བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་པེ་ཅིན་དུ་ཞུགས་འབུལ་བྱས་པ་དང་ཞི་ཅིན་ཕིང་སོགས་པཱ་པའོ་རི་བོའི་གསར་བརྗེའི་སྤྱིའི་བང་སོར་ཕེབས་ནས་སྐྱེལ་མ་གནང་བ།

ཟླ6པའི་ཚེས8ཉིན། བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་པེ་ཅིང་པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོར་ཞུགས་འབུལ་བྱས།   བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞཱང་། ལི་ཞི་སོགས་པཱ་པའོ་རི་བོར་ཕེབས་ནས་ཞལ་གྱེས་ཞུས། འདི་ནི་ཞི་ཅིན་ཕིང་གིས་བློ་མཐུན་ཞིས་ཆི་ལིའང་གི་གཉེན་ཉེར་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུ་བའི་རྣམ་པ་རེད། ཞིན་ཧྭ་གསར་འགྱུར་ཁང་གི

ཉིང་ཞ་ཡི་ཆན་ཝ་ཁྲི་100ཡི་འོད་ཤུགས་མཉམ་འདུས་རྣམ་གྲངས་ཀྱི་ཆན་ཧྥུའུ་330ཡི་གློག་གཏོང་སྒྱུར་ལས་གྲྭའི་སྐུད་ལམ་ཧྲིལ་པོ་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་པ།

ཉེ་དུས། ཉིང་ཞའི་ས་ཁོངས་སུ་ཡོད་པའི་ཉིང་ཞ་གཞུང་རྒྱུ་གཉེར་སྐྱོང་ཚོགས་པ་ལིང་ཝུའུ་ཡི་ཆན་ཝ་ཁྲི་100ཡི་འོད་ཤུགས་མཉམ་འདུས་རྣམ་གྲངས་ཀྱི་ཆན་ཧྥུའུ་330ཡི་གློག་གཏོང་སྒྱུར་ལས་གྲྭའི་སྐུད་ལམ་ཧྲིལ་པོ་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་སྐུད་ལམ་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་དང་ལིང་ཝུའུ་གྲོང་ཁྱེར་དེ་བཞིན་ཝུའུ་ཀྲུང་གྲོང་ཁྱེར་གྱི་ཡན་ཁྲི་རྫོང

ཆུ་ཐོག་རྩལ་འགྲན། རིག་གནས་ཉམས་ལེན།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་དབྱིན་ཇིའི་ན་ཆུང་ཞིག་གིས་ཀྲུང་གོའི་རླུང་གཡབ་ལ་ཚོན་བྱུག་སྟངས་ཀྱི་ལག་རྩལ་ཉམས་ལེན་བྱེད་བཞིན་པ།འདི་ནི་ཅན་ཧོ་གཙང་པོའི་ཐོག་གྲུ་ཤན་འབྲུག་མགོ་མའི་རུ་ཁག་གི་རུ་མིས་གྲུ་གཏོང་བཞིན་པ།ཟླ་6ཚེས་8ཉིན། “2025ལོའི་ཅན་ཆའོ་ཡི་གྲུ་ཤན་འབྲུག་མགོ་མའི་དུས་ཆེན”དབྱིན་ཇིའི་ཅན་ཆའོ་གྲོང་ཁྱེར་དུ་བཏང་ཞིང་། སྐབས་འདིའི་གྲུ་ཤན་འབྲུག་མགོ་མའི་དུས་ཆེན་ནང་ཆུ་ཐོག་འགྲན་བས

མཆོད་པ་གར་གྱི་ཕྱག་རྒྱ།

༄༅། །གདོད་མའི་གཞི་དབྱིངས་དུས་གསུམ་རྒྱལ་བའི་སྲས།།འོད་གསལ་ཟུང་འཇུག་སྒྲིབ་བྲལ་རིག་པའི་གདངས།།སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་ཐོད་ཕྲེང་རྩལ།།པདྨ་འབྱུང་གནས་ཞབས་ཀྱིས་བདག་སྐྱོངས་ཤིག།ཟག་མེད་ཆོས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས།།གང་བློའི་མ་རིག་མུན་པའི་ཞིང་སུ་རུ།།འདྲེན་མཛད་བླ་མ་དམ་པ་འཇིགས་མེད་མཚན།།བློ་དམན་བདག་གི་སྒོ་གསུམ་སྨིན་པར་མཛོད།།རྩ་གསུམ་ཀུན་འདུས་རིགས་ཀྱི་བདག་ཉིད་ཆེ།།འགྲོ་བའི

ཆི་ལེན་རྫོང་གིས་གནས་གསུམ་ཤུགས་འདོན་གྱིས་ཏང་ཡོན་སློབ་གསོ“ནུས་ལྡན”དུ་བཏང་བ།

“ཐེངས་འདིའི་གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་གི་གོ་སྐབས་བརྒྱུད། གསར་བརྗེ་ཡི་རྗེས་ཤུལ་འཚོལ་བ་དང་དུས་མཉམ་དུ་གསར་བརྗེའི་རིག་གནས་ལ་བག་ཆགས་འཇོག་ཐུབ་པ་བྱུང་། ”ཞེས་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་མ་ཧོང་རུང་གིས་དེ་ལྟར་བཤད། ལོ་འདི་དག་གི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཏང་ཡོན་སློབ་གསོ་ནི་ཏང་འཛུགས་སྐྲུན་བྱ་བའི་རྨང་གཞི་གལ་ཆེན་ཞིག་ཏུ་བཟུང་ནས་བརྗ

ཐབས་བརྒྱ་ཇུས་སྟོང་གིས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས།

མཐོ་སློབ་སློབ་ཐོན་སློབ་མ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་ཤེས་ལྡན་པའི་ཐོན་ཁུངས་ཡིན་པས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནི་མཐོ་རིམ་སློབ་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་སྦྲེལ་མཚམས་ནུས་ལྡན་ཞིག་རེད། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་དེ་མིག་སྔ་དང་འབྲེལ་བ་ཡོད་ལ། ཕུགས་ལ་དེ་བས་ཕན་པ་ཡོད།ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་། ས་གནས། མཐོ་སློབ་བཅས་ཁག་གིས་སྤྱི་འདོམས་བཀོད་སྒྲིག་དང་སྔ་སྣུར་ཇུས་འགོད་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པ་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་ཡོད།ལས་གནས་ཐོན་ཁུངས་ནི་ལས་ཞུགས་ཀྱི་སྲོག་ཐིག་ཡིན་ཞིང་། ལས་ཞུགས་ལས་གནས་སྔོག་འདོན་གསར་འབྱེད་བྱེད་པ་དང་ལས་བསྡུ་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ་ནི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་རེད། མཐོ་སློབ་ཁག་གིས་ལས་གནས་ཐོན་ཁུངས་མུ་མཐུད་འདུ་འགྲིལ་བྱེད་པ་དང་། སློབ་གྲྭའི་ཆེད་ལས་ཀྱི་ཁྱད་ཆོས་དང་སློབ་ཐོན་སློབ་མའི་ལས་འཚོལ་རེ་འདོད་སོགས་ཀྱི་གནས་ཚུལ་ཁག་ཟུང་འབྲེལ་ལ་མཐོང་ཆེན་བྱེད་པ། ཤེས་ལྡན་པའི་སྤྲོད་མཁོ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་གནས་ཀྱི་གནད་སྨིན་རང་བཞིན་དང་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་སློབ་ཐོན་སློབ་མ་བསྡུ་བའི་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱེད་པར་མཐོང་ཆེན་བྱས་ནས། སྲིད་ཇུས་རང་བཞིན་ལས་གནས་ཀྱི་བསྡུ་ལེན་ནུས་པ་གང་ལེགས་འདོན་པ་དང་། གཞི་རིམ་ལས་ཞུགས་ཀྱི་བར་མཐོངས་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། སློབ་ཐོན་སློབ་མར་ལས་ཞུགས་གོ་སྐབས་དེ་བས་མང་པོ་ཧུར་ཐག་སྐྲུན་དགོས།ལས་ཞུགས་ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་གཏོང་བར་ད་དུང་གཙོ་གནད་ཚོགས་སྤྱིར་གནད་སྨིན་ཞབས་ཞུ་དང་ལས་ཞུགས་ཀྱི་ཐ་གྲས་བརྟན་པོ་སྐྱོང་བར་ཐུག་ཡོད། དབུལ་གྲོལ་ཁྱིམ་ཚང་དང་། མ་མཐའི་འགན་སྲུང་ཁྱིམ་ཚང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མའི་ཚོགས་སྤྱིར་དེ་བས་སེམས་རྩ་འཁོལ་བའི་ལས་ཞུགས་ཞབས་ཞུ་ཞུས་དགོས། འབྲེལ་ཡོད་སྡེ་ཚན་དང་མཐོ་སློབ་ཁག་གིས་རོགས་སྐྱོར་ལས་དོན་གྱི་རྩིས་ཁྲ་བཟོ་བ་དང་ཆ་སྒྲིག་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་བརྒྱུད། དེ་བས་གནད་སྨིན་གྱི་ལས་ཞུགས་མཛུབ་ཁྲིད་བྱས་ཏེ་ཁོང་ཚོ་སྔ་ཙམ་ལས་ཞུགས་ཐུབ་པར་བྱེད་དགོས།རྗེས་སྙེག་རོགས་སྐྱོར་བྱེད་པ་དང་རྒྱུན་མཐུད་ཞབས་འདེགས་ཞུ་བ་ནི་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་སྒྲུབ་དགོས་པའི་ལས་དོན་ཞིག་ཡིན་ཞིང་། ཕྱོགས་གཅིག་ནས་སློབ་གསོ་དང་མི་སྤྱི་སོགས་སྡེ་ཚན་ཁག་གིས་སློབ་གྲྭའི་ལས་བསྡུ་དང་སྤྱི་ཚོགས་ཀྱི་ལས་བསྡུའི་མཇུག་མཐུད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལས་ཞུགས་ཐད་མགོ་སྐོར་ཐེབས་པའི་སློབ་ཐོན་སློབ་མར་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞུ་རོགས་བྱེད་པ་དང་། བྱ་ཐབས་སྣ་མང་སྤྱད་ནས་གྱོང་གུན་ཆུང་དུ་བཏང་སྟེ། སློབ་ཐོན་སློབ་མའི་ཁྲིམས་མཐུན་ལས་ཞུགས་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།ཕུགས་ནས་བལྟས་ན། སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བར་སྤྲོད་མཁོ་འཚམ་མཐུན་དེ་ཉིད་ཕྱོགས་སྟོན་དུ་བཟུང་ནས། མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་གྲུབ་ཆའི་ཁྱབ་ཚུལ་སྐབས་བསྟུན་ལེགས་སྒྲིག་བྱེད་དགོས། སླད་ཕྱིན། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་འཆར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་དགོས་མཁོའི་དབྱེ་ཞིབ་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པའི་སྤྲོད་མཁོའི་འབྲེལ་བར་རྒྱང་ལྟའི་རང་བཞིན་གྱི་དབྱེ་ཞིབ་བྱས་ཏེ། དགོས་མཁོ་ཆེ་བའི་རིག་ཚན་ཆེད་ལས་ཁྲིད་སྟོན་གྱི་འཕེལ་རྒྱས་གསལ་ཐོ་དུས་བཀག་བཞིན་ཡོངས་བསྒྲགས་བྱེད་དགོས། མཐོ་སློབ་ཁག་གིས་རིག་ཚན་ཆེད་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་གཏོང་ལེགས་སྒྲིག་བྱས་ནས། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གནས་ཚུལ་གཞིར་བཟུང་ཤེས་ལྡན་པ་གསོ་སྐྱོང་གི་ཇུས་གཞི་དུས་ཐོག་ཏུ་འབྲེལ་མཐུད་བརྗེ་སྒྱུར་དང་གསར་སྒྱུར་བྱེད་དགོས།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་འབྱོར་བའི་གློག་འཕྲིན) འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

སློབ་གསོ་པུའུ་ཡིས2024ལོའི་བར་རྒྱལ་ཡོངས་སུ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་བསྡོམས་པས་ཁྲི47ཡོད་པར་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན། སློབ་གསོ་པུའུ་ཡིས《2024ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2024ལོར་རྒྱལ་ཡོངས་སུ་བསྡོམས་པས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྲི47.00ཡོད་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་རྒྱུས་སློབ་གསོའི་སློབ་མ་ཁྲི28646.50དང་ཆེད་བསྐོས་དགེ་རྒན་ཁྲི1885.10བཅས་ཡོད། སློབ་སྔོན་སློབ་གསོའི་སློབ་གྲྭར་ཞུགས་ཚད92.00%དང་། ལོ་དགུ་རིང་གི་འོས་འགན་སློབ་གསོའི་བརྟན་འཇགས་ཚད95.90%། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད92.00%། མཐོ་རིམ་སློབ་གསོའི་སློབ་ཞུགས་ཚད60.80%བཅས་ཡིན། རྒྱལ་ཡོངས་སུ་ཁྱོན་བསྡོམས་བུ་བཅོལ་ཁང་ཁྲི25.33ཡོད་པའི་ནང་། སྤྱི་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྲི22.10ཡོད་པ་དེས་རྒྱལ་ཡོངས་ཀྱི་བུ་བཅོལ་ཁང་གི87.26%བཟུང་ཡོད། རྒྱལ་ཡོངས་སུ་ཁྱོན་བསྡོམས་སློབ་སྔོན་སློབ་གསོའི་སློབ་གླིང་དུ་སྡོད་པའི་བྱིས་པ་ཁྲི3583.99ཡོད། སྤྱི་ཕན་རང་བཞིན་གྱི་བུ་བཅོལ་ཁང་དུ་བྱིས་པ་ཁྲི3283.19ཡོད་པ་དེས་རྒྱལ་ཡོངས་ཀྱི་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི91.61%ཟིན་ཡོད། རྒྱལ་ཡོངས་སུ་ཁྱོན་བསྡོམས་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཁྲི18.84ཡོད། འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མ་ཁྲི3465.39དང་། སློབ་གྲྭར་ཞུགས་བཞིན་པའི་སློབ་མ་ཁྲི15970.54། ཆེད་གཉེར་དགེ་རྒན་ཁྲི1073.89བཅས་ཡོད། རྒྱལ་ཡོངས་སུ་ཁྱོན་བསྡོམས་སྤྱིར་བཏང་སློབ་ཆུང་ཁྲི13.63ཡོད། གཞན་ཡང་སློབ་གྲྭའི་གྲངས་ཀ་མི་རྩིས་པའི་སློབ་ཆུང་གི་སློབ་ཁྲིད་ས་ཚིགས་ཁྲ5.22ཡོད། རྒྱལ་ཡོངས་ཀྱི་སློབ་ཆུང་ལ་སློབ་མ་ཁྲི1616.63བསྡུས་པ་དང་། སློབ་གྲྭར་ཞུགས་བཞིན་པའི་སློབ་མ་ཁྲི10584.37། མཐར་ཕྱིན་སློབ་མ་ཁྲི1857.27བཅས་ཡོད། རྒྱལ་ཡོངས་སུ་ཁྱོན་བསྡོམས་དམའ་འབྲིང་སློབ་གྲྭ་ཁྲི5.21(ལས་རིགས་དམའ་འབྲིང་སློབ་གྲྭ4ཚུད་ཡོད)ཡོད། རྒྱལ་ཡོངས་ཀྱི་དམའ་རིམ་སློབ་འབྲིང་དུ་སློབ་མ་ཁྲི1848.75བསྡུས་པ་དང་། སློབ་གྲྭར་ཞུགས་བཞིན་པའི་སློབ་མ་ཁྲི5386.16། མཐར་ཕྱིན་སློབ་མ་ཁྲི1698.24བཅས་ཡོད། རྒྱལ་ཡོངས་སུ་བསྡོམས་པས་དམིགས་བསལ་སློབ་གསོའི་སློབ་གྲྭ2396ཡོད། རྒྱལ་ཡོངས་སུ་བསྡོམས་པས་རྣམ་པ་སྣ་ཚོགས་ཀྱི་དམིགས་བསལ་སློབ་གསོའི་སློབ་མ་ཁྲི15.82བསྡུས་པ་དང་། སློབ་གྲྭར་ཞུགས་བཞིན་པའི་སློབ་མ་ཁྲི91.59ཡོད། རྒྱལ་ཡོངས་སུ་ཁྱོན་བསྡོམས་སྤྱིར་བཏང་མཐོ་འབྲིང་གི་སློབ་གྲྭ་ཁྲི1.58ཡོད། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་ཁྲི1036.20བསྡུས་པ་དང་། སློབ་གྲྭར་ཞུགས་བཞིན་པའི་སློབ་མ་ཁྲི2922.28། མཐར་ཕྱིན་སློབ་མ་ཁྲི890.99ཡོད། རྒྱལ་ཡོངས་སུ་སྤྱིར་བཏང་མཐོ་རིམ་སློབ་འབྲིང་སློབ་གསོའི་ཆེད་གཉེར་དགེ་རྒན་བསྡོམས་པས་ཁྲི230.18ཡོད་པ་དང་། སློབ་མ་དང་དགེ་རྒན་གྱི་བསྡུར་ཚད12.70:1ཡིན། ཆེད་གཉེར་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ཚད་མཐུན་ཚད99.37%ཡིན། རྒྱལ་ཡོངས་སུ་བསྡོམས་པས་མཐོ་རིམ་སློབ་གྲྭ3119ཡོད། དེའི་ནང་སྤྱིར་བཏང་གི་དངོས་གཞིའི་ཚན་ཁག་གི་སློབ་གྲྭ1257(རང་ཚུགས་སློབ་གླིང154ཚུད་ཡོད)དང་། དངོས་གཞིའི་ཚན་ཁག་རིམ་པའི་ལས་རིགས་སློབ་གྲྭ51། མཐོ་རིམ་ལས་རིགས(ཆེད་ལས་ཚན་ཁག)སློབ་གྲྭ1562། དར་མའི་མཐོ་རིམ་སློབ་གྲྭ249བཅས་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་དང་ལས་རིགས་ཀྱི་དངོས་གཞི་དང་ཆེད་ཚན་སློབ་མ་བསྡོམས་པས་ཁྲི3891.26ཡོད། དེའི་ནང་སྤྱིར་བཏང་གི་དངོས་གཞི་ཚན་ཁག་གི་སློབ་མ་ཁྲི2085.91དང་། ལས་རིགས་དངོས་གཞིའི་ཚན་ཁག་གི་སློབ་མ་ཁྲི40.68། མཐོ་རིམ་ལས་རིགས(ཆེད་ལས་ཚན་ཁག)ཀྱི་སློབ་མ་ཁྲི1764.66བཅས་ཡོད། རྒྱལ་ཡོངས་སུ་ཞིབ་འཇུག་སློབ་མ་ཁྱོན་ཁྲི135.68བསྡུས་ཡོད། དེའི་ནང་འབུམ་རམས་པའི་སློབ་མ་ཁྲི17.11དང་། རབ་འབྱམས་པའི་སློབ་མ་ཁྲི118.57བསྡུས་ཡོད། སློབ་སྦྱོང་བྱེད་བཞིན་པའི་ཞིབ་འཇུག་སློབ་མ་ཁྲི409.54ཡོད། དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་འབུམ་རམས་པ་ཁྲི67.63དང་། སློབ་སྦྱོང་བྱེད་བཞིན་པའི་རབ་འབྱམས་པ་ཁྲི341.92ཡོད། མཐར་ཕྱིན་ཞིབ་འཇུག་སློབ་མ་ཁྲི108.36ཡོད་པའི་ནང་འབུམ་རམས་པའི་སློབ་མ་ཁྲི9.72དང་རབ་འབྱམས་པའི་སློབ་མ་ཁྲི98.64ཡོད། རྒྱལ་ཡོངས་སུ་བསྡོམས་པས་རིམ་པ་ཁག་དང་རིགས་ཁག་གི་དམངས་གཉེར་སློབ་གྲྭ་ཁྲི15.28ཡོད་པ་དེས་རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་བསྡོམས་འབོར་བསྡུར་ཚད་གྱི32.52%ཟིན་ཡོད། སློབ་གྲྭར་ཞུགས་བཞིན་པའི་སློབ་མ་ཁྲི4621.59ཡོད་པ་དེས་རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཞུགས་བཞིན་པའི་སློབ་མའི་བསྡོམས་འབོར་བསྡུར་ཚད་གྱི16.13%ཟིན་ཡོད། དམངས་གཉེར་མཐོ་སློབ803ཡོད་པ་དེས་རྒྱལ་ཡོངས་ཀྱི་མཐོ་སློབ་བསྡོམས་འབོར་བསྡུར་ཚད་གྱི25.75%ཟིན་ཡོད། །

སློབ་གསོ་པུའུ་ཡིས2025ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་སློབ་གསོ་པུའུ་གྱིས《2025ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་དྲིལ་བསྒྲགས་ཟླ་རེའི་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་ཐོ》(གཤམ་གསལ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། ཟླ6པ་ནས་ཟླ7པའི་བར་རྒྱལ་ཡོངས་ཁྱབ་ཁོངས་སུ2025ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཟླ་རེའི་བྱེད་སྒོ་སྤེལ་རྒྱུར་བཀོད་སྒྲིག་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གྱི“ལས་ཞུགས་བརྟན་ལྷིང་ཡོང་བའི”ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས། མི་སྤྱོད་སྡེ་ཚན་དང་མཐར་ཕྱིན་སློབ་མའི་ལས་ཞུགས་གཟིགས་སྐྱོང་སྲིད་ཇུས་ཤེས་རྟོགས་གང་ལེགས་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་རོགས་རམ་བྱས་ནས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད། 2025ལོའི“སྲིད་ཇུས་དྲིལ་བསྒྲགས་ཟླ་བའི”བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“སྲིད་ཇུས་ཀྱིས་སྲུང་སྐྱེལ་བྱས་ནས་ལས་གནས་རྒྱ་སྐྱེད་གཏོང་བ”དེ་ཡིན་ཞིང་། སྲིད་ཇུས་དྲིལ་བསྒྲགས་གནད་ལ་འཁེལ་བར་དམིགས་པ་དང་། སྲིད་ཇུས་ཞབས་ཞུ་དོན་འཁྱོལ་བྱ་རྒྱུར་སྐུལ་ཁྲིད་བྱེད་པ། སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་དབྱང་དང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བཏོན་པའི་མི་སྤྱོད་སྡེ་ཚན་ལ་ཕྱོགས་པའི་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཁ་གསབ་དང་། སྤྱི་ཚོགས་འགན་སྲུང་ཁ་གསབ། གསོ་སྦྱོང་ཁ་གསབ་སོགས་ལས་གནས་བརྟན་ལྷིང་དང་ལས་གནས་རྒྱ་སྐྱེད་སྲིད་ཇུས་དང་། མཐོ་སློབ་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་ལས་ཞུགས་བརྟན་ལྷིང་སྲིད་ཇུས་གཙོ་གནད་ཐོག་དྲིལ་བསྒྲགས་བྱེད་རྒྱུ་རེད། སློབ་གསོ་པུའུ་ཡིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཞིབ་ཐོ་བཟོས་པ་དང་། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་སྟེགས་བུའི་ཐོག་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི“སྲིད་ཇུས་ས་བཀྲ”དེ་སྲིད་ཇུས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སུ་བཏོན་ཡོད། 《བརྡ་ཐོའི》ནང་གཙོ་གནད་ཐོག་བྱེད་སྒོ་བཞི་སྤེལ་དགོས་པའི་བླང་བྱ་བཏོན་ཡོད་པ་སྟེ། གཅིག་ནི་སྲིད་ཇུས་ཀྱི་སྒྲོག་སྤེལ་སློབ་གྲྭར་བསྐྱོད་དགོས། ས་གནས་ཁག་གི་མཐོ་སློབ་སོ་སོས་ལས་ཞུགས་སྲིད་ཇུས་དེ་ལས་ཞུགས་མཛུབ་ཁྲིད་སློབ་ཚན་དང་དུས་བབ་སྲིད་ཇུས་སློབ་ཚན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས། རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་ལས་ཞུགས་སྲིད་ཇུས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་དགོས། ལས་ཞུགས་མཛུབ་ཁྲིད་དགེ་རྒན་དང་ལས་ཞུགས་ལས་དོན་མི་སྣར་ཕྱོགས་པའི་ལས་ཞུགས་སྲིད་ཇུས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་དགོས། གཉིས་ནི་སྲིད་ཇུས་ཀྱིས་ཁེ་ལས་ལ་ཕན་ཁེ་བསྐྲུན་དགོས། རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་ལས་ཞུགས་སྲིད་ཇུས་ཁེ་ལས་དང་གླིང་ཁུལ། སྡེ་ཁུལ་བཅས་སུ་བསྐྱོད་པའི་བྱེད་སྒོ་སྤེལ་དགོས། གསུམ་ནི་སྲིད་ཇུས་ལ་གསལ་འགྲེལ་བྱས་ནས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། དྲ་ཐོག་ཕུད་པའི་སློབ་གྲྭའི་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཁྲོད་སྲིད་ཇུས་བློ་འདྲི་སྟེགས་བུ་འཛུགས་པ་དང་ལས་ཞུགས་མཛུབ་ཁྲིད་དགེ་རྒན་སོགས་ཡུལ་དངོས་སུ་སྲིད་ཇུས་བློ་འདྲི་དང་གསལ་འགྲེལ་ཞབས་ཞུ་མཁོ་འདོན་བཀོད་སྒྲིག་བྱེད་དགོས། མི་དམངས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུ་སློབ་གྲྭར་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། མི་དང་ལས་གནས་སྙོམ་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནི་སྨྱན་སྦྱོར་ཡོངས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་དགོས། ས་གནས་ཁག་གི་མཐོ་སློབ་སོ་སོས་སྨྱན་སྦྱོར་གསར་པ་དང་སྲོལ་རྒྱུན་གྱི་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ཏེ། ཐབས་ལམ་མང་བ་དང་ལངས་གཟུགས་ཅན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་དགོས། རིམ་པ་དང་རིགས་སོ་སོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་གདན་ཞུའི་ཞབས་ཞུའི་དྲ་ཚིགས་དང་ལས་ཞུགས་ལས་ཀའི་སྟེགས་བུ་སོགས་སུ་ཆེད་བསྒྲིགས་ལེ་ཚན་བཙུགས་ནས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་སྤེལ་དགོས། 《བརྡ་ཐོའི》ནང་ནན་གྱིས་བསྟན་དོན། སྒྲིག་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།“སྲིད་ཇུས་དྲིལ་བསྒྲགས་ཟླ་བ”བྱེད་སྒོའི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་དམ་ཟབ་བྱེད་དགོས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། བཟོ་ལས་ཆ་འཕྲིན། བཟོ་ཚོང་མཉམ་འབྲེལ་སོགས་སྡེ་ཚན་དང་མཉམ་ལས་ལམ་སྲོལ་བཙུགས་ནས། གཙོ་རྒྱུག་སྨྱན་སྦྱོར་དང་ས་གནས་སྨྱན་སྦྱོར་དང་འབྲེལ་མཐུད་བྱེད་པ་དང་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ། གོ་བདེ་དང་གོ་སླ་བའི་སྐད་ཆ་དང་ཐོས་དགའ་ཉན་སྤྲོའི་རྣམ་པའི་ཐོག་ནས་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། སྲིད་ཇུས་མཐོང་ཐུབ་པ་དང་ཡིད་ལ་འཛིན་ཐུབ་པ། བེད་སྤྱོད་ཡག་པོ་བཅས་ཡོང་བར་འགན་ལེན་བྱེད་དགོས། ས་གནས་ཀྱི་སྲིད་ཇུས་གསར་གཏོད་ཀྱི་ཁྱད་ཆོས་སྔོག་འདོན་བྱས་ཏེ། ས་གནས་ཁག་གི་མཐོ་སློབ་ཁག་གིས་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བཟང་པོ་རྣམ་པ་སྣ་ཚོགས་སྒོས་ཁྱབ་གདལ་གཏོང་དགོས། །

༄༅།།ཐབས་བརྒྱ་ཇུས་སྟོང་གིས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས།

མཐོ་སློབ་སློབ་ཐོན་སློབ་མ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་ཤེས་ལྡན་པའི་ཐོན་ཁུངས་ཡིན་པས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནི་མཐོ་རིམ་སློབ་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་སྦྲེལ་མཚམས་ནུས་ལྡན་ཞིག་རེད། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་དེ་མིག་སྔ་དང་འབྲེལ་བ་ཡོད་ལ། ཕུགས་ལ་དེ་བས་ཕན་པ་ཡོད།ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་། ས་གནས། མཐོ་སློབ་བཅས་ཁག་གིས་སྤྱི་འདོམས་བཀོད་སྒྲིག་དང་སྔ་སྣུར་ཇུས་འགོད་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པ་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་ཡོད།ལས་གནས་ཐོན་ཁུངས་ནི་ལས་ཞུགས་ཀྱི་སྲོག་ཐིག་ཡིན་ཞིང་། ལས་ཞུགས་ལས་གནས་སྔོག་འདོན་གསར་འབྱེད་བྱེད་པ་དང་ལས་བསྡུ་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ་ནི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་རེད། མཐོ་སློབ་ཁག་གིས་ལས་གནས་ཐོན་ཁུངས་མུ་མཐུད་འདུ་འགྲིལ་བྱེད་པ་དང་། སློབ་གྲྭའི་ཆེད་ལས་ཀྱི་ཁྱད་ཆོས་དང་སློབ་ཐོན་སློབ་མའི་ལས་འཚོལ་རེ་འདོད་སོགས་ཀྱི་གནས་ཚུལ་ཁག་ཟུང་འབྲེལ་ལ་མཐོང་ཆེན་བྱེད་པ། ཤེས་ལྡན་པའི་སྤྲོད་མཁོ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་གནས་ཀྱི་གནད་སྨིན་རང་བཞིན་དང་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་སློབ་ཐོན་སློབ་མ་བསྡུ་བའི་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱེད་པར་མཐོང་ཆེན་བྱས་ནས། སྲིད་ཇུས་རང་བཞིན་ལས་གནས་ཀྱི་བསྡུ་ལེན་ནུས་པ་གང་ལེགས་འདོན་པ་དང་། གཞི་རིམ་ལས་ཞུགས་ཀྱི་བར་མཐོངས་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། སློབ་ཐོན་སློབ་མར་ལས་ཞུགས་གོ་སྐབས་དེ་བས་མང་པོ་ཧུར་ཐག་སྐྲུན་དགོས།ལས་ཞུགས་ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་གཏོང་བར་ད་དུང་གཙོ་གནད་ཚོགས་སྤྱིར་གནད་སྨིན་ཞབས་ཞུ་དང་ལས་ཞུགས་ཀྱི་ཐ་གྲས་བརྟན་པོ་སྐྱོང་བར་ཐུག་ཡོད། དབུལ་གྲོལ་ཁྱིམ་ཚང་དང་། མ་མཐའི་འགན་སྲུང་ཁྱིམ་ཚང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མའི་ཚོགས་སྤྱིར་དེ་བས་སེམས་རྩ་འཁོལ་བའི་ལས་ཞུགས་ཞབས་ཞུ་ཞུས་དགོས། འབྲེལ་ཡོད་སྡེ་ཚན་དང་མཐོ་སློབ་ཁག་གིས་རོགས་སྐྱོར་ལས་དོན་གྱི་རྩིས་ཁྲ་བཟོ་བ་དང་ཆ་སྒྲིག་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་བརྒྱུད། དེ་བས་གནད་སྨིན་གྱི་ལས་ཞུགས་མཛུབ་ཁྲིད་བྱས་ཏེ་ཁོང་ཚོ་སྔ་ཙམ་ལས་ཞུགས་ཐུབ་པར་བྱེད་དགོས།རྗེས་སྙེག་རོགས་སྐྱོར་བྱེད་པ་དང་རྒྱུན་མཐུད་ཞབས་འདེགས་ཞུ་བ་ནི་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་སྒྲུབ་དགོས་པའི་ལས་དོན་ཞིག་ཡིན་ཞིང་། ཕྱོགས་གཅིག་ནས་སློབ་གསོ་དང་མི་སྤྱི་སོགས་སྡེ་ཚན་ཁག་གིས་སློབ་གྲྭའི་ལས་བསྡུ་དང་སྤྱི་ཚོགས་ཀྱི་ལས་བསྡུའི་མཇུག་མཐུད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལས་ཞུགས་ཐད་མགོ་སྐོར་ཐེབས་པའི་སློབ་ཐོན་སློབ་མར་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞུ་རོགས་བྱེད་པ་དང་། བྱ་ཐབས་སྣ་མང་སྤྱད་ནས་གྱོང་གུན་ཆུང་དུ་བཏང་སྟེ། སློབ་ཐོན་སློབ་མའི་ཁྲིམས་མཐུན་ལས་ཞུགས་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།ཕུགས་ནས་བལྟས་ན། སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བར་སྤྲོད་མཁོ་འཚམ་མཐུན་དེ་ཉིད་ཕྱོགས་སྟོན་དུ་བཟུང་ནས། མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་གྲུབ་ཆའི་ཁྱབ་ཚུལ་སྐབས་བསྟུན་ལེགས་སྒྲིག་བྱེད་དགོས། སླད་ཕྱིན། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་འཆར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་དགོས་མཁོའི་དབྱེ་ཞིབ་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པའི་སྤྲོད་མཁོའི་འབྲེལ་བར་རྒྱང་ལྟའི་རང་བཞིན་གྱི་དབྱེ་ཞིབ་བྱས་ཏེ། དགོས་མཁོ་ཆེ་བའི་རིག་ཚན་ཆེད་ལས་ཁྲིད་སྟོན་གྱི་འཕེལ་རྒྱས་གསལ་ཐོ་དུས་བཀག་བཞིན་ཡོངས་བསྒྲགས་བྱེད་དགོས། མཐོ་སློབ་ཁག་གིས་རིག་ཚན་ཆེད་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་གཏོང་ལེགས་སྒྲིག་བྱས་ནས། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གནས་ཚུལ་གཞིར་བཟུང་ཤེས་ལྡན་པ་གསོ་སྐྱོང་གི་ཇུས་གཞི་དུས་ཐོག་ཏུ་འབྲེལ་མཐུད་བརྗེ་སྒྱུར་དང་གསར་སྒྱུར་བྱེད་དགོས།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་འབྱོར་བའི་གློག་འཕྲིན)(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)

མཐོ་རྒྱུཊ་ཀྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་སོཊ་བསྒྲཊ་འདུག

ཚེས་10ཉིན། པེ་ཅིང་དང་། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་སོགས་ས་ཁུལ་གྱི་མཐོ་རྒྱུགས་ཀྱི་ཉིན་མཐའ་མའི་རྒྱུགས་ལེན་མཇུག་འགྲིལ་བ་དང་བསྟུན་ནས་2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་མཇུག་འགྲིལ་ཡོད། ཡིག་རྒྱུགས་མཇུག་འགྲིལ་རྗེས། རེ་འདུན་རེའུ་མིག་ག་དུས་འགོད་དགོས་པ་དང་། རྒྱུགས་སྤྲད་ཚར་རྗེས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ་ཞེ་ན། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ནས་ངེས་པར་དུ་ཤེས་དགོས་པ་ནི།སྐར་འབྲས་འདྲི་རྩད་དུས་ཚོད་དང་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་སྔ་ཕྱིར་ཁྱབ་བསྒྲགས་བྱེད་བཞིན་ཡོད། མིག་སྔར། ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་གིས་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ཁྱབ་བསྒྲགས་བྱས་ཡོད། དེ་ཡང་། ཧོ་ནན་གྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ་6ཚེས་26ཉིན་ནས་འགོ་འཛུགས་རྒྱུ་དང་། སྤྱིར་བཏང་དངོས་གཞིའི་ཚན་ཁག་དང་སྒྱུ་རྩལ་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ་6ཚེས་30ཉིན་ནས་ཟླ་7ཚེས་3ཉིན་བར་ཡིན། སྤྱིར་བཏང་མཐོ་རིམ་ལས་རིགས་ཀྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ་7ཚེས་5ཉིན་ནས་ཟླ་7ཚེས་7ཉིན་བར་ཡིན། ཧུའུ་ནན་གྱི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ་6ཚེས་26ཉིན་ནས་འགོ་འཛུགས་རྒྱུ། ཧྲན་ཞི་ཡིས་ཟླ་6ཚེས་27ཉིན་ནས་བཟུང་རྒྱུགས་སྤྲོད་སློབ་མ་སྒྲིག་འཛུགས་བྱས་ནས་རེ་འདུན་རེའུ་མིག་འགོད་རྒྱུ། ཀུའེ་ཀྲོའུ་ཡི་རེ་འདུན་རེའུ་མིག་འགོད་པའི་ལས་དོན་དེ་ཟླ་6ཚེས་28ཉིན་ནས་ཟླ་7ཚེས་2ཉིན་བར་སྤེལ་རྩིས་ཡོད། ཧྲན་ཏུང་གི་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ་6ཚེས་29ཉིན་ནས་འགོ་འཛུགས་རྒྱུ། ཨན་ཧུའེ་ཡི་སྤྱིར་བཏང་དངོས་གཞིའི་ཚན་ཁག་གི་དྲ་ཐོག་ནས་རེ་འདུན་རེའུ་མིག་འགོད་པའི་དུས་ཚོད་ནི་ཟླ་7ཚེས་4ཉིན་ནས་ཟླ་7ཚེས་7ཉིན་བར་ཡིན། དེ་དང་ཆབས་ཅིག ས་གནས་མང་པོ་ཞིག་གིས་སྐར་འབྲས་འདྲི་རྩད་དུས་ཚོད་ཁྱབ་བསྒྲགས་བྱས་ཡོད་དེ། ཨན་ཧུའེ་དང་། ཧྲན་ཞི། ཀུའེ་ཀྲོའུ། ཅི་ལིན། ཅང་ཞི། བོད་ལྗོངས་སོགས་ཀྱིས་སྔོན་དཔག་བྱས་ན་ཟླ་6ཚེས་25ཉིན་ཡས་མས་སུ་སྐར་འབྲས་ཁྱབ་བསྒྲགས་བྱ་རྒྱུ་རེད། ཧྲན་ཏུང་གིས་ཟླ་6ཚེས་26ཉིན་གྱི་གོང་སྐར་འབྲས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཤིན་ཅང་གིས་སྔོན་དཔག་བྱས་ན་ཟླ་6པའི་ཟླ་མཇུག་གོང་སྐར་འབྲས་ཁྱབ་བསྒྲགས་བྱ་རྒྱུ་རེད། ལོ་ལྟར་མཐོ་རྒྱུགས་སྐབས། ངན་པའི་ཚོགས་ཁག་གམ་ཁྲིམས་འགལ་བ་ཁ་ཤས་ཀྱིས་གོ་སྐབས་དང་བསྟུན་ནས་ཁ་བསླུས་རྒྱག་པའི་གོ་སྐབས་འཚོལ་གྱི་ཡོད། དེའི་ཐད། ཞིང་ཆེན་མང་པོ་ཞིག་གིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་མགོ་སྐོར་ལ་དོགས་ཟོན་བྱེད་དགོས་པ་དང་། གཞུང་ཕྱོགས་མིན་པའི་སྟེགས་བུ་བརྒྱུད་ཁྱབ་བསྒྲགས་བྱས་པའི་དོན་དངོས་མིན་པའི་ཆ་འཕྲིན་དང་གྲོན་དངུལ་མཐོ་པོ་ལེན་པའི་རེ་འདུན་རེའུ་མིག་འགོད་རོགས་བྱེད་མཁན་གྱི་སྒྲིག་གཞིར་ཡིད་ཆེས་བྱེད་མི་རུང་སྟེ། མགོ་སྐོར་ཐེབས་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

མཐོ་རྒྱུགས་ལས་ལང་ཚོའི་ཉམས་བཟང་མངོན།

ཟླ་6ཚེས་9ཉིན་གྱི་སྔ་དྲོར་བོད་ཡིག་ཡིག་རྒྱུགས་མཇུག་འགྲིལ་བ་དང་བསྟུན་ནས་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ངང་རྒྱུགས་ར་ནས་ཐོན་པ་དང་། སྔ་ས་ནས་རྒྱུགས་རའི་ཕྱིར་སྒུག་པའི་ཁྱིམ་བདག་ཚོས་ཕྲུ་གུ་ཚོར་མེ་ཏོག་སོས་པ་སྤྲོད་པ་དང་ཕན་ཚུན་འཐམས་ནས་སྐུལ་ལྕག་བྱེད་པ་སོགས་བྱས་ཏེ། ཕྲུ་གུ་ཚོའི་མཐོ་རིམ་སློབ་འབྲིང་གི་འཚོ་བ་ཕུན་སུམ་ཚོགས་པོས་མཇུག་འགྲིལ་བར་རྟེན་འབྲེལ་ཞུས་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ལྷ་ས་སློབ་འབྲིང་དུ་མཐོ་རྒྱུགས་བཏང་ཟིན་ནས་ཕྱིར་ལོག་པའི་སློབ་མ་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

༄༅།།མཐོ་རྒྱུཊ་ཀྱི་སྐར་གྲངས་བལྟ་བའི་དུས་ཚོད་བསྒྲཊ།

ཟླ་6ཚེས་10ཉིན། 2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་མཇུག་བསྒྲིལ་ཡོད། ད་ལོ་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་མཁན་མི་གྲངས་ཁྲི་1335ཡིན་ཞིང་ན་ནིང་ལས་མི་ཁྲི་7གྱིས་ཉུང་བ་རེད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཞིང་ཆེན་མང་པོ་ཞིག་གིས་མཐོ་རྒྱུགས་ཀྱི་སྐར་གྲངས་བལྟ་བའི་དུས་ཚོད་ཁྱབ་བསྒྲགས་བྱས་ཡོད།ས་གནས་ཁག་གིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལྟར་ན། ཧྲང་ཧའེ་ཡིས་ཟླ་6ཚེས་23ཉིན་སྐར་གྲངས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཧྲན་ཏུང་གིས་ཟླ་6ཚེས་26ཉིན་གྱི་སྔོན་ལ་སྐར་གྲངས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཧོ་པེ་དང་ཅི་ལིན། ཨན་ཧུའེ། ཅང་ཞི། ཧོ་ནན། ཧུའུ་ནན། ཀོང་ཞི། ཁྲུང་ཆིང་། སི་ཁྲོན། བོད་ལྗོངས། ཀན་སུའུ་སོགས་ཀྱིས་སྔོན་དཔག་བྱས་ན་ཟླ་6ཚེས་25ཉིན་ཡས་མས་སུ་མཐོ་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཧྲའན་བོད་སློབ་གསོའི་སྤེལ་རེས་གསེར་ཟམ་བཙུགས། གངས་ལྗོངས་སློབ་མར་འཚར་ལོངས་བགྲོད་ལམ་བཤངས།

