འཇའ་རྩེ་ཡག་གི་འདྲ་མ་ལ། ། མེ་ལྕེ་དགུང་ལ་འཕྱུར་བ་འདྲ། །སྤྲ་རིས་ཡག་གི་འདྲ་མ་ལ། །དགུང་ལ་འཇའ་ཚོན་ཤར་བ་འདྲ། །སྤྲ་རིས་མི་འདྲ་གྲི་གསུམ་ཡོད། །དེ་འདྲའི་གྲི་ཞིག་ག་ནས་དར། །སྤོ་བོའི་ཡུལ་ནས་དར་ལེ་རེད། །ཡུལ་འདིའི་དགྲ་ལྷ་འཁོར་ས་ཡིན། །སྲིན་འདྲེ་འདུལ་བའི་ཁ་གནོན་ཡིན། །ནད་དང་མུ་གེ་འཇོམས་ས་ཡིན། །གེགས་བར་སེལ་བའི་དགེ་མཚན་ཡོད། །ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་ཡོད། །ཕྱོགས་ལ་འགྲོ་དུས་ལུས་སྲུང་ཡིན། །ཁྱིམ་ལ་བཞག་དུས་ནོར་བུ་ཡིན། །རིན་ཐང་ལུག་བརྒྱ་མ་བཙོང་ཡིན། །གོ་ཆོད་མཛོ་ཕོ་སྒ་ཆོད་ཡིན། །ཡུལ་མིང་གྲི་ལ་ཐོགས་པ་འདི། །མིང་ལ་སྤུ་གྲི་འཇའ་ཕེད་གྲགས། ། ཡིད་འོང་སྤུ་གྲིའི་རྒྱུ་དང་ཁྱད་ཆོས་མིང་དོན་མཚུངས་ཞིང་རི་བོ་ཕག་རྒན་སྲིན་པོའམ་ཡིད་འོང་ལྕགས་རི་ནི་རང་བྱུང་ཁམས་ཆེན་མོས་ཡུལ་འདིར་གནང་བའི་ལེགས་སྐྱེས་ཤིག་སྟེ། ས་སྐྱིད་པོ་ག་ས་གང་དུ་ཡོད། ལྕགས་ནག་པོ་ཡོད་ས་ཡིད་འོང་ཡིན་ཞེས་ད་ཆ་གྲོང་ཚོ་དེའི་ཐེམ་དུད་བཅུ་གྲངས་ཙམ་གྲི་བཟོ་བའི་ལག་རྩལ་རང་སྐྱ་འཕེར་བ་མ་ཟད་སོ་སོའི་ལས་སྣོན་ཁང་དང་གྲི་ཆེད་འཚོང་ཁང་ཡོད་ལ། ལས་སྣོན་ཁང་གི་འར་འུར་སྒྲ་དང་བྲེལ་ཟིང་གི་རྣམ་པ་ལས་ཡིད་འོང་སྤུ་གྲི་འཇའ་མའི་ཁྲོམ་རའི་དགོས་མཁོ་མཚོན་ཐུབ་པ་མ་ཟད། གྲོང་ཚོའི་ཕོ་གཞོན་ཕལ་མོ་ཆེས་དགའ་ཞེན་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་བའི་རྣམ་པ་འདིས་ཡིད་འོང་སྤུ་གྲི་འཇའ་མའི་མ་འོངས་འཕེལ་རྒྱས་ཀྱི་ལམ་བུ་དང་རིག་གནས་ཀྱི་གདིང་ཤུགས་གསལ་པོར་མངོན་ཐུབ།

“རིག་རྩལ་མཚོ་སྐྱོར”གྱིས་མཚོ་སྔོན་གྱི་རིག་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། “རིག་རྩལ་མཚོ་སྐྱོར”གྱིས་མཚོ་སྔོན་གྱི་རིག་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་དང་ཀྲོའུ་ཁག་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་8དང་ཕྱོགས་གསུམ་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཅིང་། གྲོས་མཐུན་ནང་རིག་རྩལ་གསར་རྩོམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། མཉམ་དུ་སྒྱུ་རྩལ་སྤེལ་རེས་བྱེད་པ། རིག་གནས་འཚོལ་བསྡུ་གཏིང་ཟབ། རིག་རྩལ་ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་། གཞི་རིམ་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྱོང་ལ་ཤུགས་རྒྱག་པ་སོགས་ཕྱོགས་དྲུག་གི་ནང་དོན་ཚུད་ཡོད་པས། རིམ་པ་དེ་བས་ཟབ་པ་དང་ཁྱབ་ཁོངས་དེ་བས་ཡངས་པའི་སྤེལ་རེས་མཉམ་ལས་བྱ་ཆེད་ལས་སྟེགས་བསྐྲུན་པ་དང་བསྐྲུན་པའི་ལས་སྟེགས་ཐོག་མཉམ་ལས་རྣམ་གྲངས་70ལྷག་ཙམ་དོན་འཁྱོལ་བྱས་པ་མ་ཟད། ཆུ་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།མཚོ་སྔོན་གྱིས་རིག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ནས་ཤེས་ལྡན་པ་ནང་འདྲེན་བྱེད་ཐབས་རྒྱ་ཆེར་བཏང་སྟེ་སྐུ་ཞབས་ཝུའུ་ཁྲང་ཅང་མཚོ་སྔོན་རི་མོའི་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ལ་གདན་ཞུ་བྱས་པ་དང་སྐུ་ཞབས་ཝུའུ་ཝུའེ་ཧྲན་མཚོ་སྔོན་མཛེས་རྩལ་ཁང་གི་མཚན་འཛིན་ཀོན་ཀྲང་ལ་གདན་ཞུ་བྱས་ཡོད། གྲགས་ཅན་སྒྱུ་རྩལ་མཁས་ཅན་མཚོ་སྔོན་དུ་གདན་འདྲེན་ཞུས་ནས་ཉམས་མྱོང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་དང་། ཀྲུང་གོ་ཞབས་བྲོ་མཐུན་ཚོགས་ཀྱི་ཞབས་བྲོའི་སྒྱུ་རྩལ་ཆེད་དོན་འཆད་ཁྲིད་དང་། ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་གསར་ཞུགས་ཚོགས་མིའི་འཐབ་ཕྱོགས་དང་པོའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི“ཧྲན་ཧྭ་ཤེས་ལྡན་པའི”གསོ་སྐྱོང་འཆར་གཞི། ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི“གྲངས་ཉུང་མི་རིགས་ས་ཁུལ་གྱི་བརྙན་འཕྲིན་སྒྱུ་རྩལ་ཤེས་ལྡན་པའི་གསོ་སྐྱོང་འཆར་གཞི” ཀྲུང་གོ་རིག་རྩལ་དང་བླངས་པའི་མཐུན་ཚོགས་ཀྱི་དུས་རབས་གསར་པའི་ཤེས་རིག་ལག་ལེན་རིག་རྩལ་དང་བླངས་ཞབས་ཞུའི་རྣམ་གྲངས་གསོ་སྦྱོང་འཛིན་གྲྭ་སོགས་བསྟུད་མར་གཉེར་ནས་རིམ་རྩིས་བརྒྱབ་ན་མི་650ལྷག་ཙམ་གསོ་སྦྱོང་བྱས་ཡོད།རིག་རྩལ་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་རྒྱུར་དམིགས་ནས་མཚོ་སྔོན་མཛེས་རྩལ་ཁང་གི་སྐར་ཁུང་འཐབ་སའི་ནུས་པ་བཏོན་ཏེ“རྒྱལ་ཡོངས་གཞོན་ནུའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བདུན་པ”དང་། “རྒྱལ་ཡོངས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་སྐབས་གསུམ་པ” “ཧྲང་ཧའེ་དང་མཚོ་སྔོན་གྱི་ཡིག་གཟུགས་སྤེལ་རེས་འགྲེམས་སྟོན” “ཧའེ་ནན་རི་མོའི་ལུགས་ཀྱི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་མཚོ་སྔོན་སྐོར་སྐྱོད་འགྲེམས་སྟོན”སོགས་རྩེར་སོན་འགྲེམས་སྟོན་བྱེད་སྒོ་ཐེངས་20ལྷག་ཙམ་གཉེར་ཡོད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་པའི་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་གུང་ཧོ་རྫོང་དུ་སྤེལ།

མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་དང་ལྷུན་བརྗིད་བློན་པོ་གསེར་ཆེན་གྱི་འདབས་རོལ་དུ། དུས་རབས་གསར་པའི་ཉམས་སྣང་གི་གཟི་མདངས་ལྷམ་མེར་བཀྲ་ཞིང་། སྡེ་ཆེན་མར་ཁུ་བཞིན་འཁྱིལ་བ་ཞིག་ཡོད་པ་དེར་ཆབ་འགག་གསེར་གཞོངས་རིང་མོ་ཞེས་འབོད། གནས་འདིའི་རབ་མཛེས་རང་བྱུང་གི་སྣོད་ཀྱི་བཀོད་པའི་ཕང་བར་འདས་དང་ད་ལྟའི་དུས་སུ་ཤེས་རིག་གི་སྒྲོན་མེ་སྦར་མྱོང་བའི་སྐྱེས་ཆེན་དམ་པའི་ཞབས་རྗེས་འོད་ལམ་མེར་གསལ་ཡོད་པར་མ་ཟད། དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ངོས་ནས་ཀྱང་ཡུལ་འདི་ལ་ཨ་མདོའི་ལ་གཞས་ཀྱི་ཕ་ས་དྲོན་མོ་ཞེས་པའི་མཚན་སྙན་གྱིས་ཀུན་ནས་བརྒྱན་ཡོད་དེ། གནའ་ནས་ད་ལྟའི་བར་དུ། དམངས་ཁྲོད་ལ་གཞས་ཀྱི་ལྗོན་ཆེན་གང་གི་རྩ་བ་རབ་ཏུ་བརྟན་ཞིང་རྩེ་མོ་ཀུན་ནས་རྒྱས་པས། རྒྱལ་ཁབ་རིམ་པའི་བོད་ཀྱི་ལ་གཞས་རྒྱུན་འཛིན་པ་ཚེ་དཔལ་སྐྱབས་དང་ཞིང་ཆེན་རིམ་པའི་བོད་ཀྱི་ལ་གཞས་རྒྱུན་འཛིན་པ་ལྕགས་མོ་རྒྱལ་གཉིས་གཙོས། ཁུལ་རིམ་པའི་བོད་ཀྱི་ལ་གཞས་རྒྱུན་འཛིན་པ་དབྱར་དྲུག་པའི་སྤང་རྒྱན་མེ་ཏོག་བཞིན་ཁྲ་ཚོམ་མེར་བཞད་ཡོད། སྤྱི་ཟླ6པའི་ཚེས13ཉིན་ནས་ཚེས14ཉིན་བར། མཚོ་སྔོན་རྒྱང་སྒྲོག་བརྙན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་གུང་ཧོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་པའི་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་ཆབ་ཆའི་བོད་མཁར་བསོད་ནམས་ཚང་ནས་བསྒྲུབས། མིང་ཐོ་བཀོད་ཟིན་པའི་གླུ་བ་གླུ་མ་སུམ་ཅུ་ལྷག་ལས་ཕལ་ཆེ་བ་གསར་ཞུགས་པ་ཡིན་ལ། དེ་ལས་ཀྱང་ཉམས་དགའ་བ་ནི་ཁོ་ཚོའི་ལེན་བྱའི་གླུ་གཞས་ཀྱང་དེ་སྔ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི«གཞོན་ནུ་འགུག་པའི་ལྕགས་ཀྱུ»གཞིར་བཟུང་ནས་སྲོལ་རྒྱུན་ལ་གཞས་ལ་གཞོལ་བའི་སྣང་ཚུལ་དེ་རེད། འགྲན་ཡུན་ཉིན་གཉིས་ཀྱི་རིང་ལ། དཔྱད་འདེམ་པས་འགྲན་ཞུགས་གླུ་བ་གླུ་མར་དྲང་གཞག་དྲང་བདེན་གྱིས་སྐར་མ་བརྒྱབ་སྟེ་མཇུག་མཐར་གླུ་བ་གླུ་མ་བཅུ་བསྐྱར་འགྲན་དུ་ཚུད་ཡོད། སྤྱིར་རིན་པོ་ཆེའི་རིགས་ཀྱི་རིན་ཐང་ནི་གྲངས་ཉུང་ལ་མཐོང་དཀོན་པ་དེའི་རིགས་ཡིན་ཙ་ན། མདོ་སྨད་ཡུལ་གྲུ་དང་སྒོས་སུ་མཚོ་སྔོན་པོའི་མཐའ་འཁོར་ཁོ་ནར་ས་ཁྱབ་རྡོ་ཁྱབ་དང་རང་སྐྱ་ཐུབ་པའི་སྒོ་ནས་རྨ་ཀླུང་གཙང་པོའི་རྒྱུན་བཞིན་རྟག་པའི་ལ་གཞས་ཀྱང་། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ལས་རིན་ཆེན་གཏེར་བུམ་དུ་བསྙད་ཀྱང་འགལ་ཆ་ལར་ནས་མེད་དེ། སྔོན་ཆད་ཉིན་ཞག་སྦྲེལ་ནས་བླངས་ཀྱང་རྫོགས་མེད་དུ་བསྟར་རྒྱུ་ཡོད་པ་འདི་ཡང་གེ་སར་རྒྱལ་པོའི་སྒྲུང་རབས་དང་ཆ་འདྲ་བའི་གནས་མང་དུ་མཆིས། དེ་བས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་ད་ལྟ་ལ་ཐུག་གི་བར་དུ། ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་ལ་བསྒྲུབས་པ་འདི་ནི་དམངས་ཁྲོད་ལ་གཞས་འདི་ཉིད་རྒྱུན་འཛིན་གོང་སྤེལ་ལ་བསྣན་པའི་ཟུངས་ཁྲག་གསར་པ་ཞིག་ཡིན་པར་མ་ཟད། རིན་ཆེན་རིག་གནས་འདི་ཉིད་སྲུང་ཞིང་སྐྱོབ་པའི་ལྕགས་རི་བརྟན་པོ་ཞིག་རེད་ཅེས་དམངས་ཁྲོད་དང་རིག་གནས་པའི་སྡེ་རུ་གདེང་འཇོག་གལ་ཆེན་ཐོབ་ཡོད། ཐེངས་འདིའི་བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་གླུ་བ་གླུ་མ་བཅུ་ནི་གླུ་བ་གཟུངས་འབུམ་རྒྱལ། འགྲན་ཞུགས་གླུ་བ་བྱམས་པ་རྒྱལ། འགྲན་ཞུགས་གླུ་བ་གུ་གྲགས་རྒྱལ། འགྲན་ཞུགས་གླུ་བ་ལྕགས་འབུམ་རྒྱལ། འགྲན་ཞུགས་གླུ་བ་ཚེ་མགོན་རྒྱལ། འགྲན་ཞུགས་གླུ་མ་རིན་ཆེན་སྒྲོལ་མ། འགྲན་ཞུགས་གླུ་མ་ཚེ་རིང་སྒྲོལ་མ། འགྲན་ཞུགས་གླུ་མ་མེ་བཙན་སྐྱིད། འགྲན་ཞུགས་གླུ་མ་ལྷ་སྐྱིད། འགྲན་ཞུགས་གླུ་མ་བཀྲ་ཤིས་མཚོ་བཅས་རེད།

བོད་ཀྱི་མ་རྩོམ་རོལ་དབྱངས་ཟློས་གར་གློག་བརྙན་དང་པོ《ནམ་མཁའ། ཕུགས་འདུན》ལྷ་སར་ཐོག་མར་སྟོན་འགོ་ཚུགས་པ།

ཉེ་ཆར་བོད་ཀྱི་མ་རྩོམ་རོལ་དབྱངས་ཟློས་གར་གློག་བརྙན་དང་པོ《ནམ་མཁའ། ཕུགས་འདུན》ལྷ་སར་ཐོག་མར་བསྟན་པ་དང་ཆབས་ཅིག་གར་སྟེགས་ཟློས་གར་དེའི་སྐོར་སྐྱོད་འཁྲབ་སྟོན་ཡང་བྱེད་འགོ་ཚུགས་ཡོད།མིང་གཅིག་པའི་མ་རྩོམ་རོལ་དབྱངས་ཟློས་གར་ལས་བསྐྱར་སྒྲིག་བྱས་པའི་གློག་བརྙན་དེ་ནི་ཅང་སུའུ་བོད་སྐྱོར་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། ཅང་སུའུ་ཞིང་ཆེན་འཁྲབ་སྟོན་ཚོགས་པ་བཅས་ཀྱིས་མཉམ་དུ་བཟོས་པ་ཞིག་རེད། གློག་བརྙན་དེར་མི་སྣ་གཙོ་བོ་སྒྲོལ་མ་ལུག་རྫི་བུ་མོ་ཞིག་ནས་ཐད་འཕུར་གནམ་གྲུ་གཏོང་མཁན་དུ་གྱུར་པའི་གཏམ་རྒྱུད་བརྒྱུད། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་བོད་སྐྱོར་ལས་བྱེད་པའི་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་མངོན་ཏེ་ལྟད་མོ་བ་ཚོར་དབྱིངས་ཞུགས་རྣམ་པའི་སྒྱུ་རྩལ་གྱི་ཉམས་ལེན་མྱོང་དུ་བཅུག་ཡོད།འདི་ནི་གློག་བརྙན་དེའི་གར་སྟེགས་ཟློས་གར་འཁྲབ་ཡུལ་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་པའི་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་རྐང་ཚ་རྫོང་དུ་སྤེལ།

མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གཡུ་གཞོང་རྐང་ཚའམ་བོད་མཁར་རྐང་ཚས་འུ་ཅག་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི། མཚོ་སྔོན་པོ་དྭངས་ཤ་ཅན་པོ་དང་ས་ཁ་ཞེང་མུ་མཐའ་མེད་པའི་ཡུལ་གྲུ་སྟེ། མཚོ་ངོགས་བོད་མཁར་དུ་འབོད་པ་འདིའི་ཡུལ་ཚོ་རེ་རེ་ལ་གླུ་རྟ་རེ་རེ་ཡོད་ཅེས་པ་བཞིན། འདབ་ཆགས་བྱ་དང་མཚོ་ནང་ཉ་ཡི་ཞིང་ཁམས་གང་ནི་མདོ་སྨད་དམངས་ཁྲོད་རིག་གནས་ཀྱི་གཤིན་ས་སྣུམ་པོ་ཞིག་ཡིན་པར་མ་ཟད། སྒོས་སུ་ཨ་མདོའི་དམངས་གླུ་ཅི་རིགས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དུ་དགུང་གི་སྐར་ཚོམ་བཞིན་ལམ་མེར་བཀྲ་བ་ལས་འབྲོག་ཡུལ་སྨུག་པོ་རྐང་ཚ་ནི་དེའི་ཁྲོད་ཀྱི་འོད་དུ་འཚེར་བའི་སྐར་ཆེན་དེ་མ་ཡིན་ནམ། ཡུལ་འདིར“གསེར་གྱི་མིད་ཐག”གླུ་བ་ཚེ་བརྟན་རྒྱལ་དང་ཁམས་རྒྱལ། གླུ་རྒྱལ་སོགས་རྒན་རབས་གླུ་བ་དག་གིས་གཙོས་མི་རབས་གསར་པའི་གཞོན་ནུ་ཁྱུ་དང་ཁྱུས། བསྐལ་པ་ས་ཆགས་ཉིན་ནས་དར་བའི་མེས་པོའི་དབྱངས་རྟ་སྙན་མོས་ཕ་ས་གསེར་གྱི་གཞོང་པ་འདི་བསྲུངས་དང་སྲུང་བཞིན་ཡོད། སྤྱི་ཟླ6པའི་ཚེས10ཉིན། “འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་པའི་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་བོད་མཁར་སྒྱུ་རྩལ་འཁྲབ་སྟོན་གླིང་ནས་བསྒྲུབས་པ་དང་། མཚོ་བྱང་ཁུལ་གྱིས་ད་རེའི་ལ་གཞས་འགྲན་སྡུར་སྟེང་རྩ་འཛུགས་དང་གྲ་སྒྲིག་བྱས་པ་ཤིན་ཏུ་ལེགས་ཏེ། རྫོང་སོ་སོས་ས་གནས་རང་ནས་སྟ་གོན་རང་བཞིན་གྱི་འགྲན་སྡུར་རབ་དང་རིམ་པ་སྤེལ་ནས་བསལ་འདེམས་ཡང་ཡང་བྱས་པ་བརྒྱུད། གཞི་ནས་གྲངས་ཉུང་སྤུས་ལེགས་ཀྱི་གསར་སྐྱེས་དང་གསར་ཞུགས་གླུ་མ་ཉི་ཤུ་ལྷག་མཚོ་བྱང་ཁུལ་གྱི་ཐོག་མའི་འགྲན་སྡུར་ལ་ཞུགས་སུ་བཅུག་པ་དང་། དེ་ལས་བསྐྱར་འགྲན་ཁྲོད་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་ཕལ་ཆེ་བ་གསར་ཞུགས་ཏག་ཏག་གིས་གྲུབ་ཡོད། འབྲུག་སིང་སིང་དགུང་སྔོན་གནམ་ནས་གྲགས་ཏེ། ཆར་བསིལ་མས་དབྱར་གྱི་དཔལ་ཡོན་བསུ། གླུ་སྙན་མོ་ས་གྲགས་གནམ་གྲགས་བྱས་ཏེ། གཡུ་གཞོང་བར་དབྱངས་ཀྱི་མཚོ་མོ་འཁྱིལ་བྱུང་། མཚོ་སྔོན་པོ་གནའ་སྔོན་ད་སྔོན་རེད། ཁ་ལ་གཞས་སྣང་མཐུན་ཡང་མཐུན་རེད། སྡེ་ཆེན་པོ་བརྒྱ་འདུས་སྟོང་འདུས་རེད། ས་རྐང་ཚ་རྩེ་ཡུལ་དགོད་ཡུལ་རེད། འགྲན་ཡུན་ཉིན་གཉིས་ལྷག་གི་རིང་ལ། ཡུལ་འདིའི་ལྟད་མོ་བ་རྒན་དར་གཞོན་གསུམ་གྱིས་གོམ་པའི་འདེགས་འཇོག་བོད་མཁར་སྒྱུ་རྩལ་འཁྲབ་སྟོན་གླིང་དུ་བསྒྱུར་ཞིང་། ཁོ་ཚོའི་ཁ་སང་དེ་རིང་གི་གླེང་གཞི་ཡང་སྡེ་ཆེན་རྩེད་རའི་ལ་གཞས་རིག་གནས་ཀྱི་དར་འཕེལ་དང་ས་གནས་རང་གི་ད་ལྟའི་གླུ་བ་གླུ་མ་དག་གི་འཕོ་འགྱུར་གསར་པའི་སྐོར་རེད། ལས་ཀ་བདེ་བླག་ངང་ལེགས་གྲུབ་བྱས་ཏེ་འགྲན་ཁུལ་རེ་རེ་ནས་གླུ་བ་གླུ་མ་ཚོར་བདེ་མོ་འཇོག་སྐབས། ང་ཚོས་ལྷག་བསམ་རྣམ་དག་དང་རྗེས་སུ་ཡི་རང་གི་གུས་པའི་མེ་ཏོག་གི་ཕྲེང་རྒྱན་གྲངས་མེད་ཁོ་ཚོར་ཕུལ་བ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བང་མཛོད་ཆེན་མོའི་ནང་གི་མུ་ཏིག་རྡོག་པོ་ལྟ་བུའི་རང་རེའི་མདོ་སྨད་ཀྱི་ལ་གཞས་དང་ལ་གཞས་ཀྱི་འབྲུ་དབྱངས་ཟུང་དུས་ཀུན་དགེ་ཞིང་ནམ་ཡང་རྟག་པའི་སྨོན་ལམ་བཏབ་པ་ཡིན། འགྲན་ཞུགས་གླུ་བ་རྟ་མགྲིན་དབང་ཕྱུག་དང་འགྲན་ཞུགས་གླུ་བ་འབྲུག་བྷོ། འགྲན་ཞུགས་གླུ་བ་ཁོན་ཐར་རྒྱལ། འགྲན་ཞུགས་གླུ་བ་ནོར་བུ་ཚེ་རིང་། འགྲན་ཞུགས་གླུ་བ་བསམ་འཕེལ། འགྲན་ཞུགས་གླུ་མ་དམ་ཆེན་མཚོ་མོ། འགྲན་ཞུགས་གླུ་མ་འཛམ་དཀར་སྐྱིད། འགྲན་ཞུགས་གླུ་མ་བཙུན་མཚོ་རྒྱལ། འགྲན་ཞུགས་གླུ་མ་ཚེ་ཕྱུག་སྒྲོན་དཀར། འགྲན་ཞུགས་གླུ་མ་དབང་མོ་མཚོ་བཅས་རེད།བདེ་མོ་གཅིག་ལ་བདེ་མོ་བྱོས། །སྡེ་ཆེན་པོའི་རྩེ་རོགས་བདེ་མོ་བྱོས། །ལོ་རྗེས་མར་རྩེ་བ་འཛོམས་དུས་ན། །ཁ་བགད་ལེར་ཡང་བསྐྱར་རྩེ་རྒྱུ་ཡེད། །འཛུམ་ཀྲིག་གེར་སྣང་བ་མཐུན་རྒྱུ་ཡེད། །

རླུང་འཕྲིན་ཟློས་གར《གེ་སར་རྒྱལ་པོའི་སྒྲུང》མགྱོཊ་པོ་གཏོང་འཆར་འདུག

ཟླ་6ཚེས་11ཉིན། རླུང་འཕྲིན་ཟློས་གར་ཆེན་མོ《གེ་སར་རྒྱལ་པོའི་སྒྲུང》གི་གསར་རྩོམ་བགྲོ་གླེང་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་རེད། རླུང་འཕྲིན་ཟློས་གར་དེ་ནི་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་མི་རིགས་འཕྲིན་ལམ་གྱིས་བཟོ་སྐྲུན་གྱི་འགན་འཁུར་ཡོད་པ་དང་། འདི་ནི་གེ་སར་རྒྱལ་པོའི་སྒྲུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་ནང་དོན་ཅུང་ཆ་ཚང་བ་མཚོན་པར་བྱེད་པའི་རླུང་འཕྲིན་ཟློས་གར་རིང་མོ་དང་པོ་དེ་ཡིན་པ་རེད། 《གེ་སར་རྒྱལ་པོའི་སྒྲུང》ནི་བོད་རིགས་དང་སོག་རིགས་སོགས་མི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་དར་ཁྱབ་ཆེ་བའི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་ཡིན་པ་དང་། དེའི་ནང་གེ་སར་རྒྱལ་པོ་མི་ཡུལ་དུ་བྱོན་རྗེས་དགྲ་འདུལ་གཉེན་སྐྱོང་དང་བཟང་སྐྱོར་ངན་འཇོམས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དཔའ་བོའི་གཏམ་རྒྱུད་བརྗོད་ཡོད་ཅིང་། དེར"ཤར་ཕྱོགས་ཀྱི་ཧོ་མ་ཡི་ལོ་རྒྱུས་སྙན་ངག"ཅེས་མཚན་སྙན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོའི་ནང་བཅུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།《གེ་སར་རྒྱལ་པོའི་སྒྲུང》ནི་མི་སེམས་འགུལ་བའི་རླབས་ཆེན་གྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་ཞེས་ཐེངས་མང་གསུངས་གནང་བ་མ་ཟད། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་དང་།《གེ་སར་རྒྱལ་པོའི་སྒྲུང》སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་ཟུར་སྐྱོར། རྒྱུན་འཛིན་མི་སྣ་གསོ་སྐྱོང་ཡག་པོ་བཅས་བྱས་ཏེ། མི་རབས་ནས་མི་རབས་བར་མུ་མཐུད་རྒྱུན་འཛིན་བྱེད་དགོས་པའི་ནན་སྟོན་གནང་ཡོད། རྒྱུས་ལོན་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གེ་སར་སྐོར་གྱི་སྒྱུ་རྩལ་བརྩམས་ཆོས་ཏེ། སྒྲུང་གཏམ་དང་། ཟློས་གར། གར་སྟེགས་ཟློས་གར། གཏམ་བརྗོད་ཟློས་གར། གློག་བརྙན་སོགས་གསར་རྩོམ་གྱི་ཚོད་ལྟ་མི་ཉུང་བ་བྱས་དང་བྱེད་མུས་རེད། འོན་ཀྱང་མིག་སྔའི་བར། གེ་སར་རྒྱལ་པོའི་སྒྲུང་གི་སྒྲ་ལྡན་ཐོན་རྫས་དང་ལྷག་པར་དུ་རླུང་འཕྲིན་ཟློས་གར་ཧ་ཅང་དཀོན་པོ་ཡིན། སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལི་ཡོན་ཅེ་ཡིས་ཤིས་ཚིག་སྒྲོན་སྐབས། སྐད་སྒྲའི་སྒྱུ་རྩལ་རྣམ་དག་ཅིག་ཡིན་པའི་ཆ་ནས། རླུང་འཕྲིན་ཟློས་གར་ལ་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལེགས་ཆ་ལྡན་ཡོད། ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་རླུང་འཕྲིན་ཟློས་གར《གེ་སར་རྒྱལ་པོའི་སྒྲུང》འཁྲབ་སྟོན་བྱེད་དགོས་དོན་ནི། ལོ་ཚོད་མི་འདྲ་བ་དང་ས་ཁོངས་མི་འདྲ་བ། མི་རིགས་མི་འདྲ་བ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་བཅས་ཀྱི་གསན་པ་པོ་སྔར་ལས་མང་བས་དེའི་འགྲན་ཟླ་བྲལ་བའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་བསམ་པའི་རིན་ཐང་ཉམས་སུ་མྱོང་ཐུབ་པ་བྱ་ཆེད་ཡིན་ཞེས་ངོ་སྤྲོད་བྱས་ཡོད། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། སི་ཁྲོན་མི་རིགས་རླུང་འཕྲིན་གཏོང་འགོ་ཚུགས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། སི་ཁྲོན་མི་རིགས་འཕྲིན་ལམ་གྱི་སྤྱི་ཁྱབ་ལྟ་ཞིབ་པ་བཀྲ་ཤིས་ཆོས་མཚོ་ཡིས། ལོ་རྒྱུས་ཀྱི་དོན་སྙིང་དམིགས་བསལ་ལྡན་པའི་ལོ་འདིར།《གེ་སར་རྒྱལ་པོའི་སྒྲུང》ལྟ་བུའི་རིག་གནས་དང་མི་རིགས་ཀྱི་སྙིང་སྟོབས་མངོན་པའི་ཟློས་གར་ཆེ་གྲས་འདི་འདྲ་གཏོང་བ་དེ་ནི་མི་རིགས་འཕྲིན་ལམ་གྱི་འགན་འཁྲི་དང་གཟི་བརྗིད་ཅིག་རེད། རླབས་ཆེན་གྱི་ལོ་རྒྱུས་སྙན་ངག་དེ་ས་ཁོངས་དང་སྐད་བརྡའི་ཆིངས་རྒྱ་ལས་བསྒྲོལ་ནས་རྒྱལ་ཡོངས་མི་རིགས་ཁག་གི་སྤུན་ཟླའི་རྣ་ལམ་བརྒྱུད་སེམས་ཁོང་དུ་ཟུག་པར་བྱས་ཏེ། བོད་རིགས་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་བརྗོད་ཡོད། 《གེ་སར་རྒྱལ་པོའི་སྒྲུང》གི་འཁྲབ་གཞུང་ནི་བོད་རྒྱ་སྐད་གཉིས་ཀྱི་རྩོམ་པ་པོ་གྲགས་ཅན་ཡུམ་ཚེ་རིང་གིས་བརྩམས་པ་དང་། འགུལ་རིས་གློག་བརྙན《ནེ་ཀྲ་ལས་བདུད་ཕྲུག་གིས་ཀླུ་ཡུལ་དཀྲུགས་པ》ཞེས་པའི་ནང་ཨའོ་རུན་དང་ཧྲེན་ཀུང་པའོ་ཡི་སྒྲ་སྦྱོར་འཁྲབ་སྟོན་པ་ཀྲོའུ་ཡུང་ཞི་དང་དབྱང་ཝེ་ཟློས་གར་འདིའི་སྒྲ་སྦྱོར་ནང་ཞུགས་རྒྱུ་ཡིན་པ་རེད། 《གེ་སར་རྒྱལ་པོའི་སྒྲུང》གི་སྤྱི་ཁྱབ་བློ་འདྲི་ཡུལ་ཡིན་པའི་ངོས་ནས། དེ་སྔའི་རྒྱལ་ཡོངས་ཀྱི《གེ་སར》ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ། རྩོམ་པ་པོ་གྲགས་ཅན་འཇམ་དཔལ་རྒྱ་མཚོ་ཡང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་སུ་ཕེབས་ཡོད། ཁོང་གིས། བོད་རིགས་མི་དམངས་ཀྱིས་མི་རབས་ནས་མི་རབས་བརྒྱུད་སྤེལ་བྱེད་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་ཡིན་པའི་ངོས་ནས། སྐད་སྒྲའི་སྒྱུ་རྩལ་ལམ་ནས་《གེ་སར་རྒྱལ་པོའི་སྒྲུང》གསན་པ་པོ་དེ་བས་མང་བའི་རྣ་བའི་གསོས་སུ་འབུལ་རྒྱུ་བྱུང་བ་དེ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད་ཅེས་གདེང་འཇོག་གང་ལེགས་གནང་ཡོད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་བའི་མཚོ་ནུབ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་བདེ་ལེགས་ངང་སྤེལ།

སྐད་ངག་འབྲུ་གསུམ་གྱི་ས་ལམ་ཟིན་པའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་རྣམས་ཀྱི་རེ་འདོད་ཚིམ་ཕྱིར་དང་། མི་རིགས་མཐུན་སྒྲིལ་དང་ཏང་ལ་བསྟོད་གླུ་འབུལ་བར་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ཆེན་མོ་ལས། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ཏེ། མེས་པོ་ནས་བརྒྱུད་པའི་བློ་རིག་གི་རྩལ་དང་ལྷན་སྐྱེས་ཀྱི་ངག བརྩེ་མདངས་ཀྱི་རི་མོར་བཞད་པའི་སྲོལ་རྒྱུན་ལ་གཞས་འཚོལ་སྡུད་དང་ལེགས་སྒྲིག རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏང་ཆེད། “མཐུན་པའི་གྲེ་འགྱུར་གྱིས། །ཀྲུང་ཧྭའི་བླ་སྲོག་བསྐྲུན། །”ཞེས་པ་བརྗོད་གཞི་བྱས་པའི“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་བའི་མཚོ་ནུབ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དང་མཚོ་ནུབ་ཁུལ་ལ་གཞས་མཐུན་ཚོགས་ཀྱི“སེ་འབྲུ་མཐུན་སྒྲིལ་རྟགས་མ”འི་འགྲན་སྡུར་སྐབས་གཉིས་པ་དེ། ཟླ6པའི་ཚེས7ནས་ཚེས8ཡི་བར་ཐེམ་ཆེན་རྫོང་ཤམ་བྷ་ལ་སྐྱེ་ཁམས་གསོལ་མགྲོན་གླིང་ནས་སྤེལ་བ་ཡིན་ལ། རྒྱུན་སྐྱོང་འཕེལ་རྒྱས་ཀྱི་རིན་ཐང་ལྡན་ཞིང་རྒྱལ་ཁབ་རིམ་པའི་ཤུལ་བཞག་གཟུགས་འདུས་རིག་གནས་ཀྱི་གྲས་སུ་ཚུད་པའི་བོད་ཀྱི་ལ་གཞས་སྒྱུ་རྩལ་གྱིས་རིགས་སོ་སོའི་མི་རིགས་ཕན་ཚུན་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་མཐུན་ལམ་བསྐྲུན། མཚོ་ནུབ་ཁུལ་ཁུངས་གཏོགས་ཀྱི་ལ་གཞས་སྒྱུ་རྩལ་ལ་དུང་ཞེན་ཡོད་པའི་གླུ་བ་གླུ་མ30ལྷག་འགྲན་སྡུར་ལ་ཞུགས་ཏེ་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་སོགས་དུས་རབས་གསར་བའི་བརྗོད་གཞི་དང་མཐུན་པའི་གསར་རྩོམ་བརྩམས་ཆོས་དམིགས་སུ་བཟུང་ནས་ཡར་སྐུལ་དང་། གླུ་ཚིག་གི་ཆ་ནས་ཡ་རབས་སྲོལ་བཟང་དང་འཆམ་མཐུན་ཁྱིམ་གཞིས། བདེ་སྐྱིད་ཀྱི་འཚོ་བ། ཏང་གི་སྲིད་ཇུས་དགོངས་དོན་དམིགས་ཀྱིས་མཚོན་ཐུབ་པ་གཞི་རྩ་བྱས་ནས་དཔྱད་འདེམ་བྱས་པ་ཡིན་ལ། ཐེངས་འདིའི་མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམ་པ་དག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། མཚོ་ནུབ་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྒོ་མེ་དོན་གྲུབ་ཚེ་རིང་ལགས་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བོད་སྐད་སྨྱན་སྦྱོར་ལྟེ་གནས་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་དང་མདོ་འཛིན་པ་གྲགས་ཅན་ནམ། སྙན་ངག་པ་ཚེ་རིང་བཀྲ་ཤིས་ལགས། མདོ་ཁམས་ཡུལ་གྱི་གླུ་མ་གྲགས་ཅན་ལྷ་རིས། མཚོ་ནུབ་ཁུལ་ལ་གཞས་མཐུན་ཚོགས་ཀྱི་སྤྱིའི་འགན་འཛིན་པ་གསེར་འབྲུག་རྒྱལ་སོགས་ཡིན། དཔྱད་འདེམ་ཆེད་མཁས་པས་གཞུང་ལུགས་རྒྱབ་རྟེན་དུ་བཅོལ་ཏེ་ཐེངས་མང་པོར། བློ་མང་ཞིབ་བསྡུར་དང་དྲང་བོ་དྲང་བཞག་གིས་འགྲན་ཞུགས་གླུ་བ་གླུ་མ10ལ“ཟེ་འབྲུ་མཐུན་སྒྲིལ་རྟགས་མ”འི་ཕུལ་བྱུང་གསར་རྩོམ་བྱ་དགའ་རུ་གདམས་ཐོན་བྱུང་ཞིང་། དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པའི་དཔེ་བཞིན་རྒྱ་ཆེའི་མང་ཚོགས་རྣམས་འགྲན་རར་འདུས་ཏེ་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་བསྔགས་པའི་མེ་ཏོག་གཏོར་ནས་དགའ་བསུ་ཆེན་པོ་ཐོབ་ཅིང་། མཇུག་མཐའི་རྟིང་རྩོད་ལས་ཐེམ་ཆེན་རྫོང་གི་གླུ་བ་པདྨ་དང་དུར་ལམ་རྫོང་གི་གླུ་མ་དངོས་གྲུབ་དབང་མོ་གཉིས་ལ་གཞན་དག་ལས་རྩེར་སོན་བྱུང་སྟེ་ཨང་དང་པོ་ཐོབ་ཅིང་། གླུ་བ་བཱ་བཟང་ཚེ་རིང་དང་ལྷ་མཆོག་རྒྱལ། གླུ་མ་རྟ་མགྲིན་སྐྱིད་དང་ཚེ་རྒྱལ་དབང་མོ་བཅས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། གླུ་བ་མ་སངས་སྐྱབས་དང་ཀླུ་མགོན་རྒྱལ། ལྷ་མཚོ་སྐྱིད་དང་ཕག་མོ་གཡང་སྐྱིད་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པས། རྒྱ་ཆེའི་ལྟད་མོ་བའི་དགའ་བསུའི་ཐལ་མོ་ལྷང་ལྷིང་ཁྲོད་འགྲན་སྡུར་གྱི་བརྒྱུད་རིམ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་བསྡུས། །