དབྱར་ཟླ་ར་བར། ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་ཞུན་དབྱི་རྫོང་ཞི་ཐོའུ་གྲོང་ཚོར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་ཆེད་ལས་ཀྱི་སློབ་མ་7ནུབ་བྱང་སློབ་ཆེན་གྱི་ཀུའུ་པིན་ཏི་གནའ་རྫས་རྟོག་ཞིབ་དངོས་སྦྱོང་རྟེན་གཞིའི་འཚོལ་ཞིབ་ནང་ཞུགས་ཤིང་། ཁོང་ཚོས་ཡུལ་དེ་གར་ཟླ་བ་གཉིས་རིང་རི་ཐང་གནའ་རྫས་རྟོག་ཞིབ་ཐད་ཀྱི་དངོས་སྦྱོང་བྱ་རྒྱུ་ཡིན་པ་རེད།སློབ་ཁང་ནས་རི་ཐང་དུ་བསྐྱོད་པ་དང་རིགས་པའི་གཞུང་ལུགས་ནས་ལག་ལེན་གྱི་ཕྱོགས་སུ་ཞུགས་ཤིང་། ས་གཞི་སེར་པོ་དེ་ས་མཐོའི་སློབ་ཆེན་སློབ་མས་ལོ་རྒྱུས་ཀྱི་འཕར་རྩར་རེག་པའི་གསོན་ཉམས་ལྡན་པའི་སློབ་ཚན་དུ་གྱུར་ཡོད། ཡུལ་དེ་ནི་གསར་དུ་ཞུགས་པའི་གནའ་རྫས་རྟོག་ཞིབ་སློབ་མའི་དངོས་སྦྱོང་གི་འགོ་འཛུགས་ས་ཡིན་པ་མ་ཟད། ཧྲའན་ཤིས་མཐོ་སློབ་ཀྱི“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་ལམ་སྲོལ་འོག་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ས་ཁོངས་ལས་བརྒལ་བ་དང་ས་མཐོའི་སློབ་མར་ཕན་བདེ་བསྐྲུན་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།2023ལོའི་ཟླ་10པར། ཧྲའན་ཤིས་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་འཐབ་ཇུས་ཀྱི་ཁ་ཕྱོགས་བཏོན་ཞིང་། ཧྲའན་ཤིས་ཞིང་ཆེན་སློབ་གསོ་ཐིང་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་མགྱོགས་མྱུར་དང་ལེན་ཞུས་ཏེ་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་དང་། ནུབ་བྱང་བཟོ་ལས་སློབ་ཆེན། ཤིས་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། ཁྲང་ཨན་སློབ་ཆེན། ནུབ་བྱང་སློབ་ཆེན། ཤིས་ཨན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། ནུབ་བྱང་སྲིད་ཁྲིམས་སློབ་ཆེན་བཅས་མཐོ་སློབ་བརྒྱད་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་སློབ་གླིང་ཁག་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ། སློབ་མ་མཉམ་དུ་གསོ་སྐྱོང་དང་། ཚན་ཞིབ་ལས་སྟེགས་མཉམ་སྤྱོད། གྲུབ་འབྲས་གལ་ཆེན་སྐྱེད་སྲིང་། སློབ་ཚན་བསླབ་གཞི་འཛུགས་སྐྱོང་། ལས་བྱེད་ཤེས་ལྡན་པ་སྤེལ་རེས་དང་ཕན་ཚུན་མངགས་གཏོང་སོགས་ཀྱི་ཐད་བོད་ལྗོངས་མི་རིགས་སློབ་ཆེན་ལ་ཁ་གཏད་རྒྱབ་སྐྱོར་བྱས་ནས་ཕྱོགས་ཡོངས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཟབ་ཏུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་ཚན་དང་ཆེད་ལས་ཀྱི་འདེགས་སྐྱོར་དང་ཤེས་ལྡན་པ་གསོ་སྐྱོང་ལ་འགན་ལེན་བྱས་ཡོད།ལོ་གཅིག་ལྷག་ཙམ་རིང་། མཐོ་སློབ་བརྒྱད་ཀྱིས་འགྱེད་འཕྲོའི་ཕན་ནུས་འདོན་སྤེལ་བྱས་ནས་བོད་ལྗོངས་མི་རིགས་སློབ་ཆེན་དུ་ཡོད་མུས་ཀྱི་སློབ་མར་མཉམ་འབྲེལ་གསོ་སྐྱོང་ཇུས་གཞི་འོས་འཚམ་གཏན་འཁེལ་བྱས་ཤིང་། དུས་ཐུང་གི་མཁས་པ་སློབ་སྐོར་བ་ནས་སློབ་ལོ་ཧྲིལ་པོར་སྤེལ་རེས་བྱེད་པ་དང་། སློབ་ཚན་གཅིག་མཉམ་དུ་འཚོགས་པ་ནས་སྤྱི་ཚོགས་ལག་ལེན་མཉམ་དུ་བྱེད་པའི་བར་རིམ་པ་མང་བའི་སྤེལ་རེས་ཀྱི་ཐབས་ལམ་བདེ་བླག་བྱུང་ཡོད།བསྡོམས་རྩིས་ལྟར་ན། ལོ་གཉིས་ཙམ་གྱི་རིང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་མ་50ལྷག་ཙམ་ཧྲའན་ཤིས་ཞིང་ཆེན་གྱི་མཐོ་སློབ་བརྒྱད་དུ་སྤེལ་རེས་དང་སློབ་སྦྱོང་བྱེད་པར་མངགས་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱུང་བའི་དུས་མཚུངས་སུ་སློབ་མར་སན་ཆིན་ས་གཞི་ཆེ་མོ་ནས་སློབ་གྲྭ་གྲགས་ཅན་གྱི་རྣམ་པ་ཚོར་ཐུབ་པ་དང་། ཤེས་འདོད་ཀྱི་སྤྲོ་སེམས་རྒྱས་ནས་ཤེས་ལྡན་པར་འགྱུར་བའི་འདུ་ཤེས་ཟབ་ཏུ་བཏང་ཡོད།“ཕྱིར་སྐྱོད་པའི”དུས་མཚུངས་སུ་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཀྱང་སློབ་གྲྭ་གྲགས་ཅན་ཁག་གི་ཐོན་ཁུངས“ནང་དུ་འདྲེན་པར”གཞོལ་བ་སྟེ། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་གཅིག་རྗེས་གཉིས་མཐུད་ངང་བྱས་པ་དང་། ཤེས་བྱ་གསར་ཤོས་ལེ་དབར་སྟོང་ཕྲག་བརྒྱུད་དེ་ས་མཐོའི་སློབ་མར་རྒྱུན་མཐུད་བརྒྱུད་སྤྲོད་བྱས་པ་རེད།ད་ཆ“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་ལམ་སྲོལ་གྱིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་མི་ཚེའི་བགྲོད་ལམ་རིམ་གྱིས་ཇེ་ཡངས་སུ་གཏོང་བཞིན་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་གྱི“སློབ་ཐོན་སློབ་མ་ཕུལ་བྱུང་བཅུ”དཔྱད་འདེམས་ཀྱི་ནང་སློབ་གྲྭ་དེའི་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་གི་སློབ་མ་ཅང་ཧའེ་ཡན་གྱིས་རང་ཉིད་དང་ཁྲང་ཨན་སློབ་ཆེན་དབར་གྱི་ལས་འབྲེལ་སྐོར་སེམས་འགུལ་ཆེན་པོས་བཤད་དོན། “ན་ནིང་ཁྲང་ཨན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་གི་སྒོའི་མདུན་དུ་ལངས་པའི་སྐབས་དེར། དགེ་རྒན་དང་སློབ་གྲོགས་ཚོས་བརྒྱུད་སྤྲོད་བྱས་པའི་དགའ་ཞེན་གྱིས་ང་ལ་མ་འོངས་པར་ཡུལ་དེ་གར་འབྲེལ་ཟམ་འདུ་འགོད་ཀྱི་ཕུགས་འདུན་མུ་མཐུད་རྩོམ་རྒྱུའི་གདམ་ག་བྱེད་སེམས་བརྟན་པོ་སྐྱེས་བྱུང”ཞེས་བཤད།“སློབ་ཆེན་རེས་སློབ་གླིང་རེར་རོགས་རམ”བྱེད་པའི་ལམ་སྲོལ་གྱི་ཕན་པ་ཐོབ་སྟེ། ཉེ་བའི་ལོ་གཉིས་རིང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་ཧྲའན་ཤིས་ཀྱི་མཐོ་སློབ་བརྒྱད་དུ་ཞུགས་ཏེ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་སྦྱོང་གི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། 2023ལོའི་4%ནས་2025ལོའི་9.3%བར་འཕར་ནས་སློབ་གྲྭ་ཡོངས་ཀྱི་སློབ་མ་40ལྷག་ཙམ་གྱིས་ཧྲའན་ཤིས་ཀྱི་མཐོ་སློབ་བརྒྱད་དུ་མུ་མཐུད་ནས་ཟབ་སྦྱོང་གི་རྒྱང་ལམ་གསར་པ་འགོ་བརྩམས་ཡོད་པ་རེད།མ་འོངས་པར་ཁ་ཕྱོགས་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས། ས་བབ་ཀྱི་བཟང་ཆ་དང་ཧྲའན་ཤིས་མཐོ་སློབ་ཀྱི་སྤུས་ལེགས་ཐོན་ཁུངས་ལ་མུ་མཐུད་བརྟེན་ནས། བོད་གསར་འཛུགས་སྐྲུན་གྱི་འགན་འཁྲི་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་རྒྱུར་སྟོབས་ཤུགས་སྔར་ལས་ཆེ་བ་སྦྱིན་རྒྱུ་ཡིན་ཞེས་བརྗོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཐོ་རྒྱུགས་རྗེས་ཀྱི་མངགས་བཅོལ་ཟབ་མོ།

ཟླ་6ཚེས་9ཉིན་གྱི་སྔ་དྲོར། མཐོ་རྒྱུགས་ཀྱི་ཡིག་ཚད་མཐའ་མ་བོད་ཡིག་ཡིག་ཚད་བཏང་རྗེས་2025ལོའི་བོད་ལྗོངས་ཀྱི་མཐོ་རྒྱུགས་དངོས་སུ་མཇུག་འགྲིལ་བ་རེད།གོང་གི་ཉིན་གཉིས་དང་འདྲ་བར་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་ཀྲུའུ་རེན་ཚེ་བདེ་སྐྱིད་ཁུ་སིམ་མེར་རྒྱུགས་གནས་ཀྱི་ཕྱི་རོལ་དུ་ཡིག་རྒྱུགས་གཏོང་བཞིན་པའི་སློབ་མ་སྒུག་ནས་བསྡད་ཡོད།གང་ཙམ་སོང་རྗེས་ཕྲུ་གུ་ཚོ་རྒྱུགས་ར་ནས་གཅིག་རྗེས་གཉིས་མཐུད་ངང་དོན་པ་དང་རྒན་ཚེ་བདེ་སྐྱིད་ལགས་ཀྱིས་སློབ་མའི་གམ་དུ་བཅར་ནས“ཡིག་ཚད་ཁག་པོ་འདུག་གམ”དང་། “ཡིག་ཚད་བཏང་ཟིན་པས་སློབ་སྦྱོང་ཐད་བསམ་བློ་གཏོང་དགོས་མ་རེད། དུས་ཚོད་གང་མཚམས་ཤིག་ངལ་གསོ་ཡག་པོ་ཞིག་བརྒྱབ་ཆོག་གི་རེད”ཅེས་གསུངས།སློབ་གྲྭའི་བཀོད་སྒྲིག་གཞིར་བཟུང་། མཐོ་རྒྱུགས་མཇུག་འགྲིལ་རྗེས་མཐོ་རིམ་ལོ་རིམ་གསུམ་པའི་ཁྱིམ་བདག་ཚོ་སློབ་གྲྭར་གཅིག་གྱུར་དུ་སློབ་མའི་ཡིག་ཚགས་དང་སློབ་ཐོན་ལག་འཁྱེར་བླངས་ནས་སློབ་མ་བསུ་བར་འགྲོ་དགོས་ཀྱི་ཡོད།བང་བསྒྲིགས་ནས་སློབ་མ་ཚང་ཡོད་མེད་བལྟས་རྗེས་ཚེ་བདེ་སྐྱིད་སློབ་མ་དང་མཉམ་དུ་སློབ་ཁང་དུ་བསྐྱོད།དིང་རིའི་ས་ཡོམ་རིམ་པ་6.8བརྒྱུད་མྱོང་ཞིང་། ལོ་ཕྱེད་རིང་ཡུལ་གཞན་དུ་ཡིག་རྒྱུགས་གྲ་སྒྲིག་བྱེད་དགོས་བྱུང་བའི་མཐོ་འབྲིང་གི་སློབ་ཐོན་སློབ་མ་དེ་ཚོར་མཚོན་ན་ཧ་ཅང་དམིགས་བསལ་ཆེ་བ་ཞིག་རེད།ས་ཡོམ་རྒྱག་སྐབས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པའི་སློབ་མ་རྣམས་ཞོགས་སྦྱོང་འཚོག་བཞིན་ཡོད། སློབ་ཁང་ནས་འཕྲལ་མར་དོན་དགོས་འཁེལ་བས་སློབ་མ་ཚོ་སློབ་དེབ་དང་དཔྱད་གཞིའི་ཡིག་ཆ་གང་ཡང་འཁྱེར་ཁོམ་མ་བྱུང་བར་ཚང་མ་ངལ་གསོ་བཞག་ནས་ཁྱིམ་དུ་ལོག་པ་རེད།ཁྱིམ་དུ་སླེབས་རྗེས་སློབ་མ་ཚོའི་ཟས་གོས་སྡོད་གསུམ་ལ་རྒན་ལགས་ཀྱིས་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། དུས་ཚོད་གང་མཚམ་སོང་རྗེས་རྒན་ཚེ་བདེ་སྐྱིད་ལགས་ཀྱིས་སློབ་མ་རེ་རེ་བཞིན་ལ་ཁ་པར་བརྒྱབ་ནས་ཚང་མའི་གནས་ཚུལ་བཀའ་འདྲི་གནང་།མཐོ་འབྲིང་ལོ་རིམ་གསུམ་པ་ནི་འགག་རྩའི་དུས་ཡིན་པས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་སློབ་སྦྱོང་བྱེད་དགོས། སློབ་ཚན་དུས་ཐོག་ཏུ་ཁྲིད་ཐུབ་ཆེད་མཐོ་འབྲིང་ལོ་རིམ་གསུམ་པའི་རྒན་ལགས་ཚོས་གྲ་སྒྲིག་ཚགས་ཚུད་གནང་ནས་འཛིན་གྲྭའི་སྐད་འཕྲིན་ཚོགས་པའི་ནང་སློབ་ཚན་ཁག་གི་བསྐྱར་སྦྱོང་གི་གཙོ་གནད་དང་སྦྱོང་ཚན་བསྐུར་ནས་ཚང་མ་ཁྱིམ་དུ་སློབ་སྦྱོང་བྱེད་དུ་བཅུག་ཡོད།“རྒན་ལཌ་རྣམ་པས་མཐོང་ཆེན་དང་ལྕག་སྐུལ་གནང་བས་སློབ་མ་ཚོས་ཁྱིམ་དུ་སྡོད་རིང་གི་ཟླ་བ་གཉིས་ནང་སྔར་བཞིན་སློབ་སྦྱོང་མཐའ་འཁྱོལ་བྱས་སོང”ཞེས་ཁྱིམ་བདག་སྒྲོལ་དཀར་གྱིས་བརྗོད།“གེཌ་ཁུལ་གྱི་སློབ་མ་ཚོའི་ངོས་ནས་བརྗོད་ན། ཡར་རྒྱས་ཏོག་ཙམ་འགྲོ་དགོས་ན་དུས་རྒྱུན་ལས་དཀའ་བ་བརྒྱ་དང་འབད་པ་སྟོང་བྱེད་དགོས། སྤོབས་པ་སྐྱེ་འོས་པ་ཞིག་ལ་ཚང་མ་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་ཡོད”ཅེས་ཚེ་བདེ་སྐྱིད་ལགས་ཀྱིས་བརྗོད།“དེ་རིང་ཚང་མ་སློབ་གྲྭ་ནས་ཁ་བྲལ་མཁན་རེད། ངས་ཁྱེད་ཚོར་མངག་བྱ་ཁག་གཅིག་བྱ་རྒྱུ་ཡོད”“ཡིག་ཚགས་ལག་ཏུ་རག་རྗེས་ཚང་མས་ངེས་པར་དུ་ཉར་ཚགས་ཡག་པོ་བྱེད་རོཌ། རང་དགར་གཏན་ནས་ཁ་མ་ཕྱེ་རོགས”“ཁྱིམ་དུ་སླེབས་རྗེས་ཡིན་ཅིག་གཟུགས་པོར་ཅ་ག་བྱེད་ཨ”“གཤམ་ལ་ངས་མིང་འབོད་མ་ཐག་སློབ་གྲོགས་ཚོས་ཡིག་ཚགས་དང་སློབ་ཐོན་ལག་ཁྱེར་ལེན་པར་ཤོག་ཨ”འཆད་སྟེགས་སྟེང་དུ་རྒན་ཚེ་བདེ་སྐྱིད་ལགས་མིག་མཐར་མཆི་ཞག་འཁོར་ནས་མགྲིན་པ་ཡང་སེ་བརྣངས་ཏེ་དབུགས་རྔུབ་གཏོང་ཡང་དཀའ་བར་གྱུར།“སློབ་གྲྭར་རྒན་ལགས་ཀྱིས་འཚོ་བའི་ཐད་ང་ཚོར་རྟག་ཏུ་ཐུགས་ཁུར་གནང་བ་དང་། སློབ་སྦྱོང་ཐད་ང་ཚོར་ལྕག་སྐུལ་གནང་བ་མ་ཟད། ད་དུང་འཇིག་རྟེན་གྱི་གནས་ལུགས་མང་པོ་གསུངས་བྱུང་། ཁོང་ནི་ང་ཚོའི་ཨ་མ་དང་ཁྱད་མེད”ཅེས་མཐོ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཡེ་ཤེས་སྒྲོལ་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བརྗོད།“རང་སློབ་གྲྭ་གང་དུ་འགྲོ་འདོད་འདུག”ཅེས་གསར་འགོད་པས་སློབ་ཁང་ནས་དོན་ཡོང་བའི་སློབ་གྲོགས་དེར་སྐད་ཆ་དྲིས།“ང་ཚོ་ལྷ་སའི་ཆེད་ཚན་སློབ་གྲྭར་འགྲོ་འདོད་འདུག”ཅེས་སློབ་གྲོགས་ཁ་ཤས་ཀྱིས་ལན་གཅིག་པ་བརྒྱབ་བྱུང་།“སློབ་གྲྭ་དེར་འགྲོ་འདོད་ཆེན་པོ་བྱེད་དོན་གང་ཡིན་ནམ”ཞེས་འདྲི་སྐབས།“ང་ཚོ་ཡང་རྒན་ཚེ་བདེ་སྐྱིད་ལཌ་དང་འདྲ་བར་ཕུལ་བྱུང་གི་མི་དམངས་དགེ་རྒན་ཞིག་བྱས་ནས་མེས་རྒྱལ་གྱི་ཆེད་དུ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་འདོད་འདུག”ཅེས་ལན་བཏབ་བྱུང་། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

སློབ་མས་ཞིབ་བཟོ་བྱས་པའི་མེ་ཤུཊ་འཕུར་མདའ་འཕེན་གཏོང་བྱས།

“ཁུག་རྟ་དང་པོ”རྟགས་ཅན་ནི་རང་རྒྱལ་གྱི་སློབ་འབྲིང་སློབ་མས་ཞིབ་བཟོ་བྱས་པའི་སྤྱི་ལེ་10རིམ་པའི་གནམ་གཤིས་མཁའ་དཔྱད་མེ་ཤུགས་འཕུར་མདའ་ཐོག་མ་དེ་ཡིན་ཞིང་། སྤྱི་ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་15དང་སྐར་མ་09དང་སྐར་ཆ་15ཡི་ཐོག་མེ་ཤུགས་འཕུར་མདའ་འཕེན་གཏོང་ཡུལ་དངོས་ཀྱི་སྤྱི་ཁྱབ་བཀོད་འདོམས་པའི་ལྡོག་རྩིས་མཇུག་འགྲིལ་བ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོ

མདུན་གྱི་ཟླ་བ་ལྔའི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་གཉིས་ཀའི་འབོར་ཚད་དུས་མཚུངས་ལས་འཕར་ཚད་10%ལས་བརྒལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༦པའི་ཚེས་༡༡ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོ་ཚུན་དུ་གསར་གཉིས་ཀྱི་སྲིད་ཇུས་ཁྱབ་རྒྱ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་རླངས་འཁོར་ཁྲོམ་རའི་འཛད་སྤྱོད་གསོན་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱུར་རོགས་རམ་བྱས་ཡོད། ད་ལོའི་མདུན་གྱི་ཟླ་བ་ལྔའི་ནང་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་ཁག་སོ་སོར་བྱེ་བ་གཅིག་དང་ས་ཡ་གཉིས་དང་བརྒྱད་འབུམ་ཉིས་ཁྲི་དྲུག་སྟོང་དང་བྱེ་བ་གཅིག་དང་ས་ཡ་གཉིས་དང་བདུན་འབུམ་བཞི་ཁྲི་བརྒྱད་སྟོང་ལེགས་གྲུབ་བྱུང་བ་དེ་ཁག་སོ་སོར་དུས་མཚུངས་ལས་༡༢.༧%དང་༡༠.༩%འཕར་ཡོད། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་བྲིན་འཚོང་བྱེད་ཚད་དེ་རླངས་འཁོར་གསར་པ་བྲིན་འཚོང་བྱེད་ཚད་བསྡོམས་འབོར་གྱི་༤༤%ཟིན་ཡོད། ཕྱིར་གཏོང་ཐད། སྤྱི་ཟླ་༡ནས་༥པའི་བར། རླངས་འཁོར་ས་ཡ་གཉིས་དང་བཞི་འབུམ་དགུ་ཁྲི་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་༧.༩%འཕར་ཡོད། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་བརྒྱད་འབུམ་ལྔ་ཁྲི་ལྔ་སྟོང་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་༦༤.༦%འཕར་ཡོད།ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་རང་རྒྱལ་གྱི་རླངས་འཁོར་ལས་རིགས་ཧྲིལ་པོའི་འཁོར་སྐྱོད་བརྟན་ལྷིང་ཁྲོད་ལེགས་སུ་འགྲོ་བའི་རྣམ་པ་མངོན་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་མུ་མཐུད་མགྱོགས་མྱུར་འཕར་བ། རླངས་འཁོར་ཕྱིར་གཏོང་འཕར་ཚད་མངོན་གསལ་དོད་པོས་མགྱོགས་སུ་འགྲོ་བཞིན་ཡོད་ཅེས་བསྟན་གནང་ཡོད།

ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བ།

འདི་ནི་གཞིས་རྩེ་ནས་ཨེ་ཤེ་ཡ་ལྷོ་མར་སྐྱོད་མཁན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ད་ལོའི་དུས་གཏན་རླངས་འཁོར་ཐོག་མ་བདེ་བླག་ངང་འགག་སྒོ་སྒྲོལ་བཞིན་པ།འདི་ནི་ལྷ་ས་འགག་སྒོའི་ཁོངས་གཏོགས་གཉའ་ནང་འགག་སྒོའི་ལས་དོན་པས་ཕྱིར་གཏོང་དངོས་ཟོག་ལ་ཞིབ་བཤེར་བྱེད་བཞིན་པ། (ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་པར་མཁོ་འདོན་བྱས)ད་ལོ་ནས་བཟུང་། ལྷ་ས་འགག་སྒོས་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”སྔར་བས་ལེགས་སུ་དང་ལྟ་འདོམས་ཀྱི་འགན་ནུས་ལ་ཤུགས་སྣོན་བརྒྱབ་ནས། “འགྲོ་ལམ་སྦྲེལ་མཐུད་དང་། ཐོན་ལས་དར་སྤེལ། མཐའ་མཚམས་བརྟན་ལྷིང”བཅས་ཀྱི་ས་མཐོའི་སྒོ་དབྱེའི་མཐོ་ས་བསྐྲུན་རྒྱུར་རམ་འདེགས་བྱས་པར་བརྟེན། དུས་ཚིགས་དང་པོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་འཕར་བར་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ནས། ཟླ་རེའི་འཕེལ་ཕྱོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཕྱི་ཕྱོགས་ཚོང་དོན་གྱི་ལྡེམ་ཤུགས་དང་ནང་སྐྱེས་ཀྱི་སྒུལ་ཤུགས་ཀྱང་རིམ་གྱིས་ཆེ་རུ་ཕྱིན་ཡོད།འགག་སྒོའི་བསྡོམས་རྩིས་ལྟར་ན། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་30.01ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཞིང་། ཟླ་བ་4པར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་6.93ཟིན་ནས་13.9%འཕར་ཡོད།ལྷ་ས་དང་གཞིས་རྩེས་མཉམ་ཤུགས་བཏོན་པ།“སྒུལ་ཤུགས་ཉིས་བསྒྲིགས”ལ་བརྟེན་ནས་སྒོ་དབྱེའི་བགྲོད་ལམ་བསྐྲུན་པ།ཟླ་བ་3པར། གཞིས་རྩེའི་མཐའ་འཁོར་གྱི་རི་རྩེའི་གངས་ད་དུང་ཡོངས་སུ་བཞུར་མེད་ཀྱང་། འགྲམ་འགག་སྒོའི་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་150བླུགས་པའི་ཨེ་ཤེ་ཡ་ལྷོ་མར་སྐྱོད་མཁན་དུས་གཏན་རླངས་འཁོར་ཁག་དང་པོ་འགག་སྒོའི་ཐང་ཆེན་དུ་གྲལ་བསྒྲིགས་ནས་ཡོད་ཅིང་། དེ་དག་འགྲམ་འགག་སྒོ་བརྒྱུད་ནེ་པ་ལར་དབོར་རྒྱུ་རེད། རླངས་འཁོར་དེ་དག་ལྷ་ས་འགག་སྒོས“སྐམ་སའི་གྲུ་ཁར་རེ་ཞུ་དང་། ཁོངས་གཏོགས་ཁུལ་གྱིས་ཞིབ་བཤེར། འགག་སྒོ་ནས་ཤར་གཏོང” བཅས་ཀྱི་ལྟ་འདོམས་བྱེད་ཐབས་སྤྱད་པ་བརྒྱུད། རེ་ཞུ་ནས་ཕྱིར་གཏོང་བར་གྱི་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་ཧྲིལ་པོ་མངོན་འགྱུར་བྱུང་ཡོད།བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཞི་པའི་བར་ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་16.87ཟིན་པ་དེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་56.23%ཟིན་ཏེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་12.86ཟིན་པ་དེ་དུས་མཚུངས་ལས་42.1%འཕར་ཏེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་42.9%བཟུང་ཡོད། གྲོང་ཁྱེར་གཉིས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་99.1%བཟུང་ནས། རང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་སྐྲུན་པར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།ནེ་པ་ལར་ཕྱིར་གཏོང་ནང་འདྲེན་བྱས་པ།ཚོང་དོན་གྱི་རོགས་ཟླ་ཆེ་ཤོས་དབར་མཉམ་ལས་ཀྱི་བར་མཐོངས་གསར་པ་བཏོད་པ།ནེ་པ་ལའི་ཀྲུང་ལུགས་སྨན་རྫས་དང་སྔོ་གཟན་སོགས་ཐོན་རྫས་སྤུས་ལེགས་ནང་འདྲེན་བྱེད་པར་སྐུལ་འདེད་གཏོང་ཆེད། ལྷ་ས་འགག་སྒོས་ནེ་པ་ལའི་སྤུས་ལེགས་ཐོན་ཁུངས་ལ་མུ་མཐུད་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། རིམས་ནད་བརྟག་བཤེར་ཆོག་འཐུས་ལ་སྐུལ་འདེད་གཏོང་བ་དང་། དངོས་སུ་ནང་འདྲེན་བྱེད་ཆོག་པའི་ཐོན་རྫས་ཀྱི་གསལ་ཐོ་བཟོ་བ། ཁེ་ལས་ཀྱིས་ཞོར་གཏོགས་ཆ་རྐྱེན་དང་གནས་བསྒྱུར་ཞིབ་བཤེར་སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་སྤྱོད་པར་རོགས་རམ་བྱས་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར། བོད་ལྗོངས་ཀྱི་འགག་སྒོ་བརྒྱུད་ནེ་པ་ལའི་ཀྲུང་ལུགས་སྨན་རྫས་ཏུན་37.44ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་76.46%འཕར་ཡོད།རང་ལྗོངས་ཀྱི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཡིན་པའི་ནེ་པ་ལ་ཡིས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་གཤམ་གྱི་གྲངས་གཞི་ལས་མཐོང་ཐུབ་སྟེ། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་ལྗོངས་ཀྱིས་ནེ་པ་ལར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་13.1ཟིན་པ་དེ་དུས་མཚུངས་ལས་10.9%འཕར་བ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་། ཨ་རི། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་བཅས་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་4.32དང་། སྒོར་དུང་ཕྱུར་2.44 སྒོར་དུང་ཕྱུར་2.17བཅས་སོ་སོར་ཟིན་ནས་དུས་མཚུངས་ལས་10.8% དང་། 117.6% 79.8%བཅས་སོ་སོར་འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་21.61ཟིན་པ་དེ་དུས་མཚུངས་ལས་7.1%འཕར་ཡོད། RCEPཁོངས་མིའི་རྒྱལ་ཁབ་གཞན་དག་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་7.72ཟིན་པ་དེ་དུས་མཚུངས་ལས་25.9%འཕར་ཡོད།ཁེ་ལས་ལ་ཕན་པའི་བྱེད་ཐབས་ལག་ལེན་བསྟར་བ།རྒྱལ་སྤྱིའི་ཁྲོམ་རར་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་བཏང་བ།བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སི་ནི་ས་མཐོའི་བལ་དང་། ཁུ་ལུ། རྩིད་པ་བཅས་ཀྱི་ཐོན་རྫས་ཞིབ་བཟོ་དང་ས་མཐོའི་སྲོལ་རྒྱུན་འཁལ་འཐག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་གྱི་ཕྱོགས་བསྡུས་ཁེ་ལས་ཤིག་ཡིན་ཞིང་། ཕྱིར་གཏོང་ཚོང་ཟོག་གཙོ་བོ་རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཏུ་འཚོང་བཞིན་ཡོད། བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སིའི་ཕྱི་ཕྱོགས་ཚོང་དོན་གྱི་ཅིང་ལི་ཚེ་དབང་ནོར་བུས་གསར་འགོད་པར། “འགག་སྒོ་ལས་ཁུངས་ཀྱིས་ཀུང་སིའི་ཚོང་ཟོག་ཕྱིར་གཏོང་ལ་བརྒྱུད་རིམ་ཧྲིལ་པོའི་ཞབས་འདེགས་ཞུས་ནས་འགག་སྒོ་སྒྲོལ་ཡུན་ཐུང་དུ་བཏང་ཡོད”ཅེས་དང་། ཁོང་གིས། སྟབས་བདེ་དེ་དག་ནི་ལྷ་ས་འགག་སྒོས་ཁེ་ལས་ལ་ཕན་ཆེད་བཏོན་པའི་བྱེད་ཐབས་རབ་དང་རིམ་པ་ལས་བྱུང་བ་ཞིག་རེད་ཅེས་བརྗོད།ད་ལོ་ཚུན་དུ། ལྷ་ས་འགག་སྒོས་རེས་སྐོར་གསར་པའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རྒྱབ་སྐྱོར་བྱེད་ཐབས་ཁག་12ལག་ལེན་བསྟར་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། “ཁེ་ལས་རེ་ལ་ཐབས་ཇུས་རེ”བཏོན་ནས་ཕྱིར་གཏོང་ལ་ཕན་པའི་ཇུས་གཞི་ལེགས་ཤོས་གཏན་འཁེལ་བྱས་པར་མ་ཟད། ལག་བསྟར་བྱས་པའི་སྲིད་ཇུས་ཀྱི་ཕན་འབྲས་ལ་དུས་ཐོག་ཏུ་དཔྱད་དཔོག་བྱས་ནས་ཁེ་ལས་ཀྱི་ཚུར་ལན་ལྟར་ལེགས་སྒྲིག་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག གཙོ་གནད་ཁེ་ལས་ཀྱི་མཛོད་འཛུགས་པ་དང་། ཡིད་རྟོན་ཆེ་རུ་གཏོང་བ། འགག་སྒོ་སྒྲོལ་བར་སྔོན་ཐོ་འགོད་པ་དང་རིམས་ནད་བརྟག་བཤེར་ལག་ཁྱེར་ལ་དྲ་ཐོག་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་ཞབས་འདེགས་ཞུས་ནས། དངོས་ཟོག་འདོན་འཇུག་དང་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། ཁེ་ལས་ཀྱི་དུས་ཚོད་ལ་གྲོན་ཆུང་ཐུབ་པར་བྱས་་ཡོད།ལྷ་ས་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་ཁྲུའུ་ཀྲང་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། དམངས་གཉེར་ཁེ་ལས་ཀྱིས་བྱེད་པོའི་གནས་བབ་བརྟན་པོ་བཟུང་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་29.3ཟིན་པ་དེ་དུས་མཚུངས་ལས་7%འཕར་ཏེ། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་97.6%བཟུང་ཡོད། གཞུང་ཁོངས་ཁེ་ལས་ཀྱིས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་0.59ཟིན་པ་དེ་དུས་མཚུངས་ལས་112%འཕར་ཡོད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ལུགས་མཐུན་རེ་ཞུར་ཞིབ་མཆན་སྤྲོད་པའི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

ཚེས་7ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་བརྗོད་དོན། འཕྲུལ་མི་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ལས་རིགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་རྒྱལ་ཁབ་ཁག་གིས་དམངས་སྤྱོད་ཁྱབ་ཁོངས་སུ་ལྗིད་ཚད་འབྲིང་བའི་ཞི་ཐུའུ་ཡི་དགོས་མཁོ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་དམངས་སྤྱོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་དགོས་མཁོ་དང་དོ་ཁུར་ལ་བསམ་གཞིག་གང་ལེགས་བྱས་ནས། ཞི་ཐུའུ་དང་འབྲེལ་བ་ཡོད་པའི་དངོས་རྫས་ཕྱིར་གཏོང་ཆོག་འཐུས་ཀྱི་རེ་ཞུར་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། གྲངས་འབོར་ངེས་ཅན་གྱི་ལུགས་མཐུན་རེ་ཞུར་ཁྲིམས་ལྟར་ཆོག་མཆན་སྤྲོད་པ་དང་འབྲེལ། ལུཌ་མཐུན་རེ་ཞུའི་ཞིབ་མཆན་སྤྲོད་པའི་ལས་དོན་ལ་རྒྱུན་མཐུན་ཤུགས་སྣོན་རྒྱག་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་ཕྱིར་གཏོང་བཀག་སྡོམ་གྱི་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལུགས་མཐུན་གྱི་ཚོང་དོན་ལ་སྟབས་བདེ་སྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།གསར་འགོད་པ་ཞིག་གིས། ཉེ་ཆར་རྒྱལ་ཁབ་མང་པོས་ཀྲུང་གོའི་ཞི་ཐུའུ་ཕྱིར་གཏོང་བཀག་སྡོམ་གྱི་བྱེད་ཐབས་ལ་དོ་ཁུར་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད། དེས་ན་ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་གང་དག་སྤྱད་ནས་ཕྱོགས་ཁག་གི་དོ་ཁུར་ལ་ལན་རྒྱག་རྩིས་ཡོད་དམ་ཞེས་འདྲི་སྐབས། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་གོང་གསལ་གྱི་ལན་དེ་ལྟར་བཏབ་ཡོད།མགྲིན་ཚབ་པས་བརྗོད་དོན། ཞི་ཐུའུ་དང་འབྲེལ་བ་ཡོད་པའི་དངོས་རྫས་ལ་དམག་དམངས་གཉིས་སྤྱོད་ཀྱི་ངོ་བོ་ལྡན་པ་དང་། དེར་ཕྱིར་གཏོང་གི་བཀག་སྡོམ་བྱས་པ་དེ་རྒྱལ་སྤྱིའི་ཤར་བགྲོད་ཀྱི་བྱེད་ཐབས་དང་མཐུན་ཡོད། ཀྲུང་གོས་ཞི་ཐུའུ་དང་འབྲེལ་བ་ཡོད་པའི་དངོས་རྫས་ལ་ཕྱིར་གཏོང་གི་ཚོད་འཛིན་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་དེ་བས་སྲུང་སྐྱོང་ཡག་པོ་བྱས་ནས་ཁྱབ་ཚད་སྔོན་འགོག་སོགས་ཀྱི་རྒྱལ་སྤྱིའི་འོས་འགན་སྒྲུབ་ཆེད་རེད། དེ་ཐོག་ནས་སྔར་ནས་ད་བར་འཛམ་གླིང་ཞི་བདེ་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱེད་པའི་ལངས་ཕྱོགས་མངོན་ཡོད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ལྷུ་ལག་བཅོས་སྒྲིག་བྱས་པའི་གློག་སྒུལ་སྦག་སྦག་ངོ་ཐག་གཅོད་པའི་ཐབས་ཤེས་འགའ།

ལིས་གློག་རྫས་གསར་པ་བརྗེས་ན་གློག་ཡུན་རིང་པོ་འདང་ཐུབ། ཤུགས་ཚད་ཆེ་བའི་གློག་འཕྲུལ་ཞིག་བརྗེས་ན་ཤུགས་དེ་བས་ཆེ་བ་ཡོད། བསྡད་ས་འཐོལ་པ་བསྒར་ན་མི་ཐེག་ཚད་ལ་སེམས་ཁྲལ་བྱེད་མི་དགོས་ཞེས་པ་ལ་སོགས་ཕྱིར་འཚོང་དང་ཉམས་བཟོ་ཁང་ཁག་གཅིག་གིས་གློག་སྒུལ་སྦག་སྦག་གི“ལྷུ་ལག་བཅོས་སྒྲིག་བྱེད་ཆོག”ཅེས་དང“རིམ་པ་སྤར་ཆོག”ཅེས་བཤད་ནས་འཛད་སྤྱོད་པའི་ཡིད་དབང་འགུག་ཐབས་བྱེད་ཀྱི་ཡོད། བྱེད་སྤྱོད་དེ་དག་ནི་རང་ཉིད་ལ་ཕན་ཐོགས་ཡོད་པ་ལྟར་སྣང་མོད། འོན་ཀྱང་གློག་སྒུལ་སྦག་སྦག་གི་ལྷུ་ལག་གང་འདོད་དུ་བརྗེ་བ་དང་། དབང་ཆ་མ་ཐོབ་པ་དང་བདེ་འཇགས་གཤིས་ནུས་ལ་ཞིབ་དཔྱད་དང་ཁས་ལེན་དཔང་འདོན་མ་ཐོབ་པར་གློག་སྒུལ་སྦག་སྦག་གི་ལྷུ་ལག་ཁ་སྣོན་བརྒྱབ་པ་ཚང་མ་ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱས་པའི་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས།གཅིག རྒྱུན་མཐོང་གི་ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱས་པའི་རིགས།1.མྱུར་ཚད་ཚོད་འཛིན་ལ་བཟོ་བཅོས་རྒྱག་པ་སྟེ། རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་གློག་སྒུལ་སྦག་སྦག་གི་མྱུར་ཚད་མགྱོགས་ཤོས་25km/hཡིན་པ་དང་། བཅོས་རྗེས་མྱུར་ཚད་མགྱོགས་ཤོས་60km/hཟིན་པ།2.མྱུར་ཚད་ཚོད་འཛིན་སྒྲིག་ཆས་དང་རྐང་པ་འཇོག་ས་བཤིག་པ།3.གློག་གསོག་སྣོད་ཆས་ཆེ་རུ་གཏོང་བའམ་མཐུད་སྣེ་འཇོག་པ་དང་། ཕྱི་ངོས་སུ་གློག་གསོག་སྣོད་ཆས་ཀྱི་སྒྲོམ་བསྒར་བ། མ་འཁོར་གྱི་གཏན་འབེབས་དང་མི་མཐུན་པའི་གློག་གསོག་སྣོད་ཆས་་འཐོལ་པ་བསྒར་བའམ་བརྗེ་བ།4.གདུགས་སྒྲོམ་དང་འཁོར་ཁེབས་སོགས་ཕྱི་ངོས་ཀྱི་སྒྲིག་ཆས་བསྒར་ནས་གློག་སྒུལ་འཁོར་རིགས་ཀྱི་བཀོལ་སྤྱོད་རང་བཞིན་དང་བརྟན་པའི་རང་བཞིན་ལ་ཤུགས་རྐྱེན་བཟོ་བ།5.དམིགས་བསལ་འཁོར་རིགས་དང་འདྲ་བའི་མཚོན་རྟགས་དང་། རི་མོ། ཉེན་བརྡའི་ཡོ་ཆས་སོགས་རང་དགར་སྦྱར་བའམ་བསྒར་ནས་གོ་འཛོལ་ཡོང་ཉེན་བཟོ་བ།6.ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱེད་པ་དཔེར་ན། འབོལ་གདན་རིང་དུ་གཏོང་བ་དང་ལག་སྐྱོར་ཁ་སྣོན་བྱེད་པ་སོགས།གཉིས། གློག་སྒུལ་སྦག་སྦག་གི་ལྷུ་ལག་ཁྲིམས་དང་མི་མཐུན་པར་བཅོས་སྒྲིག་བྱས་པའི་གནོད་འཚེ།1.ལྷུ་ལག་ཆུང་ཆུང་བསྒྲིགས་པའི་ཉེན་ཁ་ནི་ཚོད་འཛིན་བྱེད་དཀའ་བ་ཞིག་རེད། གློག་སྒུལ་སྦག་སྦག་གི་ལྷུ་ལག་བཅོས་སྒྲིག་བྱས་ན་སྦག་སྦག་གི་ལྗིད་ཚད་ལ་འགྱུར་ལྡོག་བྱུང་སྟེ། ཚོད་འཛིན་དང་འཁོར་བཀག་ཚང་མའི་ནུས་པ་ཞན་དུ་འགྱུར་བ་དང་། ལྷག་པར་དུ་མྱུར་ཚད་ལ་ཚད་བཀག་མེད་པར་བཟོས་ན། སྦག་སྦག་མྱུར་ཚད་ལས་བརྒལ་ནས་སྐྱོད་སྐབས་ཚོད་འཛིན་བྱེད་དཀའ་བས་ཉེན་ཁ་ཧ་ཅང་ཆེ།2.སྐུད་ལམ་ལ་བཟོ་བཅོས་བརྒྱབ་ན་རང་བཞིན་དུ་འབར་སླ་རུ་འགྱུར་སྲིད། ལྷུ་ལག་མང་པོ་བསྒྲིགས་ན་གློག་ལམ་བསྒྱུར་སྲིད། གལ་ཏེ་གློག་སྐུད་ཕྲ་མོར་གློག་རྒྱུན་ཆེན་པོ་འཁྲིད་ཚེ། གློག་ལམ་བརྟན་པོ་མེད་པའི་ཁར་གློག་སྐུད་འཁྲུགས་ནས་རང་བཞིན་དུ་འབར་སླ་པོ་རེད།3.གློག་རྫས་ལ་བཟོ་བཅོས་རྒྱག་པ་ནི“འབར་རྫས་སྦས་པ”དང་གཉིས་སུ་མ་མཆིས། གློག་རྫས་ལ་བཟོ་བཅོས་བརྒྱབ་རྗེས། སྐུད་པའི་མཐུད་སྣེ་དང་གློག་སྐུད་ལ་སྐྱོན་ཤོར་སྲིད། གལ་ཏེ་སྐབས་དེར་གང་འདོད་དུ་འདྲེན་སྐུད་འཐེན་ནས་གློག་བསླངས་ན། གློག་རྫས་ལ་གློག་གསོག་སྐབས་ནང་ཁུལ་དུ་འདུས་པའི་ཆིང་རླངས་ལ་མེ་མཆེད་ནས་འབར་གས་བྱེད་སླ་པོ་རེད།4.འཁོར་ཁེབས་དང་ཉི་སྒྲིབ་ཀྱིས་མཐོང་ལམ་འགོག་སྲིད། གློག་སྒུལ་སྦག་སྦག་ལ་འཁོར་ཁེབས་དང་ཉི་སྒྲིབ་བསྒར་ན་ཉི་མ་དང་ཆར་པ་འགོག་ཐུབ་མོད་མཐོང་ལམ་ཡང་འགོག་པ་མ་ཟད། ད་དུང་སྦག་སྦག་གི་རླུང་འགོག་ཀྱང་ཇེ་ཆེར་གྱུར་ནས་ལྷགས་པ་ཆེན་པོ་རྒྱག་སྐབས་སྦག་སྦག་བརྟན་པོ་མེད་པར་གྱུར་ནས་དོན་རྐྱེན་ཐོན་ཉེན་ཆེན་པོ་ཡོད།གསུམ། གློག་སྒུལ་སྦག་སྦག་གི་ལྷུ་ལག་ཁྲིམས་དང་མི་མཐུན་པར་བཅོས་སྒྲིག་བྱས་ཡོད་མེད་ལྟ་བའི་ཐབས་ཤེས།1.ཚད་ལོན་དཔང་ཡིག་ཐོག་གི“གསང་བ” གློག་སྒུལ་སྦག་སྦག་ཚང་མར་གྲངས་འཛིན་ཨང་སྒྲིག་རེ་ཡོད་པ་དེ་ནི་འཁོར་རིགས་ཀྱི“ཐོབ་ཐང་ལག་ཁྱེར”ཡིན། 《གློག་སྒུལ་སྦག་སྦག་ཐོན་རྫས་ཚད་ལོན་དཔང་ཡིག》ཐོག་གི་ཨང་སྒྲིག་དང་སྦག་སྦག་ངོས་སུ་བཀོད་པའི་ཨང་སྒྲིག་གཅིག་མཚུངས་ཡིན་མིན་ཞིབ་བསྡུར་བྱེད་དགོས། གཞན་ཡང་། ཚད་ལོན་དཔང་ཡིག་ཐོག་ཆ་འཕྲིན་གཞན་དག་ཀྱང་ཡོད་པས། མ་ཉོས་གོང་། ཚད་ལོན་དཔང་ཡིག་ཐོག་གི་ཕྱིའི་པར་རིས་དང་སྦག་སྦག་དངོས་གཅིག་མཚུངས་ཡིན་མིན་དང་། ཚད་ལོན་དཔང་ཡིག་ཐོག་བཀོད་པའི་གློག་གསོག་སྣོད་ཆས་རིགས་དང་དངོས་སུ་བསྒར་པའི་གློག་རྫས་རིགས་གཅིག་མཚུངས་ཡིན་མིན་ཞིབ་བསྡུར་བྱེད་དགོས།2.ཆེ་ཆུང་གི་ཚད་གཞིར་ལྟ་བའི་ཐབས་ཤེས། གློག་སྒུལ་སྦག་སྦག་ཧྲིལ་པོའི་མཐོ་ཚད་དང་ཞེང་ཚད། འཁོར་ལོ་རྒྱབ་མདུན་གྱི་བར་ཐག་བཅས་ཚང་མར་གྲངས་ཐང་ཚད་གཞི་གསལ་པོ་ཡོད་པས། མ་ཉོས་གོང་གྲངས་ཐང་དེ་དག་གཏན་འབེབས་དང་མཐུན་མིན་ཞིབ་བསྡུར་ནན་ཏན་བྱེད་དགོས།3.གློག་འཛུགས་ཐོག་གི“གསང་བ་ཆུང་ཆུང” གློག་རྫས་མི་འདྲ་བར་སྤྱོད་པའི་གློག་འཛུགས་ཀྱི་རྣམ་པ་མི་འདྲ། གལ་སྲིད་ཁྱེད་ཀྱི་གློག་སྒུལ་སྦག་སྦག་གི་གློག་འཛུགས་དང་གློག་རྫས་འཚམ་པོ་མེད་ཚེ་གཟབ་གཟབ་བྱེད་དགོས་ཏེ། དེ་ནི་ཁྲིམས་དང་མི་མཐུན་པར་ལྷུ་ལག་བཅོས་སྒྲིག་བྱས་པའི་རྟགས་མཚན་ཡིན་ཉེན་ཆེ།4.སྦག་སྦག་གི་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་དགོས། གོང་དུ་བཤད་པའི་རྒྱུན་མཐོང་གི་བཅོས་སྒྲིག་གནས་ཚུལ་ལ་དཔེ་བལྟས་ནས་ལྷུ་ལག་བཅོས་སྒྲིག་བྱས་ཡོད་མེད་ཞིབ་བཤེར་བྱེད་དགོས།(བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས) འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