ཡུས་ཧྲུའུ་ཁུལ་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་གྲོས་མཐུན་བཞག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་སྒྲོམ་གཞིར་གྲོས་མཐུན་འགོད་པའི་མཛད་སྒོ་ཡུས་ཧྲུའུ་རུ་འཚོགས། ཕྱོགས་གཉིས་གས་རོལ་དབྱངས་སྒྱུ་རྩལ་གྱི་འབྲེལ་ཐག་ཇེ་དམ་དུ་བཏང་ནས། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་དམ་པོར་དམིགས་ཏེ། སློབ་གྲྭ་དང་ས་གནས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱས།ཐེངས་འདིའི་མཉམ་ལས་སྟེང་ཡུས་ཧྲུའུ་ཡི་སྒྱུ་རྩལ་འཇོན་མི་གསོ་སྐྱོང་དང་རོལ་དབྱངས་གསར་རྩོམ་སོགས་ཐད་ཀྱི་ཞན་ཆར་དམིགས་ནས། ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཉམས་འགྱུར་རྫོགས་པའི་གསར་རྩོམ་དང་སློབ་ཚན་མཉམ་སྐྲུན། སྤུས་རྟགས་བསྐྲུན་རྒྱུ་སོགས་ཀྱི་ཐབས་ཤེས་སྤྱད་དེ། བོད་མི་རིགས་ཀྱི་རོལ་དབྱངས་རིག་གནས་གསོན་ཉམས་ཅན་རྒྱུན་འཛིན་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད། ཕྱོགས་གཉིས་གས་གཤམ་གསལ་ཁྱབ་ཁོངས་སུ་མཉམ་ལས་ཟབ་སྤེལ་གཏོང་བ་དང་རིག་གནས་གསར་གཏོད་བྱེད་པ། ཡུས་ཧྲུའུ་ཡི་གཟུགས་འདས་ཤུལ་གཞག་རིག་དངོས་དང་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་བརྩམས་ཆོས་གསར་རྩོམ་བྱས་ཏེ། “གཙང་གསུམ་འབྱུང་ཡུལ”གྱི་སྐད་གྲགས་རྒྱལ་ཡོངས་སུ་ཁྱབ་ཏུ་འཇུག་པའི་འཆར་གཞི་ཡོད། འཇོན་མི་གསོ་སྐྱོང་དང་ཁ་ཕྱོགས་ངེས་གཏན་གྱི་གསོ་སྐྱོང་། སློབ་དཔོན་ཆེན་མོའི་སློབ་ཚན་སོགས་ཀྱི་མཉམ་ལས་རྣམ་པར་བརྟེན་ཏེ། ས་གནས་དེ་གའི་སྒྱུ་རྩལ་འཇོན་མིའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་བར་བྱེད་པ། རོལ་དབྱངས་སྨྱན་སྦྱོར་བྱས་ཏེ་འཁྲབ་སྟོན་འཛོམས་པོ་དང་རོལ་དབྱངས་བརྗོད་དོན་ཅན་གྱི་ཡུལ་སྐོར་ལམ་ཐིག་གསར་སྤེལ་བྱས་ཏེ། ཡུས་ཧྲུའུ་ཡི་སྐྱེ་ཁམས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བསྐྲུན་རྒྱུར་རོགས་རམ་བྱས།ཐེངས་འདིའི་མཉམ་ལས་ནི་ཡུས་ཧྲུའུ་ཡི་རིག་གནས་སློབ་གསོའི་བྱ་གཞག་གི་དུས་ཐོག་ཆར་བ་ལྟ་བུ་ཞིག་ཡིན་པ་དང་། ཡུས་ཧྲུའུ་ཡིས་ཝུའུ་ཧན་རོལ་དབྱངས་སློབ་གླིང་གི་སྟོབས་ཤུགས་ལ་བརྟེན་ནས། ཡུས་ཧྲུའུ་ཡི་གངས་རི་རྩྭ་ཐང་དང་གཟུགས་འདས་ཤུལ་གཞག་རིག་གནས་སྒྱུ་རྩལ་གྱི་འཚོ་བཅུད་དུ་བསྒྱུར་ཏེ། མི་རིགས་ས་ཁུལ་གྱི་སྒྱུ་རྩལ་དང་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུ་རེད། །

“རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”ལས་དོན་གྱིས་མཚོ་སྔོན་རིག་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན། གསར་འགོད་པས་རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། “རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”ལས་དོན་གྱིས་མཚོ་སྔོན་རིག་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས8བཅས་ཀྱིས་ཕྱོགས་གསུམ་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་ཁྲོད་མཉམ་དུ་རིག་རྩལ་གསར་རྩོམ་བྱེད་པ་དང་མཉམ་འབྲེལ་སྒོས་སྒྱུ་རྩལ་བརྗེ་རེས་བྱེད་པ། སྒྱུ་རྩལ་གྱི་རང་མདངས་གསར་པ་འཚོལ་བསྡུ་ནན་མོ་བྱེད་པ། རིག་རྩལ་འཇོན་མི་མཉམ་དུ་གསོ་སྐྱོང་བྱེད་པ། གཞི་རིམ་གྱི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཕྱོགས་དྲུག་གི་ནང་དོན་འདུས་པར་མ་ཟད། དེས་སྔར་ལས་གཏིང་ཟབ་པ་དང་སྔར་ལས་ཁྱབ་ཁོངས་ཡངས་པོའི་ངང་ནས་བརྗེ་རེས་མཉམ་ལས་བྱེད་པར་སྟེགས་བུ་བསྐྲུན་ཡོད། བསྐྲུན་པའི་སྟེགས་བུའི་སྟེང་མཉམ་ལས་ལས་གཞི70ལྷག་དོན་འཁྱོལ་བྱས་པ་དང་། རྩ་འཛུགས་བྱས་ཏེ་ཆུ་ཚད་མཐོ་བའི་བརྗོད་དོན་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ།མཚོ་སྔོན་གྱིས་རིག་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས། འཇོན་མི་ནང་འདྲེན་བྱེད་སྟངས་དང་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། སྐུ་ཞབས་ཝུའུ་ཁྲང་ཅང་མཚོ་སྔོན་རི་མོའི་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་དུ་གདན་ཞུ་བྱས་པ་དང་། སྐུ་ཞབས་ཝུའུ་ཝུའེ་ཧྲན་མཚོ་སྔོན་མཛེས་རྩལ་ཁང་གི་མཚན་འཛིན་འགོ་གཙོ་རུ་གདན་ཞུ་བྱས། སྒྱུ་རྩལ་པ་གྲགས་ཅན་མཚོ་སྔོན་དུ་གདན་འདྲེན་ཞུས་ནས། “རིན་ཐང་གཞལ་དུ་མེད་པའི་ཉམས་མྱོང་དང་སློབ་སྟོན་གནང་བའི”བྱེད་སྒོ་སྤེལ་བ་དང་། ཀྲུང་གོ་ཞབས་བྲོ་མཐུན་ཚོགས་ཀྱི་ཞབས་བྲོའི་སྒྱུ་རྩལ་ཆེད་དོན་འཆད་ཁྲིད་དང་། ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱི་གསར་དུ་ཞུགས་པའི་ཚོགས་མིའི་འཐབ་ཕྱོགས་དང་པོའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ། ཀྲུང་གོ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི“འཇོན་མི་རྩེ་གྲའི”གསོ་སྐྱོང་འཆར་གཞི། ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི“གྲངས་ཉུང་མི་རིགས་ས་ཁུལ་གྱི་བརྙན་འཕྲིན་སྒྱུ་རྩལ་འཇོན་མི་གསོ་སྐྱོང་འཆར་གཞི།”ཀྲུང་གོ་རིག་རྩལ་མཐུན་ཚོགས་ཀྱི་དུས་རབས་གསར་པའི་ཤེས་རིག་ལག་ལེན་གྱི་རིག་རྩལ་དང་བླངས་ཞབས་ཞུའི་རྣམ་གྲངས་གསོ་སྦྱོང་འཛིན་གྲྭ་སོགས་སྔ་རྗེས་སུ་གཉེར་བ་དང་། བསྡོམས་རྩིས་བྱས་ནས་མི་སྣ650ལྷག་ལ་གསོ་སྦྱོང་བྱས།རིག་རྩལ་བརྗེ་རེས་སྟེགས་བུ་འཛུགས་པར་དམིགས་ཏེ། མཚོ་སྔོན་མཛེས་རྩལ་ཁང་གི་སྐར་ཁུང་ལྟ་བུའི་གཡུལ་སའི་ནུས་པ་འདོན་སྤེལ་བྱས་ཏེ།“རྒྱལ་ཡོངས་ན་གཞོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བདུན་པ”དང་།“རྒྱལ་ཡོངས་ཀྱི་ཡིག་གཟུགས་འགྲེམས་སྟོན་སྐབས་གསུམ་པ”“ཧྲང་ཧའེ་དང་མཚོ་སྔོན་གྱི་ཡིག་གཟུགས་དང་འབྲེལ་བའི་བརྗེ་རེས་འགྲེམས་སྟོན”“ཧའེ་ནན་རི་མོའི་ཕྱོགས་ཁག་གི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་མཚོ་སྔོན་དུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པའི་ལས་སྒོ”སོགས་འགྲེམས་སྟོན་རྩེར་སོན་བྱེད་སྒོ་ཐེངས20ལྷག་སྤེལ། ཇུས་འགོད་བྱས་ནས་གཉེར་བའི“རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་སྐྱེ་ཁམས་ཀྱི་མཐོ་ས་གསར་པ”ཞེས་པའི་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་རིག་པར་ལེན་སྐོར་སྐྱོད་འགྲེམས་སྟོན་དེ་སྔ་རྗེས་སུ་ཅང་སུའུ་དང་པེ་ཅིན། ཐེན་ཅིན། ཧྲང་ཧའེ། ཧྲན་ཏུན། ཀོང་ཏུང་སོགས་སུ་བསྐྱོད་པར་མ་ཟད། ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི“དེང་གི་ཀྲུང་གོའི”སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་དང་མཉམ་དུ། པ་ཞི་དང་ཁོ་ལོམ་པི་ཡ་རུ་སྐོར་སྐྱོད་འགྲེམས་སྟོན་བྱས། །

2025ལོའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་24བ་དེ་ཟླ7པའི་ཚེས5ཉིན་ལ་མགོ་བརྩམ་རྒྱུ་རེད།

ཉེ་ལམ། 2025ལོའི“ཀྲུང་གོ་བཟོ་ཚོང་དངུལ་ཁང་བུམ་པ”ཞེས་པའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས24བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་། རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས24བ་དེ་ཟླ7ཚེས5ཉིན་ལ་ཟི་ལིང་ནས་མགོ་བརྩམ་རྒྱུ་དང་། ཟླ7ཚེས13ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་དུ་མཇུག་སྒྲིལ་རྒྱུ་

མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་ཐུན་མོང་རོགས་སྐྱོབ་རྩིས་ཁྲའི་བཀོལ་སྤྱོད་ཁྱབ་ཁོངས་ཇེ་ཆེར་སོང་།

ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྨན་བཅོས་འགན་སྲུང་ཞབས་ཞུའི་སྟབས་བདེ་རང་བཞིན་དང་ཁྱབ་ནུས་རང་བཞིན་སྔར་ལས་མཐོར་འདེགས་གཏོང་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས། ལས་བཟོ་པའི་མི་སྒེར་གྱི་སྨན་བཅོས་འགན་བཅོལ་མི་སྒེར་རྩིས་ཐོའི་ཐུན་མོང་རོགས་སྐྱོར་ཁྱབ་ཁོངས་དེ་ཐད་ཀའི་གཉེན་ཉེ་ནས་ཉེ་རྒྱུད་གཉེན་ཚན་བར་རྒྱ་བསྐྱེད་པའི་རྨང་གཞིའི་སྟེང་། རྒྱུན་མཐུད་ངང་སྨན་བཅོས་འགན་བཅོལ་གྱི་ཐུན་མོང་རོགས་སྐྱོར་རྩིས་ཁྲ་ཇེ་ལེགས་སུ་བཏང་ནས། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཇེ་མཐོར་བཏང་།ཐུན་མོང་རོགས་སྐྱོར་རྩིས་ཁྲའི་དངུལ་གྲངས་གཏོང་སྤྲོད་ཐད། ཆེས་དམའ་བའི་སྒོར500ཡི་ཚད་བཀག་དེ་མེད་པར་བཟོས་པ་དང་། འགན་བཅོལ་བྱེད་མཁན་གྱིས་རང་བདག་ངང་ཐུན་མོང་རོགས་སྐྱོར་རྩིས་ཁྲའི་དངུལ་གྲངས་ཐག་གཅོད་བྱ་ཆོག་པ་དང་། དངུལ་གྲངས་ཉུང་ངུ་ཐེངས་མང་བར་གཏོང་བ་དང་། ཡང་ན་ཐེངས་གཅིག་ལ་དངུལ་གྲངས་ཅུང་མང་པོ་གཏོང་བ་གང་ཡིན་རུང་། ཁྱིམ་ཚང་གི་བེད་སྤྱོད་དགོས་མཁོར་གནད་ལ་འཁེལ་བའི་སྒོ་ནས་བསྟུན་ཏེ། སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་ལས་ཆོད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད། ཐུན་མོང་རོགས་སྐྱོར་རྩིས་ཁྲའི་གསར་འཛུགས་ཐད། ས་གནས་གཞན་དུ་བཀོད་སྒྲིག་ཐོ་འགོད་མི་སྣར་ཐུན་མོང་རོགས་སྐྱོར་རྩིས་ཐོའི་གསར་འཛུགས་ཐད་དུ་བཏང་ནས། ཡུན་རིང་ས་གནས་གཞན་དུ་སྡོད་རྒྱུ་དང་། བཀོད་སྒྲིག་མི་སྣའི་དྲ་ཐོག་ནས་མི་སྒེར་གྱི་རྩིས་ཐོའི་མ་དངུལ་ཐོག་ནས་འགན་བཅོལ་ནང་ཞུགས་པའི་གཉེན་ཉེར་ཐུན་མོང་རོགས་སྐྱོར་བྱེད་རྒྱུ་དང་། ཐུན་མོང་རོགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་བཟོ་པ་རང་ཉིད་དང་དེའི་གཉེན་ཉེ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇོག་པ་དང་སྨན་པར་སྨན་བཅོས་བྱེད་པའི་ཁུར་བོ་ནུས་ལྡན་ངང་ཇེ་ཡང་དུ་གཏོང་རྒྱུ་རེད། ཏིང་འཛིན་མཚོ་མོས་བསྒྱུར།

༄༅།།2025ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པ་འགོ་འཛུགས་གྲབས་ཡོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། 2025ལོའི“ཀྲུང་གོ་བཟོ་ཚོང་དངུལ་ཁང་བུམ་པའི”མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། སྐབས་འདིའི་འགྲན་བསྡུར་ཟླ་7ཚེས་5ཉིན་ཟི་ལིང་དུ་འགོ་འཛུགས་རྒྱུ་ཡིན་པ་དང་རྐང་འཁོར་རུ་ཁག་22འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དེའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་1400ཡོད་པ་རེད། 2025ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་དུས་ཡུན་ཉིན་8ཡིན་པ་དང་འགྲན་དུམ་8ཡོད་པ་དང་བསྡོམས་ལམ་ཐག་སྤྱི་ལེ་1400ཟིན་པའི་ནང་འགྲན་བསྡུར་ལམ་ཐག་སྤྱི་ལེ་1325དང་། འགྲན་ལམ་བརྗེ་སྒྱུར་སྤྱི་ལེ་65 དམིགས་བསལ་གྱི་རྐང་འཁོར་བཞོན་ལམ་སྤྱི་ལེ་10བཅས་ཡོད་པ་རེད། ཟླ་7ཚེས་13ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དུ་མཇུག་འགྲིལ་རྒྱུ་རེད། འགྲན་བསྡུར་གྱིས་གོ་ལ་ཧྲིལ་པོའི་གླིང་ཆེན་བཞིའི་རྒྱལ་ཁབ་11ནས་ཡོང་བའི་རུ་ཁག་22དང་ལུས་རྩལ་པ་154འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པའི་ནང་འཛམ་གླིང་གི་རྩེར་སོན་རྐང་འཁོར་རུ་ཁག་1དང་། ལས་རིགས་རྐང་འཁོར་རུ་ཁག་8 གླིང་ཆེན་དབར་གྱི་རྐང་འཁོར་རུ་ཁག་13བཅས་ཚུད་ཡོད་པ་རེད། མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་ཁོངས་སུ་ལས་རིགས་རྩལ་འགྲན་དང་། མང་ཚོགས་ལུས་རྩལ། གཞོན་ནུ་ལོ་ཆུང་གསོ་སྐྱོང་། དམངས་ཚོགས་སྤྲོ་གསེང་སོགས་འགྲན་བསྡུར་བྱེད་སྒོ་ཁག་38ཚུད་པའི་ཕྱོགས་ཡོངས་ཀྱི་རྐང་འཁོར་འགྲན་དུས་མ་ལག་བཙུགས་ཡོད། འགྲན་བསྡུར་དེ་དུས་ཡུན་ཐུང་ངུའི་བྱེད་སྒོ་ནས་རྒྱུན་རྣམ་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་ཀྱི་འགྲན་དུས་ཀྱི་རྣམ་པར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། “འགྲན་བསྡུར་བྱེད་ཞོར་ཡུལ་སྐོར་དུ་སྐྱོད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་འགྲན་བསྡུར་གྱི་དུས་འཁོར་ལ་དམིགས་ཏེ་སྐྱེ་ཁམས་ལྟ་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་ལས་རྣམ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། བརྗོད་དོན་གཙོ་བོའི་རྐང་འཁོར་བཞོན་པ་དང་། ཕྱི་རོལ་དུ་སྒར་རྒྱག་པ། ལུས་རྩལ་ཞིབ་སློབ་སོགས་མཉམ་འདུས་རྣམ་པའི་ཐོན་རྫས་གསར་སྤེལ་གྱིས“ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན”བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་འགྲན་བསྡུར་དཔལ་འབྱོར་དང་། རིག་གནས་ཡུལ་སྐོར་དང་དམངས་ཕན། ཐོན་ལས་མཉམ་འདྲེས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་དཔེ་སྟོན་ཞིག་ཏུ་གྱུར་ཡོད།