༄༅།།ཀན་སུའུ་ཡིས་ཚན་རྩལ་གསར་གཏོད་དང་གཞན་སྒྱུར་རྟེན་གཞི་ཧུར་ཐག་བསྐྲུན་པ།

2024ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས“ཀན་སུའུ་ཡིས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས”ཞེས་གསུངས་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀན་སུའུ་ཡིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཚན་རྩལ་གསར་གཏོད་དང་དེའི་གཞན་སྒྱུར་རྟེན་གཞི་ཧུར་ཐག་བསྐྲུན་ཡོད།སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱེད་ཚད་མང་དུ་ཕྱིན་པ།ལན་ཀྲོའུ་གྲོང་ཁྱེར་ནན་ཁྲང་ལམ་སྒོ་རྟགས་ཨང་509པར་ཀྲུང་གོ་ཚན་རིག་ཁང་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་གནས་ཤིང་། རིང་ཚད་ལ་སྨི་བརྒྱ་ཕྲག་ཡོད་པའི་ལན་ཀྲོའུ་ཡི་ལྕི་བའི་གྱེས་རྡུལ་མགྱོགས་གཏོང་ཡོ་ཆས“འབྲུག་ཆེན”ཞིག་ལྟར་འདིར་གནས་ཡོད།རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ལྡན་པ་དང་རང་རྒྱལ་ནས་ཐོན་པའི་ཐཱན་གྱེས་རྡུལ་སྨན་བཅོས་མ་ལག་ཐོག་མ་དེ་ལན་ཀྲོའུ་ཡི་ལྕི་བའི་གྱེས་རྡུལ་མགྱོགས་གཏོང་ཡོ་ཆས་ནས་བྱུང་བ་ཞིག་རེད། ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་གཞོན་པ་དབྱང་ཅན་ཁྲེང་གིས་མིག་སྔའི་བར་འཕྲུལ་ཆས་5ལ་ཐོ་འགོད་ཆོག་མཆན་ཐོབ་པ་དང་འཕྲུལ་ཆས་5ཐོན་སྐྱེད་བྱེད་བཞིན་ཡོད་པས་རྨང་གཞིའི་ཞིབ་འཇུག་ཐོན་ལས་ཅན་མངོན་འགྱུར་བྱུང་ཡོད་ཅེས་བཤད།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པར་སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱ་རྒྱུ་ནི་འགག་རྩ་རེད། “ལུང་ཡིའུ་ཨང་6པར”བརྟེན་ནས་རང་རྒྱལ་གྱི་དགུན་ཁའི་པད་ཁ་འདེབས་འཛུགས་ས་ཁོངས་བྱང་ཕྱོགས་ཀྱི་འཕྲེད་ཐིག་ཏུའུ་13རུ་སྣུར་སྲིང་བྱས་པ་དང་ཀྲའོ་ཝ་2ཀྱི་གཤེར་གཟུགས་འབུད་རྫས་ཐུའུ་རྨང་བཞུ་ཚྭའི་ཚོད་ལྟ་གོ་ལ་ཧྲིལ་པོར་ཐོག་མར་སྤྱོད་རྒྱུ་ཁྱབ་གདལ་བཏང་བ་དང་སྨན་སྤྱོད་གནས་མཐུན་རྒྱུ་རིགས་6གྲུབ་འབྲས་ཐོབ་པའི་ངང་བཟོ་ཐུབ་ཡོད།“2024ལོར་ཀན་སུའུ་ཡི་གྲུབ་འབྲས་ཁག་8ལ་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་ཡོད” ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་མིན་ཕིང་གིས་ཀན་སུའུ་རུ་ལག་རྩལ་རྣམ་གྲངས་353རང་རྒྱལ་གྱིས་ཐོན་པའི་ཚབ་བྱས་པ་དང་ལག་རྩལ་ཁག་226རྒྱལ་ནང་ངམ་ཡང་ན་རྒྱལ་སྤྱིའི་ཐོག་སྔོན་ཐོན་རྒྱུན་འཁྱོངས་ཐུབ་ཡོད་ལ། ཐོག་མའི་གསར་གཏོད་གྲུབ་འབྲས་རྣམ་གྲངས་173ཐོན་ལས་ཅན་དུ་གྱུར་ཡོད་ཅེས་བཤད།ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་ཇེ་ཆེར་འཕེལ་བ།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གཙོ་གནད་ཡིན། “ང་ཚོས་རང་རྟེན་ཞིབ་སྤེལ་བྱས་པའི་ཨ་ཤོམ་འཐུ་བའི་འཕྲུལ་ཆས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད” ཅིའུ་ཆོན་ཨའོ་ཁའེ་ས་བོན་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཅ་ཅུན་གྱིས་འཕྲུལ་འཁོར་དེའི་ལས་ཕྱོད་མིས་བཀོག་པ་ལས་ལྡབ་200ཡིས་མང་བ་ཡོད་པ་དང་མུའུ་རེ་ནས་མ་གནས་སྒོར་200གྲོན་ཆུང་ཐུབ་པས་ཀན་སུའུ་དང་ཤིན་ཅང་སོགས་སུ་ཁྱབ་གདལ་བཏང་ཡོད་ཅེས་བཤད། 2024ལོའི་ལོ་མཇུག་བར། ཀན་སུའུ་ཞིང་ཆེན་དུ་མཐོ་གསར་ལག་རྩལ་གྱི་ཁེ་ལས་2463ཟིན་ནས་དུས་མཚུངས་ལས་16.2%འཕར་ཡོད། ཁེ་ལས་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་13ཞིང་ཆེན་ཕྱི་ནང་གི་ཚན་པ་326ལ་གཅིག་སྡུད་བྱས་པ་དང་ཚན་ཞིབ་མི་སྣ་5700ལྷག་ཙམ་གྱིས་མཐུན་སྦྱོར་གསར་གཏོད་བྱས་ཏེ་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་རྣམ་གྲངས་89འགག་སྒྲོལ་དང་ཚན་རྩལ་གྲུབ་འབྲས་རྣམ་གྲངས་41གཞན་སྒྱུར་བེད་སྤྱོད་བྱས་ཡོད།ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བདེ་བླག་བྱུང་བ།པེ་ཅིང་སློབ་ཆེན་ཧོང་ཁྲུན་ཧུའེ་ཡོན་ཧྲི་ཚོགས་པས་ཞིབ་སྤེལ་བྱས་པའི་ཞི་ཐུའུ་སྡེབ་སྦྱོར་དངོས་རྫས་འོད་འཕྲོ་རྒྱུ་ཆ་ཐོན་སྐྱེད་ཐུབ་ཚེ་ཐོན་རྫས་རྐྱང་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.5ཟིན་རེ་ཡོད་མོད། འོན་ཀྱང་ཚོགས་པར་ལག་རྩལ་ཡོད་ཀྱང་འཁོར་ཁང་མེད་པའི་དཀའ་ངལ་འཕྲད་ཡོད།“ཁེ་ལས་ཀྱིས་འདྲི་གཞི་འདོན་པ་དང་། སློབ་གླིང་གིས་ལན་འདེབས་པ། སྲིད་གཞུང་གིས་ཁྲིད་སྟོན”བཅས་བྱས་ཏེ། ལན་ཀྲོའུ་ཁུལ་གསར་གྱིས་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ཡོད། “ང་ཚོས་ཆེད་མི་བཏང་ནས་འབྲེལ་མཐུད་དང་ཚད་ལྡན་ཅན་གྱི་འཁོར་ཁང་མཁོ་འདོན་བྱས་པ་མ་ཟད། ཧོང་ཁྲུན་ཧུའེ་ཡོན་ཧྲི་ཚོགས་པ་གདན་དྲངས་ནས་ལན་ཀྲོའུ་རེའུ་སི་རྒྱུ་ཆ་གསར་པའི་ཚན་རྩལ་ཀུང་སི་ཐོ་བཀོད་ནས་བཙུགས་ཡོད”ཅེས་ལན་ཀྲོའུ་ཁུལ་གསར་ཚན་རྩལ་གསར་གཏོད་ཅུས་ཀྱི་ཅུས་ཀྲང་དབྱང་ཐེན་གཡོད་ཀྱིས་བརྗོད་པ་དང་། ཁོང་གིས་ཀུང་སིས་ས་གནས་དེ་གའི་མཐོ་སློབ་དང་མཉམ་དུ་འགག་སྒྲོལ་བྱས་ནས་ཟླ་བ་དྲུག་གི་ནང་ཏུན་བརྒྱ་རིམ་པའི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ནས་ཞི་ཐུའུ་འོད་འཕྲོ་རྒྱུ་ཆ་ཏུན་ཟིན་པ་ཐོན་སྐྱེད་བྱས་ཡོད་ཅེས་བཤད།“ཞི་ཐུའུ་འོད་འཕྲོ་རྒྱུ་ཆས་འོད་སྦྱོར་ནུས་པའི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་10%ནས་20%བར་མཐོ་རུ་འགྲོ་ཐུབ”ཅེས་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཝུའེ་ཧུའེ་པོ་ཡིས་བཤད།ཀན་སུའུ་ཡིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི“མཐའ་མའི་འགག་གནད”ལ་དམ་པོར་དམིགས་ནས་སྲིད་ཇུས་དང་། ཁྲོམ་ར། དངུལ་རྩ། ཞབས་ཞུ་བཅས་བགྲོད་ལམ་ཆེན་པོ་བཞི་ཤར་གཏོང་ཐུབ་པ་མ་ཟད། ཞིབ་འཇུག་བྱེད་བཞིན་པའི་གཙོ་གནད་རྣམ་གྲངས་དང་། ཚན་ཞིབ་གྲུབ་འབྲས། གཞན་སྒྱུར་རྣམ་གྲངས་བཅས་ཀྱི“གསལ་ཐོ་གསུམ”བཟོས་ནས་གྲུབ་འབྲས་གཞན་སྒྱུར་གྱི་ཁྲོམ་རའི་བགྲོད་ལམ་དེ་བས་ཤར་བགྲོད་ཐུབ་པ་བྱས་ཡོད།“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་དང‘ཕྱོགས་གཉིས་ལ་ཁྱབ་པར’སྐུལ་འདེད་ཏན་ཏིག་བཏང་སྟེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་ཀྱིས་གསར་གཏོད་རྣམ་པའི་ཀན་སུའུ་མགྱོགས་མྱུར་སྐྲུན་གྱི་ཡིན”ཞེས་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་བཤད།(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)

ཀན་སུའུ་ཡིས་ཚན་རྩལ་གསར་གཏོད་དང་གཞན་སྒྱུར་རྟེན་གཞི་ཧུར་ཐག་བསྐྲུན་པ།

2024ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས“ཀན་སུའུ་ཡིས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས”ཞེས་གསུངས་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀན་སུའུ་ཡིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཚན་རྩལ་གསར་གཏོད་དང་དེའི་གཞན་སྒྱུར་རྟེན་གཞི་ཧུར་ཐག་བསྐྲུན་ཡོད།སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱེད་ཚད་མང་དུ་ཕྱིན་པ།ལན་ཀྲོའུ་གྲོང་ཁྱེར་ནན་ཁྲང་ལམ་སྒོ་རྟགས་ཨང་509པར་ཀྲུང་གོ་ཚན་རིག་ཁང་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་གནས་ཤིང་། རིང་ཚད་ལ་སྨི་བརྒྱ་ཕྲག་ཡོད་པའི་ལན་ཀྲོའུ་ཡི་ལྕི་བའི་གྱེས་རྡུལ་མགྱོགས་གཏོང་ཡོ་ཆས“འབྲུག་ཆེན”ཞིག་ལྟར་འདིར་གནས་ཡོད།རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ལྡན་པ་དང་རང་རྒྱལ་ནས་ཐོན་པའི་ཐཱན་གྱེས་རྡུལ་སྨན་བཅོས་མ་ལག་ཐོག་མ་དེ་ལན་ཀྲོའུ་ཡི་ལྕི་བའི་གྱེས་རྡུལ་མགྱོགས་གཏོང་ཡོ་ཆས་ནས་བྱུང་བ་ཞིག་རེད། ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་གཞོན་པ་དབྱང་ཅན་ཁྲེང་གིས་མིག་སྔའི་བར་འཕྲུལ་ཆས་5ལ་ཐོ་འགོད་ཆོག་མཆན་ཐོབ་པ་དང་འཕྲུལ་ཆས་5ཐོན་སྐྱེད་བྱེད་བཞིན་ཡོད་པས་རྨང་གཞིའི་ཞིབ་འཇུག་ཐོན་ལས་ཅན་མངོན་འགྱུར་བྱུང་ཡོད་ཅེས་བཤད།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པར་སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱ་རྒྱུ་ནི་འགག་རྩ་རེད། “ལུང་ཡིའུ་ཨང་6པར”བརྟེན་ནས་རང་རྒྱལ་གྱི་དགུན་ཁའི་པད་ཁ་འདེབས་འཛུགས་ས་ཁོངས་བྱང་ཕྱོགས་ཀྱི་འཕྲེད་ཐིག་ཏུའུ་13རུ་སྣུར་སྲིང་བྱས་པ་དང་ཀྲའོ་ཝ་2ཀྱི་གཤེར་གཟུགས་འབུད་རྫས་ཐུའུ་རྨང་བཞུ་ཚྭའི་ཚོད་ལྟ་གོ་ལ་ཧྲིལ་པོར་ཐོག་མར་སྤྱོད་རྒྱུ་ཁྱབ་གདལ་བཏང་བ་དང་སྨན་སྤྱོད་གནས་མཐུན་རྒྱུ་རིགས་6གྲུབ་འབྲས་ཐོབ་པའི་ངང་བཟོ་ཐུབ་ཡོད།“2024ལོར་ཀན་སུའུ་ཡི་གྲུབ་འབྲས་ཁག་8ལ་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་ཡོད” ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་མིན་ཕིང་གིས་ཀན་སུའུ་རུ་ལག་རྩལ་རྣམ་གྲངས་353རང་རྒྱལ་གྱིས་ཐོན་པའི་ཚབ་བྱས་པ་དང་ལག་རྩལ་ཁག་226རྒྱལ་ནང་ངམ་ཡང་ན་རྒྱལ་སྤྱིའི་ཐོག་སྔོན་ཐོན་རྒྱུན་འཁྱོངས་ཐུབ་ཡོད་ལ། ཐོག་མའི་གསར་གཏོད་གྲུབ་འབྲས་རྣམ་གྲངས་173ཐོན་ལས་ཅན་དུ་གྱུར་ཡོད་ཅེས་བཤད།ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་ཇེ་ཆེར་འཕེལ་བ།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གཙོ་གནད་ཡིན། “ང་ཚོས་རང་རྟེན་ཞིབ་སྤེལ་བྱས་པའི་ཨ་ཤོམ་འཐུ་བའི་འཕྲུལ་ཆས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད” ཅིའུ་ཆོན་ཨའོ་ཁའེ་ས་བོན་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཅ་ཅུན་གྱིས་འཕྲུལ་འཁོར་དེའི་ལས་ཕྱོད་མིས་བཀོག་པ་ལས་ལྡབ་200ཡིས་མང་བ་ཡོད་པ་དང་མུའུ་རེ་ནས་མ་གནས་སྒོར་200གྲོན་ཆུང་ཐུབ་པས་ཀན་སུའུ་དང་ཤིན་ཅང་སོགས་སུ་ཁྱབ་གདལ་བཏང་ཡོད་ཅེས་བཤད། 2024ལོའི་ལོ་མཇུག་བར། ཀན་སུའུ་ཞིང་ཆེན་དུ་མཐོ་གསར་ལག་རྩལ་གྱི་ཁེ་ལས་2463ཟིན་ནས་དུས་མཚུངས་ལས་16.2%འཕར་ཡོད། ཁེ་ལས་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་13ཞིང་ཆེན་ཕྱི་ནང་གི་ཚན་པ་326ལ་གཅིག་སྡུད་བྱས་པ་དང་ཚན་ཞིབ་མི་སྣ་5700ལྷག་ཙམ་གྱིས་མཐུན་སྦྱོར་གསར་གཏོད་བྱས་ཏེ་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་རྣམ་གྲངས་89འགག་སྒྲོལ་དང་ཚན་རྩལ་གྲུབ་འབྲས་རྣམ་གྲངས་41གཞན་སྒྱུར་བེད་སྤྱོད་བྱས་ཡོད།ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བདེ་བླག་བྱུང་བ།པེ་ཅིང་སློབ་ཆེན་ཧོང་ཁྲུན་ཧུའེ་ཡོན་ཧྲི་ཚོགས་པས་ཞིབ་སྤེལ་བྱས་པའི་ཞི་ཐུའུ་སྡེབ་སྦྱོར་དངོས་རྫས་འོད་འཕྲོ་རྒྱུ་ཆ་ཐོན་སྐྱེད་ཐུབ་ཚེ་ཐོན་རྫས་རྐྱང་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.5ཟིན་རེ་ཡོད་མོད། འོན་ཀྱང་ཚོགས་པར་ལག་རྩལ་ཡོད་ཀྱང་འཁོར་ཁང་མེད་པའི་དཀའ་ངལ་འཕྲད་ཡོད།“ཁེ་ལས་ཀྱིས་འདྲི་གཞི་འདོན་པ་དང་། སློབ་གླིང་གིས་ལན་འདེབས་པ། སྲིད་གཞུང་གིས་ཁྲིད་སྟོན”བཅས་བྱས་ཏེ། ལན་ཀྲོའུ་ཁུལ་གསར་གྱིས་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ཡོད། “ང་ཚོས་ཆེད་མི་བཏང་ནས་འབྲེལ་མཐུད་དང་ཚད་ལྡན་ཅན་གྱི་འཁོར་ཁང་མཁོ་འདོན་བྱས་པ་མ་ཟད། ཧོང་ཁྲུན་ཧུའེ་ཡོན་ཧྲི་ཚོགས་པ་གདན་དྲངས་ནས་ལན་ཀྲོའུ་རེའུ་སི་རྒྱུ་ཆ་གསར་པའི་ཚན་རྩལ་ཀུང་སི་ཐོ་བཀོད་ནས་བཙུགས་ཡོད”ཅེས་ལན་ཀྲོའུ་ཁུལ་གསར་ཚན་རྩལ་གསར་གཏོད་ཅུས་ཀྱི་ཅུས་ཀྲང་དབྱང་ཐེན་གཡོད་ཀྱིས་བརྗོད་པ་དང་། ཁོང་གིས་ཀུང་སིས་ས་གནས་དེ་གའི་མཐོ་སློབ་དང་མཉམ་དུ་འགག་སྒྲོལ་བྱས་ནས་ཟླ་བ་དྲུག་གི་ནང་ཏུན་བརྒྱ་རིམ་པའི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ནས་ཞི་ཐུའུ་འོད་འཕྲོ་རྒྱུ་ཆ་ཏུན་ཟིན་པ་ཐོན་སྐྱེད་བྱས་ཡོད་ཅེས་བཤད།“ཞི་ཐུའུ་འོད་འཕྲོ་རྒྱུ་ཆས་འོད་སྦྱོར་ནུས་པའི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་10%ནས་20%བར་མཐོ་རུ་འགྲོ་ཐུབ”ཅེས་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཝུའེ་ཧུའེ་པོ་ཡིས་བཤད།ཀན་སུའུ་ཡིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི“མཐའ་མའི་འགག་གནད”ལ་དམ་པོར་དམིགས་ནས་སྲིད་ཇུས་དང་། ཁྲོམ་ར། དངུལ་རྩ། ཞབས་ཞུ་བཅས་བགྲོད་ལམ་ཆེན་པོ་བཞི་ཤར་གཏོང་ཐུབ་པ་མ་ཟད། ཞིབ་འཇུག་བྱེད་བཞིན་པའི་གཙོ་གནད་རྣམ་གྲངས་དང་། ཚན་ཞིབ་གྲུབ་འབྲས། གཞན་སྒྱུར་རྣམ་གྲངས་བཅས་ཀྱི“གསལ་ཐོ་གསུམ”བཟོས་ནས་གྲུབ་འབྲས་གཞན་སྒྱུར་གྱི་ཁྲོམ་རའི་བགྲོད་ལམ་དེ་བས་ཤར་བགྲོད་ཐུབ་པ་བྱས་ཡོད།“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་དང‘ཕྱོགས་གཉིས་ལ་ཁྱབ་པར’སྐུལ་འདེད་ཏན་ཏིག་བཏང་སྟེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་ཀྱིས་གསར་གཏོད་རྣམ་པའི་ཀན་སུའུ་མགྱོགས་མྱུར་སྐྲུན་གྱི་ཡིན”ཞེས་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་བཤད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

སྐད་འཕྲིན་ཚོགས་པའི་ནང་གཞན་ལ་སྡིགས་མོ་བྱས་པས་བཟུང་།

ཟླ5པའི་ཚེས16ཉིན། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཏུང་ཀོའུ་མངགས་གཏོང་ཁང་ལ་མངའ་ཁུལ་གྱི་སྡེ་བ་ག་གེ་མོའི་སྡེ་མི་ཚའོ་ཆེ་གེ་མོས་གྱོན་དོན་སྙན་སེང་ཞུས་ཏེ། ཁོ་ཚོའི་སྡེ་བའི་སྡེ་མི་ཚའེ་ཆེ་གེ་མོས་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་བརྙས་བཅོས་རང་བཞིན་གྱི་སྐད་ཆ་ཁྱབ་སྒྲོག་བྱས་པས་སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་གནང་རོགས་ཞེས་བཤད། སྙན་སེང་འབྱོར་རྗེས། ཏུང་ཀོའུ་མངགས་གཏོང་ཁང་གིས་གྱོད་དོན་ལ་བརྟག་དཔྱད་དཔང་ལེན་གྱི་བྱ་བ་མགྱོགས་མྱུར་ངང་སྤེལ་བར་མ་ཟད། ད་དུང་ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཚའེ་ཆེ་གེ་མོ་མངགས་གཏོང་ཁང་དུ་བོས་ཏེ་འདྲི་རྩད་དང་ལེན་བྱས།འདྲི་རྩད་བྱས་པ་བརྒྱུད། ཚའེ་ཆེ་གེ་མོས་ཚའོ་ཆེ་གེ་མོས་རྨོ་ཞིང་ལོ་ཏོག་གི་འགན་བཅོལ་བྱ་བ་ཐག་གཅོད་བྱས་པར་ཡིད་མ་ཚིམས་པས། མི100ལྷག་གི་སྐད་འཕྲིན་ཚོགས་པའི་ནང་ཚའོ་ཆེ་གེ་མོར་དམིགས་ནས་བརྙས་བཅོས་རང་བཞིན་གྱི་སྐད་ཆ་མང་པོ་ཁྱབ་སྒྲོག་བྱས་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། འཛིན་བཟུང་བྱས་རྗེས། ཚའེ་ཆེ་གེ་མོར་འགྱོད་པ་ཚད་མེད་སྐྱེས་ནས་རང་ཉིད་ཀྱིས་སྐད་འཕྲིན་ཚོགས་པའི་ནང་མངོན་སུམ་འཛེམ་མེད་ངང་གཞན་ལ་བརྙས་བཅོས་རང་བཞིན་གྱི་སྐད་ཆ་བཤད་པའི་བྱ་སྤྱོད་སྦ་གསང་མེད་པར་ཁས་ལེན་བྱས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཚའེ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན5ཡི་ཆད་པ་བཅད།

ལྗོངས་ཡོངས་སུ་5Gསྦྲེལ་ཚུགས་ཁྲི་1.95བཙུགས་པ།

ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་གཞི་ཁྱོན་ཅན་གྱི་5Gཉེར་སྤྱོད་ཀྱི“གྲུ་གཡོར”བྱ་སྤྱོད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན། 5Gསྦྲེལ་ཚུགས་ཁྲི་1.95བཙུགས་ནས་མི་ཁྲི་རེར་5Gསྦྲེལ་ཚུགས་53.41ཡོད་པ་དེ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ཤང་ཚང་མར་5Gཁྱབ་པ་དང་སྲིད་འཛིན་གྲོང་ཚོ་87.6%ལ་5Gདྲ་རྒྱ་ཁྱབ་ཡོད། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི་229.17ཟིན་པ་དེས་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་63%ཟིན་ཡོད། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་འབོར་གཉིས་ཀ་མཐོ་རུ་ཕྱིན་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད། དེ་དང་ཆབས་ཅིག རང་ལྗོངས་ཀྱིས《གཞི་ཁྱོན་ཅན་གྱི་5Gཉེར་སྤྱོད་ཀྱི“གྲུ་གཡོར”བྱ་སྤྱོད་ལག་བསྟར་ཇུས་གཞི(2025ལོ་ནས་2027ལོ་བར)》བཏོན་པའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་5Gཉེར་སྤྱོད་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། 5Gཡིས་ལས་རིགས་སྟོང་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། “དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་བྱེད་པ་དང་། མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི”ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྐྱེད་སྲིང་བྱ་རྒྱུ་དེ་རེད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

AIའཕེལ་རྒྱས་ལ་འཛིན་པའི་ལྟ་བ།

མཛེས་སྡུག་ལང་ཚོས་རབ་སྤུད་མཆོག་གྱུར་མས། །མཁས་བཙུན་བཟང་པོའི་བརྟན་པ་དེ་མར་འཕྲོག །ངག་རིག་སྙན་པའི་རྒྱལ་མོ་དབྱངས་ཅན་མས། །སྐལ་དམན་དབྱུག་སྲས་བདག་ཉིད་བུ་ཚབ་ཉོར། ། དེང་གི་དུས་རབས་འདིའི་འཕེལ་རྒྱས་ཀྱི་ཁྲོད་ནས་དྲྭ་ཐོག་ལ་བརྟེན་པའི་འཚོ་བ་སྐྱེལ་མཁན་ཚོའི་སེམས་ཁམས་དང་ལུས་ཁམས་གཉིས་འཕྲུལ་ཆས་དང་བྲལ་མི་ཕོད་པའི་གནོན་ཤུགས་ཆེན་པོ་ཞིག་ཐེབས་ཡོད་ལ། འཕྲུལ་ཆས་ཀྱི་གཞན་དབང་ཁོ་ནར་སོང་བས་འཚོ་བ་དངོས་ཀྱི་འཇིག་རྟེན་དང་རྒྱང་ཁྱད་ཆོད་ཅིང་། མི་དང་མིའི་དབར་ཀྱི་འཚོ་བའི་རྒྱུས་ལོན་དང་ཉམས་མྱོང་གསོག་འཇོག་གི་ནུས་རྒྱུ་ཞན་པ། སེམས་ཁམས་སུ་གཞན་ལས་ལྷག་པའི་རེ་དོགས་འཕར་གནོན་点赞 关注 转发 流量སོགས་ཀྱི་ཁུར་པོ་ཧ་ཅང་ནས་ལྗིད་ཅིང་ཐེག་དཀའ་བའི་ཚད་དུ་གྱུར། ཕལ་མོ་ཆེ་དྲྭ་ཐོག་གི་གྲངས་འཛིན་མཉེན་ཆས་འདྲ་མིན་ལ་རྒྱུས་ལོན་དང་དུས་ཁོར་མོ་ཡུག་གློག་ནུས་ཀྱིས་དྲངས་པའི་དྲྭ་ཐོག་སྒེའུ་ནང་ཅེར་ཅེར་ཉིད་དང་འཕྲུལ་ཆས་ལ་བསྟུན་བསྟུན་ཉིད་ཀྱིས་དོན་དངོས་འཚོ་བའི་སྙིང་པོ་ཉམས་པར་གྱུར་ཅིང་། འཕྲུལ་ཆས་སྟངས་འཛིན་འོག་ནས་རང་གི་མི་ཚེའི་ལྟ་བ་བོར་བའི་ཉན་ཁའི་རང་བཞིན་དང་། མིའི་བྱེད་ནུས་དང་གློག་གི་མྱུར་ཚད་གཉིས་ལ་མཚུངས་བསྡུར་གྱི་གོ་རིམ་གཞལ་མ་ཐུབ་པའི་སེམས་ཁམས་སུ་སྐྱོ་སྣང་དང་གློ་བུར་བའི་ཁོང་ཁྲོ། ངང་རྒྱུད་མེད་པའི་སྤྲོ་ཐུང་སོགས་སེམས་ནད་ཇེ་མང་དུ་འགྲོ་བ་ཡིན།མི་སེམས་རྒྱ་མཚོའི་གཏིང་ཚད་མི་ཤེས་པས། །མ་འོངས་དར་རྒུད་གང་ཡོང་ལུང་བསྟན་ཡུལ། །གསོན་པའི་རིང་གང་སྙན་ངག་ཚིགས་རེ་འབྲི། །གཤིན་རྗེའི་ཡུལ་དུ་ཁོམ་པའི་སྐལ་པ་མེད། ། AIམིས་བཟོས་རིག་ནུས་འདིས་མི་རྣམས་སྟབས་བདེ་རང་བཞིན་ཅན་གྱི་དུས་རབས་ཤིག་ཏུ་འགྱུར་བཟོ་བྱེད་ཡོད་རུང་འགྲོ་བ་མིའི་ལས་ཀ་མང་པོ་ཞིག་ཁོས་འཕྲོག་གིན་ཡོད་ལ། མིའི་ལུས་ཁམས་འགུལ་སྐྱོད་ཀྱི་ངལ་རྩོལ་ལས་འཐོབ་པའི་ལྟོ་ཕོར་དང་ལུས་པོའི་བྱེད་ནུས་མང་པོ་ཞིག་ཉམས་པར་བྱེད་ཀྱིན་ཡོད། ལོ་ཆུང་མི་ཉུང་བ་ཞིག་གི་མ་ཤེས་པ་དང་མ་གོ་བ་མང་པོ་AIདྲྭ་ཐོག་འཚོལ་གཉེར་ཁང་ནས་མཁོ་འདོན་བྱེད་དུས་དགེ་སློབ་བར་སེམས་ཁམས་སྔོག་འདོན་གྱི་དྲི་བ་དྲི་ལན་དང་ཤེས་ཡོན་འཇལ་རེས་ཀྱི་མཉམ་སྤྱོད་གོ་སྐབས། མི་དང་མིའི་བར་གྱི་བསམ་བློའི་འདུ་ཤེས་བརྗེ་རེས། དར་མ་ཚོའི་རྣམ་དཔྱོད་བློས་དངོས་པོའི་རང་བཞིན་དང་བྱ་བའི་ངོ་བོར་གནས་ལུགས་ཀྱི་བདེན་པ་བརྡར་བའི་གོ་སྐབས། ཀུན་ལ་མཁོ་བའི་བྱམས་བརྩེའི་སྐྱེད་སྲིང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་པར་ངེས་ཤིང་། དེང་གི་མི་ཚེའི་མགྱོགས་ཚད་དང་དངོས་པོའི་རིན་ཐང་ལ་དམིགས་པས། མི་རྣམས་ཆོས་ལུགས་དང་ཤེས་རིག་གི་དོན་སྙིང་བཙལ་འཚོལ་ལ་དོ་སྣང་ཆུང་དུ་འགྲོ་ཞིང་། མཐོ་དམན་ཀུན་ལ་ཡོངས་ཁྱབ་ཀྱི་ནད་ཅིག་ཐེབས་ཡོད་པ་ནི་སྒོར་མོའི་ནད་དང་འདོད་རྔམ་གྱི་ནད་གཉིས་ཀྱིས་ཐེབས་ཡོད། སླད་མ་འོངས་ཤེས་ཡོན་པའི་སྡེའི་རིན་ཐང་ཇེ་ཆུང་དུ་འགྲོ་བར་མི་སྲིད་པ་མ་ཡིན་པས་འཕེལ་རྒྱས་ལ་བཟང་ཕྱོགས་ཡོད་ཆོག་ལ་ངན་ཕྱོགས་ཀྱང་མེད་པ་མ་ཡིན། མདོར་ན། འཕེལ་རྒྱས་མེ་ལོང་གི་ངོ་ལས་སྟོང་ཆའི་ནག་དྲེག་དེ་དག་མྱུར་བ་ཉིད་དུ་མཐོང་དགོས་པ་ལས་མེ་ལོང་ལ་ཤི་འཐམ་རོ་འཐམ་བྱེད་དགོས་པའི་གནས་ལུགས་མེད་ལ་བདེན་པ་ཡང་མ་མཐོང་བས་ནམ་ཞིག་འཕེལ་བ་ཡོད་དུས་རྒུད་པ་གཤིས་སུ་གྲུབ་པའི་སླར་ཡང་འཕེལ་རྒྱས་ཉམས་འཇིག་ཏུ་སོང་ཚེ་ང་ཚོ་རང་རྐྱ་འཕེར་བའི་ལམ་བུའི་སྟེང་བཞུད་དགོས་པ་ལས་ལྷན་དུ་འཆི་དགོས་པའི་དགོས་པ་མེད།དགའ་སྐྱོ་ཚོར་བའི་སྣང་བ་མ་ཡལ་གོང་། །ནང་སེམས་དྲན་པ་གསལ་བའི་རིན་དོད་དུ། །སྙན་ངག་ཆང་དཀར་ཧུབ་གང་མ་འཐུང་ཚེ། །རིགས་འདིར་སྐྱེ་བ་ལེན་པ་དོན་མེད་ཐལ། ། སྙན་པའི་བདག་པོར་གྱུར་བའི་སློབ་དཔོན་དབྱུག་པ་ཅན་གྱི་སྲས་མིན་རུང་རྨི་ལམ་ཚུན་ནས་འགྱུར་བའི་སྨོན་ལམ་འདེབས་པ་པོ་དབྱུག་སྲས་སུ་འབོད་པས། 5/29/2025རྩོམ་སྒྲིག་པ། དབང་མོ། རྩོམ་ཁུངས། ངེད་དྲ་བ།

ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ལྡན།

ད་ལོ་ནས་བཟུང་། ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་གྱིས་རང་ཉིད་ཀྱི་གནས་བབ་བཟང་པོ་དང་ཐོན་ཁུངས་ཀྱི་ལེགས་ཆ་དངོས་ནས་རྐང་ཚུགས་པར་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྟོབས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་བསྣན།བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ། སྟོང་ཝ་ཆིག་འབུམ་གྱི་ཚ་འོད་གློག་འདོན་ས་ཚིགས་སྐྲུན་བཞིན་པའི་སྒང་ཡིན་ལ། སྔོན་དཔག་བྱས་ན་ཉིས་སྟོང་ཉེར་དྲུག་ལོར་བསྐྲུན་ནས་འགྲུབ་རྒྱུ་རེད། སྐབས་དེར་ཆ་སྙོམས་ཀྱི་ལོ་རེའི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལས་བརྒལ་རྒྱུ་རེད། ད་ལོ་བོད་ལྗོངས་ཀྱིས་གོ་རིམ་ལྡན་པའི་ངང་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཅན་གྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྣམ་པ་གསར་པའི་གློག་ཤུགས་མ་ལག་གི་དཔེ་སྟོན་ཁུལ་དང་དག་གཙང་སླར་སྐྱེས་ནུས་ཁུངས་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ་བརྟན་བརླིང་གིས་འཛུགས་བཞིན་ཡོད། ད་ལྟ་བོད་ལྗོངས་གློག་ཤུགས་ཀྱི་སྤྱིའི་སྒྲིག་འཇུག་བྱས་ཚད་སྟོང་ཝ་བྱེ་བ་གཅིག་ལས་བརྒལ་ཞིང་། དེའི་ནང་དུ་དག་གཙང་ནུས་ཁུངས་སྒྲིག་ཆས་ཀྱིས96%ཟིན་ཡོད།ཞིན་ཅང་དུ་ནུས་ཁུངས་གསར་པའི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་གང་མགྱོགས་སྒོས་སྐུལ་འདེད་གཏོང་བཞིན་ཡོད། ཉེ་ལམ། རའོ་ཆང་རྫོང་གི་སྟོང་ཝ་ས་ཡ་བཞིའི་འོད་རྟེན་ལས་གཞིའི་ཤོང་ཚད་ཡོངས་གློག་དྲར་སྦྲེལ་ནས་བཏང་པར་མ་ཟད། ཆ་སྙོམས་ཀྱིས་ལོ་རེར་གློག་དྲར་དུས་ཚོད་རེར་སྟོང་ཝ་ཐེར་འབུམ་དྲུག་དང་དུང་ཕྱུར་དགུ་ཡས་མས་ཀྱི་ནུས་ཁུངས་གཙང་མ་སྐྱེལ་ཐུབ་པར་གྱུར་ཏེ། ཁྱིམ་ཚང་ས་ཡ་གཉིས་ཀྱི་ལོ་གཅིག་གི་གློག་གི་དགོས་མཁོ་བསྐངས། ད་ལོར། ཞིན་ཅང་གིས་བྱེ་ཐང་དང་གྲམ་ཐང་། ཐང་རྒོད་ས་ཁུལ་བཅས་སུ་རླུང་ནུས་གློག་འདོན་གྱི་ཉི་འོད་ནུས་པའི་རྟེན་གཞི་ཆེ་གྲས་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ནུས་ཁུངས་གསར་པའི་ཐོན་ལས་ཀྱི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་ཕྱིན།ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཅིང་། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩི”ཡི་བཟོ་སྐྲུན་ས་ཁུལ་དང་ས་ཚིགས་གཙོ་བོ་ཡིན་ཕྱིར། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་སྒྲིག་འཕྲུལ་གྱི་བསྡུར་གྲངས94%ལས་བརྒལ་ཡོད། ད་ལོར། མཚོ་སྔོན་གྱིས་བསྐྲུན་པའི་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་ཐོག་མ་དེས་རྩིས་ཤུགས་དང་གློག་ཤུགས་ཀྱི་མཐུན་སྦྱོར་འཁོར་སྐྱོད་ཀྱི་ནུས་པ་ཆེན་པོ་མངོན་འགྱུར་བྱུང་། ད་སྔ་ལྟེ་གནས་འདིས་འགྲུལ་ཁྱིམ290ལ་གཞི་གྲངས་དབྱེ་ཞིབ་དང་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།ད་ལོ་ནང་སོག་གིས་ཐོན་ལས་ཀྱི་སྒྲིག་བཀོད་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། དེང་རབས་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་དམའ་དབྱིངས་དཔལ་འབྱོར། སྐྱེ་དངོས་བཟོ་སྐྲུན་སོགས་ཐོན་ལས་ཀྱི་སྡེ་ཚོགས་ཆེན་པོ་བཅུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྟོད་རྒྱུད་ཀྱིITམཉེན་ཆས་སྒྲིག་ཆས་དང་། བར་རྒྱུད་ཀྱི་རྩིས་ཤུགས་དྲ་བ་དང་ལས་སྟེགས། སྨད་རྒྱུད་ཀྱི་བཀོལ་སྤྱོད་ལྗོངས་རྣམ་བཅས་ཀྱི་ཐོན་ལས་རྒྱུན་ཐག་ཡོངས་ཀྱི་འཕེལ་རྒྱས་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ཤུགས་ཀྱི་འགན་སྲུང་རྟེན་གཞི། གཞི་གྲངས་ལས་སྣོན་རྟེན་གཞི། དཔེ་དབྱིབས་ཆེན་པོའི་སྦྱོང་བརྡར་རྟེན་གཞི་བཅས་གཙོ་གནད་དུ་བཟུང་ནས་གང་མགྱོགས་སྒོས་འཛུགས་སྐྲུན་བྱས།ད་ལོ་ཀུའེ་ཀྲིག་གིས་ནོར་སྲིད་ཚན་རྩལ་མ་དངུལ་གྱི80%ཡན་ནུས་ཁུངས་གསར་པའི་གློག་རྫས་དང་རྩིས་གྲངས་འགན་ལེན་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་སུ་གཏོང་རྒྱུ་རེད། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གོ་གནས་གཙོ་བོ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཞིང་ཆེན་རིམ་པའི་ཐོན་ལས་རིགས་ཀྱི་ཚན་རྩལ་ལས་གཞིའི80%ཡན་གྱི་ཁེ་ལས་ཀྱིས་སྣེ་ཁྲིད་དེ་འགན་འཁུར་ནས། མ་དངུལ་དང་ལས་གཞི། འཇོན་མི་སོགས་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁེ་ལས་སུ་གཅིག་བསྡུས་བྱེད་པར་སྔར་ལས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྒུལ་ནུས་གསར་བ་བསྣན།

རང་དགར་ངང་མི་སྒེར་གྱི་ཆ་འཕྲིན་རེག་ན་དབང་ཆ་གང་ལ་གནོད་པ་ཡིན་ནམ།

གྱོད་དཔེ།འབུམ་གྲགས་ཀྱིསAppཞིག་བཀོལ་སྤྱོད་བྱེད་སྐབས་སྐད་འཕྲིན་ཡང་ནQQཨང་རྟགས་ཀྱིསAppདེ་ནང་ཐོ་འཇུག་བྱས་ཚེ། Appདེས་ཁོའི་དབང་ཆ་སྤྲོད་པར་དྲན་སྐུལ་མ་བྱས་པའི་གནས་ཚུལ་འོག་ཁོའི་སྐད་འཕྲིན་ནང་གི་གྲོགས་པོའི་འབྲེལ་བ་ཐོབ་པར་མ་ཟད། གྲོགས་པོའི་སྐད་འཕྲིནAppངོས་སུ་ཤར་བ་རེད།བཅའ་ཁྲིམས་དབྱེ་ཞིབ།དབང་ཆ་མ་ཐོབ་པར་མི་གཞན་གྱི་སྐད་འཕྲིན་གྱི་གྲོགས་པོའི་ཆ་འཕྲིན་དང་མི་སྒེར་གྱི་ཆ་འཕྲིན་ཐོབ་

བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས།

གཉེན་སྒྲིག་དང་བཟའ་འཐོར། ཁྱིམ་གྱི་འབྲེལ་བ། རོགས་སྐྱོར་བྱེད་ཐབས་སོགས་བཅའ་ཁྲིམས་འགན་འཁྲིའི་ཐད་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཡོད་དེ། དེ་ལ་གཙོ་བོ་གཤམ་གསལ་གྱི་གཏན་འཁེལ་འདི་དག་ཡོད།གཅིག གཉེན་སྒྲིག་སྐབས་སྐྱེས་པ་དང་བུད་མེད་ཕན་ཚུན་རང་འཐད་རང་མོས་ཡིན་དགོས་པ་ལས། ཕྱོགས་གང་གིས་ཀྱང་བཙན་ཤེད་བཀོལ་མི་ཆོག་ལ། མི་གཞན་པས་དེ་ལ་ཐེ་གཏོགས་ཀྱང་བྱེད་མི་ཆོག བུད་མེད་ལོ་ན20ལ་མ་སོན་ཚེ་གཉེན་སྒྲིག་བྱེད་མི་ཆོགགཉིས། བུད་མེད་མངལ་སྦྲུམ་པའི་དུས་སམ་ཕྲུ་གུ་སྐྱེས་ནས་ལོ་གཅིག་མ་འགོར་བར་ཁྱོ་གས་བཟའ་འཐོར་བྱེད་རྒྱུའི་རེ་འདུན་བཏོན་མི་ཆོག བཟའ་འཐོར་བྱེད་སྐབས་རྒྱུ་ནོར་བགོ་བཤའ་རྒྱག་པའམ་ཕྲུ་གུར་ལྟ་སྐྱོང་བྱེད་པའི་ཁྲོད་བུད་མེད་ལ་དམིགས་པའི་རྩ་དོན་ལག་ལེན་མཐར་ཕྱིན་བྱ་དགོས།གསུམ། ཕྱོགས་གཅིག་གིས་ཕྲུ་གུ་སྙོར་སྐྱོང་དང་། རྒན་རྒོན་ལ་ལྟ་སྐྱོང་། ཕྱོགས་ཅིག་ཤོས་ཀྱི་ལས་ཀར་རོགས་རམ་བྱེད་པ་སོགས་ཀྱི་ཐད་འོས་འགན་ཅུང་མང་པོ་བསྒྲུབས་པ་ལ། བཟའ་འཐོར་བྱེད་སྐབས་ཕྱོགས་གཅིག་གིས་ཅིག་ཤོས་ལ་རང་ཉིད་ཀྱི་གྱོང་གུད་ཁ་གསབ་བྱ་དགོས་པའི་རེ་བ་འདོན་དབང་ཡོད་པ་དང་། ཅིག་ཤོས་ལ་གྱོང་གུད་ཁ་གསབ་བྱེད་པའི་འོས་འགན་ཡོད།བཞི། བཟའ་འཐོར་བྱེད་སྐབས། བཟའ་ཟླ་ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་ཚེ། ཅིག་ཤོས་ཀྱིས་རང་གི་སྡོད་ཁང་ལ་སོགས་པའི་སྒེར་གྱི་རྒྱུ་ནོར་གྱིས་རོགས་རམ་འོས་འཚམ་བྱ་དགོས།ལྔ། ཕྱོགས་གཅིག་གིས་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་དང་། མི་གཞན་དང་ལྐོག་ཏུ་མཉམ་སྡོད་བྱས་པ། ཁྱིམ་མིར་གཏུམ་སྤྱོད་དང་མནར་གཅོད་གཏོང་བ། གསོ་འགན་མི་འཁུར་བ་སོགས་ཀྱིས་བཟའ་འཐོར་བྱ་དགོས་བྱུང་ན། གནོད་འཚེ་ཕོག་མཁན་ལ་གྱོང་གུད་ཁ་གསབ་བྱ་དགོས་པའི་རེ་འདུན་འདོན་པའི་ཁེ་དབང་ཡོད།

ཞིབ་དཔྱོད་ལས་ཁུངས་ཀྱིས་དབྱང་ཧྥ་སེན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ།

ཉིན་ཤས་གོང་། གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་དབྱང་ཧྥ་སེན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་མཇུག་འགྲིལ་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པ་བརྒྱུད། ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བརྒྱབ་ཡོད། ཉེ་ཆར་ཧན་ཀྲུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཧན་ཀྲུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཞུ་གཏུག་བྱེད་རིང་། ཞུ་སྦྱོར་ཕྱི་མ་དབྱང་ཧྥ་སེན་ལ་གཏུག་བཤེར་དབང་ཆ་ཡོད་ལུགས་ཁྲིམས་ལྟར་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མར་འདྲི་རྩད་ཀྱང་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་བགྲང་ཞུ་གཏུག་བྱས་ཤིང་། ཞུ་སྦྱོར་ཕྱི་མ་དབྱང་ཧྥ་སེན་གྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་ཨ་ཁེ་སུའུ་གྲོང་ཁྱེར་དབྱི་ཀན་ཆི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཨ་ཁེ་སུའུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། ཨ་ཁེ་སུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། པའེ་ཁྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི། ཁུའུ་ཁྲེ་རྫོང་ཨུད་ཀྱི་ཧྲུའུ་ཅི། ཧོ་ཐེན་ས་ཨུད་ཀྱི་ཧྲུའུ་ཅི། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ཝུའུ་ལུའུ་མུའུ་ཆི་གྲོང་ཨུད་ཀྱི་ཧྲུའུ་ཅི། མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་གོ་གནས་ཀྱི་སྟབས་བདེ་དང་འགན་དབང་ངམ་གོ་གནས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ། མི་གཞན་ལ་ཁེ་ཕན་དོན་གཉེར་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བས་ལྐོག་རྔན་བླངས་པའི་ཉེས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་རེད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ཧྲང་ཧའེ་གྲོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུད། ཕུའུ་ཏུང་ཁུལ་གསར་ཁུལ་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲུའུ་ཀྲི་སུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕྱིར་འབུད་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་ཀྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། ཧྲང་ཧའེ་གྲོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུད། ཕུའུ་ཏུང་ཁུལ་གསར་ཁུལ་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲུའུ་ཀྲི་སུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།ཞིབ་བཤེར་བྱས་པ་བརྒྱུད། ཀྲུའུ་ཀྲི་སུང་གི་ཕུགས་བསམ་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་རྒྱབ་འགལ་དུ་སོང་བ། ཏང་ལ་བློ་དཀར་སེམས་དཀར་དང་དྲང་པོ་དྲང་གཞག་མི་བྱེད་པ། སྒྲིག་འཛུགས་ཀྱི་ཞིབ་བཤེར་དང་ལེན་མི་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་བ། དུས་ཡུན་རིང་པོའི་ནང་དྲག་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པའི་གསོལ་སྟོན་ལ་ཞུགས་པ། རང་གིས་སྤྲོད་དགོས་པའི་འཛད་སྤྱོད་ཀྱི་འགྲོ་སོང་མི་གཞན་ལ་སྤྲོད་དུ་འཇུག་པ། སྒྲིག་འཛུགས་ཀྱི་རྩ་དོན་ཉམས་པ་དང་། རང་གི་འབྲེལ་ཡོད་གནས་ཚུལ་དྲང་གཞག་ངང་སྙན་ཞུ་མ་བྱས་པ། ལས་མི་བཀོལ་སྤྱོད་བྱེད་པའི་ལས་དོན་ཁྲོད་སྒྲིག་འགལ་ངང་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ། འགན་དབང་ངམ་འགན་གནས་ཐོག་གི་ཤུགས་རྐྱེན་བེད་སྤྱད་དེ་རང་གི་གཉེན་ཉེར་ཁེ་ཕན་སྒྲུབ་རོགས་དང་། སྒྲིག་འགལ་ངང་ལག་རྟགས་དང་དངུལ་སྨར། འཛད་སྤྱོད་ཤོག་བྱང་བཅས་བླངས་པ། གཞུང་ཁོངས་ས་ཆ་བེད་སྤྱོད་དབང་ཆའི་ནང་ཞུགས་རིན་གོང་གཅོག་རྒྱུ་སྒྲིག་འགལ་ངང་ཐག་བཅད་པ། སྒྲིག་འགལ་ངང་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པར་ཐེ་ཇུས་བྱས་པ། འགན་གནས་ཐོག་གི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་ལེན་པ་དང་ཁེ་ལས་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཐད་ཁེ་ཕན་སྒྲུབ་རོགས་བྱས་པ་མ་ཟད་ཁྲིམས་འགལ་ངང་རྒྱུ་དངོས་འབོར་ཆེན་བླངས་པ་བཅས་བྱས་ཡོད།ཀྲུའུ་ཀྲི་སུང་གིས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་། རྩ་འཛུགས་སྒྲིག་ལམ། སྤྱོད་གཙང་སྒྲིག་ལམ། ལས་ཀའི་སྒྲིག་ལམ་བཅས་དང་རྒྱབ་འགལ་དུ་ཚབས་ཆེན་སོང་བས། འགན་གནས་ཐོག་གི་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་དོགས་པ་ཡོད་པའི་ཉེས་བསགས་སུ་གྲུབ་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མ་བྱས་པས། དེའི་ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པས་ཐག་གཅོད་ནན་པོ་བྱེད་དགོས་ཀྱི་ཡོད། ༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་༽དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་༽༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཀྱི་གཞུང་ཞབས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་༽སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་པ་མ་ཟད་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བ་བརྒྱུད། ཀྲུའུ་ཀྲི་སུང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་ལྟ་ཨུད་ཀྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ། ཁོ་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་འཐུས་མི་བཅས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ། སྒྲིག་འགལ་ཁྲིམས་འགལ་ངང་ཐོབ་པའི་ཐོབ་ཆ་དེ་དག་གཞུང་བཞེས་གཏོང་རྒྱུ། ཁོ་པས་ནག་ཉེས་བསགས་པའི་དོགས་པ་ཡོད་པའི་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་འབུལ་རྒྱུ་དང་། འབྲེལ་ཡོད་ཀྱི་རྒྱུ་དངོས་དེ་དག་མཉམ་དུ་འབུལ་རྒྱུའི་ཐག་བཅད་ཡོད། ཁོ་པ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་བྱེད་སྐབས་རྗེས་འདེད་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། །

མི་སྣ་གྲགས་ཅན་གྱི་འདྲ་པར་སྤྱད་ན་དབང་གནོད་བྱས་པ་ཡིན་ནམ།

གྱོད་དཔེ།རྡོ་རྗེ་ཡིས་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་ཞིག་ཏུ་ཐད་གཏོང་བྱས་ནས་མི་གྲངས་ཅུང་མང་པོ་ཡོད་པ་དང་། ཁོ་ལ་ཀུང་སི་ཞིག་གིས་མཉེན་ཆས་ངོ་སྤྲོད་ཞིག་བྲི་དགོས་པའི་མངགས་བཅོལ་བྱས་ཤིང་། ཕྱིས་སུ་ཁོས་མཉེན་ཆས་ངོ་སྤྲོད་ལེགས་པོ་བྲིས་ནས་མི་སྣ་གྲགས་ཅན་ཞིག་གི་འདྲ་པར་སྤྱད་དེ་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་སྟེང་ཁྱབ་བསྒྲགས་བྱས།བཅའ་ཁྲིམས་དབྱེ་ཞིབ།རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། རང་བྱུང་མི་ལ་འདྲ་པར་གྱི་བདག་དབང་ཡོད་པས། འདྲ་པར་བདག་དབང་འཛིན་མཁན་འཐད་པ་བྱུང་ཞིང་ཁྲིམས་ལུགས་ཀྱི་གཏན་འཁེལ་ལྟར་མ་གཏོགས། འདྲ་པར་བདག་དབང་ཡོད་པའི་མི་ཡི་འདྲ་པར་སྒྲིག་བཟོ་དང་བེད་སྤྱོད་བྱས་མི་ཆོག་ལ། རྡོ་རྗེ་ཡིས་འདྲ་པར་བདག་དབང་གི་ཆོག་མཆན་མ་ཐོབ་པར་རང་དགར་ཁེ་དབང་འཛིན་མཁན་གྱི་འདྲ་པར་མཉེན་ཆས་ངོ་སྤྲོད་དང་མཉམ་དུ་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་སྟེང་ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་མི་སྣ་གྲགས་ཅན་གྱི་འདྲ་པར་སྤྱད་དེ་སྤྱི་དམངས་ཀྱི་ཡིད་དབང་བཀུགས་ནས་རྩོམ་གྱི་ཚོང་གཉེར་ཕན་འབྲས་ཆེ་རུ་གཏོང་ཆེད་ཡིན་པས། བྱ་སྤྱོད་དེས་མི་གཞན་གྱི་འདྲ་པར་གྱི་བདག་དབང་ལ་བཙན་གནོད་བྱས་པ་རེད།

༄༅།།ཞིབ་དཔྱོད་ལས་ཁུངས་ཀྱིས་དབྱང་ཧྥ་སེན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་དབྱང་ཧྥ་སེན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་མཇུག་འགྲིལ་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པ་བརྒྱུད། ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བརྒྱབ་ཡོད། ཉེ་ཆར་ཧན་ཀྲུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཧན་ཀྲུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཞུ་གཏུག་བྱེད་རིང་། ཞུ་སྦྱོར་ཕྱི་མ་དབྱང་ཧྥ་སེན་ལ་གཏུག་བཤེར་དབང་ཆ་ཡོད་ལུགས་ཁྲིམས་ལྟར་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མར་འདྲི་རྩད་ཀྱང་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་བགྲང་ཞུ་གཏུག་བྱས་ཤིང་། ཞུ་སྦྱོར་ཕྱི་མ་དབྱང་ཧྥ་སེན་གྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་ཨ་ཁེ་སུའུ་གྲོང་ཁྱེར་དབྱི་ཀན་ཆི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཨ་ཁེ་སུའུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། ཨ་ཁེ་སུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། པའེ་ཁྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི། ཁུའུ་ཁྲེ་རྫོང་ཨུད་ཀྱི་ཧྲུའུ་ཅི། ཧོ་ཐེན་ས་ཨུད་ཀྱི་ཧྲུའུ་ཅི། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ཝུའུ་ལུའུ་མུའུ་ཆི་གྲོང་ཨུད་ཀྱི་ཧྲུའུ་ཅི། མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་གོ་གནས་ཀྱི་སྟབས་བདེ་དང་འགན་དབང་ངམ་གོ་གནས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ། མི་གཞན་ལ་ཁེ་ཕན་དོན་གཉེར་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བས་ལྐོག་རྔན་བླངས་པའི་ཉེས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་རེད།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ་ནགས་ཚལ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཀྱི་གྲུབ་པའི་མི་སྣ་ཞིབ་བཤེར་ལ་ཞུགས།ཞིབ་བཤེར་ཚོགས་ཆུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྱུང་རྒྱ་ནགས་ར་དང་། ནན་ཧྲུའུ་རི་བོའི་ནགས་ར་དང་མཁར་བྱང་ཁུལ་ཝུའུ་ཀྲུང་རི་བོའི་ལྗང་མདོག་ཁུལ་དང་། ཟི་ལིང་བྱང་རིའི་གཙང་གསུམ་སྡེ་ཚོགས་ལྗང་མདོག་ཁུལ་སོགས་སུ་སོང་ནས་ནགས་ས་སྲུང་སྐྱོང་དང་སྡོང་ཕྲུག་གསོ་སྤེལ། ནགས་ཚལ་མེ་འགོག སྐྱེ་ཁམས་ཉམས་གསོ། ཚན་རིག་དང་མཐུན་པའི་ལྗང་མདོག་དང་རྗེས་མའི་བདག་སྐྱོང་། ནགས་ལས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ལས་དོན་སྙན་ཞུར་ཉན་པ་དང་། ཚོགས་ཞུགས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི་བསམ་འཆར་ལ་ཉན། ཞིབ་བཤེར་ཚོགས་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཁོངས་ལྗང་འགྱུར་ལ་སྐུལ་འདེད་བཏང་སྟེ། ནགས་ཚལ་ཁེབས་ཚད་བརྟན་བརླིང་ངང་མཐོར་འདེགས་བྱས་ཏེ་ནུབ་བྱང་ས་ཁུལ་ནི“རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར”དང“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གཉིས་ཀྱི་མཚན་སྙན་གཉིས་ཐོབ་པའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་པོར་གྱུར་ཡོད་པས་བྱ་བའི་གྲུབ་འབྲས་ལ་ཁས་ལེན་བྱས། ཞིབ་བཤེར་ཚོགས་ཆུང་གིས་ནན་གྱིས་བསྟན་དོན། མུ་མཐུད་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་གཏོང་བ། བཅའ་ཁྲིམས་གཏན་འབེབས་ལྟར་སྒྲུབ་པ། གནས་པའི་དཀའ་ངལ་དང་གནད་དོན་ཡང་དག་བཙལ་ནས་རྗེས་མཐུད་ལས་དོན་ཁྲོད་ཞིབ་འཇུག་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་བྱ་བར་སྐུལ་འདེད་གཏོང་དགོས་པ་དང་། ལྷོ་བྱང་རི་བོ་ལྗང་འགྱུར་བཟོ་འགོད་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཐོག དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་ནས་ནགས་ཚལ་བཅའ་ཁྲིམས་དྲིལ་བསྒྲགས་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་བ། ནགས་ཚལ་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་གསོ་སྐྱོང་། བེད་སྤྱོད་བཅས་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱི་རི་བོ་སྔར་བས་ལྗང་མདོག་དང་། ཆུ་སྔར་བས་དྭངས་པ། གནམ་སྔར་བས་སྔོན་པོ་བཅས་ཡོང་བ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་བདེ་རྩ་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།རྒྱུས་ལོན་པ་ལྟར་ན། ཞིབ་བཤེར་ཚོགས་ཆུང་ཟླ་དྲུག་པའི་ཟླ་དཀྱིལ་ནས་ཟླ་མཇུག་བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་ཡུལ་དངོས་སུ་ཞིབ་བཤེར་བྱ་རྒྱུ་ཡིན་པ་མཟད། གྲོང་ཁྱེར་ཁུལ་གཞན་དག་ལ་རང་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་བྱ་རྒྱུ་རེད། །

དབང་གནོད་བརྐུས་དཔར་ལ་རྡུང་རྡེག་གཏོང་བ།

ཉེ་ཆར་རྒྱལ་ཁབ་པར་དབང་ཅུས་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་བཅས་སྡེ་ཚན་བཞིས་མཉམ་དུ་དྲ་རྒྱའི་དབང་གནོད་བརྐུས་དཔར་ལ་རྡུང་རྡེག་གཏོང་བའི“དྲ་བའི་རལ་གྲིའི་2025ལོའི”ཆེད་དོན་བྱ་སྤྱོད་སྤེལ་འགོ་བཙུགས་པ་དང་། དེ་ནི་རྒྱལ་ཡོངས་ཀྱིས་རྒྱུན་མཐུད་སྤེལ་བའི་དྲ་རྒྱའི་དབང་གནོད་བརྐུས་དཔར་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཐེངས་21པ་རེད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མུ་འབྲེལ་རྐུ་འཕྲོག་གྱོད་དོན་ཞིག་རྩད་ཆོད་པ།

2025ལོའི་ཟླ5པའི་ཚེས25ཉིན་གྱི་ཆུ་ཚོད9དང་སྐར་མ30ཡས་མས་སུ། ཚ་འདམ་ཆེ་བ་སྲིད་འཛིན་ཨུ་ལྷན་སྤྱི་བདེ་ཅུས་ཚ་འདམ་གྲོང་རྡལ་མངགས་གཏོང་ཁང་ལ་མངའ་ཁུལ་མང་ཚོགས་ཀྱིས་གྱོད་དོན་སྙན་སེང་ཞུས་ཏེ། ཚོང་ཁང་དང་རླངས་འཁོར་མང་པོའི་ནང་གི་དངོས་པོ་བརྐུས་འདུག་ཅེས་བཤད། གྱོད་དོན་སྙན་སེང་འབྱོར་འཕྲལ། མངགས་གཏོང་ཁང་གི་ཉེན་རྟོག་པས་ཉེས་དོན་མྱུལ་ཞིབ་དང་དྲ་རྒྱའི་བདེ་འཇགས་སྡེ་ཁག་བཅས་ལ་མཉམ་འབྲེལ་བྱས་ནས། མགྱོགས་མྱུར་ངང་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པར་མ་ཟད། བརྐུས་ལ་ཤོར་བའི“ཀྲུང་ཧྭ”རྟགས་ཅན་གྱི་ཐ་མག་སྒམ་གཉིས་དང་ལག་སྒོར་སྟོང་གཉིས་ལྷག་ཙམ་ཕྱིར་བླངས།ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་སུའུ་ཆེ་གེ་མོར་གཏན་འཇགས་ཀྱི་ཡོང་འབབ་མེད་པས་གཞན་གྱི་རྒྱུ་ནོར་རྐུ་འཕྲོག་བྱེད་པའི་བསམ་ཚུལ་སྐྱེས་པ་དང་། ཟླ5པའི་ཚེས25ཉིན་གྱི་ནམ་གོང་གི་ཆུ་ཚོད2པར། སུའུ་ཆེ་གེ་མོས་ལྕགས་རྟ་ཞོན་ནས་མཐུན་སྒྲིལ་ལམ་སོགས་སུ་བསྟུད་མར་རྐུ་འཕྲོག་བྱས་ཤིང་། ཆུ་ཚོད3རིང་དུ་རྐུ་འཕྲོག་ཐེངས4ལ་བྱས་པ་དང་། ལག་དངུལ་སྒོར་སྟོང་གཉིས་ལྷག་དང“ཀྲུང་ཧྭ”རྟགས་ཅན་གྱི་ཐ་མག་སོགས་རྒྱུ་ནོར་རྐུ་ཁྱེར་བྱས་པ་ཤེས་རྟོགས་བྱུང་། མིག་སྔར། གྱོད་དོན་གོམ་གང་མདུན་སྤོས་ངང་མྱུལ་ཞིབ་བྱེད་བཞིན་པའི་སྒང་རེད།

ཉལ་ཁང་དུ་འཛུལ་བའི་རྐུན་མ་དེ་སུ།

ཟླ5པའི་ཚེས21ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་སྤྱི་བདེ་ཅུས་མྱུལ་ཞིབ་རུ་ཆེན་གྱིས་གཡུ་སྒང་ཉིན་མངགས་གཏོང་ཁང་དང་མཉམ་འབྲེལ་བྱས་ནས་ཁང་པར་འཛུལ་ནས་བརྐུས་བྱས་པའི་གྱོད་དོན་ཞིག་རྩད་ཆོད་ཅིང་། དོགས་ཡོད་ཉེས་ཅན1འཛིན་བཟུང་བྱས།ཟླ5པའི་ཚེས18ཉིན། ཡོན་ཆེ་གེ་མོས་ཁ་པར་བཏང་ནས་གྱོད་དོན་སྙན་སེང་ཞུས་ཏེ། ཁོ་རང་ཡོད་སའི་ཧི་ནན་རྫོང་གི་ལས་གཞི་ག་གེ་མོའི་ཉལ་ཁང་ནང་ཡོད་པའི་སྒོར་མོ་མི་གཞན་གྱིས་བརྐུས་སོང་ཞེས་ཟེར། དེ་འཕྲལ་ཉེན་རྟོག་པ་མགྱོགས་མྱུར་ངང་ཡུལ་དངོས་སུ་སོང་ནས་རྩད་ཞིབ་ཀྱི་བྱ་བ་སྣ་ཚོགས་སྤེལ། དེ་དང་མཉམ་དུ་དུས་ཚོད་དམ་འཛིན་བྱས་ནས་རྐུ་འཕྲོག་བྱ་ཡུལ་གྱི་མཐའ་འཁོར་དུ་ཆ་འཕྲིན་བསྡུ་ལེན་བྱས་ནས་ཞིབ་བསྡུར་དང་། དོགས་ཡོད་ཉེས་ཅན་གྱི་གར་འགྲོ་གར་འདུག་ལ་བརྟག་དཔྱད་བྱས་མཐར་དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས།ཟླ5པའི་ཚེས21ཉིན། གཡུ་སྒང་ཉིན་མངགས་གཏོང་ཁང་གི་རོགས་འདེགས་འོག་དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས། འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོས་ཁང་པར་འཛུལ་ནས་བརྐུས་བྱས་པའི་དོན་དངོས་སྦ་གསང་མེད་པར་ཁས་བླངས།མིག་སྔར། ཧི་ནན་རྫོང་སྤྱི་བདེ་ཅུས་ཀྱིས་དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོར་བཙན་ཤེད་བྱེད་ཐབས་སྤྱད་ཡོད་ལ། གྱོད་དོན་གོམ་གང་མདུན་སྤོས་ངང་སྒྲུབ་བཞིན་ཡོད།

གཟི་ཚ་སྡེ་དགུར་ཡུལ་སྐོར་ཉམས་ལེན་བྱེད་མཁན་མང་དུ་ཕྱིན་པ།

འདི་ནི་ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་གཟི་ཚ་སྡེ་དགུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ།གཟི་ཚ་སྡེ་དགུ་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་གྱི་ཡིད་དབང་འཕྲོག་པའི་གནས་མཆོག་ཞིག་ཡིན་ཞིང་། 1992ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད། དུས་རབས་20པའི་ལོ་རབས་9

༄༅།།དབྱར་འགོའི་མ་ཕམ་གཡུ་མཚོ།

དབྱར་འགོར། མ་ཕམ་གཡུ་མཚོའི་འདམ་རའི་རྒྱ་ཆེ་བའི་རྩྭ་ཐང་དང་ཐག་རིང་གི་གངས་རི་དང་ཆུ་བོ་གཉིས་ལས་ཐུན་མོང་དུ་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཏུ་གྲུབ་ནས་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད། མ་ཕམ་གཡུ་མཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གངས་རིན་པོ་ཆེའི་ཤར་ལྷོའི་སྤྱི་ལེ་20ཡི་སར་གནས་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་མེད་མཚེའུའི་གྲས་ཤིག་ཡིན། དབྱར་འགོར། མ་ཕམ་གཡུ་མཚོའི་འདམ་རའི་རྒྱ་ཆེ་བའི་རྩྭ་ཐང་དང་ཐག་རིང་གི་གངས་རི་དང་ཆུ་བོ་གཉིས་ལས་ཐུན་མོང་དུ་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཏུ་གྲུབ་ནས་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད། མ་ཕམ་གཡུ་མཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གངས་རིན་པོ་ཆེའི་ཤར་ལྷོའི་སྤྱི་ལེ་20ཡི་སར་གནས་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་མེད་མཚེའུའི་གྲས་ཤིག་ཡིན། དབྱར་འགོར། མ་ཕམ་གཡུ་མཚོའི་འདམ་རའི་རྒྱ་ཆེ་བའི་རྩྭ་ཐང་དང་ཐག་རིང་གི་གངས་རི་དང་ཆུ་བོ་གཉིས་ལས་ཐུན་མོང་དུ་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཏུ་གྲུབ་ནས་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད། མ་ཕམ་གཡུ་མཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གངས་རིན་པོ་ཆེའི་ཤར་ལྷོའི་སྤྱི་ལེ་20ཡི་སར་གནས་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་མེད་མཚེའུའི་གྲས་ཤིག་ཡིན།

ཟི་ལིང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི་ཡོངས་བསྒྲགས་ཚོགས་འདུ་སྟེང་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཡུལ་སྐོར་རྒྱས་པའི་དུས་ཚིགས་ཀྱི་ཞབས་ཞུའི་འགན་ལེན་གྱི་གཙོ་གནད་ལས་འགན་དང་། “ལྟེ་བའི་རིམ་པའི”ཞབས་ཞུའི་འདེགས་སྐྱོར་དམིགས་ཚད་ལ་ཤུགས་བསྣན་ཏེ། ཁྲོམ་རའི་དོ་དམ་དང་མཉམ་འབྲེལ་བཅོས་སྐྱོང་། ཞབས་ཞུ་མཐོ་རུ་གཏོང་བ་སོགས་ཀྱི་ལས་འགན་ལ་དམིགས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡུལ་སྐོར་ཞབས་ཞུའི་འགན་སྲུང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། 《ཟི་ལིང་གྲོང་ཁྱེར་གྱི2025ལོའི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྐྱོང་ལས་དོན་ཇུས་གཞི》དང་། 《ཡུལ་སྐོར་མང་བའི་དུས་ཚིགས་ཀྱི་ཁྲོམ་རའི་མཉམ་འབྲེལ་ཆེད་དོན་བཅོས་སྐྱོང་ལས་དོན་ཇུས་གཞི》གཏན་འབེབས་བྱས་ཏེ།“1+1+7”གྲོང་ཁྱེར་དང་ཁུལ་མཉམ་འགུལ་གྱི་རྣམ་པ་གསར་གཏོད་དང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་མཉམ་འགུལ་གྱིས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་མཉམ་སྐྲུན་དང་། གྲོང་ཁྱེར་རིམ་པའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། གྲོང་ཁྱེར་དང་ཁུལ7དང་མཐུན་སྦྱོར་བྱས་ནས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་དང་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཟི་ལིང་གི“ལྟེ་བའི”རིམ་པའི་ནུས་པ་འབུར་དུ་ཐོན་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། ཟླ5བ་ནས་བཟུང་། ཟི་ལིང་གི་ཞག་སྡོད་དང་མཐའ་འཁོར་གྱི་ཡུལ་སྐོར་བྱེད་ཚད40%ཟིན་ནས། ཡུལ་སྐོར་བས་ཁས་ལེན་གེང་ལེགས་ཐོབ། ཞུ་གཏུག་ཡོད་ན་ངེས་པར་དུ་འཕྲལ་སྒྲུབ་བྱེད་དགོས་པའི་བྱ་བའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། 12345སྐུད་ལམ་དུ་ཐོན་ལས་གནས་བཞིའི་རིག་གནས་ཡུལ་སྐོར་ཆེད་དོན་དང་ཞུ་གཏུག་ཐག་གཅོད་ཆེད་དོན་འཛིན་གྲྭ་བཙུགས། ཟླ5པར་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ཚད་དུས་མཚུངས་ལས10.9%མར་ཆག་པ་དང་། ཞུ་གཏུག་ཐག་གཅོད་ཀྱི་ལས་ཆོད30%ཇེ་མཐོར་སོང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ཐག་གཅོད་བྱེད་ཚད100%རྒྱུན་འཁྱོངས་བྱས་ཏེ། ཡུལ་སྐོར་བའི་རེ་འདུན་དང་ལེན་བྱེད་པའི་མྱུར་ཚད་དང་བློ་ཡིད་ཚིམ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། འབྱུང་ཁུངས་བཅོས་སྐྱོང་དང་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད། གཅིག་གྱུར་བཀོད་གཏོང་དང་སྡེ་ཁག་མཉམ་སྦྲེལ་ཟུང་འབྲེལ་བྱེད་པའི་བྱ་བའི་གདུབ་ཟུམ་ལམ་སྲོལ་བཙུགས་ནས། ཁོངས་མིའི་ལས་ཁུངས་སོ་སོས་མཉམ་འགུལ་གྱིས་དྲིལ་སྒྲོག་རྫུན་མ་དང་ཁྲིམས་འགལ་གཉེར་སྐྱོང་སོགས་ལ་རྡུང་རྡེག་གཏོང་བའི་གཅིག་གྱུར་འཆར་འགོད་བྱས། “ཟ་མ་དང་སྡོད་ཁང་། འགུལ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”སོགས་ཀྱི་འགན་སྲུང་ལ་དམིགས་ནས། ཞག་སྡོད་དང་བཟའ་བཏུང་། འགྲིམ་འགྲུལ། ཉོ་སྒྲུབ་སོགས་ཁྱབ་ཁོངས་ཀྱི《ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་དཔལ་ཡོན་ཞབས་ཞུའི་ཚད་གཞིའི》རྣམ་གྲངས8གཏན་འབེབས་དང་ཁྱབ་བསྒྲགས་བྱས་ཏེ། ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་ཚད་གཞི་སྔར་བས་ཁ་གསལ་བཟོས། ཡུལ་སྐོར་ཆ་འཕྲིན་ཞབས་ཞུ་ལག་བསྟར་དང་། འགྲིམ་འགྲུལ་སྒྲིག་སྲོལ་དང་འགལ་བའི་རྣམ་གྲངས་ཐག་གཅོད་ཡང་མོ་བྱེད་པ་དང་། དང་བླངས་ཞབས་ཞུའི་ས་ཚིགས་འཛུགས་པ། གུང་གསེང་སྐབས་རིན་མེད་ངང་རླངས་འཁོར་འཇོག་པ་སོགས་དམངས་ཕན་ཡུལ་སྐོར་བྱ་ཐབས་ཁག12བཏོན། ནུས་ལྡན་སྒོས་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་། ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པ། “མཐོ་སྒང་རྐང་གྲུག་འགྲན་བསྡུར་ཆེན་མོ”སོགས་གཙོ་གནད་རིག་གནས་ཡུལ་སྐོར་བྱེད་སྒོ་ཁག50ལྷག་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། ལས་ཞུགས་མི་སྣའི་ནུས་པ་གསོ་སྦྱོང་དང་ཞབས་ཞུའི་སྤུས་ཚད་ལ་དམིགས་ནས། ཡུལ་སྐོར་སྣེ་ཤན་པ་དང་རླངས་འཁོར་ཁ་ལོ་བ་སོགས་མི830ལ་གསོ་སྦྱོང་བྱས། །

ཉང་ཆུ་རྒྱལ་ཡོངས་ཀྱི་མཛེས་པའི་ཆུ་བོ་དང་མཚེའུ་ཡི་ཕུལ་བྱུང་དཔེ་མཚོན་དུ་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། ཉིང་ཁྲིའི“མ་ཡུམ་ཆུ་བོ”ཡིན་པའི་ཉང་ཆུ2024ལོར་རྒྱལ་ཡོངས་ཀྱི་མཛེས་པའི་ཆུ་བོ་དང་མཚེའུ་ཡི་ཕུལ་བྱུང་དཔེ་མཚོན་དུ་བདམས་ཐོན་བྱུང་། ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཆུ་རྒྱུན་འབབ་ཡུལ་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱས་ཏེ། ཆུ་བེད་དང་སྐྱེ་ཁམས་ཁོར་ཡུག སྡོད་ཁང་འཛུགས་སྐྲུན། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་བར་གྱི་མཉམ་འབྲེལ་ལ་ཤུགས་བསྣན་ནས་གྲོང་ཁྱེར་གྱི་སྤྱོད་དམིགས་ཆུ་ཁུངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། 《ཉང་ཆུའི་སྐྱེ་ཁམས་ཆུའི་ཚད་འགན་སྲུང་ལག་བསྟར་ཇུས་གཞི》སྒྲིག་བཟོ་བྱས། དེ་དང་ཆབས་ཅིག ཉང་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོང་ལས་གཞི་བསྐྲུན་ནས་ཆུ་རྒྱུན་འབབ་ཡུལ་གྱི་རིགས་སོ་སོའི་སྦགས་བཙོག་འབྱུང་གཞིའི་དངོས་པོ་ཕྱིར་འབུད་པར་ཚོད་འཛིན་ནུས་ལྡན་བྱས་ཏེ། ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་དང་། འགྲམ་སྲུང་དང་ཆུ་ལོག་ཕྱིར་འབུད་ཀྱི་ཆུ་རྐ་གསར་སྐྲུན། ཆུ་རགས་བརྟན་དུ་གཏོང་བ་སོགས་ཀྱི་བྱ་བ་ལེགས་འགྲུབ་བྱུང་ཡོད། ཆུ་རྒྱུན་འབབ་ཡུལ་གྱི་སྐྱེ་ཁམས་ཉམས་གསོར་སྐུལ་འདེད་བཏང་བ། 2016ལོ་ནས་བཟུང་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་རིགས་ཁག་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྣམ་གྲངས110ལེགས་འགྲུབ་བྱུང་བ་དང་། མ་དངུལ་སྒོར་དུང་ཕྱུར10.5དོན་འཁྱོལ་བྱས་ཏེ། མིས་བཟོས་ནགས་སྐྲུན་མུའུ་ཁྲི27.8ཇེ་མང་དུ་སོང་བ་དང་། བྱེ་འགྱུར་ས་ཞིང་མུའུ་ཁྲི19.3བཅོས་སྐྱོང་བྱས་པ། ནགས་ཚལ་མུའུ་ཁྲི41གསོ་སྐྱོང་དང་། རྩྭ་ར་བརླན་ས་མུའུ1200ལེགས་བཅོས་བྱས།ཤེས་གསལ་ལྟར་ན། རིང་ཚད་ཧྲིལ་བོར་སྤྱི་ལེ307.5ཡོད་པའི་མཐོ་སྒང་གི་ཆུ་རྒྱུན་འདིའི་རྒྱལ་ཁབ་ཀྱི་ཚོད་འཛིན་བྱས་པའི་བཅད་ངོས་ཆུའི་སྤུས་ཚད་རིགསⅡསླེབས་པ་དང་། ཆུའི་བྱེད་ནུས་ཁུལ་གཙོ་བོ་ཕྱོགས་ཡོངས་ནས་ཚད་གཞིར་ལོན་པ། ཉ་རིགས་ཀྱི་ཐོན་ཁུངས་རིགས10ཡི་བར་འཕར་བ། སོ་ཐད་གསོས་གས་ཉ་སོགས་རྩ་ཆེན་དངོས་རིགས་བསྐྱར་དུ་མངོན་ནས། “ཆུའི་སྤུས་ཚད་ལེགས་པ་དང་། སྐྱེ་ཁམས་མཛེས་པ། མང་ཚོགས་འབྱོར་ཕྱུག”གི་མི་དང་ཆུ་བོ་འཆམ་མཐུན་གྱི་དམིགས་འབེན་མངོན་འགྱུར་བྱུང་ཡོད། །

《ལྷ་ས་གྲོང་ཁྱེར་གྱི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ཟླ6པའི་ཚེས15ཉིན་ལག་བསྟར་བྱ་རྒྱུ་རེད།