ཧན་ཀྲིན་གྱིས་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ6པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མཱ་ཏི་ལི་རུ་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་གནང་།ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ4པར། དབུ་བཞུགས་སྐུ་ཞབས་ཀྱིས་ལོ3ནང་ཀྲུང་གོར་འཚམས་འདྲི་ཐེངས3པ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཙུང་ལི་ལི་ཆང་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས་ལ། ཕྱོགས་གཉིས་ཀྱིས་སྒོ་འབྱེད་གཏིང་ཟབ་བྱས་ཏེ་གཉིས་ཕན་མཉམ་ལས་དང་། རང་མོས་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་བསམ་ཚུལ་བཏོན་པ་ལས། ཀྲུང་གོ་དང་སི་ཕན་གྱི་འབྲེལ་བའི་འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་མངོན་པར་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་ཕན་དང་མཉམ་དུ། རྒྱལ་ཁབ་གཉིས་བར་བཙུགས་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ལོ་ངོ20གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དངོས་འབེབས་བཟང་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ། ཆབ་སྲིད་ཡིད་རྟོན་མུ་མཐུད་འཕེལ་བར་བྱེད་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་གལ་ཆེན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོ་དང་སི་ཕན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བས་འཕེལ་རྒྱས་ཆེན་པོ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་གྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་པ་ཡིན་ན། ཀྲུང་གོ་དང་ཡོ་རོབ་ལ་ཕན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བར་ཕན་ཐོགས་ངེས་ཅན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་ངོ50འབྲེལ་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། སི་ཕན་གྱིས་འདིའི་ཐད་ཧུར་ཐག་གི་བྱེད་ནུས་འདོན་པའི་རེ་བ་བྱེད་བཞིན་ཡོད།སང་ཆེ་སི་ཡིས་བསྟན་དོན། སི་ཕན་གྱིས་ཀྲུང་གོའི་བར་གྱི་མཛའ་བརྩེའི་འབྲེལ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གནོད་སྐྱེལ་བཞིན་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ཁས་ལེན་དང་བརྟན་སྲུང་བྱེད་པ་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད། སི་ཕན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བརྟན་པོ་བྱེད་ཅིང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་སི་ཕན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་པོ་བྱས་ཏེ། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་། ཚན་རྩལ་གསར་གཏོད། ནུས་ཁུངས་གསར་བ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སྒོ་ཁྲལ་འཐབ་ཇུས་ལ་རྒྱལ་ཁ་ལེན་མཁན་མེད། སི་ཕན་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད། ཀྲུང་གོ་ཕྱོགས་དང་ལག་གདང་མཉམ་སྦྲེལ་གྱིས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་འདོད་ཡོད། སི་ཕན་གྱིས་མུ་མཐུད་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད། །

ཧན་ཀྲིན་གྱིས་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་བྱས།

ས་གནས་དེའི་དུས་ཚོད་ཟླ6ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མཱ་ཏི་ལི་རུ་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་བྱས།ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ4པར། དབུ་བཞུགས་སྐུ་ཞབས་ཀྱིས་ལོ་གསུམ་ནང་ཀྲུང་གོར་འཚམས་འདྲི་ཐེངས་གསུམ་པ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཙུང་ལི་ལིས་ཆང་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས་ལ། ཕྱོགས་གཉིས་ཀྱིས་སྒོ་འབྱེད་གཏིང་ཟབ་བྱས་ཏེ་གཉིས་ཕན་མཉམ་ལས་དང་། རང་མོས་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་རྒྱུའི་བསམ་ཚུལ་བཏོན་པ་ལས། ཀྲུང་གོ་དང་སི་ཕན་གྱི་འབྲེལ་བའི་འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་མངོན་པར་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་ཕན་དང་མཉམ་དུ། རྒྱལ་ཁབ་གཉིས་བར་བཙུགས་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ལོ་ངོ20གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དངོས་འབེབས་བཟང་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ། ཆབ་སྲིད་ཡིད་རྟོན་མུ་མཐུད་འཕེལ་བར་བྱེད་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་གལ་ཆེན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོ་དང་སི་ཕན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བས་འཕེལ་རྒྱས་ཆེན་པོ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་གྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་པ་ཡིན་ན། ཀྲུང་གོ་དང་ཡོ་རོབ་ལ་ཕན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བར་ཕན་ཐོགས་ངེས་ཅན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་ངོ50འབྲེལ་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། སི་ཕན་གྱིས་འདིའི་ཐད་ཧུར་ཐག་གི་བྱེད་ནུས་འདོན་པའི་རེ་བ་བྱས་ཡོད།སང་ཆེ་སི་ཡིས་བསྟན་དོན། སི་ཕན་གྱིས་ཀྲུང་གོའི་བར་གྱི་མཛའ་བརྩེའི་འབྲེལ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གནོད་སྐྱེལ་བཞིན་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ཁས་ལེན་དང་བརྟན་སྲུང་བྱེད་པ་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད། སི་ཕན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བརྟན་པོ་བྱེད་ཅིང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་སི་ཕན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་པོ་བྱས་ཏེ། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་། ཚན་རྩལ་གསར་གཏོད། ནུས་ཁུངས་གསར་བ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སྒོ་ཁྲལ་འཐབ་ཇུས་ལ་རྒྱལ་ཁ་ལེན་མཁན་མེད། སིན་ཕན་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད། ཀྲུང་གོ་ཕྱོགས་དང་ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་འདོད་ཡོད། སི་ཕན་གྱིས་མུ་མཐུད་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་པ་བྱེད་འདོད་ཡོད།རིག་འཛིན་སྒྲོལ་མས་བསྒྱུར།

2025ལོར་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས24པ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། 2025ལོར་ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། སྐབས་འདིའི་འགྲན་སྡུར་ཟླ7པའི་ཚེས5ཉིན་གནའ་མཁར་ཟི་ལིང་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། རུ་ཁག22འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པར་མ་ཟད། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ1400ཡོད།2025ལོའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས24པའི་དུས་ཡུན་ཉིན8ཉིན་པ་དང་འགྲན་རིམ8བཀོད་སྒྲིག་བྱས་ཡོད་ལ། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ1400ཡོད། དེའི་ཁྲོད་དུ་འགྲན་རྩོད་ལམ་ཐག་གིས་སྤྱི་ལེ1325ཟིན་པ་དང་སྤོ་སྒྱུར་ལམ་ཐག་གིས་སྤྱི་ལེ་རེ5ཟིན། གཟི་བརྗིད་ཉམས་སྤྱོད་བྱེད་པའི་འཁོར་སྐྱོད་ལམ་ཐག་གིས་སྤྱི་ལེ10ཟིན། ཟླ7པའི་ཚེས13ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་མཇུག་བསྒྲིལ་རྒྱུ་རེད། འགྲན་བསྡུར་འདིས་གོ་ལ་ཧྲིལ་བོའི་གླིང་ཆེན་བཞིའི་རྒྱལ་ཁབ11གི་རུ་ཁག22དང་འགྲན་ཞུགས་པ154བཅས་ཚུར་བཀུག་ཡོད་ལ། དེའི་ཁྲོད་དུ་རྒྱལ་སྤྱི་རིམ་པའི་རྩེར་སོན་རུ་ཁག1དང་ཆེད་ལས་རུ་ཁག8། གླིང་ཆེན་རིམ་པའི་རུ་ཁག13བཅས་ཚུད་ཡོད།ཐེངས་འདིའི་འགྲན་བསྡུར་དེ་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་ལམ་ཐིག་ཇུས་འགོད་བྱས་པར་བརྟེན། ཐང་དང་རི་ངོས། དེའུ་འབུར་སོགས་ས་དབྱིབས་མི་འདྲ་བ་སྣ་ཚོགས་ཆད་མེད་སྦྲེལ་མཐུད་བྱས་ཡོད་ལ། ཆ་སྙོམས་མཚོ་འཕགས་སྨི3000ལ་སླེབས་ཡོད། འགྲན་རིམ་གྱི་བཀོད་སྒྲིག་དེ་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས། རང་བྱུང་གི་བཀོད་པ་བཅས་དང་དམ་དུ་སྦྲེལ་ཡོད་ལ། ལམ་ཐིག་ཧྲིལ་བོར་མཚོ་སྔོན་གྱི་ཡངས་ཤིང་ཆེ་བའི་རྩྭ་ཐང་དང་མཚེའུ། གཙང་བོ། ནགས་ཚལ། གངས་རི། རྣམ་པར་བཀྲ་བའི་མེ་ཏོག འགག་དོག་པའི་འཕྲང་ལམ་བཅས་ཕྱིའི་སྣོད་ཀྱི་བཀོད་པས་ཁྱབ་ཡོད་ལ། འགྲན་སྡུར་གྱིས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ནུས་སྣ་མང་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཏེ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་སྣེ་ཁྲིད་པ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད། །

ཕིང་ཕང་སྤོ་ལོའི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་སྐྱེས་པའི་ཚོགས་པའི་ཧྲན་ཏུང་ཝེ་ཆའོ·ཞང་ཧྲང་ལུས་རྩལ་རུ་ཁག་ཨན་ཧུའེ་ཀྲུང་ཁྲེང་ལས་རྣམ་པར་རྒྱལ་བ།

འདི་ནི་ཉིན་དེར་ཧྲན་ཏུང་ཝེ་ཆའོ·ཞང་ཧྲང་ལུས་རྩལ་རུ་ཁག་གི་བདམས་ཐོན་པ་ལིའང་ཅིན་ཁུན་གྱིས་འགྲན་བསྡུར་བྱེད་བཞིན་པ།ཟླ་6ཚེས་9ཉིན། ཧོ་པེ་ཞུང་ཨན་ཁུལ་གསར་དུ་གཉེར་བའི་2025ལོའི་འགྲན་དུས་ཀྱི་ཀྲུང་གོའི་ཕིང་ཕང་སྤོ་ལོའི་སྤྲོ་སྐྱིད་ཁང་གི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་དུས་མཚམས་དང་པོའི་འགྲན་བསྡུར་ཁྲོད་ཧྲན་ཏུང་ཝེ་ཆའོ·ཞང་ཧྲང་ལུས་རྩལ་རུ་ཁག་གིས་3བསྡུར་0གྱི་བསྡུར་གྲངས་ཐོག་ནས་ཨན་ཧུའེ་ཀྲུང་ཁྲེང་རུ་ཁག་ལས་རྣམ་པར་རྒྱལ་ཡོད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ཉིས་སྟོང་ཉེར་ལྔ་ལོར་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།

ཟླ6པའི་ཚེས10ཉིན། ཉིས་སྟོང་ཉེར་ལྔ་ལོར་ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། སྐབས་འདིའི་འགྲན་སྡུར་ཟླ7པའི་ཚེས5ཉིན་གནའ་མཁར་ཟི་ལིང་ནས་འགོ་རྩོམ་རྒྱུ་ཡིན་པ་དང་རུ་ཁག་ཉེར་གཉིས་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་པར་མ་ཟད། འགྲན་སྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་ཡོད།2025ལོའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་དུས་ཡུན་ཉིན་བརྒྱད་ཉིན་པ་དང་འགྲན་རིམ་བརྒྱད་བཀོད་སྒྲིག་བྱས་ཡོད་ལ། འགྲན་སྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་ཡོད།དེའི་ཁྲོད་དུ་འགྲན་རྩོད་ལམ་ཐག་གིས་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ཉེར་ལྔ་ཟིན་པ་དང་སྤོ་སྒྱུར་ལམ་ཐག་གིས་སྤྱི་ལེ་རེ་ལྔ་ཟིན། གཟི་བརྗིད་ཉམས་སྤྱོད་བྱེད་པའི་འཁོར་སྐྱོད་ལམ་ཐག་གིས་སྤྱི་ལེ་བཅུ་ཟིན། ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་མཇུག་བསྒྲིལ་རྒྱུ་རེད། འགྲན་སྡུར་འདིས་གོ་ལ་ཧྲིལ་བོའི་གླིང་ཆེན་བཞིའི་རྒྱལ་ཁབ་བཅུ་གཅིག་གི་རུ་ཁག་ཉེར་གཉིས་དང་འགྲན་ཞུགས་པ་བརྒྱ་དང་ང་བཞི་བཅས་ཚུར་བཀུག་ཡོད་ལ། དེའི་ཁྲོད་དུ་རྒྱལ་སྤྱི་རིམ་པའི་རྩེར་སོན་རུ་ཁག་གཅིག་དང་ཆེད་ལས་རུ་ཁག་བརྒྱད། གླིང་ཆེན་རིམ་པའི་རུ་ཁག་བཅུ་གསུམ་བཅས་ཚུད་ཡོད།ཐེངས་འདིའི་འགྲན་སྡུར་དེ་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་ལམ་ཐིག་ཇུས་འགོད་བྱས་པར་བརྟེན་ནས་ཐང་དང་རི་ངོས། དེའུ་འབུར་སོགས་ས་དབྱིབས་མི་འདྲ་བ་སྣ་ཚོགས་ཆད་མེད་སྦྲེལ་མཐུད་བྱས་ཡོད་ལ། ཆ་སྙོམས་མཚོ་འཕང་སྨི་སུམ་སྟོང་ལ་སླེབས་ཡོད། འགྲན་རིམ་གྱི་བཀོད་སྒྲིག་དེ་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས། རང་བྱུང་གི་བཀོད་པ་བཅས་དང་དམ་དུ་སྦྲེལ་ཡོད་ལ། ལམ་ཐིག་ཧྲིལ་བོར་མཚོ་སྔོན་གྱི་ཡངས་བའི་རྩྭ་ཐང་དང་མཚེའུ། གཙང་བོ། ནགས་ཚལ། གངས་རི། རྣམ་པར་བཀྲ་བའི་མེ་ཏོག འགག་དོག་པའི་འཕྲང་ལམ་བཅས་ཕྱིའི་སྣོད་ཀྱི་བཀོད་པའི་མཛེས་སྡུག་གིས་ཁྱབ་ཡོད་ལ། འགྲན་སྡུར་གྱིས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ནུས་སྣ་མང་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཏེ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་སྣེ་ཁྲིད་པ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།མི་ཕམ་མགོན་པོས་བསྒྱུར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱིས2025ལོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་འཚོགས།

པར་འདི་ནི་འགྲན་བསྡུར་ཡུལ་དངོས་ཡིན། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱིས2025ལོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་འཚོགས་པ་དང་། མང་ཚོགས་བརྒྱ་ལྷག་ཙམ་འགྲན་ཚོགས་ནང་ཞུགས། འགྲན་བསྡུར་ནང་ཚོགས་པའི་འགྲན་བསྡུར་ཁག6དང་མི་སྒེར་གྱི་འགྲན་བསྡུར་ཁག7བཀོད་སྒྲིག་བྱས་པ་དང་། སྣ་མང་གི་རྣམ་གྲངས་ཇུས་འགོད་ཕུན་སུམ་ཚོགས་པོས། ཕོ་མོ་རྒན་གཞོན་ཚང་མ་སྤྲོ་སྣང་གིས་ཁེངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་དང་། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་སྟེ། ཁྱིམ་མཚེས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་། །

2025ལོའི་རྒྱལ་ཡོངས་ཀྱི་རྒན་རྒོན་གྱི་སྒྲོམ་སྟེགས་འཁྱགས་ལྟིར་འགྲན་བསྡུར་ནང་རང་ལྗོངས་ཀྱི་འཐུས་མིའི་རུ་ཁག་ལ་གྲུབ་འབྲས་ཡག་པོ་ཐོབ་པ།

བདེ་ཐང་གི་ཚེ་མཇུག ལུས་རྩལ་ལས་གསོན་ཤུགས་འཕེལ། ཟླ་6ཚེས་3ནས་ཟླ་6ཚེས་6ཉིན་བར་གངས་ལྗོངས་ས་མཐོ་ནས་ཡོང་བའི་སྒྲོམ་སྟེགས་འཁྱགས་ལྟིར་ལ་དགའ་པོ་བྱེད་མཁན་ཚོས་རུ་ཁག་སྒྲིག་འཛུཌ་བྱས་ནས“འཛམ་གླིང་ལུས་རྩལ་འགྲན་བསྡུར་བསུ་བའི”2025ལོའི་རྒྱལ་ཡོངས་ཀྱི་རྒན་རྒོན་གྱི་སྒྲོམ་སྟེགས་འཁྱགས་ལྟིར་འགྲན་བསྡུར་ནང་ཞུགས་པ་རེད། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་40ལྷག་ཙམ་གྱི་ནང་ནས་བོད་ལྗོངས་རུ་ཁག་མདུན་རིམ་གྱི་ཨང་32གྲས་སུ་ཚུད་ནས་མེད་པ་ནས་ཡོད་པའི་བར་ལ་ཚད་བརྒལ་བྱུང་ཡོད།ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་ལུས་སེམས་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད། དེ་ཀྲུང་གོ་རྒན་རྒོན་ལུས་རྩལ་མཐུན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་སི་ཁྲོན་ཞིང་ཆེན་རྒན་རྒོན་ལུས་རྩལ་མཐུན་ཚོགས་དང་ཁྲེང་ཏུའུ་གྲོང་ཁྱེར་རྒན་རྒོན་ལུས་རྩལ་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། བོད་ཀྱི་འགྲན་ཞུགས་ལུས་རྩལ་པས་བློ་རིག་ལུས་སྦྱོང་ཅན་གྱི་ལུས་རྩལ་ཡིན་པའི་སྒྲོམ་སྟེགས་འཁྱགས་ལྟིར་ལ་ཆ་མཚོན་ན། འཁྱགས་ལྟིར་ལུས་རྩལ་གྱི་རྩལ་འགྲན་རང་བཞིན་སོར་འཇོག་བྱས་ཁར། འགྲན་ར་དང་། སྤོ་ལོའི་བཟོ་ལྟ། སྒྲིག་སྲོལ་བཅས་སྟབས་བདེ་རུ་བཏང་བ་བརྒྱུད་ཁང་པའི་ནང་གི་ཁོར་ཡུག་དང་སྤྱི་དམངས་ཞུགས་རྒྱུར་དེ་བས་འཚམ་པོ་ཡོད་ལ། བདེ་ཐང་ཚེ་མཇུག་གི་འདུ་ཤེས་ཐོག་ནས་རྒན་རྒོན་གྱི་འཚོ་བའི་དར་སྲོལ་གསར་པར་སྣེ་ཁྲིད་ཀྱང་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

གནམ་གཤིས་ཚ་བ་ཆེ་དུས་སྙིང་ནད་སྔོན་འགོག་གི་འཛེམ་བྱ་གསུམ།

དབྱར་ཟླ་ར་བར་གནམ་གཤིས་ཚ་དྲོད་འཕེལ་སྒང་ཡིན་པས། རང་རྒྱལ་གྱི་ས་ཆ་ཕལ་ཆེ་བའི་དྲོད་ཚད་30℃ཡས་མས་ལ་སླེབས་ཀྱི་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། གནམ་གཤིས་དྲོད་ཚད་31℃ལས་བརྒལ་ཚེ། རྒན་རྒོན་སོགས་ལུས་ཟུངས་བལྟོས་བཅས་ཀྱིས་ཞན་པའི་མི་ཚོགས་ལ་མཚོན་ན་ལུས་པོ་མི་བདེ་བའི་ཚོར་སྣང་འབྱུང་སྲིད་པ་དང་། དྲོད་ཚད་34℃ལས་བརྒལ་ཚེ།  སྙིང་ནད་ཡོད་པའི་ནད་པའི་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད།  དེས་ན། གནམ་གཤི