ཉེ་ལམ།《ལྷ་ས་གྲོང་ཁྱེར་གྱི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》》(གཤམ་དུ“《སྲོལ་ཡིག》”ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་ལག་བསྟར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་རེད། གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན།《སྲོལ་ཡིག》ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ལྔ་དྲུག་ཡོད་ཅིང་། དེའི་ནང་གཙོ་བོ་འཆར་འགོད་འཛུགས་སྐྲུན་དང་ཐོན་ལས་སྐུལ་སྤེལ། ཞབས་ཞུ་འགན་སྲུང་། ལྟ་སྐུལ་དོ་དམ་སོགས་ཀྱི་ནང་དོན་འདུས་ཡོད་ལ། 2025ལོའི་ཟླ6པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། བྱེད་ཐབས་འདིས་ལྷ་ས་གྲོང་ཁྱེར་གྱིས་ཁོངས་ཡོངས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་གནད་འགག་གི་གོམ་སྟབས་གཅིག་སྤོས་པ་མཚོན་ཡོད།ཐབས་མང་མཉམ་སྤྱོད་བྱས་ནས་སྣ་མང་ཅན་གྱི་ལས་རྣམ་བསྐྲུན་པ།ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཡུལ་སྐོར་ལས་རྣམ་གསར་བ་འཕེལ་རྒྱས་དལ་བ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་བའི་ཞབས་ཞུར་ཞན་ཆ་ཡོད་པ། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཕྱིར་མངོན་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཧུར་ཐག་སྒོས་ཀ་རྟེན་ཐོན་ལས་སུ་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་གྱིས《སྲོལ་ཡིག》དེ་བཟོས་ནས་བཏོན་པ་དང་། དེའི་དམིགས་ཡུལ་ནི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཚད་ལྡན་དང་ད་ཡོད་གནད་དོན་ཐག་གཅོད་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཁོངས་མིའམ་ཅུས་ཀྲང་གཞོན་པ་ལི་ཅང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐོན་ལས་མཉམ་འདྲེས་ནི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་ཡིན་ལ། ཐེངས་འདིའི《སྲོལ་ཡིག》སྒྲིག་བཟོ་ཡིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མཚོན་པ་དང་། མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གཙོ་བོ་ཁྱད་ལྡན་རིག་གནས་དང་ལེགས་ཆའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཐད་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ལྟ་སྐོར་ཡུལ་སྐོར་དེ་རིག་གནས་ཡུལ་སྐོར་དང་མཛེས་ལྗོངས་ཡུལ་སྐོར་ནས་སྤྲོ་གསེང་ཉམས་ལེན་ཡུལ་སྐོར་དང་། སྤ་སེ་དཔལ་འབྱོར་དེ་ཐོན་ལས་དཔལ་འབྱོར་དུ་སྒྱུར་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག ལྷ་སའི་ལོ་རྒྱུས་རིག་གནས་ནང་དོན་ཟབ་མོར་བརྟེན་ནས《སྲོལ་ཡིག》གི་གསར་བརྗེ་དང་གཟུགས་འདས་ཤུལ་བཞག་རིག་གནས། འཁྲབ་རྩལ། བཟའ་བཏུང་། གླིང་ཁ། དམངས་སྲོལ། ལུས་རྩལ། དུས་ཆེན། གཉེན་སྒྲིག་བརྩེ་དུང་སོགས་རིག་གནས་གཞི་རྒྱུ་དང་ཡུལ་སྐོར་བྱ་འགུལ་ཕན་ཚུན་ཟུང་འབྲེལ་བྱས་ཏེ། རིག་གནས་ཉམས་ལེན་དང་ཡུལ་སྐོར་བྱ་འགུལ་ཕན་ཚུན་སྐུལ་སྤེལ་ཚད་ལྡན་དང་ཞིབ་ཚགས་སུ་བཏང་བ་དང་། ཡུལ་སྐོར་གྱི་ཡིད་དབང་འགུག་ཤུགས་དང་རིག་གནས་ནང་དོན་མཐོར་འདེགས་སུ་བཏང་ནས་སྣ་མང་ཅན་གྱི་ལས་རྣམ་བཏོད་ཡོད།“བྱེད་ཐབས་འདི་དག་བརྒྱུད་ང་ཚོས་འཕེལ་རྒྱས་ཀྱི་ཚད་བཀག་གཏོར་ནས་ཡུལ་སྐོར་དང་རིག་གནས། ཐོན་ཁུངས། ཁྱད་ལྡན་ལེགས་ཆའི་ཐོན་ལས་མཉམ་འགུལ་གཏིང་ཟབ་དང་ཕན་ཚུན་ནུས་འདོན་བྱས་ཏེ། ‘གང་སར་མཛེས་ལྗོངས་ཡོད་པ་དང་། དུས་རྟག་དུ་ཡུལ་སྐོར་ཆོག་པ། ཡོད་ཚད་ཡུལ་སྐོར་ལ་འབྲེལ་བ་ཡོད་པ། མི་ཚང་མས་མཉམ་སྤྱོད་བྱེད་པའི’ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་ཡོད་ལ། ‘གངས་ལྗོངས་གནའ་མཁར·གནས་མཆོག་ལྷ་སའི’ཐུན་མོང་མ་ཡིན་པའི་རང་བྱུང་དང་མི་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་གཏོད་དགོས”ཞེས་ལི་ཅང་གིས་བཤད། ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་ཡུལ་སྐོར་ཞབས་ཞུའི་ཉམས་ལེན་ཇེ་མཐོར་གཏོང་བ།ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ཐད། 《སྲོལ་ཡིག》ནང་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་འཛུགས་སྐྲུན་གཉིས་གཙོ་གནད་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་། གཏན་འབེབས་བྱ་སྤྱོད་དང་འདུ་ཤེས་ཞབས་ཞུ་གཉིས་གཙོ་གནད་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། “འདེགས་སྐྱོར་བརྟན་པོ”དང“དངོས་ཡོད་སྟོབས་ཤུགས་མཉེན་པོ”ཕྱོགས་གཉིས་ཐད་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་བརྒྱུད་རིམ་ལྡན་པའི་གཏན་འབེབས་ཡོད། 《སྲོལ་ཡིག》གི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ནས་མ་དངུལ་འགན་སྲུང་དང་འགྲིམ་འགྲུལ་སྟབས་བདེ་ཅན། སྒེར་འཁོར་སྐོར་བའི་ཞབས་ཞུ། མཐོ་སྒང་དབྱང་རླུང་མཁོ་འདོན། ཡུལ་སྐོར་གསང་སྤྱོད་ཁང་། ལམ་རྟགས་མ་ལག་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད་དེ། ཡུལ་སྐོར་བ་མང་འདུས་བྱ་ཡུལ་དུ་དབྱང་རླུང་མཁོ་འདོན་སྒྲིག་བཀོད་བསྐྲུན་པ་མ་ཟད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་ཚོང་གཉེར་མཁན་གྱིས་གོ་རིམ་ཧྲིལ་བོར་དབྱང་རླུང་མཁོ་སྤྲོད་ཞབས་ཞུ་མཁོ་འདོན་བྱེད་པར་སྐུལ་སློང་བྱེད་པ། རིག་ནུས་ཡུལ་སྐོར་ཞབས་ཞུའི་མ་ལག་བཙུགས་ནས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར་རིམ་པའི་ཡུལ་སྐོར་རིག་ནུས་ལས་སྟེགས་བསྐྲུན་པ་དང་། ཡུལ་སྐོར་བར་ཆ་འཕྲིན་འདྲི་རྩད་དང་སྤ་སེ་སྔོན་མངགས། ཨང་བཤེར་ནང་འཛུལ། སྣེ་ཁྲིད། སྔོན་ཚུད་ཉེན་བརྡ་སོགས་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་མ་ཟད། འབྲེལ་ཡོད་སྡེ་ཁག་དབར་ཆ་འཕྲིན་བརྗེ་རེས་དང་སྤེལ་རེས་བྱས་པ་དང་། རིག་ནུས་ཅན་གྱི་ཐབས་ལམ་བརྒྱུད་ནས་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་ལ་འདེགས་སྐྱོར་མཁོ་འདོན་བྱས་ཡོད། གཞན་ཡང་། 《སྲོལ་ཡིག》ནང་འཕྲལ་བསྟུན་དང་བདེ་འཇགས་འགན་སྲུང་མ་ལག་འཐུས་ཚང་དང་། ལས་ཞུགས་མི་སྣའི་སྤུས་ཚད་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་མཐོར་འདེགས། ཁོར་ཡུག་དང་ཉམས་འགྱུར་ཇེ་ལེགས། ལྟ་སྐུལ་དོ་དམ་དང་ཁེ་དབང་འགན་སྲུང་སོགས་ཀྱི་ཐད་གཏན་འབེབས་ཞིབ་མོ་བྱས་ཡོད་ལ། འཇམ་ཁྲིད་དང་མགོ་སྐོར། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ་དང་རྫུས་མའི་དྲིལ་བསྒྲགས། རང་དགར་གན་རྒྱ་སྒྱུར་བ། སྤུས་ཚད་དང་རིན་གོང་མི་མཐུན་པ་སོགས་ཀྱི་དམར་ཐིག་གསལ་བོ་བཟོས་ཡོད།ལི་ཅང་གིས“ཕྱོགས་ཡོངས་དང་ཞིབ་ཚགས་ཀྱི་གཏན་འབེབས་འདི་དག་བརྒྱུད་ནས་ང་ཚོས་ལྷ་སར་ཡོང་བའི་ཡུལ་སྐོར་བར་སྔར་བས་བདེ་འཇགས་དང་སྟབས་བདེ། བག་ཕེབས། ཡིད་རྟོན། རིག་ནུས་ཅན་གྱི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཞབས་ཞུའི་ཉམས་ལེན་མཁོ་འདོན་བྱས་ཏེ། ཡུལ་སྐོར་བ་སྤྲོ་སྣང་ངང་ཡོང་ནས་ཡིད་ཚིམ་པའི་ངང་ལོག་ཐུབ་པ་བྱས་ནས་ལྷ་སའི‘འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན’གྱི་གསེར་ཡིག་བྱང་བུ་དངོས་གནས་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས”ཞེས་བཤད། སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་བཏང་ནས་ལྷ་སའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ།ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཏང་ཙུའུ་ཁོངས་མིའམ་ཅུས་ཀྲང་བསྟན་འཛིན་དར་རྒྱས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 《སྲོལ་ཡིག》ནང་ཁོངས་ཡོངས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་བང་རིམ་མང་པོའི་ཡུལ་སྐོར་དགོས་མཁོ་སྐོང་བ་ཁྲིམས་འཛུགས་དམིགས་དོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སྐུལ་སྤེལ་རྣམ་པའི་ཁྲིམས་འཛུགས་ནང་དོན་སྙིང་པོ་དམ་འཛིན་བྱས་ནས་ཡུལ་སྐོར་དང་ཐོན་ལས་གཞན་དག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ། ཁོངས་ཡོངས་ཡུལ་སྐོར་བདེ་ཐང་འཕེལ་རྒྱས་ཡོང་བར་སྐུལ་འདེད་སོགས་ཐད་མཁོ་བའི་འགན་སྲུང་དང་སྐུལ་སྤེལ་ནང་དོན་མངོན་གསལ་དོད་པོ་བྱས་ཡོད། 《སྲོལ་ཡིག》དེར་ཁྱད་ཆོས་ཆེན་པོ་གསུམ་ལྡན་པ་སྟེ། གཅིག་ནི་ཁོངས་ཡོངས་ཡུལ་སྐོར་འབུར་ཐོན་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བསྐྲུན་པར་སྐུལ་འདེད་གཏོང་བའི་ཁྲིམས་འཛུགས་དམིགས་ཡུལ་གསལ་བོ་བཏོན་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་འཕེལ་རྒྱས་རྩ་དོན་རྒྱུན་འཁྱོངས་བྱས་ཡོད། གཉིས་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འབུར་ཐོན་དུ་བཏང་ནས་ཁོངས་ཡོངས་ཡུལ་སྐོར་གྱི་འཆར་འགོད་སྤྱི་འདོམས་ཤུགས་ཆེར་བཏང་བ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་སྒྲིག་བཟོའི་བླང་བྱ་གསལ་བོར་བཏོན་ཡོད། གསུམ་ནི་ས་གནས་ཁྱད་ཆོས་འབུར་ཐོན་དུ་བཏང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་རིམ་སྤོར་ལ་རྒྱབ་སྐྱོར་དང་། ས་གནས་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་སྔོག་འདོན་ལ་སྐུལ་མ། རྒན་གསོ་དང་ཁམས་གསོའི་རྣམ་གྲངས་གསར་སྤེལ། གླིང་ཁའི་ཡུལ་སྐོར་ཟོང་རྟགས་སྐྱེད་སྲིང་སོགས་བྱས་ཏེ། ལྷ་སའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས།ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིའམ་དྲུང་ཡིག་ཆེན་མོ་གཞོན་པ་རྡོ་རྗེ་ཕུན་ཚོགས་ཀྱིས་བསྟན་དོན། རྗེས་མར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《སྲོལ་ཡིག》གི་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་བསྣན་ནས། གཟབ་ནན་སྒོས་ཁྲིམས་འཛིན་དང་དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་འགན་ལེན་ཏན་ཏིག་བྱེད་པ་དང་ཆབས་ཅིག ཁྲིམས་ཤེས་པ་དང་ཁྲིམས་སྲུང་བའི་རྣམ་པ་ལེགས་པོ་བསྐྲུན་ནས《སྲོལ་ཡིག》དོན་ཐོག་ཏུ་འཁྱོལ་བ་དང་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་བར་སྔར་བས་བདེ་འཇགས་དང་སྟབས་བདེ། བག་ཕེབས། ཡིད་རྟོན། རིག་ནུས་ཅན་གྱི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཞབས་ཞུའི་ཉམས་ལེན་མཁོ་འདོན་བྱེད་དགོས། །

ལམ་རྒྱུད་ས་ཁུལ་དུ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མི་ཆད་པར་བསྣན་པ།

ཉེ་དུས་གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2019ལོ་ནས་ད་བར་ཀུང་སིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་ཆེད་གཏོང་མེ་འཁོར་170ལྷག་བཏང་བ་དང་། དེའི་ནང་བོད་དུ་སྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་61ཟིན་ཡོད། ལྷག་པར་དུ་2024ལོ་ཚུན་དུ་ཟི་ལིང་ནས་ལྷ་སའི་བར་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་14བཏང་བ་དང་ཡུལ་སྐོར་བ་མི་ཐེངས་7528ལ་ཞབས་འདེགས་ཞུས་པས་བོད་སྐྱོད་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་གཏོང་གྲངས་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་གྲངས་ལོ་ལྔའི་རིང་མང་ཤོས་ཟིན་པ་རེད།མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་ཆེད་གཏོང་མེ་འཁོར་ལ་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཡུལ་སྐོར་བ་སྐྱེལ་རེས་བཅས་བྱས་ཏེ་ཡུལ་སྐོར་གྱི་བཀོད་པ་གསར་པ་ཞིག་ཐུན་མོང་ཐོག་བཏོད་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”2025ལོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།

ཚེས་8ཉིན་གྱི་སྔ་དྲོར“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”2025ལོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པ་མངའ་ཁོངས་སུ་ཡོང་བའི་ཡུལ་སྐོར་མཉམ་ལས་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། འཇར་མན་དང་། ཧྥ་རན་སེ། ཨ་རི་སོགས་རྒྱལ་ཁབ་17དང་དེ་བཞིན་ཤང་ཀང་དང་ཨའོ་མོན་ས་ཁུལ་ནས་ཡོང་བའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པའི་འཐུས་མི་བརྒྱ་ཙམ་མཉམ་དུ་འཛོམས་ཏེ། བོད་ཀྱི་ཡུལ་སྐོར་ཁེ་ལས་20ལྷག་ཙམ་དང་སྤེལ་རེས་གཏིང་ཟབ་བྱས་ནས་ཡུལ་སྐོར་མཉམ་ལས་ཟབ་ཏུ་གཏོང་བ་དང་བོད་དུ་ཡོང་བའི་ཡུལ་སྐོར་དར་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་ཚོགས་འདུ་གཟབ་རྒྱས་ཤིག་འཚོགས་པ་རེད།གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་གྲོས་མོལ་ཚོགས་འདུ་མ་འཚོགས་གོང་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོང་པས་བོད་ཀྱི་ས་ཆ་ཁག་ཏུ་བསྐྱོད་ནས་རྟོག་ཞིབ་ཉིན་ཁ་ཤས་བྱས་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་ཡང་ཉམས་ལེན་གཏིང་ཟབ་བྱས་པ་རེད། དེ་ཉིན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་མཁན་རིག་གནས་དང་ཡུལ་སྐོར་པུའུ་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཅུས་དང་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཁས་ལེན་གང་ལེགས་བྱས་པ་དང་། བོད་དུ་ཡོང་བའི་ཡུལ་སྐོར་ཁྲོམ་རར་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་ཡུལ་སྐོར་འཛམ་གླིང་གི་གར་སྟེགས་ལ་སྐྱོད་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱས་པ་དང་ཆབས་ཅིག རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་ཚོང་པས་སྤུས་ལེགས་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་མཉམ་དུ་གསར་སྤེལ་བྱས་ནས་ཐུན་མོང་ཐོག་བོད་དུ་ཡོང་བའི་ཡུལ་སྐོར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོའི་རྣམ་པ་གསར་བ།

ཉེ་ལམ། རིག་གནས་ཡུལ་སྐོར་པུའུ་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཅུས་དང་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་རྩ་འཛུགས་འོག “ཀྲུང་གོའི་བོད་ལྗོངས·བཀྲ་ཤིས་བདེ་ལེགས་ཞེས་པའི2025ལོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་བ་བོད་ལྗོངས་སུ་སྐྱོད་པའི་བྱ་འགུལ”བོད་ལྗོངས་སུ་སྤེལ་བ་རེད། རྒྱལ་ཁབ16དང་ཞང་ཀང་། ཨོ་མོན། ཐའེ་ཝན་ས་ཁུལ་ནས་ཡོང་བའི་ཡུལ་སྐོར་ལས་དོན་ཁང100ཡི་མི་ཞུགས་ཡོད་པ་དང་། བསྡོམས་པས་ཕྱི་རྒྱལ་གྱི་ཡུལ་སྐོར་བ105ཡིས་གྲུབ་པའི་རྒྱལ་སྤྱིའི་ཚོང་གཉེར་བའི་རྟོག་ཞིབ་ཚོགས་པ་ཐོག་མར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་སོང་སྟེ། བོད་ཀྱི་ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོའི་ལོ་རྒྱུས་ཀྱི་ནང་དོན་དང་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་བ་མངོན་པའི་ངོ་མཚར་ཆེ་བའི་འགྲུལ་བཞུད་ཐེངས་ཅིག་ཉམས་ལེན་བྱས།པར་འདི་ནི་ཆང་ཁྱིམ་གྲོང་ཚོའི་ཟུར་ཞིག་རེད། ཆང་ཁྱིམ་གྲོང་ཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་གནས་ཤིང་། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཞིང་ལས་དར་རྒྱས་ཆེ་བའི་ས་ཁོངས་དང་ལྷག་ཏུ་རྒྱ་བོད་མཉམ་འདྲེས་ཀྱི་བདེན་དཔང་ས་ཁུལ་གལ་ཆེན་ཡིན། ངག་རྒྱུན་ལྟར་ན། སྤྱི་ལོ་དུས་རབས7པར་སྲོང་བཙན་སྒམ་པས་རྒྱ་བཟའ་ཀོང་ཇོ་འཁྲིད་དེ་ཕ་ཡུལ་འཕྱོངས་རྒྱས་སུ་ལོག་ནས་བསྡད་པ་དང་། དེའི་རིང་རྒྱ་བཟའ་ཀོང་ཇོ་ཡིས་ནས་ཆང་བསྙལ་བའི་ལག་རྩལ་ཇེ་ལེགས་སུ་བཏང་སྟེ། ཆང་ཁྱིམ་གྲོང་ཚོ“ཆང་གི་ཕ་ས”རུ་གྱུར་ཡོད་པ་དང་། ལག་རྩལ་འདི་ད་བར་རྒྱུན་འཛིན་བྱས་ཡོད། ཆང་ཁྱིམ་གྲོང་ཚོར་ཕྱི་རྒྱལ་གྱི་ཡུལ་སྐོར་བས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་མང་པོར་ལྟ་སྐོར་བྱས། ཆང་ཁྱིམ་གཞིས་ཀ་འདི་ཉིད་སྔོན་ཆད་བོད་ལྗོངས་ཀྱི་སྐུ་དྲག་གཞིས་ཀ་ཆུང་གྲས་ཞིག་ཡིན་ལ། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དེ་ནི་བཀས་བཀོད་ཞིང་བྲན་ལམ་ལུགས་ཀྱི་བསྡུས་རིས་ཡིན། མིག་སྔར། དེ་ག་ལྷོ་ཁ་གྲོང་ཁྱེར་གྱི་གནའ་བོའི་བཟོ་བཀོད་གྲུང་འགྱུར་གྱི་གྱོད་དཔེ་ཐོག་མ་སྟེ་ཆང་ཁྱིམ་གཞིས་ཀའི་སྤྱི་བའི་རིག་གནས་ལྟེ་གནས་སུ་གྱུར་ཡོད། དངོས་མང་བཤམས་སྟོན་ཁང་རིམ་པའི་བཤམས་སྟོན་དང་གཞིས་ཀ་ནང་ཁུལ་དུ་ཉར་ཚགས་བྱས་པའི་ལྡེབས་རིས་སོགས་བརྒྱུད་ནས། ཡུལ་སྐོར་བར་གཞིས་ཀ་དཔལ་འབྱོར་གྱི་དར་རྒུད་དང་བོད་ལྗོངས་སྤྱི་ཚོགས་འཕོ་འགྱུར་གྱི་ལོ་རྒྱུས་གཏན་ཚིགས་གསལ་བོར་མངོན་ཡོད། ཡུལ་སྐོར་བས་ད་དུང་ཕུན་ཚོགས་ཁང་བཟང·ཆང་ཁྱིམ་གླིང་ཁར་ལྟ་སྐོར་བྱས་ཏེ། གནའ་བོའི་གྲོང་ཚོའི་དེང་རབས་ཀྱི་གསོན་ཤུགས་ཚོར་བར་བྱས།པར་འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཆང་ཁྱིམ་གླིང་ཁའི་སྒར་འདེབས་གནས་སུ་བོད་ལྭ་གོན་ནས་པར་ལེན་པའི་རྣམ་པ་རེད། ཆང་ཁྱིམ་གླིང་ཁའི་སྒར་འདེབས་གནས་སུ་རྟོག་ཞིབ་ཚོགས་པས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་འཇུའི་བྲོ་དང་ཁ་གྲོ་བཀྲ་ཤིས་སྤུན་བདུན་གྱི་ལྷ་མོའི་ཟློས་གར་འགྲེམ་འཁྲབ་ལ་ཡུལ་དངོས་སུ་བལྟས་པ་རེད། ཆང་ཁྱིམ་གྲོང་ཚོས་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་ནས་ཆང་ཐོན་ལས་ལ་བརྟེན་ནས“ཆང་ཁྱིམ་ནས་ཆང”དང“ཆང་ཁྱིམ་གཞིས་ཀ” “ཆང་ཁྱིམ་གླིང་ཁ”བཅས་ཕྱོགས་གསུམ་གཞི་གཅིག་གི་གྲོང་གསེབ་ཡུལ་སྐོར་རིག་གནས་ཉམས་ལེན་ཁུལ་བསྐྲུན་པ་དང་། གྲོང་མིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་ནང་ཞུགས་པ་སོགས་བརྒྱུད། ཐག་ཉེ་སར་ལས་ཞུགས་ཐུབ་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཡོད།པར་འདི་ནི་རྟོག་ཞིབ་ཚོགས་པས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འཇུའི་བྲོ་འགྲེམ་འཁྲབ་ལ་བལྟ་བའི་རྣམ་པ་རེད། བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཆང་ཁྱིམ་གྲོང་ཚོ་ནི་བོད་ལྗོངས་ཀྱི“གནའ་བོའི་བཟོ་བཀོད་གྲུང་འགྱུར+གྲོང་གསེབ་དར་སྤེལ”འཐབ་ཇུས་ཀྱི་བསྡུས་རིས་ཡིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་སྲིད་ཇུས་ཁྲིད་སྟོན་དང་སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱས་པ་བརྒྱུད། རིག་དངོས་བཟོ་བཀོད30ལྷག་དངོས་མང་བཤམས་སྟོན་ཁང་དང་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་སོགས་སྤྱི་བའི་བར་སྟོང་དུ་སྒྱུར་བར་སྐུལ་འདེད་བཏང་སྟེ། “རིག་དངོས་སྲུང་སྐྱོབ—རིག་གནས་རྒྱུན་འཛིན—ཐོན་ལས་རིམ་སྤོར”གྱི་རྒྱུན་བསྲིང་འཕེལ་རྒྱས་ཐབས་ལམ་ཆགས་ཡོད། ཐེངས་འདིའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་བའི་ཡུལ་དངོས་རྟོག་ཞིབ་ཀྱིས“བོད་འབྱུང་རིག་གནས་ཉམས་ལེན”སོགས་བརྗོད་དོན་ཐོན་རྫས་གོ་ལ་ཧྲིལ་བོའི་ཡུལ་སྐོར་ལམ་ཐིག་ཏུ་འཇུག་པར་སྐུལ་འདེད་བཏང་སྟེ། བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དུ་བསྐྲུན་པར་རོགས་འདེགས་བྱས་ཡོད། རྗེས་མར། “རྒྱུད་གཅིག་ལམ་གཅིག”གི་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས། ཆང་ཁྱིམ་གྲོང་ཚོ་སྟེ་ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོས་སྒོ་འབྱེད་ཀྱི་རྣམ་པས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འོག་གི་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་ཀྱི་འཕོ་འགྱུར་འགྲེམ་སྟོན་བྱས་ཏེ། བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དེང་རབས་ཀྱི་གྲོང་གསེབ་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་གྱི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་འགྱུར་དགོས། །

མཚོ་སྔོན་པོའི་མཐའ་འཁོར་གྱི་འགྲིམ་འགྲུལ་དམངས་ཕན་ཞབས་ཞུ་ཁྱོན་ཡོངས་ནས་རིམ་འཕར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དཀའ་ཁག་དང་འཕྲད་ཚེ་རོགས་བྱེད་མཁན་བཙལ་ཐུབ། ཞབས་ཞུ་འདི་དངོས་གནས་བཟང་།”ཞེས་ཅང་སུའུ་ཡུལ་སྐོར་བ་སྐུ་ལྕམ་ལི་ཡིས་མཚོ་སྔོན་པོའི་ལྗོངས་ཁུལ་འགྲིམ་འགྲུལ་ཁྲིམས་ལུགས་ལག་བསྟར་དམངས་ཕན་ཞབས་ཞུ་ས་ཚིགས་ཀྱི་སྐད་འཇོག་སའི་སྟེང་དུ། རང་ཉིད་ཀྱི་བཀའ་དྲིན་ཞུ་བའི་སྐད་ཆ་དེ་བྲིས་འདུག ཟླ6པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་ཧོང་ཡོན་ཡན་ལག་རུ་ཁག་ནས་ཤེས་གསལ་ལྟར་ན། མཚོ་སྔོན་པོའི་ཉེ་འཁོར་གྱི་དམངས་ཕན་ཞབས་ཞུ་ས་ཚིགས་ཁྱོན་ཡོངས་ནས་རིམ་འཕར་ལེགས་འགྲུབ་བྱས་པ་དང་། “ཞབས་ཞུ་ས་ཚིགས་དང་། བརྡ་འཕྲིན་ས་ཚིགས། རོགས་སྐྱོར་ས་ཚིགས”བཅས་གཞི་གཅིག་ཅན་གྱི་རྣམ་པས། ཡུལ་སྐོར་བ་དང་རླངས་འཁོར་ཁ་ལོ་བར“གཅིག་འཐུས་ཞབས་ཞུའི”གནས་ཤིག་གསར་སྐྲུན་བྱས། ཟླ6པར། མཚོ་སྔོན་པོའི་ལྗོངས་ཁུལ་དུ་འགྲུལ་བའི་མཐོ་རླངས་བསུས་ཡོང་། ཏག་ཏག་ཉིན་འགའི་སྔོན་དུ། ཞབས་ཞུ་ས་ཚིགས་སུ་ཁ་པར་ཞིག་འབྱོར་བ་དང་། ལྗོངས་ཁུལ་གྱི་ལྕགས་རྟའི་འགྲོ་ལམ་དུ་ལྕགས་རྟར་ཞོན་མཁན་ཞིག་སར་འགྱེལ། ཧོང་ཡོན་ཡན་ལག་རུ་ཁག་གི་ཁྲིམས་ལུགས་ལག་བསྟར་མི་སྣ་ཡུལ་དངོས་སུ་ཐོན་པ་དང་། རྨས་མའི་གཡོན་རྐང་དང་། པུས་མོ་སྐྲངས་འདུག་པ་མཐོང་། ཁྲིམས་ལུགས་ལག་བསྟར་མི་སྣས་རྨ་ཁར་དུག་སེལ་སོགས་ཀྱི་སྨན་བཅོས་བྱས་པ་མ་ཟད། རླངས་འཁོར་དུ་བཞག་ཏེ་ཞབས་ཞུ་ས་ཚིགས་སུ་སྐྱེལ། ས་ཚིགས་ནང་དུ། ཁྲིམས་ལུགས་ལག་བསྟར་མི་སྣས་འཕྲལ་བསྟུན་སྨན་བཅོས་ཐག་གཅོད་མཁོ་འདོན་བྱས་པ་མ་ཟད། ལྕགས་རྟ་ཀུང་སི་དང་འབྲེལ་གཏུག་བྱས་ཏེ་ཆག་སྐྱོན་ཤོར་བའི་ལྕགས་རྟ་གནས་སྤོར་བྱེད་པར་རོགས་རམ་བྱས། “ས་ཚིགས་ནང་དུ་འཕྲལ་བསྟུན་གློག་ཁུངས་དང་། འཁོར་ལོ་ཞིག་གསོ་ཡོ་བྱད། ཆུ་ཁོལ། ཕྱི་སྐད་བློ་འདྲི་སོགས་ཡོད་པས། དངོས་གནས་བཟང་ཟེར”།ལྗོངས་ཁུལ་སྒོ་ཁའི་ཞབས་ཞུ་ས་ཚིགས་སུ། འཁྱགས་རླུང་གཏོང་ཆས་དང་། འཕྲལ་བསྟུན་སྨན་སྒམ། ལག་ཁྱེར་ཁ་པར་གློག་གསོག་སྒྲིག་ཆས་ཚང་མ་ཡོད། རིན་མེད་ཆུ་ཁོལ་དང་། དངོས་པོ་བོར་བརླག་ངོས་ལེན་བྱེད་ས། འགྲིམ་འགྲུལ་བློ་འདྲི་སོགས་ཀྱི་རྨང་གཞིའི་ཞབས་ཞུ་ལས་གཞན། ས་ཚིགས་སུ་ཏང་ཡོན་ཞབས་ཞུའི་སྒེའུ་ཁུང་དང་། ཕྱི་སྐད་ཞབས་ཞུའི་སྒེའུ་ཁུང་། བཅའ་ཁྲིམས་བློ་འདྲི་སྟེགས་བུ་སྒྲིག་བཀོད་བྱས་ཡོད། གསོ་སྦྱོང་བྱས་པའི་ཁྲིམས་ལུགས་ལག་བསྟར་མི་སྣས་འཕྲལ་བསྟུན་སྨན་བཅོས་རོགས་སྐྱོར་དང་། རིག་གནས་ཡུལ་སྐོར་ཤེས་བྱའི་ཚན་རིག་ཁྱབ་གདལ་ཞབས་ཞུ་བཅས་མཁོ་འདོན་བྱས་ཏེ། མང་ཚོགས་ཀྱི་དོན་དངོས་དཀའ་ཁག་སེལ་རོགས་བྱས། “ཞབས་ཞུ་ས་ཚིགས་སུ་ལོ་སྔོན་མ་དག་ཏུ་མཚོ་སྔོན་པོའི་རུ་ཆེན་དང་རིག་སྨོན་འདེགས་ཚད་བརྒལ་བའི་ཞིབ་བཤེར་ས་ཚིགས་ཀྱི་འགན་ཁུར་བ་དང་། ད་ལོར་དམིགས་བསལ་ལས་རེས་རུ་ཁག་ཁྲིམས་ལུགས་ལག་བསྟར་མི་སྣའི་རིག་སྨོན་ཆུ་བོའི་ལྗོངས་ཁུལ་སྒོ་འགྲམ་ལམ་མཚམས་ཀྱི་ཤར་གཏོང་བྱ་བ་དང་འབྲེལ་ཡོད་བྱ་བར་འགན་ཁུར་ཡོད”སྟོང་སྐོར་ཡན་ལག་རུ་ཁག་མཚོ་སྔོན་པོའི་རུ་ཆེན་གྱི་རུ་གཙོ་གཞོན་པ་ལིག་ཅོན་ཧུའེ་ཡིས་དེ་ལྟར་བཤད། གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོར་ས་ཚིགས་བཙུགས་པའི་རིང་ལ། མཚོ་སྔོན་པོའི་འགྲིམ་འགྲུལ་ཁྲིམས་ལུགས་ལག་བསྟར་དམངས་ཕན་ཞབས་ཞུ་ས་ཚིགས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི1.1སྣེ་ལེན་བྱས་པ་དང་། འཕྲུལ་སྒུལ་རླངས་འཁོར་ཁྲི60སྣེ་ལེན་བྱས་ཤིང་། མི་ཐེངས་ཁྲི5ལ་རོགས་སྐྱོར་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི8ལ་ཞབས་ཞུ་བྱས་ཏེ། མང་ཚོགས་ཀྱི་ཡིད་ཚིམས་ཚད100%ལ་སླེབས། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་ལུགས་ལག་བསྟར་དམངས་ཕན་ཞབས་ཞུ་ས་ཚིགས18གྲས་ཀྱི་གཅིག་ཡིན་པའི་ཆ་ནས། གནས་འདི་ནི་ཡུལ་སྐོར་བའི“གནས་སྐབས་ངལ་གསོ་བྱེད་ས”ཡིན་པར་མ་ཟད། ཁྲིམས་ལུགས་ལག་བསྟར་སྡེ་ཁག་གི་དམངས་ཀྱི་འདོད་བློ་བསྡུ་ལེན་བྱེད་སའི་ས་ཚིགས་ཤིག་ཀྱང་ཡིན་ལ། ཡིད་ཚིམས་ཚད་རྟོག་ཞིབ་རེའུ་མིག་དང་། སྐད་འཇོག་ས་སོགས་ཀྱི་ཐབས་ལམ་བརྒྱུད་དེ། མང་ཚོགས་ཀྱི་བསམ་འཆར་དུས་ཐོག་ཏུ་བསྡུ་ལེན་བྱེད་ཐུབ། །

2024ལོ་ནས་བཟུང་བོད་ལྗོངས་ཀྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྲངས་འབོར་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་གྲངས་འབོར་གྱི་ལོ་ལྔའི་ནང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། 2019ལོ་ནས་ད་ལྟའི་བར་མཚོ་བོད་སྡེ་ཚོགས་ཀུང་སིས་བསྡོམས་པས་ཡུལ་སྐོར་ཆེད་གཏོང་མེ་འཁོར་ལན་གྲངས170ལས་བརྒལ་བ་ཤར་གཏོང་བྱས་ཤིང་། དེའི་ཁྲོད་བོད་ལྗོངས་ཕྱོགས་སུ་གཏོང་བའི་ཡུལ་སྐོར་ཆེད་གཏོང་མེ་འཁོར61ཡོད། ལྷག་པར་དུ2024ལོ་ནས་བཟུང་ཟི་ལིང་ནས་ལྷ་སའི་དབར་ཡུལ་སྐོར་ཆེད་གཏོང་མེ་འཁོར14ཤར་གཏོང་བྱས་པ་དང་། ཡུལ་སྐོར་བ་མི་ཐེངས7528ལ་ཞབས་འདེགས་སྒྲུབ་པས། བོད་ལྗོངས་ཕྱོགས་སུ་ཡོང་བའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་གྲངས་འབོར་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་གྲངས་འབོར་ཚང་མའི་ལོ་ལྔའི་ནང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཕྱོགས་སུ་གཏོང་བའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་མཚོ་བོད་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་བརྒྱུད་དགོས་པས། ལམ་རྒྱུད་ཀྱི་མཚོ་སྔོན་པོ་དང་ཁུ་ནུ་རི་བོ། ཨ་ཆེན་གངས་རྒྱབ། གཙང་གསུམ་འབྱུང་ཡུལ། ཕོ་བྲང་པོ་ཏ་ལ་སོགས་མིང་དུ་གྲགས་པའི་མཛེས་ལྗོངས་ཁུལ་ལ་ལྟ་སྐོར་བྱེད་ཐུབ། ཡུལ་སྐོར་ཆེད་གཏོང་མེ་འཁོར་སྔར་བས་མང་པོ་ཤར་གཏོང་བྱས་པ་དང་བསྟུན་ནས་ས་གནས་ཁག་གི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་སྟེ་ལམ་རྒྱུད་ས་ཁུལ་དུ་འཛད་མེད་འཆད་མེད་ཀྱི་འཕེལ་རྒྱས་གསོན་ཤུགས་བསྣན་ཡོད་པ་དང་། ཞག་སྡོད་དང་བཟའ་བཏུང་། རིག་གནས་གསར་གཏོད་ཐོན་རྫས་སོགས་ཐོན་ལས་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཁྲིད་སྟོན་བྱས་ཡོད། ལྷ་ས་རུ་ཡུལ་སྐོར་བ་དག་ཆེད་གཏོང་མེ་འཁོར་དུ་བསྡད་ནས་མཛེས་ལྗོངས་ཁུལ་སོ་སོར་ལྟ་སྐོར་དུ་སོང་བ་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཉམས་ལེན་བྱས། ཉིང་ཁྲིར་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམ་འཚོང་བྱས་ནས་ཕྱིར་འཚོང་བསྡོམས་འབོར་ལྡབ་གཉིས་ཙམ་འཕར་སྣོན་བྱུང་ཡོད། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱིས“གཏན་འཁེལ་ཅན”གྱི་ཆེད་གཏོང་མེ་འཁོར་ལ་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། འགྲུལ་ཁུངས་ཕན་ཚུལ་སྐྱེལ་བ་བཅས་མངོན་འགྱུར་བྱུང་སྟེ། ཐུན་མོང་ཐོག“མྱུར་སྐྱོད་དལ་འགྲུལ”གྱི་ཡུལ་སྐོར་རྣམ་པ་གསར་བ་ཆགས་ཡོད། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་དཔལ་འབྱོར་གསར་སྤེལ་འཛུགས་སྐྲུན་བཀོད་འདོམས་པུའུ་གསར་སྤེལ་ཁའོ་ཡི་ཁའོ་ཀྲང་དབྱིན་རོན་ཁྲིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ6པའི་ཟླ་མགོའི་བར་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་ད་ལོར་བསྡོམས་པས་ཡུལ་སྐོར་ཆེད་གཏོང་མེ་འཁོར65ཤར་གཏོང་བྱས་ནས་དུས་མཉམ་ལས260%འཕར་ཡོད་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི1.3ལྷག་སྐྱེལ་འདྲེན་བྱས་ཡོད་ལ། དེའི་ཁྲོད་རྒན་རྒོན་ཡུལ་སྐོར་བའི་བསྡུར་ཚད70%ལས་བརྒལ་བ་དང་། རྗེས་མཐུད་དུ་ད་རུང་བོད་ལྗོངས་ཕྱོགས་སུ་ཡུལ་སྐོར་ཆེད་གཏོང་མེ་འཁོར20ཤར་གཏོང་བྱ་རྩིས་ཡོད། །

ཁེན་ནི་ཡར་ཀྲུང་གོ་དང་ཁེན་ནི་ཡའི་རིག་གནས་དང་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་ཐོག་མ་སྤེལ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་ཀྲུང་གོ་དང་ཁེན་ནི་ཡའི་རིག་གནས་དང་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་གཉེར་བ་དང་ཀྲུང་གོ་དང་ཁེན་ནི་ཡའི་དབར་རྩལ་རྩེད་སྤེལ་རེས་བྱས་ནས་ལོ་40འཁོར་བའི་ཆེད་དོན་འཁྲབ་སྟོན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་རིག་རྩལ་ལས་དོན་པས་གར་སྟེགས་གཅིག་ཏུ་འཁྲབ་སྟོན་བྱས་ཤིང་། མི་400ཤོང་བའི་ཟློས་གར་ཁང་དེར་ལྟད་མོ་བ་རྡག་རྡག་ཁེངས་ཡོད་པ་རེད།ཁེན་ནི་ཡའི་ཕོ་མོ་འདྲ་མཉམ་དང་རིག་གནས་སྒྱུ་རྩལ་དང་ཤུལ་བཞག་པུའི་པུའུ་ཀྲང་ཧན་ནཱ·ཆེ་ཕུ་ཐུ་མོ་ཡིས་འགོ་ཚུགས་ཤིས་ཚིག་སྒྲོན་སྐབས། ཁེན་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་བྱས་ནས་སྤུན་ཟླ་ལྟ་བུའི་མཛའ་གྲོགས་བཙུགས་ཡོད་པས། རིག་གནས་དང་ཡུལ་སྐོར་མཉམ་ལས་བརྒྱུད་ཕྱོགས་གཉིས་པོའི་དབར་ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་ཕྱིན་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད་ཅེས་བརྗོད་པ་དང་། ཁོང་གིས་རིག་གནས་དང་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་བདེ་བླག་ཡོང་བའི་སྨོན་འདུན་ཞུས་པ་རེད།ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀུའོ་ཧའེ་ཡན་གྱིས། 2024ལོར་ཁེན་ནི་ཡར་ཡོང་བའི་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་9ལྷག་ཙམ་ཟིན་ནས་དུས་མཚུངས་ལས་47.4%འཕར་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། ད་ཐེངས་ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་རིག་གནས་དང་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་ཐེངས་དང་པོ་གཉེར་བ་དེས་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ཡུལ་སྐོར་མཉམ་ལས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་དང་མཛའ་བརྩེ་ཟབ་ཏུ་ཕྱིན་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ཁེན་ནི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྒུལ་ཤུགས་སྣོན་རྒྱུ་རེད་ཅེས་བརྗོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

ཀན་སུའུ་དཔའ་རིས་སུ་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བྱས་པས་བདེ་སྡོད་ཀྱི་ཕུགས་འདུན་འགྲུབ་པ།

ཉེ་བའི་ལོ་ཤས་རིང་། རྨ་ནུབ་དོག་ལམ་གྱི་ཤར་སྣེའི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་རྫོང་གིས་སྐྱེ་ཁམས་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། བཀོད་སྒྲིག་ཁང་པ་ནུས་ཤུགས་ཡོད་རྒུས་སྐྲུན་མགྱོགས་སུ་བཏང་སྟེ་མང་ཚོགས་ལ་བློ་བདེ་བག་ཕེབས་དང་བདེ་སྐྱིད་ལྡན་པའི

མཚོ་སྔོན་གྱི་ས་ཆ་གསུམ་གྱིས་དུས་མཉམ་དུ་ཉ་ཕྲུག་ཁྲི110ལྷག་ཙམ་ཆུར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས6ཉིན“རྒྱལ་ཡོངས་ཉ་གཏོང་ཉིན་མོ”ཡི་རིང་ཞིང་ལས་ཞིང་སྡེ་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རང་རེའི་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བཅས་ས་ཆ་གསུམ་དུ་ཆུའི་སྐྱེ་དངོས་ཆུར་གཏོང་བྱེད་སྒོ་དུས་མཉམ་དུ་སྤེལ་བ་དང་། བསྡོམས་པས་ཉ་ཕྲུག་ཁྲི110ལྷག་ཙམ་བཏང་བའི་ནང་ཉ་ལུའོ་ལི་ཁྲ་བོའི་ཉ་ཕྲུག་ཁྲི10.3དང་མཚོ་སྔོན་པོའི་ཉ་ལུའོ་ལིའི་ཉ་ཕྲུག་ཁྲི100བཏང་བ་རེད།མཚོ་སྔོན་གྱིས་ཐོག་མཐའ་ཀུན་ཏུ་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་དང་ཉ་སོན་ཆུར་གཏོང་གི་ལས་དོན་ལ་མཐོང་ཆེན་ཚད་མཐོ་བྱས་ཡོད། 2003ལོར་མིས་བཟོས་གསོ་སྤེལ་དང་ཆུར་གཏོང་གི་མགོ་ཚུགས་པ་ནས་བཟུང་རིམ་རྩིས་བྱས་ན་ཞིང་ཆེན་ནང་ཁུལ་གྱི་ཆུ་ཁོངས་སུ་ཉ་རིགས་སྣ་ཚོགས་དུང་ཕྱུར2.6བཏང་བ་རེད། མིག་སྔར། མཚོ་སྔོན་པོའི་ཉ་ལུའོ་ལིའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི12.75བར་སླར་གསོ་བྱས་ཡོད། ཉེ་ཆར། ཀྲུང་གོའི་ཆུ་ཐོན་ཚན་རིག་ཞིབ་འཇུག་གླིང་འབྲི་ཆུའི་ཆུ་ཐོན་ཞིབ་འཇུག་ཁང་དང་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས། ཧྲང་ཧའེ་གྲོང་ཁྱེར་ཆུ་སྐྱེས་རྒོད་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་བཅས་ཀྱི་མཉམ་འབྲེལ་བརྟག་དཔྱད་ཚོགས་པས་སྨར་ཁོག་གཙང་པོའི་གདོད་མའི་འཚོ་གནས་ཁུལ་ནས་ཤིན་ཏུ་དཀོན་པའི་ཉ་ཁྲོན་ཧྲའན་ཀྲེ་ལུའོ་ཀུའེ་ཡི་རིགས་སླར་ཡང་རྙེད་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་ཉ་རིགས་དཀོན་པོའི་སྲུང་སྐྱོང་ཐད་ཐོབ་པའི་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་ར་སྤྲོད་གང་ལེགས་བྱས་ཡོད།ཉ་སོན་ཆུར་གཏོང་ནི་ཆུ་སྐྱེས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་པ། ཉ་ལས་ཐོན་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པའི་ངོས་ནས་དེའི་སྐྱེ་ཁམས་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད་པ་རེད། མཚོ་སྔོན་གྱིས་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཉ་ལྷིང་བུ་ཁ་ལུག་དང་། གཙང་ཉ་རྩ་མ་ལྷིང་། དེ་བཞིན་མཚོ་སྔོན་པོའི་ཉ་ལུའོ་ལི་སོགས་རྩ་ཆེའི་སྲོག་ཆགས་སྐྱེ་འཕེལ་དང་ཆུར་གཏོང་གི་ལས་དོན་གཙོར་བཟུང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 2025ལོར་ཆུར་གཏོང་བྱས་པའི་ཉ་ཕྲུག་རིགས་སོ་སོར་ཁྱོན་བསྡོམས་ཁྲི910ཡོད་པ་དང་ཞིང་ཆེན་གྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཁྱུ་ཚོགས་སླར་གསོ་ནུས་ལྡན་དང་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད། །

གཙོད་ཀྱི་རྒྱུད་སྤེལ་གནས་སྤོའི་ལམ།

པར་འདི་ནི་གཙོད་ཁྱུ་གཅིག་གིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་རྒྱུད་སྤེལ་གནས་སྤོ་བྱེད་པའི་རྣམ་པ་རེད། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་ཟླ5པ་ནས7པའི་བར་བོད་ལྗོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་རྣམས་གནས་སྤོ་རྒྱུད་སྤེལ་གྱི་དུས་ཚིགས་སུ་སླེབས་ཡོད། དེ་ཚོ་ནམ་རྒྱུན་ཁ་ཐོར་དུ་སྡོད་པའི་འཚོ་སྡོད་བྱ་ཡུལ་ནས་གནས་གཅིག་ཏུ་འདུས་ཏེ་གཙོད་ཁྲི་སྟོང་མང་པོའི་ཁྱུ་ཚོགས་ཀྱི་རྣམ་པ་ཆགས་ནས། དུས་ཚོད་དང་ལམ་ཐིག་གཅིག་མཚུངས་བརྩི་སྲུང་བྱས་ཏེ་གནའ་ནས་ད་བར་གྱི་རིགས་རྒྱུད་ཕྲུ་གུ་བཙའ་སའི་ཕྱོགས་སུ་གནས་སྤོ་བྱེད་པ་ཡིན་ལ། འདི་ནི“གོ་ལ་ཧྲིལ་བོའི་ཆེས་བརྗིད་ཉམས་ལྡན་པའི་རྨིག་ཅན་སྲོག་ཆགས་ཆེན་པོ་གསུམ་གྱི་གནས་སྤོའི་གྲས་ཤིག་ཡིན”ཞེས་གྲགས་པའི་གཙོད་ཀྱི་གནས་སྤོ་རེད།གནས་སྤོའི་ལམ་དུ་དེ་དག་གིས་མཐའ་འཁོར་གྱི་སྤྱང་ཀི་དང་དྲེད་མོང་སོགས་གཅན་གཟན་ལ་དོགས་ཟོན་བྱེད་དགོས། འདིའི་གོ་རིམ་ཁྲོད་རིགས་རྒྱུད་གཅིག་པའི་གཙོད་རིགས་གྲངས་མེད་ཞིག་གི་ཚེ་སྲོག་ཤོར་མོད། འོན་ཀྱང་གཙོད་སྔར་བས་མང་བོ་བདེ་འཇགས་ངང་དམིགས་སར་འབྱོར་ནས་རེ་བའི་ཚེ་སྲོག་གསར་བ་བཙའ་བ་རེད། 2024ལོའི་ཟླ6པའི་ཚེས5ཉིན་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྱབ་བསྒྲགས་བྱས་པའི《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། བོད་ལྗོངས་མངའ་ཁོངས་སུ་གཙོད་ཀྱི་གྲངས་འབོར་འཕར་ནས་ཁྲི30ལྷག་ཟིན་ཡོད། །འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་པར་བླངས་པའི་རྒྱུད་སྤེལ་གནས་སྤོའི་ལམ་གྱི་གཙོད་ཁྱུའི་རྣམ་པ་རེད། པར་འདི་ནི་གཙོད་ཁྱུ་གཅིག་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་སྤོ་བྱེད་པའི་རྣམ་པ་རེད།འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་པར་བླངས་པའི་རྒྱུད་སྤེལ་གནས་སྤོའི་ལམ་གྱི་གཙོད་ཁྱུའི་རྣམ་པ་རེད། འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་པར་བླངས་པའི་རྒྱུད་སྤེལ་གནས་སྤོའི་ལམ་གྱི་གཙོད་འགའི་རྣམ་པ་རེད།

ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི2025ལོའི་དྲིལ་སྒྲོག་བྱ་འགུལ་སི་ཁྲོན་དུ་སྤེལ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི2025ལོའི་དྲིལ་སྒྲོག་བྱ་འགུལ་ཚེས8ཉིན་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་རུ་སྤེལ་མགོ་བརྩམས། ད་ལོའི་དྲིལ་སྒྲོག་བྱེད་སྒོའི་བརྗོད་དོན་ནི"ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་བསྐྲུན་པ"ཞེས་པ་དེ་ཡིན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི་བྱ་འགུལ་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གིས་སྣེ་ཁྲིད་དེ་སྤེལ་བ་ཡིན།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མགོ་རྩོམ་ཚོགས་འདུའི་སྟེང་ངོ་སྤྲོད་བྱས་དོན། ད་ལོའི་དྲིལ་སྒྲོག་བྱེད་སྒོ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་། ལྟ་སྐུལ་འཐུས་མི་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཡུལ་དངོས་སུ་བཅར་འདྲི་བྱས་ནས་གནས་ཚུལ་སྒྲོག་སྤེལ་དང་། སི་ཁྲོན་ཞིང་ཆེན་གྱི"རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན་པའི"འདུ་ཤེས་ལག་བསྟར་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་གི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་བཟོ་བ། འབྲི་ཆུའི་དཔལ་འབྱོར་ཁུལ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་གི་འདུ་ཤེས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད།སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སི་ཁྲོན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གཙོ་གནད་ས་ཁུལ་བཅས་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གལ་ཆེ་བ་དང་དམིགས་བསལ་གྱི་འཐབ་ཇུས་གནས་བབ་ལྡན། ཉེ་བའི་ལོ་འགའི་རིང་། སི་ཁྲོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་སོགས་་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མངའ་ཁོངས་ཀྱི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཀྱི་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་ཆུ་ཚད་མཐོར་འདེགས་ཕན་ཚུན་གཅིག་འདེགས་དང་ཕན་ཚུན་ཕན་ནུས་ལྡན་པའི་རྣམ་པ་བཟང་པོ་མངོན་ཡོད།རྒྱུས་ལོན་པ་ལྟར་ན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ལས་སྒོའི་དྲིལ་སྒྲོག་བྱེད་སྒོ་དེ1993ལོ་ནས་བཟུང་སྤེལ་བ་དང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲིམས་སྐྱོང་དྲིལ་སྒྲོག་མངའ་ཁོངས་ལ་ཤུགས་རྐྱེན་རྒྱ་ཁྱབ་ལྡན་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་པའི་ཟོང་རྟགས་གལ་ཆེན་ཡིན། ད་ལོའི་བྱ་འགུལ་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་དང་། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཐུན་མོང་ཐོག་ཞུགས་པ་དང་། མི་དམངས་ཉིན་རེའི་ཚགས་པར་དང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྲུང་དབྱང་སྨྱན་སྦྱོར་དང་། གྲོང་ཁྱེར་རིགས་ཀྱི་སྨྱན་སྦྱོར་སྐོར་ཞིག དེ་མིན་སི་ཁྲོན་གྱི་ས་གནས་དེའི་སྨྱན་སྦྱོར་བཅས་ཀྱིས་བཅར་འདྲི་དང་གནས་ཚུལ་སྤེལ་རྒྱུ་རེད། མགོ་རྩོམ་ཚོགས་འདུའི་རྗེས་སུ། བཅར་འདྲི་ཚོགས་པ་ཁྲེང་ཏུའུ་དང་། ལུའུ་ཀྲོའུ། དབྱི་པིན་བཅས་སུ་བསྐྱོད་དེ་ཡུལ་དངོས་སུ་བཅར་འདྲི་བྱ་རྒྱུ་རེད། །

འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ།

ཉེ་ཆར། ནོར་སྲིད་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཆུ་བེད་པུའུ། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་བཅས་ཀྱིས《འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)དང་། 《གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོའི་གཞུང་རྒྱུན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་ཞིང་། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས《བསམ་འཆར》དང《ལག་བསྟར་ཇུས་གཞི》ལ་གསལ་འགྲེལ་བརྒྱབ་པ་རེད།ཁ་གསབ་ལམ་སྲོལ་གྱི་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།གང་འདྲ་ཞིག་ལ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་ཟེར་རམ། མདོར་བསྡུས་ནས་བཤད་ན། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་ས་ཁུལ་དང་ཕན་པ་ཐོབ་པའི་ས་ཁུལ་དབར་མ་གནས་མཉམ་འཁུར་དང་། ཕན་འབྲས་མཉམ་སྤྱོད། མཉམ་ལས་མཉམ་སྐྱོང་བཅས་ཀྱི་ལམ་སྲོལ་འཛུགས་པར་ཟེར།ཤིན་ཨན་གཙང་པོ་བཅོས་སྐྱོང་ལ་ཆ་བཞག་ན། གཙང་པོ་དེ་ཨན་ཧུའེ་ཧོང་ཧྲན་གྲོང་ཁྱེར་ཞིའུ་ཉིང་རྫོང་ལིའུ་ཀུའུ་ཅན་ནས་རྒྱུག་ཡོང་བ་དང་། ཆུ་གཞུང་གི་རིང་ཚད་ལ་སྤྱི་ལེ་359ཡོད་པའི་ནང་གསུམ་ཆ་གཉིས་ཨན་ཧུའེ་ཡི་མངའ་ཁོངས་སུ་ཡོད། ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་བརྒྱུད་ནས་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཁྲོན་ཨན་རྫོང་ནས་རྒྱུག་པ་དང་། དེ་ནས་སྨད་རྒྱུད་ཀྱི་ཆན་ཏའོ་མཚེའུ་དང་ཧྥུའུ་ཁྲུན་གཙང་པོར་བཞུར་ནས་ཆན་ཐང་གཙང་པོར་འདྲེས་ཀྱི་ཡོད།དུས་རབས་འདིའི་དུས་འགོར། ཧོང་ཧྲན་ས་ཆ་དེ་ཉིད་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཤིང་། བཙོག་ཆུ་དང་གད་སྙིགས་དག་ཤིན་ཨན་གཙང་པོ་བརྒྱུད་ཆན་ཏའོ་མཚེའུ་ཡི་ནང་བཞུར་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། 2012ལོར་ཨན་ཧུའེ་དང་ཀྲེ་ཅང་གིས་ཤིན་ཨན་གཙང་པོ་བཅོས་སྐྱོང་ཐད“ཆུ་སྤུས་རྒྱན་འཇོག”གི་གྲོས་མཐུན་བཞག་པ་སྟེ། རེས་སྐོར་དང་པོའི་དུས་ཡུན་ལོ་3ཡིན་པ་དང་། ཨན་ཧུའེ་དང་ཀྲེ་ཅང་སོ་སོས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་ཁ་གསབ་ཐེབས་རྩ་བཙུགས་ཏེ་ས་ཁོངས་བརྒལ་བའི་བཤགས་ངོས་ཆུ་སྤུས་ལ་ཞིབ་དཔྱད་བྱ་རྒྱུ་ཡིན་ཞིང་། ཚད་ལོན་ན་ཀྲེ་ཅང་གི་སྒོར་དུང་ཕྱུར་1དེ་ཨན་ཧུའེ་ལ་སྤྲོད་རྒྱུ་དང་། ཚད་མ་ལོན་ན་ཨན་ཧུའེ་ཡི་སྒོར་དུང་ཕྱུར་1དེ་ཀྲེ་ཅང་ལ་སྤྲོད་རྒྱུ་བྱས་ཡོད།གྲོས་མཐུན་དེའི་ལྕག་སྐུལ་ཕན་འབྲས་མངོན་གསལ་དོད་ཅིང་། 2012ལོ་ནས་བཟུང་། ཤིན་ཨན་གཙང་པོ་ཞིང་ཆེན་བརྒལ་བའི་བཤགས་ངོས་ཀྱི་ཆུ་སྤུས་བསྟུད་མར་ལོ་12རིང་ས་ངོས་ཆུའི་ཁོར་ཡུག་སྤུས་ཚདⅡརིགས་ཀྱི་ཚད་གཞིར་སླེབས་པ་དང་། ལོ་ལྟར་ཆན་ཏའོ་མཚེའུར་སྤུས་ལེགས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་70འདྲེན་གྱི་ཡོད།འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད། “གཙོ་གནད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་བརྟན་པོ་གཏོང་གི་ཡོད” མིག་སྔའི་བར། སྲིད་ཇུས་དང་མ་དངུལ་གྱི་ཁྲིད་སྟོན་བརྒྱུད་ཞིང་ཆེན་24ལ་ཞིང་ཆེན་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་30འཛུགས་པར་སྐུལ་འདེད་བཏང་བ་དང་། ཅང་སུའུ་དང་། ཧྥུའུ་ཅན། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དུ་ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་འབབ་རྒྱུད་ཀྱི་ཁ་གསབ་ལམ་སྲོལ་ཡོངས་སུ་ཁྱབ་ནས་འབབ་རྒྱུད་ཀྱི་མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད་ཅེས་ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད།འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། 2016ལོར་ནོར་སྲིད་པུས་སྣེ་ཁྲིད་ནས《འབབ་རྒྱུད་ཀྱི་སྟོད་སྨད་དུ་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་ཀྱི་ཚད་གཞི་དང་བྱེད་སྟངས་སོགས་གནད་དོན་གལ་ཆེན་ཁ་གསལ་བཟོས་ཡོད། དེ་རྗེས་སླར་ཡང་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཧྲིལ་པོར་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཡོད།ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དཀའ་གནད་དང་འགག་གནད་བསལ་བ་དང་། “དུས་ཚོད་རེའུ་མིག”དང“ལམ་ཐིག་ས་བཀྲ”ཁ་གསལ་བཟོ་བ།རི་བོ་སྔར་བས་སྔོ་ལྗངདང་ཆུ་བོ་སྔར་བས་དྭངས་གཙང་ཡོང་བར་ལམ་ལུགས་ཀྱིས་སྲུང་སྐྱོང་བྱ་རྒྱུར་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས།“མིག་སྔར། ས་ཁུལ་ཁག་གཅིག་དབར་འཕྲེད་ཕྱོགས་ཁ་གསབ་བྱེད་པར་ད་དུང་དཀའ་གནད་དང་འགག་ས་འཕྲད་ཡོད་པས་ཁ་གསབ་གྲོས་མཐུན་འཇོག་པ་དང་གྲོས་མཐུན་ལག་བསྟར་སོགས་ཀྱི་ལྷུ་ཚིགས་སྔར་བས་ཚད་ལྡན་དུ་བཟོ་དགོས” ད་རེས་སྡེ་ཚན་5ཡིས《བསམ་འཆར》དང《ལག་བསྟར་ཇུས་གཞི》མཉམ་དུ་བཀྲམ་སྟེ་དུས་སྐབས་གསར་པའི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་གྱི་ལས་ཀའི་དམིགས་ཚད་དང་། གཙོ་གནད་ལས་འགན། ཞིབ་ཕྲའི་བྱེད་ཐབས་བཅས་ཁ་གསལ་བཟོས་པ་དང་། ས་གནས་གཙོ་བོར་བྱེད་པ་དང་ཀྲུང་དབྱང་གིས་རྒྱབ་སྐྱོར་ཁྲིད་སྟོན་བྱེད་པ་ཁ་གསལ་བཟོས་པ། “གཅིག་གྱུར་དང་ལོགས་དབྱེ་ཟུང་འབྲེལ”གྱི་མཉམ་སྤྱོད་བྱེད་སྟངས་མཐའ་འཁྱོངས། “སུས་སྦགས་བཙོག་བཟོས་ན་དེས་བཅོས་སྐྱོང་དང་སུས་སྲུང་སྐྱོང་བྱས་ན་དེར་ཕན་པ་ཐོབ་པ”མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྱབ་པ་དང་དབང་འགན་འདྲ་མཚུངས། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་སྟངས་མགྱོགས་པོར་འཛུགས་པ་བཅས་བྱས་ནས་ས་ཁོངས་དབར་གྱི་མཉམ་འགུལ་ཡག་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་རྒྱུ་ཡིན་ཞེས་གོང་གསལ་གྱི་འགན་འཁུར་བས་བརྗོད་པ་རེད།ཡིག་ཆ་དེ་གཉིས་ནང་ཉེ་དུས་དང་ཕུགས་ཀྱི་དུས་མཚམས་དབྱེ་བའི་དམིགས་ཚད་ཁ་གསལ་བཟོས་ཡོད་པ་སྟེ། 2027ལོར་སླེབས་སྐབས་འབྲི་ཆུ་དང་རྨ་ཆུའི་ཆུ་གཞུང་གཅིག་གྱུར་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་དང་། ས་གནས་ཁག་ཏུ་ཁོངས་གཏོགས་ཁུལ་ནང་གི་གཞུང་རྒྱུན་ལ་ཁྱབ་པའི་ས་ཁོངས་བརྒལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་རྒྱུ། འབབ་རྒྱུད་ལས་བརྒལ་བའི་ཆུ་འདྲེན་ལས་གྲྭ་གལ་ཆེན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། ནགས་ཚལ་དང་། རྩྭ་ཐང་། རླུང་ཁམས་ཆེན་པོ། འདམ་ར། བྱེ་ཐང་། རྒྱ་མཚོ། ཆུ་རྒྱུན། རྨོ་ཞིང་སོགས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་ཕན་པའི་འཚོལ་ཞིབ་བྱ་རྒྱུ་རེད། 2035ལོར་སླེབས་སྐབས་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། འབྲི་ཆུ་དང་རྨ་ཆུ་སོགས་གཙོ་གནད་འབབ་རྒྱུད་ཀྱི་གཞུང་རྒྱུན་དང་དེའི་ཆུ་ཕྲན་གལ་ཆེན་ལ་ཁྱོན་ཡོངས་ནས་ཁྱབ་རྒྱུ་མ་ཟད། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། ནང་དོན་དེ་བས་གཏིང་ཟབ་པ། རྣམ་པ་དེ་བས་ཕུན་སུམ་ཚོགས་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ཇེ་མཐོར་འགྲོ་བ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་ནུས་ལྡན་ཐུབ་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་བ་བཅས་བྱ་རྒྱུ་དང་འབྲེལ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུ་རེད།“རང་བརྟེན”བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་འདོམས་ནན་པོ་བྱས་ཏེ་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ།སྲུང་སྐྱོང་བྱེད་མཁན་དང་ལེགས་སྐྱེས་འབུལ་མཁན་ལ་ཕན་པ་དངོས་ཐོབ་ཏུ་འཇུག་དགོས། ནོར་སྲིད་པུས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱ་ཡུལ་དང་ཕན་པ་ཐོབ་མཁན་དབར་མཉམ་འགུལ་ཡག་པོ་ཡོང་བ་བྱ་རྒྱུ་ཡིན་པ་རེད།བྱེད་ཐབས་གཙོ་བོའི་ནང་། ཐཱན་འབུད་དབང་ཆ་དང་། བཙོག་འབུད་དབང་ཆ། ཆུ་སྤྱོད་དབང་ཆ་སོགས་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་ཉོ་ཚོང་ཁྲོམ་ར་མགྱོགས་མྱུར་གསོ་སྐྱོང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་ལུགས་མཐུན་ངང་དབྱེ་མཚམས་གཏན་འཁེལ་དང་བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་ཀྱི་ཕན་པ་ཐོབ་མཁན་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་ལ་ཁ་གསབ་སྤྲོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་ཐོན་ལས་དགེ་མཚན་ལྡན་ལ་བརྟན་པོའི་ངང་འཕེལ་རྒྱས་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་པ། སྲིད་གཞུང་གི་མ་འཇོག་ཐེབས་རྩའི་སྐུལ་སྤེལ་ནུས་པ་གང་ལེགས་བཏོན་ནས་སྤྱི་ཚོགས་ཀྱི་མ་རྩ་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ནང་ཧུར་ཐག་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཚུད་ཡོད། དེ་དང་ཆབས་ཅིག་ས་གནས་ཀྱིས་སྔོན་ལ་ཚོད་ལྟ་དང་ལག་བསྟར་བྱས་ཏེ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་ནགས་ཚལ་དང་། རྩྭ་ཐང་། རླུང་ཁམས་ཆེན་པོ། འདམ་ར། བྱེ་ཐང་། རྒྱ་མཚོ། ཆུ་རྒྱུན། རྨོ་ཞིང་སོགས་སྣ་མང་ཅན་གྱི་ཁ་གསབ་ཐབས་ལམ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དེ་སྲིད་གཞུང་གི་མ་དངུལ་རྐྱང་པའི་ཁ་གསབ་ནས་སྣ་མང་ཅན་གྱི་ཁ་གསབ་བྱེད་སྟངས་བར་དང་། མཉམ་ལས་བཅོས་སྐྱོང་ནས་ཐུན་མོང་འཕེལ་རྒྱས་བར། “གཞན་བརྟེན་རྣམ་པ”ནས“རང་བརྟེན་རྣམ་པ”བར་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།སྡེ་ཚན་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རྗེས་ལ་གདེང་འཇོག་བྱས་ཏེ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། 《ལག་བསྟར་ཇུས་གཞི》གཞིར་བཟུང་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་མཉམ་འབྲེལ་ལས་རྗེས་དཔྱད་བསྡུར་ཚོགས་ཆུང་བཙུགས་ནས་ཁ་གསབ་མ་དངུལ་གྱི་ལས་རྗེས་ལ་གདེང་འཇོག་བྱས་ཏེ་ཁ་གསབ་མ་དངུལ་གྱི་ལས་རྗེས་ལ་གདེང་འཇོག་བྱས་པའི་འབྲས་བུ་དེ་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་བཏང་ནས་ཁ་གསབ་མ་དངུལ་བེད་སྤྱོད་ཁ་གསལ་གཏིང་གསལ་ཡོང་བར་ཤུགས་སྣོན་རྒྱག་དགོས། སྲུང་སྐྱོང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་ཚབས་ཆེན་ཐོན་པ་སོགས་ཀྱི་རྐྱེན་པས་འབྲི་ཆུའི་སྨད་རྒྱུད་ཞིང་ཆེན་ལ་ཤུགས་རྐྱེན་ཐེབས་རིགས་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་འཕྲི་འཐེན་སོགས་ཀྱི་བྱེད་ཐབས་སྤྱད་ཆོག་གི་ཡོད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

༄༅།།མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་ནུས་རྒྱུ་གཙང་མའི་དྲོད་ལེན་དང་། བཟོ་ལས་ཁེ་ལས་བཅོས་སྐྱོང་གཏིང་ཟབ། སྒུལ་སྐྱོད་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་དོ་དམ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་འབར་རླངས་ཁྲོ་ཐབ་ཏན་ཉུང་སྒྱུར་བཀོད་རླངས་ཏུན་218དང་། རྡོ་སོལ་སིལ་ཐོར་དུད་ཚང་ཁྲི་7.86བཅོས་སྒྲིག རླངས་འཁོར་གོག་རྙིང་ཁྲི་1.6ལྷག་སྤྱོད་མཚམས་འཇོག་པ་བཅས་བྱས་པ་དང་། རྨ་ཆུའི་གཞུང་ཆུ་དང་། འབྲི་ཆུ། རྫ་ཆུ། ཧེ་ཧོ་གཙང་པོ་བཅས་འབབ་རྒྱུད་ཀྱི་ཆུ་སྤུས་རིགས་Ⅱདང་དེའི་ཡན་དུ་བསླེབས་པ། ས་རྒྱུའི་སྦགས་བཙོག་འབྱུང་ཁུངས་དོ་དམ་ཚོད་འཛིན་གྱི་གཙོ་ཆེའི་ལས་གྲྭར་བརྒྱུད་རིམ་ལྡན་པར་སྐུལ་འདེད་བཏང་ནས་སྔོན་ཐོབ་ལྟ་འདོམས་ས་ཆའི་གསལ་ཐོ་བཟོས་པ་མ་ཟད་ད་དུང་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་པ་སོགས། ཟླ་5ཚེས་28ཉིན། 《2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པའི་ནང་། མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པ་མངོན་ཡོད་པ་རེད། གནམ་སྔོན་སྲུང་འཐབ་ཡག་པོ་བརྒྱབ་ཅིང་། 《མཚོ་སྔོན་ཞིང་ཆེན་གྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཇུས་གཞི》བཟོས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་ཆེ་བའི་གནམ་གཤིས་ཀྱི་འཕྲལ་སྡོམ་སྔོན་ཇུས(2024ལོ)》ལ་བཟོ་བཅོས་བརྒྱབ་ཏེ་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་ལམ་སྲོལ་ལེགས་སུ་བཏང་ཐོག་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་གྲངས་གཞིའི་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་བྱས་ནས་གནད་སྨིན་བཙོག་བཅོས་དང་འབེན་གཏད་བཙོག་བཅོས་བྱས་ཏེ། བྱེ་རླུང་འཚུབ་པའི་གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་འོག་གི་སྦགས་བཙོག་ལ་དོ་དམ་ཚོད་འཛིན་བྱེད་ཐབས་ཧུར་ཐག་བཟོས་པ་རེད། ཆུ་དྭངས་སྲུང་འཐབ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། གཙོ་གནད་འབབ་རྒྱུད་ཁག་གི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་དང་། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྒྲིག འབྲི་ཆུ་སྲུང་སྐྱོང་ཉམས་གསོའི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་འཆར་གཞིའི་དུས་དཀྱིལ་དཔྱད་དཔོག་བཅས་བྱས་ཐོག་གཙོ་གནད་བཟོ་ལས་གླིང་གི་ཆུའི་སྦགས་བཙོག་གནད་དོན་གྱི་ཞིབ་བཤེར་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་དང་། གླིང་ཁུལ་གྱི་བཙོག་ཆུ་བསྡུ་རུབ་གཙང་གསིང་ནུས་པ་སྔར་བས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་རྫོང་གྲོང་དུ་འཛུགས་སྐྲུན་ཁུལ་གྱི་བཙོག་ཆུ་དྲི་ངན་ཅན་ཞིབ་བཤེར་བཅོས་སྒྲིག་ལས་དོན་སྤེལ་བ། ཞིང་ཆེན་དེ་ཡོངས་ཀྱི་གཙོ་གནད་འབབ་རྒྱུད་ཀྱི་གཙང་པོ(མཚེའུ)བཙོག་འབུད་མདོ་ཁར་གྲལ་བཤེར་ཁུངས་འདེད་དང་ལོ་འཁོར་གྱི་བཅོས་སྒྲིག་ལས་འགན་ལེགས་སྒྲུབ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་རིམ་པ་དང་། རྫོང་རིམ་པ། གྲོང་གསེབ་བཅས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཆེད་དོན་བརྟག་ཞིབ་ལས་དོན་ལེགས་སྒྲུབ་བཅས་བྱས་ཏེ། ཤང་དང་གྲོང་རྡལ་དང་དེ་བཞིན་དེའི་མན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་དང་ཚད་གཞི་འཛུགས་པའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ས་གཙང་སྲུང་འཐབ་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཞིང་སྤྱོད་ས་ཆའི་ས་རྒྱུའི་སྦགས་བཙོག་ཁུངས་འདེད་བཅོས་སྒྲིག་དང་། ལོ་འཁོར་གྱི་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་པའི་ལས་དོན་འཆར་གཞི་བཀྲམ་པ། སྣ་ག་ཚབ་བྱེད་དང་ཆུ་ལུད་སྙོམས་སྒྲིག་སོགས་བྱེད་ཐབས་སྤྱད་དེ་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད། གཙོ་གནད་ལྟ་འདོམས་ཚན་པས་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་གི“ཕྱིར་མིག་ལྟ་བ”དང་མཐའ་འཁོར་ལྟ་ཞིབ་ཚད་ལེན་དང་། ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ཁུལ་དབྱེ་འབྱེད་བྱས་ཏེ་ས་འོག་ཆུའི་རིགས་དབྱེ་ཁུལ་དབྱེ་དོ་དམ་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་བ་དང་སྦྲགས། རྫས་འགྱུར་བཟོ་ལས་གླིང་དང་ཉེན་ཡོད་སྙིགས་རོ་སྦས་སར་དམིགས་ཏེ་ས་འོག་ཆུའི་སྦགས་བཙོག་གནས་ཚུལ་ལ་བརྟག་ཞིབ་དང་། དོ་དམ་ཚོད་འཛིན། ཉམས་གསོ་བཅས་བྱས་པ་རེད།

འབྲི་ཆུའི་ཆུ་འགོའི་རྒྱུད་ཀྱི་ཚེ་སྲོག་གསར་པ།

འདི་ནི་ཉིན་ཤས་གོང་པར་བརྒྱབ་པའི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟུར་ཞིག་ཡིན་པ།འདི་ནི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཚང་བཟོ་བཞིན་པའི་ཆུ་བྱ་ཡིན་པ།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རོང་པོ་འདམ་ར་འབྲི་ཆུའི་ཆུ་འགོར་གནས་ཤིང་། དེ་གར་རྩྭ་ཆུ་བཟང་བས་དུས་བྱ་གནས་སྤོ་ལམ་གྱི་ས་ཚིགས་དང་སྐྱེ་འཕེལ་བྱ་ཡུལ་གཙོ་བོར་གྱུར་ཡོད། ད་ལོའི་ཟླ་ལྔ་པར་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། དེ་གས་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག་ཚུད་པའི་བྱ་རིགས་37བབ་སྡོད་སྐྱེ་འཕེལ་བྱེད་པའི་ཡིད་དབང་བཀུག་ཡོད་ཅིང་། ཁྲུང་ཁྲུང་མགོ་ཁྲ་ཁྱུ་ཚོགས་ཀྱི་མགོ་གྲངས་5626ཟིན་ཡོད་པ་མ་ཟད། བྱ་ཕྲུག་ཚོས་ཀྱང་འཕུར་རྩལ་སྦྱོང་བཞིན་ཡོད་པ་དང་། རྩ་ཆེ་ལ་སྟོངས་ལ་ཉེ་བའི་ཁྲུང་ཁྲུང་སྐེ་ནག་94ལྟ་ཞིབ་ཐུབ་པའི་ནང་21གིས་ཚེ་སྲོག་གསར་པ་སྐྱོང་བཞིན་ཡོད། འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

ཡུས་ཧྲུའུ་ཁུལ་གྱི་རོང་པོ་བརླན་སར་ཆུ་སྣ་འཛོམས་ཤིང་འདབ་ཆགས་མང་པོ་འདུས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་གནས་པའི་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་དབུས་ཁུལ་གྱི་བརླན་ས་གལ་ཆེན་ཞིག་ཡིན་ལ།འདབ་ཆགས་གནས་སྤོའི་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ཟླ6པའི་ཚེས4ཉིན་གྱི་ཕྱི་དྲོར། གསར་འགོད་པས་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆུ་སྣ་འཛོམས་པའི་བརླན་སའི་ཁྲོད་དུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་འཆམ་འཆམ་དང་འཕུར་ལྡིང་བྱེད་བཞིན་པ་མཐོང་། སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་འགན་འཁུར་པ་པ་སང་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ5བའི་ཟླ་མཇུག་བར་བསྡོམས་པས་འདབ་ཆགས་རིགས37ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་ཟིན་ཐོར་བཀོད་པ་དང་། དེའི་ཁྲོད་ཁྲུང་ཁྲུང་སྐེ་ནག94ཡོད། ཁྲུང་ཁྲུང་སྐེ་ནག་ཆ21གིས་སྒོ་ང་རུམ་བཞིན་ཡོད། ཁྲུང་ཁྲུང་མགོ་ཁྲ5626ཟིན་ཐོར་བཀོད། །

ཀན་སུའུ་ཞིང་ཆེན་གྱི2025ལོའི་ཁོར་ཡུག་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ད་ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོར“མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པར་ང་རང་སྔོན་དུ་བསྐྱོད”ཞེས་པ་བརྗོད་དོན་དུ་བྱས་ཏེ། ཀན་སུའུ་ཞིང་ཆེན་གྱི་ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱེད་སྒོའི་མགོ་ཚུགས་མཛད་སྒོ་ཚེས4ཉིན་གྱི་སྔ་དྲོར་ལན་ཀྲོའུ་ཁུལ་གསར་གྱི་གྲོང་མི་ཐང་ཆེན་དུ་འཚོག་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དྲུག་ལྔའི་ཁོར་ཡུག་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་དུས་མཚམས་མང་པོ་ཞིག་ཏུ་དབྱེ་ནས་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་རེད། ཚོགས་ར་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་མགོ་རྩོམ་མཛད་སྒོ་ཟླ6པའི་ཚེས5ཉིན་གྱི་སྔ་དྲོར་ལན་ཀྲོའུ་ཁུལ་གསར་གྱི་གྲོང་མི་ཐང་ཆེན་དུ་འཚོག་རྒྱུ་རེད། ཉིན་དེར། ཡུལ་དངོས་སུ་ཞིང་ཆེན་ཡོངས་དང་དེ་བཞིན་ལན་ཀྲོའུ་ཁུལ་གསར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕན་འབྲས་འགྲེམས་སྟོན་ཁུལ་དང་། ཚན་རིག་ཁྱབ་གདལ་ཁུལ། ཐོན་ལས་ཁུལ། སྒྲིག་ཆས་ཁུལ་བཅས་འཛུགས་རྒྱུ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་པར་ལེན་བརྩམས་ཆོས་དང་བརྙན་ཐུང་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་རེད། གཞན་ཡང་ད་དུང་ཕུན་སུམ་ཚོགས་པའི་མཉམ་འགུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་ནང་དུ“མཛེས་སྡུག་གི་ཀན་སུའུ་འཛུགས་སྐྲུན་བྱས་ནས་སྐྱེ་ཁམས་འགོག་རགས་སྲ་བརྟན་བསྐྲུན་པའི”དམངས་ཡོངས་ཀྱི་འགུལ་སྐྱོད་གྲོས་མགོའི་མིང་རྟགས་བཀོད་ནས། མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་སྤྲོ་སེམས་སྐུལ་སློང་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱར་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་བཏོན་ནས། སྤྲོ་སྐྱིད་ཀྱི་རྣམ་པའི་ཐོག་ནས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་རེད། ཀན་སུའུ་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤིས་རྟེན་ཡང་ཡོང་ནས་བྱེད་སྒོའི་སྤྲོ་སྣང་ཆེ་རུ་གཏོང་རྒྱུ་རེད། དེ་བཞིན“ཐཱན་དམའི་རྐང་འཁོར་དང་ལྗང་མདོག་གི་མ་འོངས་པ”ཞེས་པའི་རྐང་འཁོར་བྱེད་སྒོ་དེས་ལྗང་མདོག་ཕྱིར་སྐྱོད་ཀྱི་འདུ་ཤེས་དར་སྤེལ་གཏོང་གིན་ཡོད། མིག་སྔར། བྱེད་སྒོ་ཁག་ཚང་མ་གྲ་སྒྲིག་བྱས་ཚར་ཡོད། ད་ལོའི་ཟླ4པར། དྲུག་ལྔའི་ཁོར་ཡུག་ཉིན་མོར་གྲ་སྒྲིག་དྲིལ་བསྒྲགས་བྱེད་སྒོ་མང་པོ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་ཡོད། དེའི་ནང་། “མཛེས་སྡུག་གི་ཀན་སུའུ། པར་བརྙན་གྱི་ཟིན་ཐོའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གསར་རྩོམ་བརྙན་ཐུང་བསྡུ་རུབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་པར་ལེན་བརྩམས་ཆོས་བསྡུ་རུབ་བྱེད་སྒོར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བསྡོམས་པས་བརྙན་ཐུང་བརྩམས་ཆོས105དང་པར་རིས་བརྩམས་ཆོས2398འབྱོར་ཡོད། མིག་སྔར་བྱེད་སྒོ་དེ་གཉིས་ཀྱི་བརྩམས་ཆོས་དཔྱད་འདེམས་དང་ཡོངས་བསྒྲགས་ལས་དོན་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་བ་དང་། བྱ་དགའ་ཐོབ་པའི་འཐུས་མིས་ཚོགས་ར་གཙོ་བོའི་བྱེད་སྒོའི་མགོ་ཚུགས་མཛད་སྒོའི་ཐོག་གཟེངས་བསྟོད་དང་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག རེ་སྒུག་ཆེན་པོ་བྱེད་བཞིན་པའི་ཀན་སུའུ་སྐྱེ་ཁམས་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱང་མགོ་ཚུགས་མཛད་སྒོའི་ཐོག་དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད། །

རྐང་ཚ་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས30ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་བརྩམས། འགུལ་སྐྱོད་སྤེལ་མགོ་ཚུགས་པའི་ཚོགས་ཆེན་སྟེང་བརྙན་ལམ་བརྒྱུད་དེ་གྲོང་ཁུལ་དང་གྲོང་ཚོ། ཁྲོམ་ར། མཛེས་ལྗོངས་ཁུལ། གཞུང་ལམ་དང་ཟམ་པའི་ལམ་རྒྱུད་སོགས་ཀྱི་གནད་དོན་དག་ཐག་གཅོད་བཟང་པོ་བྱས། དེ་དང་ཆབས་ཅིག ཚོགས་ཆེན་སྟེང་འགུལ་སྐྱོད་ཀྱི་རྒྱབ་ལྗོངས་དང་ལག་བསྟར་བརྒྱུད་རིམ། རྫོང་རིམ་པའི་མགོ་ཁྲིད་ཀྱི་འབྲེལ་གཏུག་འགན་འཁྲི། ཁྱབ་ཁོངས་ཆེན་པོ་བརྒྱད་ཀྱི་གཅིག་བསྡུས་བཅོས་སྒྲིག་ལས་འགན་བཅས་ལ་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་ཏེ། གནས་སྐབས་ཀྱི་དམག་ཐབས་དང་ཡུན་རིང་དམག་ཐབས་ཟུང་འབྲེལ་བྱེད་པ་དང་། སྔོན་ལ་སླ་ཞིང་རྗེས་སུ་དཀའ་བའི་བཅོས་སྒྲིག་བསམ་ཕྱོགས་བཏོན་ཏེ། གད་སྙིགས་དང་བཙོག་ཆུ། ལྗང་སྒྱུར་སོགས་གནད་དོན་ཁག36བཅོས་སྒྲིག་ཁྱབ་ཁོངས་ནང་བཞག ཐེངས་འདིའི་འགུལ་སྐྱོད་དེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་རྩ་བར་བཟུང་ནས། མང་ཚོགས་ཀྱི་ཉེ་འཁོར་གྱི་ཁོར་ཡུག་གི་གནད་དོན་ལ་དམིགས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཁོངས་ཡོངས་ཞིབ་བཤེར་དང་ཁྱོན་ཡོངས་ལ་གཙང་སྒྲ། ཁྱོན་ཡོངས་ནས་ཐག་གཅོད་བྱེད་པ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པ། ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་མ་ལག་བཙུགས། འཆར་གཞི་ལྟར་ན། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་མི་འདང་སར་ཁ་གསབ་དང་། རྨང་གཞི་སྲ་བརྟན་དུ་གཏོང་བ། ལེགས་ཆ་དར་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱུན་མཐུད་ངང་རི་སྔོ་ཆུ་དྭངས་ཀྱི་འབྲས་བུ་བཟང་པོ་བླངས་ཏེ། གཅིག་སྡུད་བཅོས་སྒྲིག་གི་གྲུབ་འབྲས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་དངོས་སུ་ཕན་ཁེ་ཐོབ་པར་ཁག་ཐེག་བྱ་རྒྱུ་རེད། །

པི་ཝང་ཞབས་བྲོ་འཁྲུག རིག་གནས་སྟོན་མོ་མཚར།

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ལ“པི་ཝང་གི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། སྔར་ནས་ད་བར། ས་ཆ་འདིས་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ལེགས་ཆ་དང་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོར་བརྟེན་ནས། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་དར་སྤེལ་བཏང་ཡོད་ཅིང་། པི་ཝང་ཞབས་བྲོ་ནི་དེའི་ཁྲོད་ཀྱི་འོད་ལམ་ལམ་འཚེར་བའི་མུ་ཏིག་རྡོག་པོ་ལྟ་བུར་སྣང་། པི་ཝང་ཞབས་བྲོ་ནི་པི་ཝང་རོལ་ཆར་བྱས་ཏེ་སྐྱེས་པ་དང་བུ

བོད་བྱང་ཐང་དུ་ལས་དོན་པས་འདབ་ཆགས་གཏུམ་པོའི་རིགས་ལ་ཚང་སྒྲོམ་བཟོས་པ།

འདི་ནི་བྱ་ཁྲ་དང་དེའི་བྱ་ཕྲུག་གིས་མིས་བཟོས་ཚང་སྒྲོམ་དུ་ཚང་བཟོ་བཞིན་པ། (ཟླ་6ཚེས་8ཉིན་པར་བརྒྱབ)འདི་ནི་བྱང་ཐང་གི་འདབ་ཆགས་གཏུམ་པོ་ཞིག་མིས་བཟོས་ཚང་སྒྲོམ་ནས་ཅི་དགར་འཕུར་ལྡིང་བྱེད་བཞིན་པ། (ཟླ་6ཚེས་8ཉིན་པར་བརྒྱབ)བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་གནས་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ། ལས་དོན་པས་བྱ་ཁྲ་སོགས་འདབ་ཆགས་གཏུམ་པོའི་རིགས་ལ་ཚང་སྒྲོམ་བཟོས་པ་རེད།ཉི་མ་རྫོང་ནོར་བུ་གཡུ་རྒྱལ་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་སྐལ་བཟང་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདབ་ཆགས་གཏུམ་པོའི་རིགས་ནི་རྩྭ་ཐང་གི་བྱི་བའི་རིགས་ཀྱི་གཉེན་པོ་ལྟ་བུ་ཡིན་པས། དེའི་འཚོ་སྡོད་དང་སྐྱེ་འཕེལ་གྱིས་འདབ་ཆགས་གཏུམ་པོའི་རིགས་ཀྱི་རྒྱུད་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མ་ཟད། ད་དུང་དེ་བས་རྒྱ་ཆེ་བའི་སྐྱེ་ཁམས་མ་ལག་ཁྲོད་སྐྱེ་ཁམས་དོ་སྙོམས་ཀྱི་ནུས་པ་ཡང་འདོན་བཞིན་ཡོད་པ་རེད། བྱང་ཐང་དུ་ལྗོན་ཤིང་རིགས་དཀོན་སྟབས་འདབ་ཆགས་གཏུམ་པོའི་རིགས་ཀྱི་ཚང་ས་ངོས་སུ་མི་བཟོ་ཐབས་མེད་རེད། དེར་བརྟེན་བྱ་ཕྲུག་ལ་གནོད་འཚེ་ཕོག་ནས་ཤི་བ་ཧ་ཅང་མང་། ཉེ་བའི་ལོ་ཤས་རིང་། ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་བྱང་ཐང་དུ་འདབ་ཆགས་གཏུམ་པོའི་རིགས་ལ་ཚང་སྒྲོམ་བཟོས་པར་བྱ་ཕྲུག་གསོན་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་མ་ཟད། ད་དུང་རྩྭ་ཐང་གི་ཆ་ཤས་ཁ་ཤས་སུ་བྱི་བ་སོགས་སྲོག་ཆགས་སྐྱེ་འཕེལ་མང་དྲགས་ནས་རྩྭ་ཐང་ཞན་འགྱུར་གྱི་སྣང་ཚུལ་ཐོན་པར་ཡང་སྔོན་འགོག་ནུས་ལྡན་ཐུབ་ནས། རྩྭ་ཐང་གི་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་དེ་བས་ཡག་པོ་ཐུབ་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་བའི་མཚོ་ནུབ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་བདེ་ལེགས་ངང་སྤེལ།