ཐེན་ཅིན་གྱི་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་གཞན་སྒྱུར་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སྤྱོད་འགོ་ཚུགས་པ།

ཉིན་ཤས་གོང་། ཐེན་ཅིན་གྱི་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་གཞན་སྒྱུར་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བ་ལྟར་ན། ལས་སྟེགས་དེས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ཀྲུང་ལུགས་སྨན་རྫས་ཞིབ་སྤེལ་ལས་སྟེགས་ལ་འདེགས་སྐྱོར། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཉིད་ཐབས་ལམ་བཅས་སུ་བྱས་ཏེ་ཀྲུང་ལུགས་སྨན་རྫས་གསར་གཏོད་སྐྱེ་ཁམས་དང་། ཐོན་ལས་སྐྱེ་ཁམས། བདེ་འཇགས་སྐྱེ་ཁམས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱས་ནས་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་ཀྱིས་རྒྱལ་ཁབ་ཀྱི་དེང་རབས་ཀྲུང་ལུགས་གསོ་རིག་གསར་གཏོད་ལྟེ་གནས་གཙོ་བོར་བྱས་ཤིང་། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ལ་བརྟེན་ནས“སྲིད་ཐོན་སློབ་ཞིབ་སྨན་དངུལ་ཞབས”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཐོན་ཁུངས་གཅིག་ཏུ་བསྒྲིལ་བ་དང་། “ཞིབ་སྤེལ་གསར་གཏོད་དང་། ཚོད་ལྟ་འབྲིང་ཆུང་། ཡོངས་སྤྱོད་བཟོ་སྐྲུན། ཚོང་གཉེར་ཞབས་ཞུ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ”བཅས་ཀྱི་གསར་གཏོད་ཞབས་ཞུའི་ལས་སྟེགས་ཆེན་པོ་ལྔ་ལས་གྲུབ་པ་དང་། “དྲ་ཐོག་དང་དྲ་ཕྱི”མཉམ་འདྲེས་མཉམ་སྐྲུན་བྱེད་སྟངས་སྤྱད་དེ་གཉེར་སྐྱོང་བྱ་རྒྱུ་ཡིན་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

རྐྱེན་འདི་དག་གིས་མཆིན་པར་གནོད་ཀྱིན་འདུག

ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་སྐྲན་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་ཁྲོད་མཆིན་པའི་འབྲས་སྐྲན་ཕོག་ཚད་དེ་བས་ཇེ་མང་དུ་འགྲོ་བཞིན་ཡོད།མཆིན་པའི་དབང་རྩར་ན་ཟུག་བརྒྱབ་ནའང་ཚོར་སྣང་མེད། དེར་བརྟེན་མཆིན་ནད་ཕོག་ཀྱང་ན་ཟུག་མེད་པས་ནད་གཞི་རྟོགས་དཀའ་བ་རེད། རླམ་རྩི་སེར་པོའི་དུག་རྒྱུ་ནི་རླམ་རྩི་སེར་པོ་དང་གཞན་རྟེན་རླམ་པ་ལས་ཐོན་པའི་དུག་རྒྱུ་ཡིན་པས། མིག་སྔར་ཤེས་རྟོགས་བྱུང་བའི་འབྲས་སྐྲན་གྱི་ནད་རྐྱེན་གཙོ་བོ་དེ་རེད། གཅིག ཡུན་རིང་སྤྱད་པའི་ཐུར་མ། མི་མང་ཆེ་བས་ཐུར་མ་བཀྲུས་རྗེས་སྐམ་གྱིན་མེད་པས། རླམ་རྩི་སེར་པོའི་དུག་རྒྱུ་ཆགས་སླ་པོ་ཡོད། དེར་བརྟེན། ཐུར་མ་བཀྲུས་རྗེས་ཧམ་སྤུ་བརྒྱབ་ཡོད་མེད་ལ་བལྟ་དགོས། ཡག་ཤོས་བྱུང་ན་ཐུར་མ་ལོ་ཕྱེད་རེར་བརྗེ་དགོས། བེད་སྤྱོད་བྱས་རྗེས་དུས་ཐོག་ཏུ་གཙང་མར་བཀྲུས་ནས་སྐམ་དགོས་པའམ་ཡང་ན་ལྕགས་ཀྱི་ཐུར་མ་སྤྱད་ན་ལེགས། གཉིས། དྲི་མ་བྲོ་བའི་བཟའ་སྣུམ། བཟའ་སྣུམ་ནི་ཟ་མ་ཟ་སྐབས་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་དབོར་འདྲེན་དང་གསོག་འཇོག་བྱེད་སྐབས་བཞའ་ཚན་ཆེ་བའི་དབང་གིས་བཟའ་སྣུམ་འགའ་ཤས་ལ་ཧམ་སྤུ་རྒྱག་གིན་ཡོད་ཅིང་། རླམ་རྩི་སེར་པོའི་དུག་རྒྱུ་ཆགས་སླ་པོ་ཡོད། གལ་ཏེ་ཟ་མ་གཡོས་སྦྱོར་བྱེད་སྐབས་དྲི་མ་ངར་པོ་ཞིག་ཡོད་ན། བཟའ་སྣུམ་འདིའི་རིགས་བེད་སྤྱོད་བྱེད་མི་རུང་། གལ་ཏེ་བེད་སྤྱོད་བྱས་ན་འབྲས་སྐྲན་ཕོག་ཉེན་ཆེ། གསུམ། ཧམ་སྤུ་བརྒྱབ་པའི་བ་དམ་སོགས། བ་དམ་དང་མ་རྨོས་ལོ་ཏོག་སོགས་ལ་ཧམ་སྤུ་བརྒྱབ་ཚེ་རླམ་རྩི་སེར་པོའི་དུག་རྒྱུ་འདུས་ཚད་མཐོ་བ་རེད། དེར་བརྟེན་ཟས་རིགས་འདི་དག་རྩ་བ་ནས་ཟ་མི་རུང་། མཆིན་པར་གནོད་པ་ཐེབས་ཚེ། གཤམ་གྱི་ནད་རྟགས་ཐོན་སྲིད། གཅིག གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་ལངས་པ། གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་ལངས་ན་མཆིན་པར་གནོད་པ་ཐེབས་པའི་རྟགས་རེད། དུས་རྒྱུན་མཆིན་པར་ལག་པས་རེག་མི་ཐུབ་པས། གལ་སྲིད་མཆིན་པ་སྐྲངས་ཚེ་གནས་འདིར་སྐྲངས་འབུར་འབྱུང་བཞིན་ཡོད་པས། ངེས་པར་དུ་དོགས་ཟོན་བྱེད་དགོས། གཉིས། ཤ་རིད་པ་དང་ལུས་པོར་ཤུགས་མེད་པ། གལ་ཏེ་ཡུན་རིང་པོར་ཆང་འཐུང་བ་དང་རྟག་ཏུ་མཚན་འཁྱོངས་སོགས་བྱས་ནས་ཤ་རིད་པ་དང་ལུས་པོར་ཤུགས་མེད་པར་གྱུར་ན་མཆིན་ནད་ཕོག་པའི་རྟགས་ཡིན་པས་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱེད་དགོས། གསུམ། གཅིན་པ་སེར་རྐྱང་ཆགས་པ། མཆིན་པར་ནད་ཕོག་རྗེས་མཁྲིས་པའི་གཤེར་ཁུ་ཁྲག་རྒྱུན་ནང་འདྲེས་པ་དང་དེ་ནས་མཁལ་མ་བརྒྱུད་ནས་ཕྱིར་གཤོང་གིན་ཡོད། དེའི་ནད་རྟགས་སུ་གཅིན་པའི་ཚོས་གཞི་སེར་པོ་ཆགས་པའམ་ཇ་ཁུ་ལྟར་གར་པོར་འགྱུར་གྱིན་ཡོད། །

རྐྱེན་འདི་དག་གིས་མཆིན་པར་གནོད་ཀྱིན་འདུག

ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་སྐྲན་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་ཁྲོད་མཆིན་པའི་འབྲས་སྐྲན་ཕོག་ཚད་དེ་བས་ཇེ་མང་དུ་འགྲོ་བཞིན་ཡོད།མཆིན་པའི་དབང་རྩར་ན་ཟུག་བརྒྱབ་ནའང་ཚོར་སྣང་མེད། དེར་བརྟེན་མཆིན་ནད་ཕོག་ཀྱང་ན་ཟུག་མེད་པས་ནད་གཞི་རྟོགས་དཀའ་བ་རེད།རླམ་རྩི་སེར་པོའི་དུག་རྒྱུ་ནི་རླམ་རྩི་སེར་པོ་དང་གཞན་རྟེན་རླམ་པ་ལས་ཐོན་པའི་དུག་རྒྱུ་ཡིན་པས། མིག་སྔར་ཤེས་རྟོགས་བྱུང་བའི་འབྲས་སྐྲན་གྱི་ནད་རྐྱེན་གཙོ་བོ་དེ་རེད།གཅིག ཡུན་རིང་སྤྱད་པའི་ཐུར་མ།མི་མང་ཆེ་བས་ཐུར་མ་བཀྲུས་རྗེས་སྐམ་གྱིན་མེད་པས། རླམ་རྩི་སེར་པོའི་དུག་རྒྱུ་ཆགས་སླ་པོ་ཡོད། དེར་བརྟེན། ཐུར་མ་བཀྲུས་རྗེས་ཧམ་སྤུ་བརྒྱབ་ཡོད་མེད་ལ་བལྟ་དགོས། ཡག་ཤོས་བྱུང་ན་ཐུར་མ་ལོ་ཕྱེད་རེར་བརྗེ་དགོས། བེད་སྤྱོད་བྱས་རྗེས་དུས་ཐོག་ཏུ་གཙང་མར་བཀྲུས་ནས་སྐམ་དགོས་པའམ་ཡང་ན་ལྕགས་ཀྱི་ཐུར་མ་སྤྱད་ན་ལེགས།གཉིས། དྲི་མ་བྲོ་བའི་བཟའ་སྣུམ།བཟའ་སྣུམ་ནི་ཟ་མ་ཟ་སྐབས་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་དབོར་འདྲེན་དང་གསོག་འཇོག་བྱེད་སྐབས་བཞའ་ཚན་ཆེ་བའི་དབང་གིས་བཟའ་སྣུམ་འགའ་ཤས་ལ་ཧམ་སྤུ་རྒྱག་གིན་ཡོད་ཅིང་། རླམ་རྩི་སེར་པོའི་དུག་རྒྱུ་ཆགས་སླ་པོ་ཡོད། གལ་ཏེ་ཟ་མ་གཡོས་སྦྱོར་བྱེད་སྐབས་དྲི་མ་ངར་པོ་ཞིག་ཡོད་ན། བཟའ་སྣུམ་འདིའི་རིགས་བེད་སྤྱོད་བྱེད་མི་རུང་། གལ་ཏེ་བེད་སྤྱོད་བྱས་ན་འབྲས་སྐྲན་ཕོག་ཉེན་ཆེ།གསུམ། ཧམ་སྤུ་བརྒྱབ་པའི་བ་དམ་སོགས།བ་དམ་དང་མ་རྨོས་ལོ་ཏོག་སོགས་ལ་ཧམ་སྤུ་བརྒྱབ་ཚེ་རླམ་རྩི་སེར་པོའི་དུག་རྒྱུ་འདུས་ཚད་མཐོ་བ་རེད། དེར་བརྟེན་ཟས་རིགས་འདི་དག་རྩ་བ་ནས་ཟ་མི་རུང་།མཆིན་པར་གནོད་པ་ཐེབས་ཚེ། གཤམ་གྱི་ནད་རྟགས་ཐོན་སྲིད།གཅིག གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་ལངས་པ།གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་ལངས་ན་མཆིན་པར་གནོད་པ་ཐེབས་པའི་རྟགས་རེད། དུས་རྒྱུན་མཆིན་པར་ལག་པས་རེག་མི་ཐུབ་པས། གལ་སྲིད་མཆིན་པ་སྐྲངས་ཚེ་གནས་འདིར་སྐྲངས་འབུར་འབྱུང་བཞིན་ཡོད་པས། ངེས་པར་དུ་དོགས་ཟོན་བྱེད་དགོས།གཉིས། ཤ་རིད་པ་དང་ལུས་པོར་ཤུགས་མེད་པ།གལ་ཏེ་ཡུན་རིང་པོར་ཆང་འཐུང་བ་དང་རྟག་ཏུ་མཚན་འཁྱོངས་སོགས་བྱས་ནས་ཤ་རིད་པ་དང་ལུས་པོར་ཤུགས་མེད་པར་གྱུར་ན་མཆིན་ནད་ཕོག་པའི་རྟགས་ཡིན་པས་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱེད་དགོས།གསུམ། གཅིན་པ་སེར་རྐྱང་ཆགས་པ།མཆིན་པར་ནད་ཕོག་རྗེས་མཁྲིས་པའི་གཤེར་ཁུ་ཁྲག་རྒྱུན་ནང་འདྲེས་པ་དང་དེ་ནས་མཁལ་མ་བརྒྱུད་ནས་ཕྱིར་གཤོང་གིན་ཡོད། དེའི་ནད་རྟགས་སུ་གཅིན་པའི་ཚོས་གཞི་སེར་པོ་ཆགས་པའམ་ཇ་ཁུ་ལྟར་གར་པོར་འགྱུར་གྱིན་ཡོད། །

ཁྲག་ཤེད་མཐོ་བའི་ན་གཞོན་ཚོས་ཡིད་གཟབ་གནང་རོགས།

ཁྲག་ཤེད་མཐོ་ན་སྙིང་ནད་ཁྲག་གཟེར་དང་གཟའ་གྲིབ་སོགས་ཀྱི་ནད་རིགས་མང་པོ་འབྱུང་སྲིད་པས། དེར་མི་རྣམས་ཀྱིས“ཁུ་སིམ་གྱི་གཤེད་མ”ཞེས་འབོད་ཀྱིན་ཡོད། ཁྲག་ཤེད་མཐོ་བར་འཚོ་བའི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་བཞིན་ཡོད། དེ་ཡང་ཁྱིམ་རྒྱུད་ཀྱི་རྒྱུ་རྐྱེན་ལས་གཞན། ལུས་ཤ་རྒྱགས་པ་དང་། ཡུན་རིང་བོར་ཆང་འཐུང་བ་དང་ཐ་མག་འཐེན་པ། སེམས་ཚེགས་ཆེ་བ། གཉིད་མི་ཁུག་པ། འགུལ་སྐྱོད་མི་འདང་བ། ཚྭ་མང་བཟའ་བཏུང་བསྟེན་པ་སོགས་ནི་ད་ལྟའི་ལོ་གཞོན་ཚོར་ཁྲག་ཤེད་མཐོ་བའི་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།གཅིག གོམས་གཤིས་འདི་དག་ཁྲག་ཤེད་མཐོ་བའི་རྒྱུ་ཡིན།1.ཙོག་ཡུན་རིང་ན་ཁྲག་ཤེད་མཐོ་རུ་འགྲོ་སྲིད། ཙོག་ཡུན་རིང་ན་ཁྲག་རྩའི་ནང་པགས་ཀྱི་བྱེད་ལས་རྒྱུན་ལྡན་མིན་པར་གྱུར་ཏེ་ཁྲག་རྩ་འཁུམ་པ་དང་ཁྲག་ཤེད་ཇེ་མཐོར་འགྲོ་བཞིན་ཡོད་ལ། ཁྲག་འཁོར་རྒྱུག་བྱེད་མི་ཐུབ་པ་དང་། ཁྲག་ལ་དྭངས་སྙིགས་འབྱེད་མི་ཐུབ་པར་ཁྲག་ཤེད་མཐོ་རུ་འགྲོ་བཞིན་ཡོད།2.སྔུར་བ་ཚབས་ཆེ་ན་ལྐོག་འཇབ་རང་བཞིན་གྱི་ཁྲག་ཤེད་མཐོ་བར་གཟབ་དགོས། སྨན་པས་དྲན་སྐུལ་བྱས་པ་ལྟར་ན། མཚན་མོར་གཉིད་ལོག་པའི་སྐབས་སུ་སྔུར་བ་ཚབས་ཆེ་བ་དང་། རྒྱུན་དུ་གཉིད་མི་ཁུག་པ་དང་གནོན་ཤུགས་ཆེ་བ་སོགས་ཀྱི་མི་ཚོགས་ཀྱིས་ཁྲག་ཤེད་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས། གལ་ཏེ་བརྟག་དཔྱད་བྱས་རྗེས། མིག་གཏིང་ལ་གནོད་པ་དང་གཅིན་པར་སྤྲི་དཀར་ཉུང་ཙམ་ཡོད་པ་སོགས་ཤེས་ན། ཁྲག་ཤེད་མཐོ་བའི་ནད་བྱུང་ཡོད་མེད་ལ་བསམ་བློ་གཏོང་དགོས།གཉིས། ཁྲག་ཤེད་མཐོ་ན་གོམས་གཤིས་འདི་དག་སྤོང་དགོས།1.ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་ལ་ཞོར་སྐྱོན་ཡོད་པར་བསམ་ནས་སྨན་མི་འཐུང་བ། ཡུན་རིང་པོར་ཁྲག་ཤེད་གཅོག་པའི་སྨན་བསྟེན་ན་ལུས་པོར་ཞོར་སྐྱོན་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་དེའི་རྐྱེན་གྱིས་སྨན་མ་བསྟེན་ན་ཁྲག་ཤེད་གཅོག་མི་ཐུབ་པར་མ་ཟད་གནོད་འཚེ་དེ་བས་ཆེན་པོ་ཡོད།2.ཁྲག་ཤེད་མཐོ་ཡང་ནད་རྟགས་མེད་པས་སྨན་བཅོས་མི་བྱེད་པ། ཁྲག་ཤེད་མཐོ་བའི་ནད་པ་མང་པོ་ཞིག་ལ་འཚོ་བའི་ཁྲོད་དཔེ་མཚོན་ཅན་དང་མངོན་གསལ་རང་བཞིན་གྱི་ནད་རྟགས་མེད་མོད། འོན་ཀྱང་ཁྲག་ཤེད་མཐོ་ན་དུས་རྒྱུན་ལུས་ཕུང་ལ་གནོད་པས། སྔར་བཞིན་སྨན་པའི་ངག་ལྟར་དུས་ཐོག་ཏུ་ཁྲག་ཤེད་གཅོག་པའི་སྨན་བསྟེན་རྒྱུ་གལ་ཆེ།3.ཁྲག་ཤེད་རྒྱུན་ལྡན་དུ་གྱུར་རྗེས་སྨན་འཐུང་མཚམས་འཇོག་པ། ཁྲག་ཤེད་སྐབས་རེར་མཐོ་ཞིང་སྐབས་རེར་དམའ་བ་དེས་ལུས་པོར་ཧ་ཅང་གནོད་ཀྱིན་ཡོད་པས། ཁྲག་ཤེད་རྒྱུན་ལྡན་དུ་གྱུར་ནའང་སྨན་འཐུང་མཚམས་འཇོག་མི་རུང་ཞིང་། ངེས་པར་དུ་སྨན་པའི་ངག་བཞིན་ཁྲག་ཤེད་གཅོག་པའི་སྨན་བཅོས་བྱེད་དགོས་པ་དང་། ཡང་བསྐྱར་བརྟག་དཔྱད་བྱེད་པར་མཐོང་ཆེན་བྱེད་དགོས།གསུམ། ཁྲག་ཤེད་མཐོ་བའི་ནད་ཀྱི་ཟས་སྤྱོད་བླང་བྱ།1.ཁྲག་ཤེད་མཐོ་བ་འགོག་བཅོས་བྱེད་པའི་ཟས་རིགས།ཟས་རིགས་ནང་ནཱ་ཚྭ་འདྲེས་ཚད་འོས་འཚམ་ངང་ཉུང་དུ་གཏོང་དགོས་པ་དང་། ཅཱ་ཚྭ་འདྲེས་ཚད་མང་དུ་བཏང་ན་ཁྲག་ཤེད་ནུས་ལྡན་ངང་ཇེ་དམའ་རུ་གཏོང་ཐུབ། མི་དར་མར་མཚོན་ན། ཉིན་རེར་བཟའ་ཚྭ་འཇུ་ཚད་རིམ་བཞིན་ཁེ5མན་ཉུང་དུ་གཏོང་དགོས་ཤིང་། ཞག་ཚིལ་ཆེ་བ་དང་མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཟས་རིགས་ཉུང་ཙམ་ཟ་དགོས་ལ། སྔོ་ཚལ་གསར་པ་དང་། ཤིང་འབྲས་དང་འབྲུ་རིགས་སྣ་འཛོམས་ཀྱི་ཟས་རིགས་མང་ཙམ་ཟ་དགོས། ཞག་ཚིལ་ཉུང་བའམ་ཡང་ན་ཞག་ཚིལ་མེད་པའི་འོ་མའི་ཐོན་རྫས་དང་། བྱ་ཤ། ཉ་ཤ། སྲན་ཆེན། སྲ་ཤུན་ཤིང་ཏོག་བཅས་མང་ཙམ་ཟ་དགོས་པ་དང་། མངར་ཆ་མང་བའི་བཟའ་བཏུང་ལ་འཛེམ་དགོས། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུས་རྒྱུན་དུ་ཀུ་ཤུ་དང་ངང་ལག་ཟོས་ན་ཁྲག་ཤེད་མཐོ་བའི་དབང་གིས་ཤི་བའི་ཉེན་ཁ40%ཇེ་དམའ་རུ་འགྲོ་ཐུབ། གཞན་ ད་དུང་ནམ་རྒྱུན་འཚོ་བའི་ནང་ཇ་དམར་སོགས་ཇའི་རིགས་འཐུང་ནའང་ཁྲག་ཤེད་མཐོ་བའི་ཉེན་ཁ6%ནས26%ཇེ་ཆུང་དུ་འགྲོ་ཐུབ།2.ཁྲག་ཤེད་མཐོ་བ་འགོག་བཅོས་བྱེད་པའི་ལུས་སྦྱོང་།རང་ངོས་ཀྱི་ལུས་པོའི་ཆ་རྐྱེན་དང་མཐུན་ན། གཟའ་འཁོར་རེར་ཉིན4ནས7བར་ཉིན་རེར་སྐར་མ30ནས60བར་གྱི་ལུས་སྦྱོང་ཚད་དང་རན་པོ་བྱེད་དགོས། དཔེར་ན། མྱུར་བགྲོད་དང་དལ་བགྲོད། ཆུར་རྐྱལ་བ་སོགས་དབྱང་ལྡན་ལུས་སྦྱོང་གཙོ་བོ་བྱེད་དགོས།3.ཐའེ་ཅི་དྲག་རྩལ་སོགས་ཀྱིས་ཀྱང་སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་ནས་ཁྲག་ཤེད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱིན་ཡོད།དེ་མིན། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱ་དགོས། དེ་ནི་ཁྲག་ཤེད་མཐོ་བ་སྔོན་འགོག་བྱེད་པའི་གནད་འགག་གལ་ཆེན་ཞིག་ཡིན།རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།

ཟས་རིགས་འདི་དག་ཡང་བསྐྱར་དྲོད་སྣོན་བྱས་ན་མི་བཟང་།

གཅིག ལོ་ལྗང་སྔོ་ཚལ་རིགས། ཚོད་སྣག་དང་ལྕ་ཚལ་སོགས་ཀྱི་ཟས་རིགས་ནང་གི་ཟེ་སྐྱུར་ཚྭའི་འདུས་ཚད་མཐོ་བས། ཡང་བསྐྱར་དྲོད་སྣོན་བྱས་ཚེ། ཟེ་སྐྱུར་ཚྭ་ཕལ་བའི་འདུས་ཚད་ཇེ་མཐོར་འགྲོ་བ་ཡིན། ཆེད་མཁས་པས་ཞིབ་འཇུག་ར་སྤྲོད་བྱས་པ་ལྟར་ན། ཡང་དང་བསྐྱར་དུ་དྲོད་སྣོན་བྱས་པའི་ལོ་ལྗང་སྔོ་ཚལ་ཁྲོད་ཀྱི་ཟེ་སྐྱུར་ཚྭ་ཕལ་བའི་འདུས་ཚད་ནི་གཡོས་སྦྱོར་བྱས་མ་ཐག་པའི་སྔོ་ཚལ་ཟས་རིགས་ལས་ལྡབ5ནས8འཕར་ཡོད་པ་དང་། ཡུན་རིང་ལ་དེ་ལྟར་ཟོས་ན། ཕོ་བའི་འབྲས་སྐྲན་སྐྱེད་པའི་ཉེན་ཁ་ཇེ་མཐོར་འགྲོ་སྲིད།གཉིས། མཚོ་ཟས་རིགས། འགྲོན་བུ་སོགས་མཚོ་ཟས་ཀྱི་རིགས་ལ་སྤྲི་དཀར་རྫས་མང་པོ་འདུས་པ་དང་། ལས་སྣོན་བྱས་རྗེས་ཞག་གཅིག་ལ་བཞག་ནས་ཟོས་ན་མཆིན་པའི་བྱེད་ནུས་ལ་གནོད་སྐྱོན་བཟོ་སྲིད། ནད་ཐོག་ནད་དཔེ་ལས་མངོན་པ་ལྟར་ན། ཞག་གཅིག་ལ་བཞག་པའི་མཚོ་ཟས་ཟོས་ན་མྱུར་གཤིས་ཕོ་རྒྱུའི་གཉན་ཚད་སྐྱེད་སྲིད་པ་དང་། ནད་པའི་ལུས་ནང་གི་ཚོ་ཨེན་ཚད་ལས་བརྒལ་ཚད82%ལ་ཐོན་པ་རེད།གསུམ། ཤ་མོའི་རིགས། ཤ་མོའི་རིགས་ཀྱི་བཟའ་བཅའི་ནང་དུ་ཟེ་སྐྱུར་ཚྭ་ཅུང་མང་པོ་འདུས་པས། ཡང་བསྐྱར་དྲོད་སྣོན་བྱས་ན་ཟེ་ཨེན་ཕལ་བ་མང་པོ་བསྐྱེད་སླ་བ་ཡིན།བཞི། ཞོག་ཁོག་རིགས། ཡང་བསྐྱར་དྲོད་སྣོན་བྱས་རྗེས། ཞོག་ཁོག་ཁྲོད་ཀྱི་འུ་ལུ་རྒྱུའི་འདུས་ཚད་ཇེ་མཐོར་འགྲོ་བས་དུག་ཕོག་སྲིད། གཞི་གྲངས་ཤིག་ལས་མངོན་པ་ལྟར་ན། ཞོག་ཁོག་ཟོས་ཏེ་དུག་ཕོག་པའི་ནད་དཔེའི་ཁྲོད70%ནི་ཞག་གཅིག་ལ་བསྐྱུར་བའི་ཞོག་ཁོག་དང་འབྲེལ་བ་ཡོད་ཅིང་། རྒྱུན་མཐོང་གི་ནད་རྟགས་ལ་སྐྱུག་པ་དང་བཤལ་བ་སོགས་ཡོད།ལྔ། འོ་མའི་རིགས། འོ་མ་ཡང་དང་བསྐྱར་དུ་དྲོད་སྣོན་བྱས་ན། དེའི་ནང་གི་འཚོ་རྒྱུBཡི་རིགས་ལ་གཏོར་སྐྱོན་ཐེབས་ཏེ། འཇུ་དཀའ་བར་གྱུར་ནས་འཚོ་བཅུད་རིན་ཐང་མར་ཆག་པ་ཡིན།གོང་བརྗོད་ཀྱི་ཟས་རིགས་འདི་དག་རབ་ཡིན་ན། ཚོས་མ་ཐག་ཟོས་ན་བཟང་བ་དང་། ཟས་ལྷག་བྱུང་ཚེ་འཁྱགས་སྒམ་ནང་དུ་བཞག་ནས་གྲང་བཟོ་བྱས་རྗེས་ཡུན་རིང་མ་འགོར་བར་བཟའ་དགོས། ལོ་ལོན་དང་བྱིས་པ་སོགས་དམིགས་བསལ་མི་ཚོགས་ཀྱིས་ཡང་བསྐྱར་དྲོད་སྣོན་བྱས་པའི་ཟ་མ་བཟའ་བར་འཛེམ་རྒྱུ་གལ་ཆེ།རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།

༄༅།།ཀྲུང་ནན་ཧྲན་གྱིས་འདི་ལྟར་གསུང་འདུག

ཉེ་ཆར། རྒྱལ་ཡོངས་ཀྱི་ས་གནས་མང་པོ་ཞིག་ཏུ་ཏོག་གསར་ནད་དུག་འགོས་ཚུལ་ཐོན་ཡོད། སྤྱི་དམངས་ཀྱིས་ “ཉེ་ལམ་ཏོག་གསར་རིམས་ནད་དུས་མཚམས་གང་དུ་གནས་ཡོད་པའི་”གནད་དོན་ལ་དོ་ཁུར་བྱེད་པ་འདིའི་ཐད། ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།ཀྲུང་ནན་ཧྲན་གྱིས་བསྟན་དོན། ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཟླ་5ཚེས་25ཉིན་ནས་ཟླ་6ཚེས་1ཉིན་བར་ཁྱབ་བསྒྲགས་བྱས་པའི་ཆམ་རིམས་འདྲ་བའི་ནད་དཔེ་དེ་ཏོག་གསར་ནད་དུག་གདགས་གཤིས་ཡིན་པའི་ཚད་22.8%ཡིན་ཞིང་། དེས་ཧ་ལམ་1/5ཟིན་ཡོད་པ་རེད། ད་ལྟ་ཏོག་གསར་ནད་དུག་གི་འགོས་ནད་དྲག་པོ་ཡོད་མོད། འོན་ཀྱང་ནད་ཕོག་རང་བཞིན་ཧ་ཅང་ཇེ་ཞན་དུ་སོང་ཡོད། དེ་ནི་ཆམ་རིམས་དང་འདྲ། ནད་པ་ལ་ལར་རྨང་གཞིའི་ནད་ཡོད་པའི་གནས་ཚུལ་འོག་བརྟག་དཔྱད་གསལ་བོ་བྱས་རྗེས། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྨན་བཅོས་བྱེད་དགོས། སྨན་བཟས་རྗེས་རྒན་རྒོན་སམ་ཡང་ན་རྨང་གཞིའི་རང་བཞིན་གྱི་ནད་རིགས་ཡོད་པའི་ནད་པ་ནད་ཇེ་ལྕི་དང་ཐ་ན་འཆི་རིགས་མི་ཐོན་པར་་བྱེད་དགོས། ད་ལྟ་ཏོག་གསར་རིམས་ནད་དེར་ཆམ་རིམས་ཀྱི་ལྟ་སྟངས་འཛིན་དགོས་པ་ལས་སྐྲག་མི་དགོས།

མཚོ་སྔོན་གྱིས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་སྤུས་ལེགས་ཤོང་སྐྱེད་དང་གཤམ་སྤྲོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོདཔས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་སྤུས་ལེགས་ཤོང་སྐྱེད་དང་གཤམ་སྤྲོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྫོང་ཁོངས་སུ་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་སྤུས་ལེགས་དང་ནུས་མཐོ་འཛུགས་སྐྲུན་བྱེད་པ་སོགས་ཀྱིས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་མུ་མཐུད་དུ་ཇེ་མཐོར་བཏང་། རང་ཞིང་གིས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ཁྱོན་གྲོང་རྡལ་གྱི་འཕྲོད་བསྟེན་ཁང407དང་། སྡེ་བའི་འཕྲོད་བསྟེན་ཁང4430ཡོད་ལ། གྲོང་རྡལ་གྱི་འཕྲོད་བསྟེན་ཁང་རེ་རེར་ཚད་ཐིག་ལོན་པའི་སྨན་པ1ནས2རེ་ཡོད་པ་དང་། སྡེ་བ་རེ་རེ་ལ་ཚད་ལྡན་གྱི་འཕྲོད་བསྟེན་ཁང་རེ་ཡོད་པ་མངོན་འགྱུར་བྱུང་། ཞིང་ཆེན་ཡོངས་སུ་གྲོང་གསེབ་སྨན་པ6616ཡོད་ལ་སྡེ་བའི་འཕྲོད་བསྟེན་ཁང་རེ་ལ་ཚད་ཐིག་ལོན་པའི་གྲོང་གསེབ་སྨན་པ1ནས2རེ་ཡོད་པ་མངོན་འགྱུར་བྱས། 2024ལོ་ནས2025ལོའི་བར། སྨན་བཅོས་ཞབས་ཞུ་དང་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བའི་མ་དངུལ་སྒོར་དུང་ཕྱུར3.44དངོས་འབེབས་བྱས་ལ། དེའི་ཁྲོད30%རྨང་གཞིའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་དང་སྒྲིག་ཆས་བསྒྱུར་བཀོད་རིམ་སྤར། མི་སྣའི་གསོ་སྦྱོང་སོགས་ཀྱི་ཐད་སྤྱད། ཧན་ཧུང་ཐེབས་རྩ་ཚོགས་པའི་སྨན་བཅོས་རོགས་སྐྱོར་སྤྱི་ཕན་བྱེད་སྒོའི་རྣམ་གྲངས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་སྐོར་སྐྱོད་ནད་བརྟག་དང་མྱུར་སྐྱོབ་ནུས་པ་ཇེ་མཐོར་བཏང་། རྒྱང་བསྟེན་སྨན་བཅོས་དང་རྒྱང་བསྟེན་སློབ་གསོའི་མ་ལག་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཕྲོད་བསྟེན་ཁང་ཆ་ཚང་ཉེར་སྤྱོད་སྟེགས་བུ་དང་འབྲེལ་མཐུད་བྱས་ནས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་། རྫོང་ཁོངས་ཡོངས་ཀྱི་སྨན་ཞབས་ཐུན་ཚོགས་ཞིབ་ཚགས་ཅན་མཉམ་འདུས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྨན་ཞབས་ཐུན་ཚོགས46གིས་མི་སྣ་དང་ལག་རྩལ། ཞབས་ཞུ། དོ་དམ་བཅས་བཞི་ཡི་གཤམ་སྤྲོད་ལ་སྐུལ་འདེད་རྒྱུན་མཐུད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྨན་ཁང85%ལ་གཟའ་འཁོར་རེར་མ་མཐར་ཡང་ལས་ཀའི་ཉིན3ལ་སྨན་པ་རབ་འབྱམས་པའི་ལས་ཐོབ་དང་ཡན་གྱི་སྨན་པ1སྒོ་བསྟེན་ཁང་དུ་ཡོད་པ་ཁག་ཐེག་བྱས། སྡེ་བ་རིམ་པའི་སྐོར་སྐྱོད་ནད་བརྟག་དང་ཞང་རིམ་པའི་མངགས་བཅོལ་ཞབས་ཞུའི་ནད་བརྟག་བྱས་ཏེ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་ལག་རྩལ་གསར་པ་དང་ལས་སྒོ་གསར་པ། རྣམ་གྲངས་གསར་པ་བཅས་སྤེལ་བར་གཞོགས་འདེགས་བྱས། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་ཆུ་ཚད་མཐོར་འདེགས་བཏང་། ཀྲུང(བོད)ལུགས་གསོ་རིག་གི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ནས་གྲོང་གསེབ་འཕྲོད་བསྟེན་ཁང100%ལ་ཀྲུང(བོད)ལུགས་སྨན་ཁང་ཡོད་པ་མ་ཟད་ཀྲུང(བོད)ལུགས་སྨན་བཅོས་ཀྱི་ཞབས་ཞུ་ཐུབ་པ་བྱས། སློབ་ཆེན་པའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་དང་གཞི་རིམ་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་རྣམ་གྲངས་སོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་འཇོན་མིའི་དཔུང་སྡེ་མུ་ནས་སྟོབས་ཆེར་བཏང་།གྲོང་གསེབ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོ་འདེགས་བཏང་། ཆ་རྐྱེན་ཡོད་པའི་འཕྲོད་བསྟེན་ཁང་གིས་ཚ་ནད་སྒོ་བསྟེན་ཁང་འཛུགས་པ་དང་ཁེབས་འོས་པ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་པའི་མི་རེའི་ཆ་སྙོམས་ཁ་གསབ2009ལོའི་སྒོར15ནས་སྒོར99བར་སྤར། ཞིང་ཆེན་རིམ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་རིགས་ཆེན་པོ3དང་ཆུང་བ8གསར་དུ་བསྣན་ལ་ལོ་རེར་སྒོར་ཁྲི3000བཏང་ཡོད་པ་དང་། ལོ་རེའི་ཁ་གསབ་མ་དངུལ་སྒོར་ཁྲི5000དངོས་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ65དང་ཡན་གྱི་རྒན་པ་རྣམས་ལ་ལུས་ཕུང་བདེ་ཐང་བརྟག་བཤེར་བྱས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར། དབུགས་འགག་གློ་ནད་དལ་གཤིས་ཅན་སོགས་གཅོང་ནད་ཅན་དང་རྒན་རྒོན་བྱིས་པ། བུད་མེད་སྦྲུམ་མ་སོགས་གནད་འགག་ཅན་དག་ལ་དུས་ཚིགས་རང་བཞིན་གྱིས་མཚམས་འདྲི་དང་ལོ་རེའི་ལུས་བརྟག ། བདེ་ཐང་སློབ་གསོ་འདོད་སྤྲོད་བྱས་ཡོད། ཁྱིམ་ཚང་སྨན་པའི་གྲོས་ཆོད་ཞབས་ཞུ་གཏིང་ཟབ་ཀྱིས་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ཀྱི69.85%ལ་གྲོས་ཆོད་ཀྱིས་ཁེབས་ཡོད་ལ་གནད་འགག་ཅན་གྱི་མི་ཚོགས་ཀྱི86.84%ལ་གྲོས་ཆོད་ཀྱིས་ཁེབས་ཡོད། །