སྐད་ངག་འབྲུ་གསུམ་གྱི་ས་ལམ་ཟིན་པའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་རྣམས་ཀྱི་རེ་འདོད་ཚིམ་ཕྱིར་དང་། མི་རིགས་མཐུན་སྒྲིལ་དང་ཏང་ལ་བསྟོད་གླུ་འབུལ་བར་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ཆེན་མོ་ལས། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ཏེ། མེས་པོ་ནས་བརྒྱུད་པའི་བློ་རིག་གི་རྩལ་དང་ལྷན་སྐྱེས་ཀྱི་ངག བརྩེ་མདངས་ཀྱི་རི་མོར་བཞད་པའི་སྲོལ་རྒྱུན་ལ་གཞས་འཚོལ་སྡུད་དང་ལེགས་སྒྲིག རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏང་ཆེད། “མཐུན་པའི་གྲེ་འགྱུར་གྱིས། །ཀྲུང་ཧྭའི་བླ་སྲོག་བསྐྲུན། །”ཞེས་པ་བརྗོད་གཞི་བྱས་པའི“འཆམ་མཛེས་གུང་ཧོ”རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་དགུ་བའི་མཚོ་ནུབ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དང་མཚོ་ནུབ་ཁུལ་ལ་གཞས་མཐུན་ཚོགས་ཀྱི“སེ་འབྲུ་མཐུན་སྒྲིལ་རྟགས་མ”འི་འགྲན་སྡུར་སྐབས་གཉིས་པ་དེ། ཟླ6པའི་ཚེས7ནས་ཚེས8ཡི་བར་ཐེམ་ཆེན་རྫོང་ཤམ་བྷ་ལ་སྐྱེ་ཁམས་གསོལ་མགྲོན་གླིང་ནས་སྤེལ་བ་ཡིན་ལ། རྒྱུན་སྐྱོང་འཕེལ་རྒྱས་ཀྱི་རིན་ཐང་ལྡན་ཞིང་རྒྱལ་ཁབ་རིམ་པའི་ཤུལ་བཞག་གཟུགས་འདུས་རིག་གནས་ཀྱི་གྲས་སུ་ཚུད་པའི་བོད་ཀྱི་ལ་གཞས་སྒྱུ་རྩལ་གྱིས་རིགས་སོ་སོའི་མི་རིགས་ཕན་ཚུན་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་མཐུན་ལམ་བསྐྲུན། མཚོ་ནུབ་ཁུལ་ཁུངས་གཏོགས་ཀྱི་ལ་གཞས་སྒྱུ་རྩལ་ལ་དུང་ཞེན་ཡོད་པའི་གླུ་བ་གླུ་མ30ལྷག་འགྲན་སྡུར་ལ་ཞུགས་ཏེ་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་སོགས་དུས་རབས་གསར་བའི་བརྗོད་གཞི་དང་མཐུན་པའི་གསར་རྩོམ་བརྩམས་ཆོས་དམིགས་སུ་བཟུང་ནས་ཡར་སྐུལ་དང་། གླུ་ཚིག་གི་ཆ་ནས་ཡ་རབས་སྲོལ་བཟང་དང་འཆམ་མཐུན་ཁྱིམ་གཞིས། བདེ་སྐྱིད་ཀྱི་འཚོ་བ། ཏང་གི་སྲིད་ཇུས་དགོངས་དོན་དམིགས་ཀྱིས་མཚོན་ཐུབ་པ་གཞི་རྩ་བྱས་ནས་དཔྱད་འདེམ་བྱས་པ་ཡིན་ལ། ཐེངས་འདིའི་མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམ་པ་དག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། མཚོ་ནུབ་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྒོ་མེ་དོན་གྲུབ་ཚེ་རིང་ལགས་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བོད་སྐད་སྨྱན་སྦྱོར་ལྟེ་གནས་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་དང་མདོ་འཛིན་པ་གྲགས་ཅན་ནམ། སྙན་ངག་པ་ཚེ་རིང་བཀྲ་ཤིས་ལགས། མདོ་ཁམས་ཡུལ་གྱི་གླུ་མ་གྲགས་ཅན་ལྷ་རིས། མཚོ་ནུབ་ཁུལ་ལ་གཞས་མཐུན་ཚོགས་ཀྱི་སྤྱིའི་འགན་འཛིན་པ་གསེར་འབྲུག་རྒྱལ་སོགས་ཡིན། དཔྱད་འདེམ་ཆེད་མཁས་པས་གཞུང་ལུགས་རྒྱབ་རྟེན་དུ་བཅོལ་ཏེ་ཐེངས་མང་པོར། བློ་མང་ཞིབ་བསྡུར་དང་དྲང་བོ་དྲང་བཞག་གིས་འགྲན་ཞུགས་གླུ་བ་གླུ་མ10ལ“ཟེ་འབྲུ་མཐུན་སྒྲིལ་རྟགས་མ”འི་ཕུལ་བྱུང་གསར་རྩོམ་བྱ་དགའ་རུ་གདམས་ཐོན་བྱུང་ཞིང་། དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པའི་དཔེ་བཞིན་རྒྱ་ཆེའི་མང་ཚོགས་རྣམས་འགྲན་རར་འདུས་ཏེ་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་བསྔགས་པའི་མེ་ཏོག་གཏོར་ནས་དགའ་བསུ་ཆེན་པོ་ཐོབ་ཅིང་། མཇུག་མཐའི་རྟིང་རྩོད་ལས་ཐེམ་ཆེན་རྫོང་གི་གླུ་བ་པདྨ་དང་དུར་ལམ་རྫོང་གི་གླུ་མ་དངོས་གྲུབ་དབང་མོ་གཉིས་ལ་གཞན་དག་ལས་རྩེར་སོན་བྱུང་སྟེ་ཨང་དང་པོ་ཐོབ་ཅིང་། གླུ་བ་བཱ་བཟང་ཚེ་རིང་དང་ལྷ་མཆོག་རྒྱལ། གླུ་མ་རྟ་མགྲིན་སྐྱིད་དང་ཚེ་རྒྱལ་དབང་མོ་བཅས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། གླུ་བ་མ་སངས་སྐྱབས་དང་ཀླུ་མགོན་རྒྱལ། ལྷ་མཚོ་སྐྱིད་དང་ཕག་མོ་གཡང་སྐྱིད་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པས། རྒྱ་ཆེའི་ལྟད་མོ་བའི་དགའ་བསུའི་ཐལ་མོ་ལྷང་ལྷིང་ཁྲོད་འགྲན་སྡུར་གྱི་བརྒྱུད་རིམ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་བསྡུས། །

ཡུས་ཧྲུའུ་ཁུལ་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་གྲོས་མཐུན་བཞག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་སྒྲོམ་གཞིར་གྲོས་མཐུན་འགོད་པའི་མཛད་སྒོ་ཡུས་ཧྲུའུ་རུ་འཚོགས། ཕྱོགས་གཉིས་གས་རོལ་དབྱངས་སྒྱུ་རྩལ་གྱི་འབྲེལ་ཐག་ཇེ་དམ་དུ་བཏང་ནས། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་དམ་པོར་དམིགས་ཏེ། སློབ་གྲྭ་དང་ས་གནས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱས།ཐེངས་འདིའི་མཉམ་ལས་སྟེང་ཡུས་ཧྲུའུ་ཡི་སྒྱུ་རྩལ་འཇོན་མི་གསོ་སྐྱོང་དང་རོལ་དབྱངས་གསར་རྩོམ་སོགས་ཐད་ཀྱི་ཞན་ཆར་དམིགས་ནས། ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཉམས་འགྱུར་རྫོགས་པའི་གསར་རྩོམ་དང་སློབ་ཚན་མཉམ་སྐྲུན། སྤུས་རྟགས་བསྐྲུན་རྒྱུ་སོགས་ཀྱི་ཐབས་ཤེས་སྤྱད་དེ། བོད་མི་རིགས་ཀྱི་རོལ་དབྱངས་རིག་གནས་གསོན་ཉམས་ཅན་རྒྱུན་འཛིན་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད། ཕྱོགས་གཉིས་གས་གཤམ་གསལ་ཁྱབ་ཁོངས་སུ་མཉམ་ལས་ཟབ་སྤེལ་གཏོང་བ་དང་རིག་གནས་གསར་གཏོད་བྱེད་པ། ཡུས་ཧྲུའུ་ཡི་གཟུགས་འདས་ཤུལ་གཞག་རིག་དངོས་དང་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་བརྩམས་ཆོས་གསར་རྩོམ་བྱས་ཏེ། “གཙང་གསུམ་འབྱུང་ཡུལ”གྱི་སྐད་གྲགས་རྒྱལ་ཡོངས་སུ་ཁྱབ་ཏུ་འཇུག་པའི་འཆར་གཞི་ཡོད། འཇོན་མི་གསོ་སྐྱོང་དང་ཁ་ཕྱོགས་ངེས་གཏན་གྱི་གསོ་སྐྱོང་། སློབ་དཔོན་ཆེན་མོའི་སློབ་ཚན་སོགས་ཀྱི་མཉམ་ལས་རྣམ་པར་བརྟེན་ཏེ། ས་གནས་དེ་གའི་སྒྱུ་རྩལ་འཇོན་མིའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་བར་བྱེད་པ། རོལ་དབྱངས་སྨྱན་སྦྱོར་བྱས་ཏེ་འཁྲབ་སྟོན་འཛོམས་པོ་དང་རོལ་དབྱངས་བརྗོད་དོན་ཅན་གྱི་ཡུལ་སྐོར་ལམ་ཐིག་གསར་སྤེལ་བྱས་ཏེ། ཡུས་ཧྲུའུ་ཡི་སྐྱེ་ཁམས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བསྐྲུན་རྒྱུར་རོགས་རམ་བྱས།ཐེངས་འདིའི་མཉམ་ལས་ནི་ཡུས་ཧྲུའུ་ཡི་རིག་གནས་སློབ་གསོའི་བྱ་གཞག་གི་དུས་ཐོག་ཆར་བ་ལྟ་བུ་ཞིག་ཡིན་པ་དང་། ཡུས་ཧྲུའུ་ཡིས་ཝུའུ་ཧན་རོལ་དབྱངས་སློབ་གླིང་གི་སྟོབས་ཤུགས་ལ་བརྟེན་ནས། ཡུས་ཧྲུའུ་ཡི་གངས་རི་རྩྭ་ཐང་དང་གཟུགས་འདས་ཤུལ་གཞག་རིག་གནས་སྒྱུ་རྩལ་གྱི་འཚོ་བཅུད་དུ་བསྒྱུར་ཏེ། མི་རིགས་ས་ཁུལ་གྱི་སྒྱུ་རྩལ་དང་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུ་རེད། །

“རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”ལས་དོན་གྱིས་མཚོ་སྔོན་རིག་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན། གསར་འགོད་པས་རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། “རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”ལས་དོན་གྱིས་མཚོ་སྔོན་རིག་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས8བཅས་ཀྱིས་ཕྱོགས་གསུམ་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་ཁྲོད་མཉམ་དུ་རིག་རྩལ་གསར་རྩོམ་བྱེད་པ་དང་མཉམ་འབྲེལ་སྒོས་སྒྱུ་རྩལ་བརྗེ་རེས་བྱེད་པ། སྒྱུ་རྩལ་གྱི་རང་མདངས་གསར་པ་འཚོལ་བསྡུ་ནན་མོ་བྱེད་པ། རིག་རྩལ་འཇོན་མི་མཉམ་དུ་གསོ་སྐྱོང་བྱེད་པ། གཞི་རིམ་གྱི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཕྱོགས་དྲུག་གི་ནང་དོན་འདུས་པར་མ་ཟད། དེས་སྔར་ལས་གཏིང་ཟབ་པ་དང་སྔར་ལས་ཁྱབ་ཁོངས་ཡངས་པོའི་ངང་ནས་བརྗེ་རེས་མཉམ་ལས་བྱེད་པར་སྟེགས་བུ་བསྐྲུན་ཡོད། བསྐྲུན་པའི་སྟེགས་བུའི་སྟེང་མཉམ་ལས་ལས་གཞི70ལྷག་དོན་འཁྱོལ་བྱས་པ་དང་། རྩ་འཛུགས་བྱས་ཏེ་ཆུ་ཚད་མཐོ་བའི་བརྗོད་དོན་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ།མཚོ་སྔོན་གྱིས་རིག་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས། འཇོན་མི་ནང་འདྲེན་བྱེད་སྟངས་དང་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། སྐུ་ཞབས་ཝུའུ་ཁྲང་ཅང་མཚོ་སྔོན་རི་མོའི་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་དུ་གདན་ཞུ་བྱས་པ་དང་། སྐུ་ཞབས་ཝུའུ་ཝུའེ་ཧྲན་མཚོ་སྔོན་མཛེས་རྩལ་ཁང་གི་མཚན་འཛིན་འགོ་གཙོ་རུ་གདན་ཞུ་བྱས། སྒྱུ་རྩལ་པ་གྲགས་ཅན་མཚོ་སྔོན་དུ་གདན་འདྲེན་ཞུས་ནས། “རིན་ཐང་གཞལ་དུ་མེད་པའི་ཉམས་མྱོང་དང་སློབ་སྟོན་གནང་བའི”བྱེད་སྒོ་སྤེལ་བ་དང་། ཀྲུང་གོ་ཞབས་བྲོ་མཐུན་ཚོགས་ཀྱི་ཞབས་བྲོའི་སྒྱུ་རྩལ་ཆེད་དོན་འཆད་ཁྲིད་དང་། ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱི་གསར་དུ་ཞུགས་པའི་ཚོགས་མིའི་འཐབ་ཕྱོགས་དང་པོའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ། ཀྲུང་གོ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི“འཇོན་མི་རྩེ་གྲའི”གསོ་སྐྱོང་འཆར་གཞི། ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི“གྲངས་ཉུང་མི་རིགས་ས་ཁུལ་གྱི་བརྙན་འཕྲིན་སྒྱུ་རྩལ་འཇོན་མི་གསོ་སྐྱོང་འཆར་གཞི།”ཀྲུང་གོ་རིག་རྩལ་མཐུན་ཚོགས་ཀྱི་དུས་རབས་གསར་པའི་ཤེས་རིག་ལག་ལེན་གྱི་རིག་རྩལ་དང་བླངས་ཞབས་ཞུའི་རྣམ་གྲངས་གསོ་སྦྱོང་འཛིན་གྲྭ་སོགས་སྔ་རྗེས་སུ་གཉེར་བ་དང་། བསྡོམས་རྩིས་བྱས་ནས་མི་སྣ650ལྷག་ལ་གསོ་སྦྱོང་བྱས།རིག་རྩལ་བརྗེ་རེས་སྟེགས་བུ་འཛུགས་པར་དམིགས་ཏེ། མཚོ་སྔོན་མཛེས་རྩལ་ཁང་གི་སྐར་ཁུང་ལྟ་བུའི་གཡུལ་སའི་ནུས་པ་འདོན་སྤེལ་བྱས་ཏེ།“རྒྱལ་ཡོངས་ན་གཞོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བདུན་པ”དང་།“རྒྱལ་ཡོངས་ཀྱི་ཡིག་གཟུགས་འགྲེམས་སྟོན་སྐབས་གསུམ་པ”“ཧྲང་ཧའེ་དང་མཚོ་སྔོན་གྱི་ཡིག་གཟུགས་དང་འབྲེལ་བའི་བརྗེ་རེས་འགྲེམས་སྟོན”“ཧའེ་ནན་རི་མོའི་ཕྱོགས་ཁག་གི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་མཚོ་སྔོན་དུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པའི་ལས་སྒོ”སོགས་འགྲེམས་སྟོན་རྩེར་སོན་བྱེད་སྒོ་ཐེངས20ལྷག་སྤེལ། ཇུས་འགོད་བྱས་ནས་གཉེར་བའི“རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་སྐྱེ་ཁམས་ཀྱི་མཐོ་ས་གསར་པ”ཞེས་པའི་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་རིག་པར་ལེན་སྐོར་སྐྱོད་འགྲེམས་སྟོན་དེ་སྔ་རྗེས་སུ་ཅང་སུའུ་དང་པེ་ཅིན། ཐེན་ཅིན། ཧྲང་ཧའེ། ཧྲན་ཏུན། ཀོང་ཏུང་སོགས་སུ་བསྐྱོད་པར་མ་ཟད། ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི“དེང་གི་ཀྲུང་གོའི”སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་དང་མཉམ་དུ། པ་ཞི་དང་ཁོ་ལོམ་པི་ཡ་རུ་སྐོར་སྐྱོད་འགྲེམས་སྟོན་བྱས། །

ནག་ཆུ་གྲོང་ཁྱེར་གྱིས་གཙོ་སྐྱོང་པའི་འགྲན་བསྡུར་ཆེ་མོ་བྱས་པ།

ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི“གསོན་ཤུགས་ཀྱིས་ཁེངས་པའི་ནག་ཆུ། ལང་ཚོའི་ཕུགས་འདུན་འགྲུབ་པར་བྱེད”ཅེས་པའི་གཙོ་སྐྱོང་པའི་འགྲན་བསྡུར་ཆེ་མོ་བྱས་པ་རེད།ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོར་ཁྱོན་མི་40ཞུགས་རྒྱུའི་ཡིད་དབང་བཀུག་ནས་གཙོ་སྐྱོང་ལ་དགའ་ཞེན་ཆེ་བ་དང་གཏམ་བརྗོད་མཁས་པའི་མི་མང་པོ་ཞིག་ལ་འཇོན་ཐང་ངོམ་སའི་གར་སྟེགས་མཁོ་འདོན་བྱས་ཡོད་པ་རེད།བདམས་ཐོན་པ་ཚོས་རང་གིས་གྲ་སྒྲིག་བྱས་པའི་རྩོམ་ཡིག་ཀློག་འདོན་དང་། ས་གནས་ས་ཐོག་ཏུ་སྐབས་བསྟུན་འཐེན་པའི་གསར་འགྱུར་རྩོམ་ཡིག་ཀློག་འདོན། གཙོ་སྐྱོང་ལད་མོ་སོགས་ཀྱི་བྱ་ཐབས་བརྒྱུད་རང་ཉིད་ཀྱི་གཙོ་སྐྱོང་ཆུ་ཚད་དང་། རྣམ་པ་དང་ཉམས་འགྱུར། གཙོ་སྐྱོང་གི་ཁྱད་ཆོས། སྐད་ཆ་ཤོད་སྟངས། གཏན་ཚིགས་དང་མཐུན་པའི་བསམ་གཞིག ལེ་ཚན་ཚོད་འཛིན་དང་སྐབས་བསྟུན་སོགས་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་དང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། འགྲན་བསྡུར་དྲག་པོ་བྱས་པ་དང་དཔྱད་འདེམས་པས་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་པ་བརྒྱུད། འགྲན་བསྡུར་ཆེ་མོར་བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་3 བྱ་དགའ་ཨང་གསུམ་པ་6 ཕུལ་བྱུང་བྱ་དགའ་12བཅས་བདམས་པ་རེད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

༄༅།།བོད་ལྗོངས་ས་ཆ་འདིར་གློག་དམར་འཁྱུགས་པ།

ཟླ་5ཚེས་31ཉིན་གྱི་དགོང་མོ་ནས་ཟླ་6ཚེས་1ཉིན་བར། པར་ལེན་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་གློག་དམར་འཁྱུག་པ་པར་བླངས་པ་དང་། སྣང་ཚུལ་དེ་ནི་རླུང་ཁམས་ཆེན་པོའི་བང་རིམ་གྱི་མཐོ་ཚད་30~90kmཙམ་དུ་གནས་པའི་འཕྲལ་རྣམ་གློག་གཏོང་འོད་འཕྲོའི་སྣང་ཚུལ་ཞིག་ཡིན་པ་དང་། དྲག་རླུང་དང་ཆར་སྤྲིན་ཐོན་དུས་མཁའ་དབྱིངས་སུ་བྱུང་བ་རེད། རླུང་ཁམས་ཆེན་པོའི་ནང་གི་ཏན་རླུང་ཆ་རྡུལ་སྤེལ་སྐབས། ཡིད་དབང་འཕྲོག་པའི་འོད་དམར་པོ་འབྱུང་ངེས། པར་ལེན་མཁན་ཏུང་ཧྲུའུ་ཁྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གིས་2022ལོའི་ཟླ་5ཚེས་19ཉིན་ནས་ཚེས་20ཉིན་བར། བོད་ལྗོངས་ཕུ་མ་གཡུ་མཚོ་ནས་གློག་དམར་འཁྱུག་པའི་སྣང་ཚུལ་རྒྱ་ཆེན་པོ་ཐོན་པ་དེ་པར་བརྒྱབ་པ་དང་། རྒྱལ་ནང་གི་ཟིན་ཐོ་གསར་གཏོད་བྱས་ཡོད། ད་ཐེངས་གཞི་ཁྱོན་ཆེ་ཙམ་ཐོན་པ་འདི་ཡང་མཐོང་དཀོན་པ་ཞིག་རེད། ཁོང་གིས་དལ་འགུལ་པར་ལེན་གྱི་ཐབས་ལ་བརྟེན་ནས་གློག་དམར་འཁྱུག་པའི་ཞིབ་ཕྲའི་གནས་ཚུལ་སྔར་བས་གསལ་པ་པར་ལ་བཏབ་པ་རེད།

ན་ཆུང་བྱིས་པའི་དགའ་ཚལ། ཆེད་སྒྲིག་ལེ་ཚན་ན་ཆུང་གཞས་ཀྱི་རྩེད་ར།

ཐེངས་འདིའི་ལེ་ཚན་ནང་དུ་ཨ་མདོ་བརྙན་འཕྲིན་གྱི་མེ་ཏོག་གངས་ལྷ་བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་བའི་སྟེང་འཁྲབ་སྟོན་པར་གདན་ཞུ་བྱས་པའི་ན་ཆུང་གཞས་པ་གཞས་མ་སྐོར་ཞིག་ཅོ་ཀའི་དྲུག་འགྱུར་གྱི་ཚན་པའི་ནང་ཞུགས་ནས་བཀྲ་ཤིས་པའི་ཁ་གཡང་སྨོན་ཚིག་དང་སྙན་ཞིང་འཇེབས་པའི་གླུ་སྐད་ཀྱིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།ཐེངས་འདིའི་ལེ་ཚན་ནང་ཞུགས་པའི་ན་ཆུང་གཞས་པ་གཞས་མ་ཚོའི་མཉམ་པར།སྤྲོ་སྣང་དང་ཡིད་ཆེས་ཀྱི་སྒོ་ནས་གླུ་ངག་སྒྱུ་རྩལ་གྱི་འཇོན་ཐང་ངོམ་བཞིན་པའི་ཚུལ།མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།ལྟ་སྐུལ་པ། ཕྱུག་ལོ།སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

༄༅།།ཏོག་གསར་གྱི་ནད་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་པ།

ཚེས་28ཉིན། གསར་འགོད་པས་རྒྱལ་ཁབ་ནད་འགོག་ཚོད་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་རྒྱལ་ཡོངས་སུ་ཏོག་གསར་ནད་འཕེལ་ཚུལ་ཇེ་དལ་དུ་ཕྱིན་པ་དང་། ཞིང་ཆེན་མང་ཆེ་བར་རིམས་ནད་མཐོ་ཤོས་སུ་སླེབས་པའམ་ཡང་ན་ཉུང་དུ་འགྲོ་བཞིན་ཡོད་པ་རེད། ལེགས་ཆ་ལྡན་པའི་ཁྱབ་ཚུལ་གྱི་ནད་སྡོང་ནི་XDVགཞན་འགྱུར་སྡོང་རྐང་རབས་དྲུག་པའི་ཡན་ལག་ཕལ་པ་NB.1.8.1ཡིན་ལ། ནད་དུ་འགྱུར་ཤུགས་ལ་མངོན་གསལ་འགྱུར་ལྡོག་མ་བྱུང་ལ། ནད་རིགས་ཀྱི་ནད་ཐོག་ཚབས་ཆེ་ཚད་འགྱུར་ལྡོག་མངོན་གསལ་ཆེ་བ་བྱུང་མེད། ཏོག་གསར་སོགས་དབུགས་འགྲོའི་འགོས་ནད་ལ་ལྟ་ཞིབ་ཚད་ལེན་བྱས་པའི་འབྲས་བུ་ལྟར་ན། 2025ལོའི་ཟླ་3པ་ནས་བཟུང་། རྒྱལ་ཡོངས་ཀྱི་ཆམ་རིམས་སོགས་མྱུར་གཤིས་དབུགས་ལམ་གྱི་འགོས་ནད་གཞན་དག་རིམས་ནད་ཀྱི་ནད་ཤུགས་ཆུང་བ་དང་། ཏོག་གསར་རིམས་ནད་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལམ། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བར་རིམས་ནད་མང་ཤོས་སུ་སླེབས་པའམ་ཇེ་ཉུང་དུ་འགྲོ་བཞིན་ཡོད།

མཐོ་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་སྤེལ་འདུག

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པ་སྐབས་ཉེར་གཅིག་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་། རྙིང་མ་བ། བོན་པོ་བཅས་ཀྱི་དགེ་འདུན་པ36གིས་ལོ་གསུམ་རིང་སྦྱངས་པ་ལྷུར་ལེན་གནང་ཞིང་། སྦྱང་བྱའི་གནས་ཚང་མ་མཐར་ཕྱིན་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་ཐོན་ལག་ཁྱེར་རག་པ་དང་། ཐོབ་ཐང་ཞིབ་བཤེར་དང་། རྟགས་གསལ་གཏོང་བ། དཔྱད་རྩོམ་དམ་བཅའ་འཇོག་པ་བཅས་ཀྱི་གོ་རིམ་བརྒྱུད། དགེ་འདུན་པ36ཚང་མར་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ཐོབ་པ་རེད།ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པ་སྐབས་ཉེར་གཅིག་པའི་ཡོན་གནས་སྤྲོད་པའི་མཛད་སྒོའི་ཡུལ་དངོས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས“མཐོ་རམས་པའི”མཐོ་རིམ་མཚན་གནས་ཐོབ་མཁན་ལ་མཚན་གནས་ལག་ཁྱེར་གནང་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་མཐོ་རམས་པའི་ཡོན་གནས་ཐོབ་མཁན་ལ་བཀྲ་ཤིས་བདེ་ལེགས་ཞུས།ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པ་སྐབས་ཉེར་གཅིག་པའི་ཡོན་གནས་སྤྲོད་པའི་མཛད་སྒོའི་ཡུལ་དངོས། 2004ལོར་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་ལག་ལེན་བསྟར་བ་ནས་ད་བར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཁྱོན་དགེ་འདུན་པ399ལ“མཐོ་རམས་པའི”མཐོ་རིམ་ཡོན་གནས་སྤྲད་ཡོད་ལ། དེ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ལ་ཁྱབ་ཡོད། ཁོང་ཚོ་ནི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་ནུས་པ་ཧུར་ཐག་འདོན་བཞིན་ཡོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱིས2025ལོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་འཚོགས།

པར་འདི་ནི་འགྲན་བསྡུར་ཡུལ་དངོས་ཡིན། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱིས2025ལོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་འཚོགས་པ་དང་། མང་ཚོགས་བརྒྱ་ལྷག་ཙམ་འགྲན་ཚོགས་ནང་ཞུགས། འགྲན་བསྡུར་ནང་ཚོགས་པའི་འགྲན་བསྡུར་ཁག6དང་མི་སྒེར་གྱི་འགྲན་བསྡུར་ཁག7བཀོད་སྒྲིག་བྱས་པ་དང་། སྣ་མང་གི་རྣམ་གྲངས་ཇུས་འགོད་ཕུན་སུམ་ཚོགས་པོ

ཧན་ཀྲིན་གྱིས་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ6པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མཱ་ཏི་ལི་རུ་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་གནང་།ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ4པར། དབུ་བཞུགས་སྐུ་ཞབས་ཀྱིས་ལོ3ནང་ཀྲུང་གོར་འཚམས་འདྲི་ཐེངས3པ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཙུང་ལི་ལི་ཆང་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས་ལ། ཕྱོགས་གཉིས་ཀྱིས་སྒོ་འབྱེད་གཏིང་ཟབ་བྱས་ཏེ་གཉིས་ཕན་མཉམ་ལས་དང་། རང་མོས་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་བསམ་ཚུལ་བཏོན་པ་ལས། ཀྲུང་གོ་དང་སི་ཕན་གྱི་འབྲེལ་བའི་འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་མངོན་པར་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་ཕན་དང་མཉམ་དུ། རྒྱལ་ཁབ་གཉིས་བར་བཙུགས་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ལོ་ངོ20གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དངོས་འབེབས་བཟང་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ། ཆབ་སྲིད་ཡིད་རྟོན་མུ་མཐུད་འཕེལ་བར་བྱེད་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་གལ་ཆེན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོ་དང་སི་ཕན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བས་འཕེལ་རྒྱས་ཆེན་པོ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་གྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་པ་ཡིན་ན། ཀྲུང་གོ་དང་ཡོ་རོབ་ལ་ཕན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བར་ཕན་ཐོགས་ངེས་ཅན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་ངོ50འབྲེལ་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། སི་ཕན་གྱིས་འདིའི་ཐད་ཧུར་ཐག་གི་བྱེད་ནུས་འདོན་པའི་རེ་བ་བྱེད་བཞིན་ཡོད།སང་ཆེ་སི་ཡིས་བསྟན་དོན། སི་ཕན་གྱིས་ཀྲུང་གོའི་བར་གྱི་མཛའ་བརྩེའི་འབྲེལ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གནོད་སྐྱེལ་བཞིན་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ཁས་ལེན་དང་བརྟན་སྲུང་བྱེད་པ་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད། སི་ཕན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བརྟན་པོ་བྱེད་ཅིང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་སི་ཕན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་པོ་བྱས་ཏེ། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་། ཚན་རྩལ་གསར་གཏོད། ནུས་ཁུངས་གསར་བ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སྒོ་ཁྲལ་འཐབ་ཇུས་ལ་རྒྱལ་ཁ་ལེན་མཁན་མེད། སི་ཕན་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད། ཀྲུང་གོ་ཕྱོགས་དང་ལག་གདང་མཉམ་སྦྲེལ་གྱིས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་འདོད་ཡོད། སི་ཕན་གྱིས་མུ་མཐུད་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད། །

ཧན་ཀྲིན་གྱིས་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་བྱས།

ས་གནས་དེའི་དུས་ཚོད་ཟླ6ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མཱ་ཏི་ལི་རུ་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་བྱས།ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ4པར། དབུ་བཞུགས་སྐུ་ཞབས་ཀྱིས་ལོ་གསུམ་ནང་ཀྲུང་གོར་འཚམས་འདྲི་ཐེངས་གསུམ་པ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཙུང་ལི་ལིས་ཆང་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས་ལ། ཕྱོགས་གཉིས་ཀྱིས་སྒོ་འབྱེད་གཏིང་ཟབ་བྱས་ཏེ་གཉིས་ཕན་མཉམ་ལས་དང་། རང་མོས་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་རྒྱུའི་བསམ་ཚུལ་བཏོན་པ་ལས། ཀྲུང་གོ་དང་སི་ཕན་གྱི་འབྲེལ་བའི་འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་མངོན་པར་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་ཕན་དང་མཉམ་དུ། རྒྱལ་ཁབ་གཉིས་བར་བཙུགས་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ལོ་ངོ20གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དངོས་འབེབས་བཟང་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ། ཆབ་སྲིད་ཡིད་རྟོན་མུ་མཐུད་འཕེལ་བར་བྱེད་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་གལ་ཆེན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོ་དང་སི་ཕན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བས་འཕེལ་རྒྱས་ཆེན་པོ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་གྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་པ་ཡིན་ན། ཀྲུང་གོ་དང་ཡོ་རོབ་ལ་ཕན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བར་ཕན་ཐོགས་ངེས་ཅན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་ངོ50འབྲེལ་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། སི་ཕན་གྱིས་འདིའི་ཐད་ཧུར་ཐག་གི་བྱེད་ནུས་འདོན་པའི་རེ་བ་བྱས་ཡོད།སང་ཆེ་སི་ཡིས་བསྟན་དོན། སི་ཕན་གྱིས་ཀྲུང་གོའི་བར་གྱི་མཛའ་བརྩེའི་འབྲེལ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གནོད་སྐྱེལ་བཞིན་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ཁས་ལེན་དང་བརྟན་སྲུང་བྱེད་པ་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད། སི་ཕན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བརྟན་པོ་བྱེད་ཅིང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་སི་ཕན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་པོ་བྱས་ཏེ། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་། ཚན་རྩལ་གསར་གཏོད། ནུས་ཁུངས་གསར་བ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སྒོ་ཁྲལ་འཐབ་ཇུས་ལ་རྒྱལ་ཁ་ལེན་མཁན་མེད། སིན་ཕན་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད། ཀྲུང་གོ་ཕྱོགས་དང་ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་འདོད་ཡོད། སི་ཕན་གྱིས་མུ་མཐུད་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་པ་བྱེད་འདོད་ཡོད།རིག་འཛིན་སྒྲོལ་མས་བསྒྱུར།

2025ལོར་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས24པ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། 2025ལོར་ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། སྐབས་འདིའི་འགྲན་སྡུར་ཟླ7པའི་ཚེས5ཉིན་གནའ་མཁར་ཟི་ལིང་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། རུ་ཁག22འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པར་མ་ཟད། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ1400ཡོད།2025ལོའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས24པའི་དུས་ཡུན་ཉིན8ཉིན་པ་དང་འགྲན་རིམ8བཀོད་སྒྲིག་བྱས་ཡོད་ལ། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ1400ཡོད། དེའི་ཁྲོད་དུ་འགྲན་རྩོད་ལམ་ཐག་གིས་སྤྱི་ལེ1325ཟིན་པ་དང་སྤོ་སྒྱུར་ལམ་ཐག་གིས་སྤྱི་ལེ་རེ5ཟིན། གཟི་བརྗིད་ཉམས་སྤྱོད་བྱེད་པའི་འཁོར་སྐྱོད་ལམ་ཐག་གིས་སྤྱི་ལེ10ཟིན། ཟླ7པའི་ཚེས13ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་མཇུག་བསྒྲིལ་རྒྱུ་རེད། འགྲན་བསྡུར་འདིས་གོ་ལ་ཧྲིལ་བོའི་གླིང་ཆེན་བཞིའི་རྒྱལ་ཁབ11གི་རུ་ཁག22དང་འགྲན་ཞུགས་པ154བཅས་ཚུར་བཀུག་ཡོད་ལ། དེའི་ཁྲོད་དུ་རྒྱལ་སྤྱི་རིམ་པའི་རྩེར་སོན་རུ་ཁག1དང་ཆེད་ལས་རུ་ཁག8། གླིང་ཆེན་རིམ་པའི་རུ་ཁག13བཅས་ཚུད་ཡོད།ཐེངས་འདིའི་འགྲན་བསྡུར་དེ་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་ལམ་ཐིག་ཇུས་འགོད་བྱས་པར་བརྟེན། ཐང་དང་རི་ངོས། དེའུ་འབུར་སོགས་ས་དབྱིབས་མི་འདྲ་བ་སྣ་ཚོགས་ཆད་མེད་སྦྲེལ་མཐུད་བྱས་ཡོད་ལ། ཆ་སྙོམས་མཚོ་འཕགས་སྨི3000ལ་སླེབས་ཡོད། འགྲན་རིམ་གྱི་བཀོད་སྒྲིག་དེ་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས། རང་བྱུང་གི་བཀོད་པ་བཅས་དང་དམ་དུ་སྦྲེལ་ཡོད་ལ། ལམ་ཐིག་ཧྲིལ་བོར་མཚོ་སྔོན་གྱི་ཡངས་ཤིང་ཆེ་བའི་རྩྭ་ཐང་དང་མཚེའུ། གཙང་བོ། ནགས་ཚལ། གངས་རི། རྣམ་པར་བཀྲ་བའི་མེ་ཏོག འགག་དོག་པའི་འཕྲང་ལམ་བཅས་ཕྱིའི་སྣོད་ཀྱི་བཀོད་པས་ཁྱབ་ཡོད་ལ། འགྲན་སྡུར་གྱིས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ནུས་སྣ་མང་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཏེ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་སྣེ་ཁྲིད་པ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད། །

ཕིང་ཕང་སྤོ་ལོའི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་སྐྱེས་པའི་ཚོགས་པའི་ཧྲན་ཏུང་ཝེ་ཆའོ·ཞང་ཧྲང་ལུས་རྩལ་རུ་ཁག་ཨན་ཧུའེ་ཀྲུང་ཁྲེང་ལས་རྣམ་པར་རྒྱལ་བ།

འདི་ནི་ཉིན་དེར་ཧྲན་ཏུང་ཝེ་ཆའོ·ཞང་ཧྲང་ལུས་རྩལ་རུ་ཁག་གི་བདམས་ཐོན་པ་ལིའང་ཅིན་ཁུན་གྱིས་འགྲན་བསྡུར་བྱེད་བཞིན་པ།ཟླ་6ཚེས་9ཉིན། ཧོ་པེ་ཞུང་ཨན་ཁུལ་གསར་དུ་གཉེར་བའི་2025ལོའི་འགྲན་དུས་ཀྱི་ཀྲུང་གོའི་ཕིང་ཕང་སྤོ་ལོའི་སྤྲོ་སྐྱིད་ཁང་གི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་དུས་མཚམས་དང་པོའི་འགྲན་བསྡུར་ཁྲོད་ཧྲན་ཏུང་ཝེ་ཆའོ·ཞང་ཧྲང་ལུས་རྩལ་རུ་ཁག་གིས་3བསྡུར་0གྱི་བསྡུར་གྲངས་ཐོག་ནས་ཨན་ཧུའེ་ཀྲུང་ཁྲེང་རུ་ཁག་ལས་རྣམ་པར་རྒྱལ་ཡོད། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

ཉིས་སྟོང་ཉེར་ལྔ་ལོར་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།

ཟླ6པའི་ཚེས10ཉིན། ཉིས་སྟོང་ཉེར་ལྔ་ལོར་ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། སྐབས་འདིའི་འགྲན་སྡུར་ཟླ7པའི་ཚེས5ཉིན་གནའ་མཁར་ཟི་ལིང་ནས་འགོ་རྩོམ་རྒྱུ་ཡིན་པ་དང་རུ་ཁག་ཉེར་གཉིས་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་པར་མ་ཟད། འགྲན་སྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་ཡོད།2025ལོའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་དུས་ཡུན་ཉིན་བརྒྱད་ཉིན་པ་དང་འགྲན་རིམ་བརྒྱད་བཀོད་སྒྲིག་བྱས་ཡོད་ལ། འགྲན་སྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་ཡོད།དེའི་ཁྲོད་དུ་འགྲན་རྩོད་ལམ་ཐག་གིས་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ཉེར་ལྔ་ཟིན་པ་དང་སྤོ་སྒྱུར་ལམ་ཐག་གིས་སྤྱི་ལེ་རེ་ལྔ་ཟིན། གཟི་བརྗིད་ཉམས་སྤྱོད་བྱེད་པའི་འཁོར་སྐྱོད་ལམ་ཐག་གིས་སྤྱི་ལེ་བཅུ་ཟིན། ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་མཇུག་བསྒྲིལ་རྒྱུ་རེད། འགྲན་སྡུར་འདིས་གོ་ལ་ཧྲིལ་བོའི་གླིང་ཆེན་བཞིའི་རྒྱལ་ཁབ་བཅུ་གཅིག་གི་རུ་ཁག་ཉེར་གཉིས་དང་འགྲན་ཞུགས་པ་བརྒྱ་དང་ང་བཞི་བཅས་ཚུར་བཀུག་ཡོད་ལ། དེའི་ཁྲོད་དུ་རྒྱལ་སྤྱི་རིམ་པའི་རྩེར་སོན་རུ་ཁག་གཅིག་དང་ཆེད་ལས་རུ་ཁག་བརྒྱད། གླིང་ཆེན་རིམ་པའི་རུ་ཁག་བཅུ་གསུམ་བཅས་ཚུད་ཡོད།ཐེངས་འདིའི་འགྲན་སྡུར་དེ་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་ལམ་ཐིག་ཇུས་འགོད་བྱས་པར་བརྟེན་ནས་ཐང་དང་རི་ངོས། དེའུ་འབུར་སོགས་ས་དབྱིབས་མི་འདྲ་བ་སྣ་ཚོགས་ཆད་མེད་སྦྲེལ་མཐུད་བྱས་ཡོད་ལ། ཆ་སྙོམས་མཚོ་འཕང་སྨི་སུམ་སྟོང་ལ་སླེབས་ཡོད། འགྲན་རིམ་གྱི་བཀོད་སྒྲིག་དེ་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས། རང་བྱུང་གི་བཀོད་པ་བཅས་དང་དམ་དུ་སྦྲེལ་ཡོད་ལ། ལམ་ཐིག་ཧྲིལ་བོར་མཚོ་སྔོན་གྱི་ཡངས་བའི་རྩྭ་ཐང་དང་མཚེའུ། གཙང་བོ། ནགས་ཚལ། གངས་རི། རྣམ་པར་བཀྲ་བའི་མེ་ཏོག འགག་དོག་པའི་འཕྲང་ལམ་བཅས་ཕྱིའི་སྣོད་ཀྱི་བཀོད་པའི་མཛེས་སྡུག་གིས་ཁྱབ་ཡོད་ལ། འགྲན་སྡུར་གྱིས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ནུས་སྣ་མང་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཏེ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་སྣེ་ཁྲིད་པ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།མི་ཕམ་མགོན་པོས་བསྒྱུར།

2025ལོའི་རྒྱལ་ཡོངས་ཀྱི་རྒན་རྒོན་གྱི་སྒྲོམ་སྟེགས་འཁྱགས་ལྟིར་འགྲན་བསྡུར་ནང་རང་ལྗོངས་ཀྱི་འཐུས་མིའི་རུ་ཁག་ལ་གྲུབ་འབྲས་ཡག་པོ་ཐོབ་པ།

བདེ་ཐང་གི་ཚེ་མཇུག ལུས་རྩལ་ལས་གསོན་ཤུགས་འཕེལ། ཟླ་6ཚེས་3ནས་ཟླ་6ཚེས་6ཉིན་བར་གངས་ལྗོངས་ས་མཐོ་ནས་ཡོང་བའི་སྒྲོམ་སྟེགས་འཁྱགས་ལྟིར་ལ་དགའ་པོ་བྱེད་མཁན་ཚོས་རུ་ཁག་སྒྲིག་འཛུཌ་བྱས་ནས“འཛམ་གླིང་ལུས་རྩལ་འགྲན་བསྡུར་བསུ་བའི”2025ལོའི་རྒྱལ་ཡོངས་ཀྱི་རྒན་རྒོན་གྱི་སྒྲོམ་སྟེགས་འཁྱགས་ལྟིར་འགྲན་བསྡུར་ནང་ཞུགས་པ་རེད། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་40ལྷག་ཙམ་གྱི་ནང་ནས་བོད་ལྗོངས་རུ་ཁག་མདུན་རིམ་གྱི་ཨང་32གྲས་སུ་ཚུད་ནས་མེད་པ་ནས་ཡོད་པའི་བར་ལ་ཚད་བརྒལ་བྱུང་ཡོད།ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་ལུས་སེམས་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད། དེ་ཀྲུང་གོ་རྒན་རྒོན་ལུས་རྩལ་མཐུན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་སི་ཁྲོན་ཞིང་ཆེན་རྒན་རྒོན་ལུས་རྩལ་མཐུན་ཚོགས་དང་ཁྲེང་ཏུའུ་གྲོང་ཁྱེར་རྒན་རྒོན་ལུས་རྩལ་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། བོད་ཀྱི་འགྲན་ཞུགས་ལུས་རྩལ་པས་བློ་རིག་ལུས་སྦྱོང་ཅན་གྱི་ལུས་རྩལ་ཡིན་པའི་སྒྲོམ་སྟེགས་འཁྱགས་ལྟིར་ལ་ཆ་མཚོན་ན། འཁྱགས་ལྟིར་ལུས་རྩལ་གྱི་རྩལ་འགྲན་རང་བཞིན་སོར་འཇོག་བྱས་ཁར། འགྲན་ར་དང་། སྤོ་ལོའི་བཟོ་ལྟ། སྒྲིག་སྲོལ་བཅས་སྟབས་བདེ་རུ་བཏང་བ་བརྒྱུད་ཁང་པའི་ནང་གི་ཁོར་ཡུག་དང་སྤྱི་དམངས་ཞུགས་རྒྱུར་དེ་བས་འཚམ་པོ་ཡོད་ལ། བདེ་ཐང་ཚེ་མཇུག་གི་འདུ་ཤེས་ཐོག་ནས་རྒན་རྒོན་གྱི་འཚོ་བའི་དར་སྲོལ་གསར་པར་སྣེ་ཁྲིད་ཀྱང་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

2025ལོའི་མཚོ་སྔོན·ཐུང་ཏེ“རྫོང་རི་བུམ་པའི”མཐོ་སྒང་གི་ཀླུང་རྒྱུག་འགྲན་བསྡུར་སྤེལ་མགོ་བརྩམས་པ།