འཁྱཊ་སྒམ་ནང་ལ་ཤ་སོགས་ཡུན་རིང་པོ་ཉར་རྒྱུ་མི་འདུག

དེང་སང་། ཁྱིམ་ཚང་མང་པོ་ཞིག་གི་འཁྱཊ་སྒམ་ནི་“སྒོ་རྩིས་ཚོང་ཁང་ཆུང་ཆུང་”ཞིག་དང་འདྲ་པོ་ཡོད་དེ། དེའི་ནང་ཤ་རིགས་སོས་པ་དང་ཚལ་རིགས་ལྷག་མ། ཞོ་དང་འོ་མ་སོགས་བཟའ་བཏུང་རིགས་སྣ་ཚོགས་ཉར་ཚགས་བྱེད་ཀྱི་ཡོད་པས། དུས་ཡུན་རིང་པོ་སོང་རྗེས་འཁྱགས་སྒམ་ནང་འབུ་ཕྲ་མང་པོ་ཁྱབ་ཀྱི་ཡོད། ཞིབ་འཇུག་བྱས་པ་ལྟར་ན། མིང་ལ་ལི་སི་ཐེ་སྲིན་ཟེར་བའི་འབུ་ཕྲ་ཞིག་ཡོད་པ་དེ་དྲོད་ཚད་ཨང་གྲངས་-20℃འོག་ཏུ་ཡང་གསོན་ཐུབ་པ་མ་ཟད། དེ་མིའི་ལུས་པོར་འགོས་ན་ཚབས་ཆེ་དུས་མིའི་ཚེ་སྲོག་ལ་ཉེན་ཁ་ཡོད་པར་བཤད།གཅིག ལི་སི་ཐེ་སྲིན་འགོས་ན་ནད་རྟགས་ཅི་ཞིག་འབྱུང་སྲིད། ལི་སི་ཐེ་སྲིན་ནི་རྒྱུན་དུ་ཚ་སྣོན་ཡག་པོ་མ་བྱས་པའི་ཤ་རིགས་དང་། འོ་མའི་ཐོན་རྫས། འཁྱགས་བག་བཏང་བའི་ཟས་རིགས་བཅས་ཀྱི་ཁྲོད་དུ་གབ་སྡོད་བྱེད་ཀྱི་ཡོད་ཅིང་། ཟས་རིགས་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་གོ་མེད་ཚོར་མེད་དུ་འགོས་ཀྱི་ཡོད། ལུས་པོ་ཐང་པོ་ཡིན་པའི་སྐྱེ་བོ་དར་མ་ཕལ་ཆེ་བར་ལི་སི་ཐེ་སྲིན་འགོས་ན་ནད་རྟགས་མེད་པའམ་ཡང་ན་གྲོད་པ་བཤལ་བ་དང་། ཚ་བ་རྒྱས་པ། ན་ཟུག་གཏོང་བ། ལུས་པོ་འཁྱག་པ་སོགས་ཀྱི་ནད་རྟགས་བྱུང་སྲིད་ཀྱང་། ཉིན་འགའ་ཤས་སོང་རྗེས་དྲག་སྐྱེད་ཡོང་གི་ཡོད། འོན་ཀྱང་སྦྲུམ་མ་དང་ཕྲུ་གུ་དམར་འབྱར། ལོ་60ཡན་གྱི་རྒན་རྒོན་དང་རིམས་འགོག་ནུས་པ་ཅུང་ཞན་པའི་མི་ཚོགས་བཅས་ལ་མཚོན་ན། འབུ་ཕྲ་དེ་འགོས་ན་ཉེན་ཁ་ཧ་ཅང་ཆེ་བ་སྟེ། མགོ་ན་བ་དང་། ཚ་བ་རྒྱས་པ། ཤ་གནད་ན་བ། སྐེ་གུག་མི་ཐུབ་པ། དྲན་པ་མི་གསལ་བ། ལུས་ཚུགས་མི་ཟིན་པ། འཁུམ་འདར་སོགས་ཀྱི་ནད་རྟགས་ཚབས་ཆེན་འབྱུང་སྲིད། ལྷག་པར་དུ་སྦྲུམ་མར་ཆ་བཞག་ན། རང་ཉིད་ལ་ནད་རྟགས་ཆུང་ངུ་ལས་མེད་ཀྱང་། འབུ་ཕྲ་བུ་སྣོད་ནང་འཚང་ནས་ཁོག་ནང་གི་ཕྲུ་གུར་འགོས་ཏེ་ཕྲུ་གུ་སྔ་སྐྱེ་དང་མངལ་ཤོར་བ། ཡང་ན་ཕྲུ་གུ་དམར་འབྱར་ལ་ནད་ཚབས་ཆེན་ཕོག་པའམ་ཤི་བའི་གནས་ཚུལ་འབྱུང་སྲིད།གཉིས། ལི་སི་ཐེ་སྲིན་གྱི་ཉེན་ཁ་ཇི་ལྟར་སྔོན་འགོག་བྱེད་དགོས།1 དུས་བཀག་ལྟར་འཁྱགས་སྒམ་ལ་གཙང་སྦྲ་བྱེད་དགོས། འཁྱམས་སྒམ་གྱི་གློག་བཀག་ནས། ཆུ་ཚ་པོར་སྦངས་པའི་རས་སམ་ཡང་ན་འདག་ཁུ་སྤྱད་ནས་འཁྱགས་སྒམ་གྱི་ནང་ངོས་གཙང་མར་ཕྱིས་དགོས། འཁྱགས་སྒམ་ནང་གི་བླུགས་སྒྲོམ་བཤིག་ནས་ཆུས་གཙང་མར་བཀྲུ་དགོས། འཁྱགས་སྒམ་གྱི་སྒོ་ཕྱེ་ནས་རླུང་འགྲོ་ས་ཡོད་པ་བྱས་ཏེ་འཁྱགས་སྒམ་རང་བཞིན་དུ་སྐམ་དུ་འཇུག་དགོས། འཁྱགས་སྒམ་གྱི་སྒོ་ཐེངས་མང་དང་ཡུན་རིང་ཕྱེ་རྒྱུ་མེད་ཅིང་། འཁྱགས་སྒམ་གྱི་སྒོ་སྲུབས་ཀྱི་དམ་སྦྱར་ལ་དུས་བཀག་ལྟར་ཞིབ་བཤེར་དང་གཙང་སྦྲ་བྱེད་དགོས། 2 ཟས་རིགས་བླུགས་ཁུལ་དབྱེ་ནས་ཉར་ཚགས་བྱེད་དགོས། འཁྱགས་སྒམ་གྱི་གྲང་ཉར་ཁུལ་གྱི་དྲོད་ཚད་4℃མན་དུ་རྒྱུན་འཁྱོངས་བྱ་དགོས། ཡག་ཤོས་བྱུང་ན་འོ་མ་དང་ཤ་སོས་པ་སོགས་ཟས་རིགས་འཁྱགས་སྒམ་གྱི་རྒྱབ་ཕྱོགས་དང་ཐག་ཉེ་སར་འཇོག་དགོས། ཤ་སོས་པ་དང་ཐད་ཀར་བཟའ་ཆོག་པའི་ཟས་རིགས་སོ་སོར་ཉར་ཚགས་བྱེད་དགོས་པ་དང་ཡག་ཤོས་བྱུང་ན་ཤ་སོས་པ་འཁྱགས་སྒམ་གྱི་མཐིལ་སྒྲོམ་ནང་འཇོག་དགོས། འཁྱགས་སྒམ་ནང་ཟས་རིགས་ཁེངས་པ་བླུགས་རྒྱུ་མེད་པར་ཤོང་ཚད་75%ཙམ་རྒྱུན་འཁྱོངས་བྱ་དགོས། 3 ཟས་རིགས་ཚ་པོ་གང་ལེགས་བཟོ་དགོས། གཡོས་སྦྱོར་བྱེད་སྐབས་ངེས་པར་དུ་ཟས་རིགས་ཀྱི་ལྟེ་བའི་དྲོད་ཚད་70℃ཡན་ལ་སླེབས་པ་བྱེད་དགོས་པ་མ་ཟད། སྐར་མ་5ལ་རྒྱུན་མཐུད་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་ལི་སི་ཐེ་སྲིན་རྩ་མེད་བཟོ་ཐུབ། ཚལ་ལྷག་འཁྱགས་སྒམ་ནང་བཞག་ནའང་ལམ་སེང་ཟ་དགོས་པ་དང་མ་ཟ་བའི་སྔོན་དུ་ཚ་པོ་གང་ལེགས་བཟོ་དགོས། ཟ་མ་བཟོ་བའི་གོ་རིམ་ཁྲོད་རྗེན་པ་དང་བཙོས་པའི་ཟས་རིགས། གཙབ་གདན་དང་གྲི་ཆས་ཚང་མ་སོ་སོར་དབྱེ་དགོས། ཉེན་ཆེའི་མི་ཚོགས་ལ་མཚོན་ན། ཟས་རྗེན་པ་དང་། ཞོ་སླ་པོ། འབུ་ཕྲ་བསད་མེད་པའི་འོ་མའི་ཐོན་རྫས་སོགས་ཉེན་ཁ་ཆེ་བའི་ཟས་རིགས་ཁ་ལ་མི་འགྲོ་བ་བྱེད་དགོས། གསུམ། ཤ་རིགས་མི་འདྲ་བའི་བདེ་འཇགས་གསོག་ཉར་དུས་ཚོད། འཁྱགས་སྒམ་ནང་ཤ་རིགས་མི་འདྲ་བའི་བདེ་འཇགས་གསོག་ཉར་དུས་ཚོད་ལ་ཁྱད་པར་མངོན་གསལ་དོད་པོ་ཡོད། 1 ཕག་ཤ་ཉར་ཚགས་བྱེད་ཡུན་ཟླ་བ་3ལས་བརྒལ་མི་རུང་། 2 ཚགས་ཤ་དང་ལུག་ཤ་ཉར་ཚགས་བྱེད་ཡུན་ཟླ་བ་9ལས་བརྒལ་མི་རུང་། 3 བྱ་ཤའི་རིགས་ཉར་ཚགས་བྱེད་ཡུན་ཟླ་བ་6ལས་བརྒལ་མི་རུང་། 4 ལས་སྣོན་ཤ་རིགས་ཉར་ཚགས་བྱེད་ཡུན་ཟླ་བ་2ལས་བརྒལ་མི་རུང་།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

༄༅།།ཆུང་དུས་ནས་མིག་ལ་གཅེས་སྤྲས་བྱེད།

འདི་ནི་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཚོད་ལྟའི་སློབ་ཆུང་གི་སློབ་མས་སྣང་ཚུལ་འཁྲབ་སྟོན《མིག་དབང་སྲུང་འཐབ》ཅེས་པ་འཁྲབ་བཞིན་པ།ཉེ་ཆར། པེ་ཅིང་ཧའེ་ཏན་ཆུས་ཚོད་ལྟའི་སློབ་ཆུང་དུ“རྒྱལ་ཡོངས་ཀྱི་མིག་གཅེས་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེ་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་ལག་ལེན་གྱི་ཉམས་ལེན་བརྒྱུད་མིག་གཅེས་མིག་སྲུང་གི་འདུ་ཤེས་བརྒྱུད་བསྒྲགས་ཀྱིས་སློབ་མ་ཚོར་མིག་དབང་སྤྱོད་པའི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱས་ཡོད།

གངས་རིན་པོ་ཆེའི་འདབས་རོལ་གྱི “ཨ་ཅག་ཉེན་རྟོག་པ”

འདི་ནི་པ་སངས་བུ་ཁྲིད(མདུན)དང་ལས་རོགས་ཚོས་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་སྐོར་གཡེང་བྱེད་བཞིན་པ།འདི་ནི་བར་ག་གྲོང་རྡལ་སློབ་ཆུང་དུ་པ་སངས་བུ་ཁྲིད་ཀྱིས་སློབ་གྲྭའི་ནང་སློབ་མ་ཚོ་དང་སྤེལ་རེས་བྱེད་བཞིན་པ།བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་གངས་རིན་པོ་ཆེའི་འདབས་རོལ་དུ་ཆགས་པ་དང་། དེའི་མདུན་ཕྱོ

ཚེས་ཆ་དང་གནམ་གཤིས།

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།སང་ཉིན་གྱི་ཚེས་ཆ།སང་ཉིན་གྱི་གནམ་གཤིས།དེ་རིང་དགོང་མོར། མཚོ་བྱང་གི་བྱང་རྒྱུད་དང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ལྷོ་རྒྱུད། དེ་བཞིན་རྟ་ཐང་། ན་གོར་མོ་གྲོང་ཁྱེར། མང་ནེ། རྐང་ཚ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ངམ་ཐོལ་ཆར(སྨི་སྟོང་ཤས0.1ནས15.5བར)འབབ་རྒྱུ་དང་། ནང་ཆེན་གྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང(སྨི་སྟོང་ཤས10.0ནས15.5བར)འབབ་རྒྱུ་རེད།སང་ཉིན་ཉིན་མོར། ཟི་ལིང་གི་ས་ཆ་མང་ཆེ་བ་དང་། མཚོ་ཤར་གྱི་ས་ཆ་མང་ཆེ་བ། མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ། རྨ་ལྷོའི་བྱང་རྒྱུད། ཁྲི་ཀ་བཅས་སུ་སྤྲིན་མང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཐོལ་ཆར(སྨི་སྟོང་ཤས0.1ནས14.1བར)འབབ་རྒྱུ་ཡིན་ལ། རྨ་ཆེན་དང་གཅིག་སྒྲིལ། པད་མ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང (སྨི་སྟོང་ཤས10.0ནས14.1བར)འབབ་རྒྱུ་རེད། སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས། སྐབས་རྗེས་མ། མེད།

༄༅།།མེ་གསོད་མཁན་12500བསྡུ་རྒྱུ་རེད།

ཉེ་ཆར་འཕྲལ་སྡོམ་དོ་དམ་པུའུ་ཡིས་སྤྱི་བསྒྲགས་བྱས་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་2025ལོའི་ལོ་འཁོར་གྱི་མེ་གསོད་མཁན་བསྡུ་ལེན་ལས་དོན་སྤེལ་འགོ་ཚུགས་པ་རེད། ད་ལོའི་མེ་གསོད་མཁན་ཁྱོན་12500བསྡུ་རྒྱུའི་འཆར་གཞི་ཡོད་པའི་ནང་། མཐོ་སློབ་ཀྱི་ད་ལོའི་སློབ་ཐོན་སློབ་མ6250དང་། དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མི་4170 སྤྱི་ཚོགས་ཀྱི་གཞོན་ནུ་2080བཅས་ཡོད་པ་རེད། ད་ཐེངས་མེ་གསོད་མཁན་བསྡུ་བ་ནི་དྲ་ཐོག་ནས་མིང་ཐོ་འགོད་སྟངས་སྤྱད་དེ། ཟླ་6ཚེས་27ཉིན་གྱི་ཆུ་ཚོད་23:00ནས་ཟླ་7ཚེས་18ཉིན་གྱི་ཆུ་ཚོད་18:00བར། བསྡུ་རྒྱུའི་མི་སྣ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་མེ་གསོད་མཁན་བསྡུ་བའི་ལས་སྟེགས་(https://xfyzl.119.gov.cn)ཐོག་ནས་སྤྱི་བསྒྲགས་དང་། བསྡུ་ལེན་འཆར་གཞི། སྲིད་ཇུས་ཁྲིམས་སྲོལ་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱེད་པ་དང་། མིང་ཐོ་འགོད་པའི་ཚད་གཞི་ཆ་རྐྱེན་དང་བསྡུ་ལེན་བྱེད་ཐབས་གོ་རིམ་ཤེས་རྟོགས་བྱེད་ཐུབ་པ་མ་ཟད། སྤྱི་བསྒྲགས་ཀྱི་བླང་བྱ་ལྟར་མི་སྒེར་གྱི་རྩིས་ཐོ་ཐོ་འགོད་དང་མིང་ཐོ་འགོད་པའི་ཆ་འཕྲིན་འབུལ་ཆོག རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་ནི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དཔུང་དང་རྒྱལ་ཁབ་རུ་ཁག་ཡིན་པས། བདེ་འཇགས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་དང་གནོད་འཚེ་དང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། རྒྱལ་ཁབ་ཀྱི་འབོད་སྐུལ་དང་མི་དམངས་ཀྱི་དགོས་མཁོ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་རྒྱ་ཆེའི་ཕུགས་བསམ་ལྡན་པའི་གཞོན་ནུ་རྣམས་ཧུར་བརྩོན་གྱིས་མིང་ཐོ་བཀོད་ནས་བླ་ན་མེད་པའི་མེ་གསོད་རོགས་སྐྱོབ་བྱ་གཞག་ནང་ཞུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྲུང་སྐྱོང་བྱེད་པར་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་འབུལ་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན།

ཡུལ་སྐོར་ལ་འགྲོ་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས།

གདན་ཞུའི་སྐུ་མགྲོན། དབང་རྒྱལ། མགོ་ལོག་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་འགྲིམ་འགྲུལ་ཉེན་རྟོག་པ།མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།ལྟ་སྐུལ་པ། ཕྱུག་ལོ།སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993

ཚེས་ཆ་དང་གནམ་གཤིས།

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།སང་ཉིན་གྱི་ཚེས་ཆ།སང་ཉིན་གྱི་གནམ་གཤིས།དེ་རིང་དགོང་མོར། ཟི་ལིང་དང་། མཚོ་ཤར་གྱི་བྱང་རྒྱུད། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་། ཡུལ་ཤུལ། རྨ་སྟོད། དར་ལག་གི་ཡུལ་གྲོང་ཁ་ཤས་སུ་ཆར་ཆུང་ངམ་ཐོལ་ཆར(སྨི་སྟོང་ཤས0.1ནས30.4བར)འབབ་རྒྱུ་ཡིན་པ་དང་། དེའི་ནང་དབུས་ལམ་དང་། དུར་ལམ། ཐེམ་ཆེན། གསེར་ཆེན། རྨ་སྟོད། ཆུ་དམར་ལེབ། འབྲི་སྟོད། རྫ་སྟོད་བཅས་སུ་ཆར་འབྲིང(སྨི་སྟོང་ཤས10.0ནས30.4བར)འབབ་རྒྱུ་ཡིན་ལ། ཆུ་དམར་ལེབ་དང་དུར་ལམ་གྱི་ཡུལ་གྲོང་ཁ་ཤས་སུ་ཆར་ཆེན(སྨི་སྟོང་ཤས25.0ནས30.4བར) འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དང་། ཡུལ་ཤུལ་གྱི་ནུབ་རྒྱུད་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་འབྲིང་ངམ་ཐོལ་ཆར(སྨི་སྟོང་ཤས0.1ནས13.0བར)འབབ་རྒྱུ་དང་། དེའི་ནང་རྟ་ཐང་དང་། རྐང་ཚ། མདོ་ལ། འཇུ་ལག རྩེ་ཁོག སོག་རྫོང་བཅས་ཀྱི་ཡུལ་གྲོང་ཁ་ཤས་སུ་ཆར་འབྲིང(སྨི་སྟོང་ཤས10.0ནས13.0བར)འབབ་རྒྱུ་རེད། སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས། སྐབས་རྗེས་མ། མེད།

ཚེས་ཆ་དང་གནམ་གཤིས།

སྒྲིག་སྒྱུར། ཀླུ་མཁར་རྒྱལ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།སང་ཉིན་གྱི་ཚེས་ཆ།སང་ཉིན་གྱི་གནམ་གཤིས། དེ་རིང་དགོང་མོར། གདང་ལ་རི་ཁུལ་དུ་ཆར་ཆུང་ངམ་ཐོལ་ཆར(སྨི་སྟོང་ཤས0.1~3.7)འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།སང་ཉིན་ཉིན་མོར། ཡུལ་ཤུལ་གྱི་མང་ཆེ་བ་དང་། མགོ་ལོག་གི་མང་ཆེ་བ། ན་གོར་མོ་གྲོང་ཁྱེར། དུར་ལམ། ཐེམ་ཆེན་བཅས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆུང་ངམ་ཐོལ་ཆར(སྨི་སྟོང་ཤས0.1~5.9)འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས། སྐབས་རྗེས་མ། མེད།

ཚེས་ཆ་དང་གནམ་གཤིས།

སྒྲིག་སྒྱུར། ཀླུ་མཁར་རྒྱལ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།སང་ཉིན་གྱི་ཚེས་ཆ།སང་ཉིན་གྱི་གནམ་གཤིས། དེ་རིང་དགོང་མོར། མང་ངེ་དང་། ཚྭ་འདམ་ཆེ་བར་སྤྲིན་མང་བའམ་གནམ་ཐང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་ཆར་འབྲིང་དང་དེ་བཞིན་དེའི་ཡན་གྱི་ཆར་ཆུ(སྨི་སྟོང་ཤས0.1~31)འབབ་རྒྱུ་ཡིན་ཞིང་། དེའི་ནང་མང་རྫོང་དང་། འབའ་རྫོང་། ཡུལ་ཤུལ་གྲོང་ཁྱེར། འབྲི་སྟོད། དར་ལག རྩེ་ཁོག་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན(སྨི་སྟོང་ཤས25~31)འབབ་རྒྱུ་རེད།སང་ཉིན་ཉིན་མོར། མཚོ་ནུབ་མང་ཆེ་བ་དང་། ཡུལ་ཤུལ་ནུབ་རྒྱུད་དུ་སྤྲིན་མང་བའམ་གནམ་ཐང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་ཆར་འབྲིང་དང་དེ་བཞིན་དེའི་ཡན་གྱི་ཆར་ཆུ(སྨི་སྟོང་ཤས0.1~29)འབབ་རྒྱུ་ཡིན་ཞིང་། དེའི་ནང་རྟ་ཐང་དང་། སྐུ་འབུམ། ཧོར་གྲོང་། དཔའ་ལུང་། འཇུ་ལག མང་རྫོང་། སོག་རྫོང་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན(སྨི་སྟོང་ཤས25~29)འབབ་རྒྱུ་རེད། སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས། སྐབས་རྗེས་མ། མེད།

སྙེ་མོ་རྫོང་གི་བོད་སྤོས་ཐོན་ལས་གླིང་གི་མཐོང་ཐོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྙེ་མོའི་གཟིམ་སྤོས་ལ“བོད་ལྗོངས་ཀྱི་སྤོས་མཆོག་ཐོག་མ”ཞེས་པའི་མཚན་སྙན་ཡོད། དེང་སྐབས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འདིར་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ་ལ་བརྟེན་ནས་སྔར་བྱུང་མ་མྱོང་བའི་སྐྱེ་སྟོབས་དང་གསོན་ཤུགས་འཕྱུར་བཞིན་ཡོད།པེ་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་སྙེ་མོ་རྫོང་གཟིམ་སྤོས་ཐོན་ལས་གླིང་ཁུལ་གྱིས་ཚོང་གཉེར་བྱེད་སྟངས་གསར་སྤེལ་བྱ་རྒྱུ་སྒུལ་འཁོར་དུ་བརྩིས་ཏེ། ལོ་ངོ་སྟོང་ཕྲག་རིང་གི་ལག་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་ནུས་ལྡན་བྱས་པ་མ་ཟད། ལྷག་ཏུ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་གནད་འགག་སྒུལ་ཤུགས་སུ་གྱུར་ཡོད། ཐོན་ལས་གླིང་གིས“ཏང་ཨུས་སྤྱི་འདོམས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་མཉམ་ལས་ཚོང་གཉེར། མང་ཚོགས་ཧུར་ཐག་ཞུགས་པའི”གསར་གཏོད་བྱེད་སྟངས་སྤྱད་དེ། སྙེ་མོ་རྫོང་ཁྲེན་ཐའོ་ཀུང་སིས་གཅིག་གྱུར་ཚོང་གཉེར་བྱས་ནས་སྲོལ་རྒྱུན་གྱི་བོད་སྤོས་བཟོ་བའི་ལག་རྩལ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་ཐུབ་སྟེ། ཐོན་སྐྱེད་དང་བཤམས་སྟོན། ཉམས་ལེན། ཕྱིར་འཚོང་སོགས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཐོན་ལས་རྟེན་གཞི་བཏོད་ཡོད། འཕོ་འགྱུར་འདི་ཡིས་སྔོན་ཆད་སྙེ་མོ་གཟིམ་སྤོས་ཀྱི་ཁྱིམ་ཚང་བཟོ་ཁང་གཙོ་བྱེད་པའི་སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་རྩ་བ་ནས་སྒྱུར་བ་རེད། “ཐོན་ལས་གླིང་དུ་བཅའ་སྡོད་བྱས་རྗེས་ཚང་མར་གནམ་ས་བླ་འོག་ལྟ་བའི་འགྱུར་ལྡོག་བྱུང་ཡོད”ཅེས་བོད་ལྗོངས་གཟིམ་སྤོས་ལས་གཉེར་ཚད་ཡོད་ཀུང་སིའི་ཕྱིར་འཚོང་པ་བཀྲ་ཤིས་ཀྱིས་བཤད། རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་བཞིན་ཁྲེན་ཐའོ་ཀུང་སིས་རྒྱབ་སྐྱོར་ཤུགས་ཆེན་འོག ཁེ་ལས་ཀྱི་བཟོ་གྲྭ་ཅན་དུ་ཐོན་སྐྱེད་ཀྱི་ཕྱོགས་སྒྱུར་མངོན་འགྱུར་བྱུང་བ་རེད། ཐོན་སྐྱེད་བར་སྟོང་རྒྱ་སྐྱེད་རྗེས་གཟིམ་སྤོས་སྦྱོར་སྡེབ་སྔོན་ཆད་ཀྱི་རིགས17ནས་རིགས27དུ་འཕར་བ་དང་ཐོན་རྫས་གསར་བ་ཞིབ་འཇུག་གསར་སྤེལ་བྱ་བ་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་སྟེ། ཐད་ཀར་སྐུལ་ཁྲིད་བྱས་པའི་ལས་ཞུགས་ལས་གནས30ནང50འཕར་བ། གླིང་ཁུལ་གྱིས་ཁེ་ལས་ཀྱི་སྦྱོར་སྡེབ་ཇེ་ེལས་དང་ཆེད་ལས་དཔུང་སྡེ་གདན་དྲངས་ནས་ཐུམ་སྒྲིལ་རིམ་སྤོར་བྱ་རྒྱུར་རོགས་རམ་བྱས་པ་མ་ཟད། ད་དུང་གནད་འཁེལ་སྒོས་ཁྲིམ་རའི་དགོས་མཁོར་སྦྲེལ་མཐུད་བྱས་ནས། གཉིད་ཉལ་ཐུབ་པ་དང་མཁའ་དབུགས་གཙང་སྒྱུར་སོགས་ཀྱི་ནུས་པ་ལྡན་པའི་ཐོན་རྫས་གསར་སྤེལ་བྱས་ཏེ། སྲོལ་རྒྱུན་སྤོས་མཆོག་དེ་རྒྱུན་ལྡན་གྱི་མི་སེར་ཁྱིམ་དུ་དར་ཁྱབ་བྱུང་ནས་དེང་རབས་མི་རྣམས་ཀྱི་འཚོ་བའི་བདེ་ཐང་རོགས་ཟླར་གྱུར་ཡོད། དེང་སྐབས། དེང་རབས་ཅན་གྱི་ཐོན་ལས་གླིང་འདི་ཡིས་ལོ་ངོ་སྟོང་གི་ལག་རྩལ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། གསར་གཏོད་ལ་འགུལ་ནུས་ཆེན་པོ་བསྣན་ཏེ། གཟིམ་སྤོས་ལོ་རྒྱུས་ལ་གོ་བ་ཟབ་མོ་བླངས་ནས་ཡངས་ཤིང་རྒྱ་ཆེ་བའི་མ་འོངས་བར་སྐྱོད་པར་རོགས་འདེགས་བྱས། 2025ལོའི་ལོ་སྟོད་དུ་སྙེ་མོའི་གཟིམ་སྤོས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་གར་སྟེགས་སུ་བཤམ་སྟོན་བྱས་ཤིང་། དེའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱལ་ཡོངས་ཀྱི་ལྟད་མོ་བའི་ཡིད་དབང་འཕྲོག་ཡོད།སྙེ་མོ་རྫོང་གི་སྤྱིའི་འཕེལ་རྒྱས་ལའང་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། སྙེ་མོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཚེ་དབང་རྡོ་རྗེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར2000ལོའི་སྒོར་དུང་ཕྱུར0.7ནས2024ལོའི་སྒོར་དུང་ཕྱུར15.76ལ་སླེབས་ཡོད་ཅིང་། འགྱུར་ལྡོག་ཆེན་པོས་མཐོ་སྒང་འཕེལ་རྒྱས་ཀྱི་གོམ་པ་བརྟན་པོ་ཡིན་པ་མཚོན་ཡོད། ཚེ་དབང་རྡོ་རྗེ་ཡིས་སྙེ་མོ་རྫོང་གིས་བོད་སྤོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་དུ་སྐྱེ་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་དང་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན། ནུས་ཁུངས་གཙང་མའི་སྒྲིག་ཆས་བཟོ་བར་སྐུལ་འདེད་གཏོང་བ་བཅས་རྒྱ་སྐྱེད་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས་ཞེས་བསྟན།ཐོན་རྫས་རྒྱུན་མཐུད་གསར་གཏོད་དང་ཚོང་རྟགས་ཉིན་བཞིན་སྐད་གྲགས་ཆོད་པ། གངས་ལྗོངས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མཁའ་དབུགས་ཐེག་ཡོན་པའི་སྙེ་མོའི་གཟིམ་སྤོས་ཀྱིས་ལོ་ངོ་སྟོང་ཕྲག་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡིད་རྟོན་ལ་བརྟེན་ནས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་བརྟན་པོའི་སྐྱོད་བཞིན་ཡོད་ལ། དུས་རབས་གསར་བར་སྲོལ་རྒྱུན་ལག་རྩལ་གྱིས་གྲོང་གསེབ་དར་སྤེལ་ཐད་ནུས་པ་འདོན་པའི་འོད་སྟོང་འཕྲོ་བའི་ངོ་མཚར་མུ་མཐུད་འབྲི་བཞིན་ཡོད། །

ཁྱིམ་སྤྱོད་འཁྱགས་སྒམ་གྱི་ཁྱད་ནུས་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་བརྗེས་པ།

ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཀྱིས་ཉེ་ཆར་GB12021.2-2025《ཁྱིམ་སྤྱོད་འཁྱགས་སྒམ་གྱི་གློག་གྲོན་ཚད་བཀག་གྲངས་ཐང་དང་ཁྱད་ནུས་རིམ་པའི》རྒྱལ་ཁབ་ཀྱི་ཚད་གཞིའི་པར་མ་གསར་པ་ཁྱབ་བསྒྲགས་བྱས་ཏེ་2026ལོའི་ཟླ་6ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།ཚད་གཞི་དེ་1989ལོར་ཐེངས་དང་པོར་གཏན་འཁེལ་བྱས་ཚུན་ད་ཐེངས་བཟོ་བཅོས་རྒྱག་ཐེངས་ལྔ་པ་རེད། བཟོ་བཅོས་བརྒྱབ་རྗེས་ཀྱི་འཁྱགས་སྒམ་གྱི་ཁྱད་ནུས་རྒྱལ་ཁབ་ཀྱི་ཚད་གཞི་སྤྱོད་པའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་བ་དང་གློག་སྒུལ་འཕྲུལ་འཁོར་གྱི་མཉམ་འགུལ་རྣམ་པའི་ཁྱིམ་སྤྱོད་འཁྱགས་སྒམ་དང་ཤོང་ཚད་ཧྲེང་60ལས་ཆུང་བའམ་ཡང་ན་དེ་དང་མཚུངས་པའི་གློག་འདྲེན་ཕྱེད་གཟུགས་གྲང་བཟོ་འཕྲུལ་ཆས་ཚུད་ཡོད། འཁྱགས་སྒམ་གྱི་ཁྱད་ཆོས་རིམ་པའི་དམིགས་ཚད་བླང་བྱ་དང་གློག་གྲོན་ཚད་བཀག་གྲངས་ཐང་གི་འཇུག་འཐུས་ཚད་གཞི་དམའ་རུ་ཕྱིན་པར་བརྟེན་འཁྱགས་སྒམ་གྱི་གློག་གྲོན་ཆེས་ཆེར་ཉུང་དུ་ཕྱིན་ཡོད། ཤོང་ཚད་དང་སྤྱོད་ཚད་ཀྱི་བླང་བྱ་གསར་དུ་བསྣན་པ་དང་འཁྱགས་སྒམ་ཐོན་རྫས་ཀྱི་ཤོང་ཚད་ཚད་ལྡན་དུ་བཏང་སྟེ། ཁེ་ལས་ཀྱིས་ཁྱད་ནུས་ཆེ་བ་དང་བོངས་ཚད་ཆུང་བའི་རྒྱུ་ཆ་སྤྱོད་རྒྱུར་སྐུལ་འདེད་བཏང་ཡོད། རིག་ནུས་གློག་དྲའི་བརྡ་རྟགས་དང་ལེན་ནུས་པ་སོགས་ཀྱི་བླང་བྱ་མང་དུ་བཏང་ནས་འཁྱགས་སྒམ་རིག་ནུས་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

ཝང་ཅུན་ཀྲེང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་བ།

ཟླ་6ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གནས་ཚུལ་སྐོར་གྱི་སྙན་སེང་གསན་བཞིན་པ།ཟླ་6ཚེས་25ཉིན། ཝང་ཅུན་ཀྲེང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་ཐོག་སོ་དང་པོའི་འགྲེམས་སྟོན་ཚོམས་ཆེན་དུ་ཕེབས་ནས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་ཞིང་། འདི་ནི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལས་དོན་གཏིང་ཟབ་ཏུ་ཧུར་ཐག་གཏོང་བ་དང་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས།ཟླ་6ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལས་དོན་གཏིང་ཟབ་ཏུ་ཧུར་ཐག་གཏོང་བ་དང་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། ཀུང་ཧུའེ་ཚའེ། རྒྱལ་མཚན། སུན་ཤན་ཀྲུང་། ལུའོ་མེ། མོང་ཞའོ་ལིན་བཅས་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་དང་། ཀྲུའུ་ཐུང་། སུན་ཧང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཞུས་ཞང་ཏེ་བཅས་ཞུགས་ཡོད་པ་རེད།ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་ཐོག་སོ་དང་པོའི་འགྲེམས་སྟོན་ཚོམས་ཆེན་དུ། ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་ནན་ཏན་གཟིགས་པ་དང་ངོ་སྤྲོད་ཞིབ་ཕྲ་གསན་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་ལོ་རྒྱུས་ལམ་བུ་དང་། ཚན་ཞིབ་ཀྱི་འཕེལ་རིམ། ལས་སྟེགས་འཛུགས་སྐྲུན། གྲུབ་འབྲས་མ་ལག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཚན་ཞིབ་རིགས་གཅིག་མཁས་ཅན་གྱིས་ཡུན་རིང་གངས་ལྗོངས་ས་མཐོར་འབད་བརྩོན་བྱས་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཆེད་དུ་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་ཕུལ་བ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚན་རིག་རྟོག་ཞིབ་ལ་འབད་བརྩོན་ལྷོད་མེད་བྱས་པས། ཚན་རིག་ཞིབ་འཇུག་ལ་ཚད་བརྒལ་གལ་ཆེན་བྱུང་བ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་གལ་ཆེན་ཐེངས་མང་གནང་ནས“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་རེད”ཅེས་གསུངས་ནས“མཚོ་བོད་ས་མཐོ་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་ཧུར་ཐག་གཏོད་དགོས”པའི་བླང་བྱ་བཏོན་གནང་བ་དེས་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཡག་པོ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཚན་རིག་རྟོག་ཞིབ་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་ཚད་མཐོ་པོས་ཞབས་འདེགས་ཞུ་བར་སྐུལ་འདེད་ཏན་ཏིག་གཏོང་བ། གངས་ལྗོངས་ས་མཐོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་གསུངས་པ་རེད།ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱར་གཞི་ཚུགས་ནས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་ལྗང་མདོག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་བ་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་ལག་བསྟར་ལ་དམིགས་པ། མ་ལག་འདུས་གྲུབ་ལ་མཐོང་ཆེན་བྱེད་པ། ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། ལས་དོན་གྱི་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་གང་མགྱོགས་བསྒྱུར་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས། ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཚན་རིག་རྟོག་ཞིབ་ཀྱི་ནང་དོན་དང་བརྗོད་གཞི་སྔར་བས་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་གཏོང་བ། སྐྱེ་ཁམས་འདུ་འགོད་གལ་ཆེན་ལག་བསྟར་གྱི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་གང་ཐུབ་བྱེད་དགོས། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གསར་གཏོད་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། ཚན་རིག་རྟོག་ཞིབ་ལས་སྟེགས་ཀྱི་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གཙོ་གནད་ཚོད་ལྟ་ཁང་དང་ལག་རྩལ་གསར་གཏོད་ལྟེ་གནས་སོགས་ལས་སྟེགས་བསྐྲུན་པར་རྒྱབ་སྐྱོར་བྱེད་པ། དགོས་མཁོའི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་དམིགས་ནས་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་པ་དང་། བརྒྱུད་རོགས་ཁྲིད་གསུམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མཉམ་འབྲེལ་གསོ་སྐྱོང་དང་གནས་གཏན་འཁེལ་གྱི་གསོ་སྐྱོང་སོགས་ཀྱི་རྣམ་པ་བརྒྱུད་བོད་ཀྱིས་འཕྲལ་མཁོ་དང་དཀོན་པའི་མཁོ་ཆོད་ལག་རྩལ་རྐང་འཛིན་པ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས། ཚན་ཞིབ་ཀྱི་ཤེས་ལྡན་པའི་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ་དང་ས་གནས་དེ་གའི་ཚན་ཞིབ་དཔུང་ཁག་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རིག་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་དང་སྐྱེ་ཁམས་ཤེས་དཔལ་གྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་། བྱེད་ཐབས་དང་ཐབས་ཤེས་གསར་གཏོད་བྱེད་པ། ཚན་རིག་ཁྱབ་གདལ་གྱི་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། ཚན་ཞིབ་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བས་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ནས་ཚན་རིག་ལ་སྣང་ཆེན་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་སློབ་སྦྱོང་། ཚན་རིག་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། གཞོགས་འདེགས་ཧུར་ཐག་བྱེད་པ། རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། དཔེ་མཚོན་གྱིས་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་དཔེ་སྟོན་སྐུལ་ཁྲིད་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔོན་ཐོན་བྱས་རྗེས་དང་ཉམས་མྱོང་དངོས་ལ་བརྟེན་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་རྣམ་པ་ཟབ་མོ་གཏོད་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།