འདི་ནི2025ལོའི་མཚོ་སྔོན·ཐུང་ཏེ“རྫོང་རི་བུམ་པའི”མཐོ་སྒང་གི་ཀླུང་རྒྱུག་འགྲན་བསྡུར་གྱི་ཡུལ་དངོས་རེད། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2025ལོའི་མཚོ་སྔོན·ཐུང་ཏེ“རྫོང་རི་བུམ་པའི”མཐོ་སྒང་གི་ཀླུང་རྒྱུག་འགྲན་བསྡུར་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུང་ཏེ་རྫོང་རྫོང་རི་རིག་གནས་རྗེས་ཤུལ་མཛེས་ལྗོངས་ཁུལ་དུ་མེ་མདའ་འཕངས་ནས་རྒྱུག་མགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་ཀླུང་རྒྱུག་ལ་དགའ་མཁན་མི500ལྷག་གི་ཡིད་དབང་བཀུག་ནས་འགྲན་བསྡུར་ནང་ཞུགས་ཡོད།ཤེས་གསལ་ལྟར་ན། སྐབས་དྲུག་བདེ་བླག་ངང་གཉེར་བའི་མཚོ་སྔོན·ཐུང་ཏེ“རྫོང་རི་བུམ་པའི”མཐོ་སྒང་གི་ཀླུང་རྒྱུག་འགྲན་བསྡུར་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ད་བར་གཉེར་བའི་ས་བབ་མཐོ་ཤོས་དང་འགྲན་བསྡུར་ནང་ཞུགས་མཁན་མང་ཤོས་ཀྱི་ཀླུང་རྒྱུག་འགྲན་བསྡུར་ཞིག་ཡིན་པས། ལྟ་སྐོར་རང་བཞིན་མཐོ་བ་དང་འགྲན་སློང་རང་བཞིན་ཆེན་པོ་སོགས་ཀྱི་ཁྱད་ཆོས་ལྡན། ཉེ་བའི་ལོ་ཤས་རིང་ཐུང་ཏེ་རྫོང་གིས་རང་བྱུང་སྐྱེ་ཁམས་དང་རི་ཆུའི་མི་ཆོས་ཐོན་ཁུངས་ལ་གཞི་ཚུགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་པའི་དུས་རབས་ཀྱི་རྣམ་པ་མངོན་པ་དང་། སྐྱེ་ཁམས་མཛེས་སྡུག་ལ་བརྟེན་ནས་རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཐོན་ཡོད།སྐབས་འདིའི་འགྲན་བསྡུར་ལ་སྤྱི་ལེ40ཡི་ཆེད་ལས་ཚོགས་ཆུང་དང་། སྤྱི་ལེ25ཡི་ཆེད་ལས་ཚོགས་ཆུང་། སྤྱི་ལ12ཡི་མང་ཚོགས་ལུས་སྦྱོང་ཚོགས་ཆུང་བཅས་ཚོགས་ཆུང་གསུམ་བཙུགས་ཡོད། འགྲན་བསྡུར་ནི་མྱུར་ཚད་དང་ཐེག་ཤུགས་ཀྱི་འགྲན་བསྡུར་ཞིག་ཡིན་ལ། ཐུན་ཏེ་ཡིས་རྒྱལ་ཡོངས་ཀྱི་ཀླུང་རྒྱུག་ལུས་རྩལ་པ་ལ་འགྲེམ་སྟོན་བྱེད་པའི་དམིགས་བསལ་གྱི་གར་སྟེགས་ཤིག་ཀྱང་ཡིན།ད་ཐེངས་ཀྱི་འགྲན་བསྡུར་དེ་རྫོང་རི་རིག་གནས་རྗེས་ཤུལ་དུ་གཉེར་བ་དང་འགྲན་བསྡུར་ལམ་ཐིག་དེ་ས་གནས་དེ་གའི་རང་བྱུང་ཡུལ་ལྗོངས་དང་གང་ལེགས་མཉམ་འདྲེས་བྱས་ཏེ་ཀླུང་རྒྱུག་རྣམ་གྲངས་ཀྱི་འགྲན་སློང་རང་བཞིན་དང་ཐུང་ཏེ་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རྣམ་པ་གཉིས་ལྡན་ཡོད། འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པས་རྐ་རྒན་མེ་ཏོག་རྒྱ་མཚོར་འཆམ་འཆམ་དང་། གཙང་དགོན་བྲག་རི་འཚོལ་ཞིབ། རྫོང་རི་རིག་གནས་ཀྱི་འབྱུང་ཁུངས་འདེད་པ། རྩྭ་ཐང་གངས་རི་ལ་བལྟས་ནས་ས་གནས་དེ་གའི་ཞིང་ལས་ལུས་རྩལ་རིག་གནས་དང་ཡུལ་སྐོར་ཚོང་པ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལུས་རྩལ་འགྲན་བསྡུར་གྱིས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་སོགས་ཐད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལུས་རྩལ་གྱི་མིང་ལ་བརྟེན་ནས་འབད་བརྩོན་སྟོབས་ཤུགས་གཅིག་སྒྲིལ་བྱས་ཤིང་། འགྲན་བསྡུར་གྱི་སྙིང་སྟོབས་དེ་ཐུང་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་དགོས། །

འགྲན་བསྡུར་དཔལ་འབྱོར་གྱིས་འཛད་སྤྱོད་རིམ་སྤོར་ལ་སྐུལ་ཁྲིད་བྱས་པ།

པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་མང་པོ་ཞིག་ལ་ལེ་ལག་སྒྲིག་བཀོད་བསྒྱུར་བཀོད་དང་རིམ་སྤོར་བྱས་པ་བརྒྱུད། ལུས་རྩལ་ཁང་གི་ནུས་པའི་ཁུལ་དེ་ཚོང་ལས་ཁྲོམ་གཞུང་དང་། མཛེས་རྩལ་ཁང་། ཟློས་གར་ཁང་ཆུང་གྲས་སོགས་བར་མཐོངས་མཉམ་འདྲེས་དམ་ཟབ་བྱུང་སྟེ་རིག་གནས་དང་ཚོང་ལས། ཡུལ་སྐོར་དང་ལུས་རྩལ་བཅས་ཀྱི་ལས་རྣམ་མང་པོ་ཕན་ཚུན་གསབ་རེས་མངོན་འགྱུར་བྱུང་ཡོད། ད་ཆ་རིམ་པ་མཐོ་བའི་འགྲན་ར་དེ་མི་རྣམས་ཀྱི་ཉེ་འགྲམ་གྱི་ལུས་རྩལ་ཁང་དང་སྤྲོ་གསེང་འཛད་སྤྱོད་བྱེད་སར་འགྱུར་བཞིན་ཡོད་པ་རེད། ཇི་ལྟར་བྱས་ནས་རིག་གནས་དང་ཚོང་ལས། ཡུལ་སྐོར། ལུས་རྩལ་སོགས་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ནས་འགྲན་བསྡུར་བྱེད་སྒོར་ནུས་པ་སྣོན་དགོས་སམ་ཞེ་ན། ཉེ་ཆར་ཧྲང་ཧའེ་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ཧྲང་ཧའེ་ཉོ་ཚོང་ཚོགས་པ་དང་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་ལུས་རྩལ་འཛད་སྤྱོད་ཐོན་ཁུངས་སྡེབ་སྒྲིག་སྟེགས་བུ་ཐོག་མ་དེ་བཏོན་པ་རེད། འཐུས་ཚང་གི་ཉོ་ཚོང་ལས་སྟེགས་ཀྱི་ཆེད་ལས་འདེགས་སྐྱོར་ལ་བརྟེན་ནས། ཧྲང་ཧའེ་ཡིས་ལུས་རྩལ་གྱི་གཟུགས་མེད་རྒྱུ་ནོར་གསར་སྤེལ་དང་ཁྲོམ་རའི་ཐོན་ཁུངས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ལུས་རྩལ་འཛད་སྤྱོད་ཀྱི་སྒུལ་ཤུགས་གསར་པ་ཁྱོན་ཡོངས་ནས་འདོན་སྤེལ་བྱེད་བཞིན་ཡོད། ཉེ་ཆར་ཧྲང་ཧའེ་ཡིས་དུས་ཡུན་ཟླ་བ་བདུན་གྱི་ལུས་རྩལ་འཛད་སྤྱོད་དུས་ཆེན་སྤེལ་འགོ་ཚུགས་པ་དང་། ཚོང་གཉེར་ཁུལ་དུ་ཞུགས་མཁན་གྲས་སུ་སྦོག་སེན་འགྲན་བསྡུར་ཙམ་མ་ཟད། ད་དུང་ལག་རྩེད་སྤོ་ལོའི་འགྲན་བསྡུར་དང་། འཕུར་མདའི་འགྲན་བསྡུར་སོགས་ཀྱང་ཡོད་པ་རེད། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་ཧྲང་ཧའེ་ཞུས་ཧུའེ་ཚོང་གཉེར་ཁུལ་ཁོ་ནར་ལུས་རྩལ་འགྲན་བསྡུར་ཐེངས་16ཙམ་གཉེར་བར་མི་4300ལྷག་ཙམ་ཐད་ཀར་ཞུགས་ཡོད་པ་དང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་26.37ཙམ་གྱི་ཡིད་དབང་བཀུག་པ་དང་ཚོང་གཉེར་ཡོང་འབབ་སྒོར་ཁྲི་1000ལས་བརྒལ་ཡོད་པ་རེད། ཅང་སུའུ་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་2025ལོའི་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་སྤྱི་ཟླ་5ཚེས་10ཉིན་འགོ་ཚུགས་པ་ནས་བཟུང་འགྲན་བསྡུར་རེས་སྐོར་གསུམ་གཉེར་བ་དང་ལྟད་མོ་བ་ཁྱོན་ཁྲི་18ལས་བརྒལ་ནས་དོ་ཁུར་བྱེད་ཚད་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་རེད། འགྲན་ར་གཙོ་བོའི་གྲོང་ཁྱེར་ཁག་གིས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ནས་འགྲན་བསྡུར་སྒྲིག་འཛུགས་ལེགས་སུ་གཏོང་བ་དང་ཆབས་ཅིག་འགྲན་བསྡུར་དང་མཉམ་དུ་འཛད་སྤྱོད་སྐུལ་འདེད་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། ཅང་སུའུ་ཡིས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་བ་ཙམ་མ་ཟད། ད་དུང་འགྲན་བསྡུར་དཔལ་འབྱོར་གྱི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ། འགྲན་བསྡུར་དང་མཉམ་དུ་ཡུལ་སྐོར་ལ་འགྲོ་བའི་འགྲན་བསྡུར་གྱི་གསལ་ཐོ་ཁག་བཞི་ཡི་རྣམ་གྲངས་50ཙམ་བསྟུད་མར་བཏོན་ནས་རིག་གནས་དང་ཚོང་ལས། ཡུལ་སྐོར། ལུས་རྩལ་བཅས་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་སྤྱི་ཟླ་1ནས་4པའི་བར་ཅང་སུའུ་ཞིང་ཆེན་གྱིས་ལྟ་ཞིབ་ཚད་ལེན་གྱི་ཁོངས་སུ་བཅུག་པའི་གཙོ་གནད་འགྲན་བསྡུར་གྱི་བྱེད་སྒོ་ཁག་51སྤེལ་བར་ཞུགས་མཁན་མི་གྲངས་ཁྲི་61.5ཟིན་ཡོད་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་217.1ཙམ་ཡིད་བཀུག་བྱས་པ་དང་། འཛད་སྤྱོད་སྒོར་དུང་ཕྱུར་15.7ཙམ་སྐུལ་ཁྲིད་བྱས་ཡོད་པ་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།ཞུ་དག ལྷག་པ། བསྟན་འཛིན།སྒྲིག་སྒྱུར། སྤེན་པ་རྒྱ་མཚོ།

༄༅།།2025ལོའི་ཀྲུང་གོའི“ངོ་མཚར”འགྲན་སློང་འགྲན་བསྡུར་བོད་དུ་འགོ་ཚུགས་པ།

འདི་ནི་2025ལོའི་ཀྲུང་གོའི“ངོ་མཚར”འགྲན་སློང་འགྲན་བསྡུར(བོད་ལྗོངས་ལྷོ་ཁའི་ས་ཚིགས)གྱི་རྐང་འཁོར་འགྲན་བསྡུར་བྱ་ཡུལ་ཡིན་པ། འདི་ནི་བྱེས་བགྲོད་རྒྱུག་ཤར་འགྲན་བསྡུར་རིང་ལུས་རྩལ་པས་མཐའ་མའི་གདོང་མཆོང་བྱེད་བཞིན་པ། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་2ཉིན། 2025ལོའི་ཀྲུང་གོའི“ངོ་མཚར”འགྲན་སློང་འགྲན་བསྡུར(བོད་ལྗོངས་ལྷོ་ཁའི་ས་ཚིགས)ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་གཉེར་བ་དང་། རྒྱལ་ཡོངས་ཀྱི་ལུས་རྩལ་པ་ཁྱོན་200ཙམ་འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་བཀུག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་འགྲན་བསྡུར་འདི་རིགས་ས་བབ་མཐོ་ཁུལ་དུ་གཉེར་ཐེངས་དང་པོ་ཡིན་ལ། བོད་ཀྱིས་འགྲན་བསྡུར་དེ་གཉེར་ཐེངས་ཐོག་མ་ཡང་རེད།འདི་ནི་ཀོ་གྲུའི་འགྲན་བསྡུར་རིང་ལུས་རྩལ་པས་ཡར་ཀླུང་གཙང་པོར་ཀོ་གྲུ་གཏོང་བཞིན་པ། ཐེངས་འདིའི་འགྲན་བསྡུར་ལ་ཀོ་གྲུ་དང་། རྐང་འཁོར། བྱེས་བགྲོད་རྒྱུག་ཤར་བཅས་ཀྱི་རྣམ་གྲངས་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་བསྡུར་གྱི་རྣམ་གྲངས་ལ་སྐྱེས་པ་དང་བུད་མེད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་དང་འགྲན་སློང་ཚོགས་ཆུང(ཕོ་མོ་དབྱེ་མེད་པ)དབྱེ་ཡོད། ཡོངས་བསྒྲགས་ཚོགས་ཆུང་ནི་བདམས་ཐོན་པ་རྩེ་གྲར་ཕྱོགས་པ་དང་འགྲན་སློང་ཚོགས་ཆུང་ནི་རྒྱ་ཆེའི་ཕྱི་རོལ་ལུས་སྦྱོང་ལ་དགའ་ཞེན་ཡོད་མཁན་ལ་ཕྱོགས་ཡོད། འགྲན་ལམ་དེ་རིགས་ཀྱིས་བདམས་ཐོན་པའི་རྒྱུག་ཤེད་དང་སྙུགས་ཤེད་ལ་ཚོད་བགམ་བྱེད་པ་མ་ཟད། ཁོར་ཡུག་མི་འདྲ་བའི་འོག་ཁོང་ཚོའི་སྟབས་བསྟུན་ནུས་པར་ཚོད་བགམ་དེ་བས་ཀྱང་བྱེད་ཀྱི་ཡོད།འདི་ནི་བྱེས་བགྲོད་རྒྱུག་ཤར་འགྲན་བསྡུར་རིང་ལུས་རྩལ་པས་མཐའ་མའི་གདོང་མཆོང་བྱེད་བཞིན་པ། རྣམ་གྲངས་མང་པོའི་འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། མཐར་ཀྲང་ཅེར་སྐྱེས་པའི་ཡོངས་བསྒྲགས་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། ཅང་ཏུང་མེར་བུད་མེད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ། ལིའུ་ཧུང་དང་ལིའུ་ལེང་ལ་འགྲན་སློང་ཚོགས་ཆུང་གི་ཨང་དང་པོ་ཐོབ་ཡོད་པ་རེད།

༄༅།།ཆུང་དུས་ནས་མིག་ལ་གཅེས་སྤྲས་བྱེད།

འདི་ནི་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཚོད་ལྟའི་སློབ་ཆུང་གི་སློབ་མས་སྣང་ཚུལ་འཁྲབ་སྟོན《མིག་དབང་སྲུང་འཐབ》ཅེས་པ་འཁྲབ་བཞིན་པ།ཉེ་ཆར། པེ་ཅིང་ཧའེ་ཏན་ཆུས་ཚོད་ལྟའི་སློབ་ཆུང་དུ“རྒྱལ་ཡོངས་ཀྱི་མིག་གཅེས་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེ་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་ལག་ལེན་གྱི་ཉམས་ལེན་བརྒྱུད་མིག་གཅེས་མིག་སྲུང་གི་འ

མཚོ་སྔོན་གྱིས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་སྤུས་ལེགས་ཤོང་སྐྱེད་དང་གཤམ་སྤྲོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོདཔས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་སྤུས་ལེགས་ཤོང་སྐྱེད་དང་གཤམ་སྤྲོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྫོང་ཁོངས་སུ་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་སྤུས་ལེགས་དང་ནུས་མཐོ་འཛུགས་སྐྲུན་བྱེད་པ་སོགས་ཀྱིས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་མུ་མཐུད་དུ་ཇེ་མཐོར་བཏང་། རང་ཞིང་གིས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ཁྱོན་གྲོང་རྡལ་གྱི་འཕྲོད་བསྟེན་ཁང407དང་། སྡེ་བའི་འཕྲོད་བསྟེན་ཁང4430ཡོད་ལ། གྲོང་རྡལ་གྱི་འཕྲོད་བསྟེན་ཁང་རེ་རེར་ཚད་ཐིག་ལོན་པའི་སྨན་པ1ནས2རེ་ཡོད་པ་དང་། སྡེ་བ་རེ་རེ་ལ་ཚད་ལྡན་གྱི་འཕྲོད་བསྟེན་ཁང་རེ་ཡོད་པ་མངོན་འགྱུར་བྱུང་། ཞིང་ཆེན་ཡོངས་སུ་གྲོང་གསེབ་སྨན་པ6616ཡོད་ལ་སྡེ་བའི་འཕྲོད་བསྟེན་ཁང་རེ་ལ་ཚད་ཐིག་ལོན་པའི་གྲོང་གསེབ་སྨན་པ1ནས2རེ་ཡོད་པ་མངོན་འགྱུར་བྱས། 2024ལོ་ནས2025ལོའི་བར། སྨན་བཅོས་ཞབས་ཞུ་དང་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བའི་མ་དངུལ་སྒོར་དུང་ཕྱུར3.44དངོས་འབེབས་བྱས་ལ། དེའི་ཁྲོད30%རྨང་གཞིའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་དང་སྒྲིག་ཆས་བསྒྱུར་བཀོད་རིམ་སྤར། མི་སྣའི་གསོ་སྦྱོང་སོགས་ཀྱི་ཐད་སྤྱད། ཧན་ཧུང་ཐེབས་རྩ་ཚོགས་པའི་སྨན་བཅོས་རོགས་སྐྱོར་སྤྱི་ཕན་བྱེད་སྒོའི་རྣམ་གྲངས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་སྐོར་སྐྱོད་ནད་བརྟག་དང་མྱུར་སྐྱོབ་ནུས་པ་ཇེ་མཐོར་བཏང་། རྒྱང་བསྟེན་སྨན་བཅོས་དང་རྒྱང་བསྟེན་སློབ་གསོའི་མ་ལག་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཕྲོད་བསྟེན་ཁང་ཆ་ཚང་ཉེར་སྤྱོད་སྟེགས་བུ་དང་འབྲེལ་མཐུད་བྱས་ནས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་། རྫོང་ཁོངས་ཡོངས་ཀྱི་སྨན་ཞབས་ཐུན་ཚོགས་ཞིབ་ཚགས་ཅན་མཉམ་འདུས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྨན་ཞབས་ཐུན་ཚོགས46གིས་མི་སྣ་དང་ལག་རྩལ། ཞབས་ཞུ། དོ་དམ་བཅས་བཞི་ཡི་གཤམ་སྤྲོད་ལ་སྐུལ་འདེད་རྒྱུན་མཐུད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྨན་ཁང85%ལ་གཟའ་འཁོར་རེར་མ་མཐར་ཡང་ལས་ཀའི་ཉིན3ལ་སྨན་པ་རབ་འབྱམས་པའི་ལས་ཐོབ་དང་ཡན་གྱི་སྨན་པ1སྒོ་བསྟེན་ཁང་དུ་ཡོད་པ་ཁག་ཐེག་བྱས། སྡེ་བ་རིམ་པའི་སྐོར་སྐྱོད་ནད་བརྟག་དང་ཞང་རིམ་པའི་མངགས་བཅོལ་ཞབས་ཞུའི་ནད་བརྟག་བྱས་ཏེ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་ལག་རྩལ་གསར་པ་དང་ལས་སྒོ་གསར་པ། རྣམ་གྲངས་གསར་པ་བཅས་སྤེལ་བར་གཞོགས་འདེགས་བྱས། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་ཆུ་ཚད་མཐོར་འདེགས་བཏང་། ཀྲུང(བོད)ལུགས་གསོ་རིག་གི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ནས་གྲོང་གསེབ་འཕྲོད་བསྟེན་ཁང100%ལ་ཀྲུང(བོད)ལུགས་སྨན་ཁང་ཡོད་པ་མ་ཟད་ཀྲུང(བོད)ལུགས་སྨན་བཅོས་ཀྱི་ཞབས་ཞུ་ཐུབ་པ་བྱས། སློབ་ཆེན་པའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་དང་གཞི་རིམ་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་རྣམ་གྲངས་སོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་འཇོན་མིའི་དཔུང་སྡེ་མུ་ནས་སྟོབས་ཆེར་བཏང་།གྲོང་གསེབ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོ་འདེགས་བཏང་། ཆ་རྐྱེན་ཡོད་པའི་འཕྲོད་བསྟེན་ཁང་གིས་ཚ་ནད་སྒོ་བསྟེན་ཁང་འཛུགས་པ་དང་ཁེབས་འོས་པ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་པའི་མི་རེའི་ཆ་སྙོམས་ཁ་གསབ2009ལོའི་སྒོར15ནས་སྒོར99བར་སྤར། ཞིང་ཆེན་རིམ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་རིགས་ཆེན་པོ3དང་ཆུང་བ8གསར་དུ་བསྣན་ལ་ལོ་རེར་སྒོར་ཁྲི3000བཏང་ཡོད་པ་དང་། ལོ་རེའི་ཁ་གསབ་མ་དངུལ་སྒོར་ཁྲི5000དངོས་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ65དང་ཡན་གྱི་རྒན་པ་རྣམས་ལ་ལུས་ཕུང་བདེ་ཐང་བརྟག་བཤེར་བྱས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར། དབུགས་འགག་གློ་ནད་དལ་གཤིས་ཅན་སོགས་གཅོང་ནད་ཅན་དང་རྒན་རྒོན་བྱིས་པ། བུད་མེད་སྦྲུམ་མ་སོགས་གནད་འགག་ཅན་དག་ལ་དུས་ཚིགས་རང་བཞིན་གྱིས་མཚམས་འདྲི་དང་ལོ་རེའི་ལུས་བརྟག ། བདེ་ཐང་སློབ་གསོ་འདོད་སྤྲོད་བྱས་ཡོད། ཁྱིམ་ཚང་སྨན་པའི་གྲོས་ཆོད་ཞབས་ཞུ་གཏིང་ཟབ་ཀྱིས་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ཀྱི69.85%ལ་གྲོས་ཆོད་ཀྱིས་ཁེབས་ཡོད་ལ་གནད་འགག་ཅན་གྱི་མི་ཚོགས་ཀྱི86.84%ལ་གྲོས་ཆོད་ཀྱིས་ཁེབས་ཡོད། །

བཟའ་བཅའ་ཚ་པོ་སྣོད་ཆས་འདི་རིཊ་ནང་མ་བླུགས་ན་བཟང་ངོ།

དུས་རྒྱུན་གྱི་འཚོ་བའི་ཁྲོད། ཁྱེད་རང་ནས་ཐེངས་གཅིག་རང་བཞིན་གྱི་འགྱིག་ཕོར་སྤྱད་ནས་ཆུ་ཚ་པོ་འཐུང་བའམ་ཡང་ན་ཟས་རིགས་ཚ་པོ་བླུགས་ནས་ཟ་བ་སོགས་བྱས་མྱོང་ངམ། དོན་དངོས་ཐོག་དུས་ཡུན་རིང་པོར་ཐེངས་གཅིག་རང་བཞིན་གྱི་འགྱིག་ཕོར་དང་འགྱིག་སྣོད་སྤྱད་ནས་ཟས་ཚ་པོ་ཟོས་ཚེ་གཟུགས་པོའི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད། ཉིང་ཞ་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་འབྲས་བུ་ཞིག་ལས་གསལ་བར། རྒྱུན་དུ་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོའི་སྣོད་ཆས་སྤྱོད་མཁན་གྱི་མིའི་སྙིང་ཤུགས་ཉམས་པའི་ཉེན་ཁ་དེ་མི་གཞན་ལས་13%མཐོ་བ་ཡོད། ཐོག་མའི་བརྟག་དཔྱད་དབྱེ་ཞིབ་ཁྲོད། ཞིབ་འཇུག་ཚོགས་པས་བརྟག་དཔྱད་ནང་ཞུགས་མཁན་མི་3179བདམས་ནས། ཁོང་ཚོའི་འགྱིག་བཟོའི་སྣོད་ཆས་སྤྱོད་ཚད་དང་སྙིང་ཁམས་ཁྲག་རྩའི་ནད་རིགས་དབར་གྱི་འབྲེལ་བ་ལ་དཔྱད་དཔོག་དང་དབྱེ་ཞིབ་བྱས་པ་དང་། དེའི་བརྟག་དཔྱད་མཇུག་འབྲས་ལས་འགྱིག་བཟོའི་སྣོད་ཆས་སྤྱད་མང་བའི་མིར་ཁྲག་རྒྱས་རང་བཞིན་གྱི་སྙིང་ཤུགས་ཉམས་པའི་ཉེན་ཁ་13%མཐོ་རུ་ཕྱིན་པ་ཤེས་རྟོགས་བྱུང་ཡོད། དུས་ཡུན་རིང་པོ་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོའི་སྣོད་ཆས་སྤྱད་མི་ཆོག་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་མཚན་གཙོ་བོ་ནི་དུས་རྒྱུན་ཐེངས་གཅིག་རང་བཞིན་འགྱིག་སྣོད་སྤྱད་ཚེ་རྒྱུ་མའི་འབུ་ཕྲའི་ཁྱུ་ཚོགས་ལ་འགྱུར་བ་བཏང་སྟེ། སྙིང་རྩ་ལ་གནོད་སྐྱོན་དང་སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་སྲིད་པས་རེད། ད་དུང་འགྱིག་བཟོའི་སྣོད་ཆས་ཁྲོད་རྒྱུན་པར་ཟགས་ཐོན་གྱི་ནུས་པར་འགལ་རྐྱེན་བཟོ་བའི་རྫས་འགྱུར་དངོས་པོ་འདུས་ཡོད་པ་དཔེར་ན་ཧྥུན་ཟུང་A(BPA)དང་མཚེས་པུན་ཀ་སྐྱུར་གཉིས་ཚྭ(PAEs)བཅས་ཀྱིས་ཀྱང་ལུས་པོའི་སྐུལ་རྩི་དོ་མཉམ་ལ་འགལ་རྐྱེན་བཟོས་ནས་སྙིང་ཁམས་ཁྲག་རྩའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། ཞིབ་འཇུག་བྱས་པ་ལས་གསལ་བར། དྲོད་ཚད་མཐོ་བ་ཡོད་ཚེ་འགྱིག་བཟོ་དངོས་པོའི་ཁྲོད་དུ་འདུས་པའི་གནོད་ཡོད་དངོས་རྫས་ཕྱིར་གཏོང་ཇེ་མགྱོགས་སུ་འགྲོ་སྲིད། དཔེར་ན། རླབས་ཐབ་སྤྱད་ནས་སྐར་མ་3ལ་ཚ་སྣོན་བྱས་ན་ལི་སྨི་གྲུ་བཞི་མ་རེའི་འགྱིག་བཟོའི་ཡོ་ཆས་ཀྱིས་འགྱིག་རྒྱུ་ཕྲ་མོ་ཁྲི་420ཕྱིར་གཏོང་བྱེད་ཀྱི་ཡོད། དེ་ཙམ་གྱིས་མ་ཚད་པར། འགྱིག་བཟོའི་ཐོན་རྫས་ལ་ད་དུང་གནོད་པ་ཤིན་ཏུ་མང་པོ་ཡོད། དཔེར་ན། འགྱིག་སྣོད་ནང་བླུགས་པའི་ཁུ་བ་ཚ་པོ་དང་། འགྱིག་ཕོར་ནང་བླུགས་ནས་ཚ་པོ་བཟོས་རྗེས་ཀྱི་ཟས་རིགས། ད་དུང་འགྱིག་དམ་ནང་བླུགས་ཤིང་དུས་ཡུན་རིང་པོ་ཉི་འོད་འོག་བཞག་པའི་འཐུང་ཆུ་སོགས་བཀོལ་སྤྱོད་བྱས་ཚེ་ལུས་པོའི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད། གཅིག མཆིན་པར་གནོད་སྐྱོན་ཐེབས་པ། ཟས་རིགས་སམ་འཐུང་བྱའི་ནང་གི་སྤུས་འགྱིག་གི་རྒྱུ་ཕྲ་མོ་དེས་མཆིན་པར་གནོད་པ་བཟོ་བ་དང་རྒྱུ་མའི་ཟས་འཇུ་ནུས་པ་དམའ་རུ་བཏང་བ་དང་ནང་ཆགས་དུག་རྒྱུ་ཡི་ཆུ་ཚད་ཇེ་མཐོར་འགྲོ་སྲིད། གཉིས། ཀླད་པའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ། འགྱིག་རྒྱུ་ཕྲ་མོ་དེ་དག་ལུས་པོའི་རིམས་འགོག་ཕྲ་ཕུང་གིས་ཁྱུར་མིད་བཏང་རྗེས། ཁྲག་གི་འཁོར་རྒྱུག་དང་བསྟུན་ནས་མཐར་ཀླད་ཆེན་གྱི་ཁྲག་རྩའི་ནང་དུ་ལུས་ཡོད། འདིས་ཁྲག་རྩ་དང་ཀླད་ཁྲག་འགག་སྲིད་པ་མ་ཟད། དབང་རྩ་ལའང་གནོད་འཚེ་འབྱུང་སྲིད། གསུམ། གྲིབ་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། འགྱིག་རྒྱུ་ཕྲ་མོ་དེ་དག་མཇིང་པའི་འཕར་རྩའི་ཕུང་གྲུབ་ནང་དུ་འཛུལ་རྗེས། སྙིང་ནད་དང་གྲིབ་ནད་ཕོག་པ། ཐ་ན་འཆི་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། གྲངས་གཞི་ལས་མངོན་པ་ལྟར་ན། འཕར་རྩའི་ནང་འགྱིག་རྒྱུ་ཕྲ་མོ་འདུས་མེད་པའི་མི་དེ་དག་དང་བསྡུར་ན། འཕར་རྩའི་ནང་འགྱིག་རྒྱུ་ཕྲ་མོ་འདུས་ཡོད་པའི་མིར་འབྱུང་འགྱུར་ཟླ་བ་34རིང་གི་རྗེས་འདེད་བརྟག་དཔྱད་བྱས་མཐར་སྙིང་ནད་དང་གྲིབ་ནད་བྱུང་བའམ་ཡང་ན་འཆི་བའི་ཉེན་ཁ་ལྡབ་4.53མཐོ་བ་ཡོད་པ་རེད། འགྱིག་སྣོད་ཀྱིས་ལུས་པོར་བཟོ་བའི་གནོད་འཚེ་ཉུང་དུ་གཏོང་དགོས་ན། ཕྱོགས་བཞིའི་ཐད་ནས་འགྱུར་ལྡོག་གཏོང་དགོས། གཅིག འགྱིག་བཟོའི་སྣོད་ཆས་སྤྱོད་ཚད་ཉུང་དུ་གཏོང་གང་ཐུབ་བྱ་དགོས། འགྱིག་གིས་ཐུམ་སྒྲིལ་མེད་པའི་ཟས་རིགས་འདེམས་པའམ་ཡང་ན་ཤེལ་དམ་དང་དང་ཤོག་བུ་སོགས་ཀྱི་སྣོད་ཆས་སྤྱད་ཡོད་པའི་ཐོན་རྫས་འདེམས་དགོས། གཞན་ད་དུང་འགྱིག་འཇིབ་སྦུ་གུ་ཉུང་ཙམ་སྤྱོད་དགོས། གཉིས། འགྱིག་གི་སྣོད་ཆས་སྤྱད་ནས་ཟས་རིགས་ཚ་སྣོན་བྱེད་མི་རུང་། ཟས་རིགས་ཚ་སྣོན་བྱེད་སྐབས་ཤེལ་གྱི་སྣོད་ཆས་དང་རྫ་སོགས་ཀྱི་སྣོད་ཆས་བཀོལ་གང་ཐུབ་བྱེད་དགོས། གསུམ། ཕྱི་རོལ་ནས་ཟ་མ་མངག་ཉོ་བྱས་རྗེས་སྔོན་ལ་སྣོད་ཆས་བརྗེ་དགོས་པ་དང་ཡང་ན་ཕྱི་རོལ་གྱི་ཟ་མ་མངག་ཉོ་བྱེད་སྐབས་ཤོག་བུའི་སྣོད་ཆས་འདེམས་གང་ཐུབ་བྱ་དགོས། ཕྱི་རོལ་ནས་ཟ་མ་མངག་ཉོ་བྱས་ནའང་ཁྱིམ་དུ་སླེབས་རྗེས་ཐོག་མར་ཟས་རིགས་དེ་རང་ཉིད་ཀྱི་བདེ་ཐང་སྣོད་ཆས་ནང་བླུག་དགོས། དེ་ལྟར་བྱས་ཚེ་ཚད་ངེས་ཅན་ཞིག་གི་ཐོག་ནས་གནོད་འཚེ་ཉུང་དུ་གཏོང་ཐུབ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།ཞུ་དག གཡུ་སྒྲོན།སྒྲིག་སྒྱུར། མཁའ་སྤྱོད་དབང་མོ།

འཁྱཊ་སྒམ་ནང་ལ་ཤ་སོགས་ཡུན་རིང་པོ་ཉར་རྒྱུ་མི་འདུག

དེང་སང་། ཁྱིམ་ཚང་མང་པོ་ཞིག་གི་འཁྱཊ་སྒམ་ནི་“སྒོ་རྩིས་ཚོང་ཁང་ཆུང་ཆུང་”ཞིག་དང་འདྲ་པོ་ཡོད་དེ། དེའི་ནང་ཤ་རིགས་སོས་པ་དང་ཚལ་རིགས་ལྷག་མ། ཞོ་དང་འོ་མ་སོགས་བཟའ་བཏུང་རིགས་སྣ་ཚོགས་ཉར་ཚགས་བྱེད་ཀྱི་ཡོད་པས། དུས་ཡུན་རིང་པོ་སོང་རྗེས་འཁྱགས་སྒམ་ནང་འབུ་ཕྲ་མང་པོ་ཁྱབ་ཀྱི་ཡོད། ཞིབ་འཇུག་བྱས་པ་ལྟར་ན། མིང་ལ་ལི་སི་ཐེ་སྲིན་ཟེར་བའི་འབུ་ཕྲ་ཞིག་ཡོད་པ་དེ་དྲོད་ཚད་ཨང་གྲངས་-20℃འོག་ཏུ་ཡང་གསོན་ཐུབ་པ་མ་ཟད། དེ་མིའི་ལུས་པོར་འགོས་ན་ཚབས་ཆེ་དུས་མིའི་ཚེ་སྲོག་ལ་ཉེན་ཁ་ཡོད་པར་བཤད།གཅིག ལི་སི་ཐེ་སྲིན་འགོས་ན་ནད་རྟགས་ཅི་ཞིག་འབྱུང་སྲིད། ལི་སི་ཐེ་སྲིན་ནི་རྒྱུན་དུ་ཚ་སྣོན་ཡག་པོ་མ་བྱས་པའི་ཤ་རིགས་དང་། འོ་མའི་ཐོན་རྫས། འཁྱགས་བག་བཏང་བའི་ཟས་རིགས་བཅས་ཀྱི་ཁྲོད་དུ་གབ་སྡོད་བྱེད་ཀྱི་ཡོད་ཅིང་། ཟས་རིགས་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་གོ་མེད་ཚོར་མེད་དུ་འགོས་ཀྱི་ཡོད། ལུས་པོ་ཐང་པོ་ཡིན་པའི་སྐྱེ་བོ་དར་མ་ཕལ་ཆེ་བར་ལི་སི་ཐེ་སྲིན་འགོས་ན་ནད་རྟགས་མེད་པའམ་ཡང་ན་གྲོད་པ་བཤལ་བ་དང་། ཚ་བ་རྒྱས་པ། ན་ཟུག་གཏོང་བ། ལུས་པོ་འཁྱག་པ་སོགས་ཀྱི་ནད་རྟགས་བྱུང་སྲིད་ཀྱང་། ཉིན་འགའ་ཤས་སོང་རྗེས་དྲག་སྐྱེད་ཡོང་གི་ཡོད། འོན་ཀྱང་སྦྲུམ་མ་དང་ཕྲུ་གུ་དམར་འབྱར། ལོ་60ཡན་གྱི་རྒན་རྒོན་དང་རིམས་འགོག་ནུས་པ་ཅུང་ཞན་པའི་མི་ཚོགས་བཅས་ལ་མཚོན་ན། འབུ་ཕྲ་དེ་འགོས་ན་ཉེན་ཁ་ཧ་ཅང་ཆེ་བ་སྟེ། མགོ་ན་བ་དང་། ཚ་བ་རྒྱས་པ། ཤ་གནད་ན་བ། སྐེ་གུག་མི་ཐུབ་པ། དྲན་པ་མི་གསལ་བ། ལུས་ཚུགས་མི་ཟིན་པ། འཁུམ་འདར་སོགས་ཀྱི་ནད་རྟགས་ཚབས་ཆེན་འབྱུང་སྲིད། ལྷག་པར་དུ་སྦྲུམ་མར་ཆ་བཞག་ན། རང་ཉིད་ལ་ནད་རྟགས་ཆུང་ངུ་ལས་མེད་ཀྱང་། འབུ་ཕྲ་བུ་སྣོད་ནང་འཚང་ནས་ཁོག་ནང་གི་ཕྲུ་གུར་འགོས་ཏེ་ཕྲུ་གུ་སྔ་སྐྱེ་དང་མངལ་ཤོར་བ། ཡང་ན་ཕྲུ་གུ་དམར་འབྱར་ལ་ནད་ཚབས་ཆེན་ཕོག་པའམ་ཤི་བའི་གནས་ཚུལ་འབྱུང་སྲིད།གཉིས། ལི་སི་ཐེ་སྲིན་གྱི་ཉེན་ཁ་ཇི་ལྟར་སྔོན་འགོག་བྱེད་དགོས།1 དུས་བཀག་ལྟར་འཁྱགས་སྒམ་ལ་གཙང་སྦྲ་བྱེད་དགོས། འཁྱམས་སྒམ་གྱི་གློག་བཀག་ནས། ཆུ་ཚ་པོར་སྦངས་པའི་རས་སམ་ཡང་ན་འདག་ཁུ་སྤྱད་ནས་འཁྱགས་སྒམ་གྱི་ནང་ངོས་གཙང་མར་ཕྱིས་དགོས། འཁྱགས་སྒམ་ནང་གི་བླུགས་སྒྲོམ་བཤིག་ནས་ཆུས་གཙང་མར་བཀྲུ་དགོས། འཁྱགས་སྒམ་གྱི་སྒོ་ཕྱེ་ནས་རླུང་འགྲོ་ས་ཡོད་པ་བྱས་ཏེ་འཁྱགས་སྒམ་རང་བཞིན་དུ་སྐམ་དུ་འཇུག་དགོས། འཁྱགས་སྒམ་གྱི་སྒོ་ཐེངས་མང་དང་ཡུན་རིང་ཕྱེ་རྒྱུ་མེད་ཅིང་། འཁྱགས་སྒམ་གྱི་སྒོ་སྲུབས་ཀྱི་དམ་སྦྱར་ལ་དུས་བཀག་ལྟར་ཞིབ་བཤེར་དང་གཙང་སྦྲ་བྱེད་དགོས། 2 ཟས་རིགས་བླུགས་ཁུལ་དབྱེ་ནས་ཉར་ཚགས་བྱེད་དགོས། འཁྱགས་སྒམ་གྱི་གྲང་ཉར་ཁུལ་གྱི་དྲོད་ཚད་4℃མན་དུ་རྒྱུན་འཁྱོངས་བྱ་དགོས། ཡག་ཤོས་བྱུང་ན་འོ་མ་དང་ཤ་སོས་པ་སོགས་ཟས་རིགས་འཁྱགས་སྒམ་གྱི་རྒྱབ་ཕྱོགས་དང་ཐག་ཉེ་སར་འཇོག་དགོས། ཤ་སོས་པ་དང་ཐད་ཀར་བཟའ་ཆོག་པའི་ཟས་རིགས་སོ་སོར་ཉར་ཚགས་བྱེད་དགོས་པ་དང་ཡག་ཤོས་བྱུང་ན་ཤ་སོས་པ་འཁྱགས་སྒམ་གྱི་མཐིལ་སྒྲོམ་ནང་འཇོག་དགོས། འཁྱགས་སྒམ་ནང་ཟས་རིགས་ཁེངས་པ་བླུགས་རྒྱུ་མེད་པར་ཤོང་ཚད་75%ཙམ་རྒྱུན་འཁྱོངས་བྱ་དགོས། 3 ཟས་རིགས་ཚ་པོ་གང་ལེགས་བཟོ་དགོས། གཡོས་སྦྱོར་བྱེད་སྐབས་ངེས་པར་དུ་ཟས་རིགས་ཀྱི་ལྟེ་བའི་དྲོད་ཚད་70℃ཡན་ལ་སླེབས་པ་བྱེད་དགོས་པ་མ་ཟད། སྐར་མ་5ལ་རྒྱུན་མཐུད་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་ལི་སི་ཐེ་སྲིན་རྩ་མེད་བཟོ་ཐུབ། ཚལ་ལྷག་འཁྱགས་སྒམ་ནང་བཞག་ནའང་ལམ་སེང་ཟ་དགོས་པ་དང་མ་ཟ་བའི་སྔོན་དུ་ཚ་པོ་གང་ལེགས་བཟོ་དགོས། ཟ་མ་བཟོ་བའི་གོ་རིམ་ཁྲོད་རྗེན་པ་དང་བཙོས་པའི་ཟས་རིགས། གཙབ་གདན་དང་གྲི་ཆས་ཚང་མ་སོ་སོར་དབྱེ་དགོས། ཉེན་ཆེའི་མི་ཚོགས་ལ་མཚོན་ན། ཟས་རྗེན་པ་དང་། ཞོ་སླ་པོ། འབུ་ཕྲ་བསད་མེད་པའི་འོ་མའི་ཐོན་རྫས་སོགས་ཉེན་ཁ་ཆེ་བའི་ཟས་རིགས་ཁ་ལ་མི་འགྲོ་བ་བྱེད་དགོས། གསུམ། ཤ་རིགས་མི་འདྲ་བའི་བདེ་འཇགས་གསོག་ཉར་དུས་ཚོད། འཁྱགས་སྒམ་ནང་ཤ་རིགས་མི་འདྲ་བའི་བདེ་འཇགས་གསོག་ཉར་དུས་ཚོད་ལ་ཁྱད་པར་མངོན་གསལ་དོད་པོ་ཡོད། 1 ཕག་ཤ་ཉར་ཚགས་བྱེད་ཡུན་ཟླ་བ་3ལས་བརྒལ་མི་རུང་། 2 ཚགས་ཤ་དང་ལུག་ཤ་ཉར་ཚགས་བྱེད་ཡུན་ཟླ་བ་9ལས་བརྒལ་མི་རུང་། 3 བྱ་ཤའི་རིགས་ཉར་ཚགས་བྱེད་ཡུན་ཟླ་བ་6ལས་བརྒལ་མི་རུང་། 4 ལས་སྣོན་ཤ་རིགས་ཉར་ཚགས་བྱེད་ཡུན་ཟླ་བ་2ལས་བརྒལ་མི་རུང་།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

2025ལོའི་མཚོ་སྔོན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ཞིབ་བཤེར་རོགས་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ལྷན་ཚོགས་ཀྱི“ལྷའི་ཕོ་ཉའི་འགྲུལ་བཞུད”ཅེས་པའི2025ལོའི་མཚོ་སྔོན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ཞིབ་བཤེར་རོགས་སྐྱོབ་བྱེད་པའི་འགུལ་སྐྱོད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཀྲུང་ལུགས་སྨན་ཁང་དུ་སྤེལ་མགོ་བརྩམས།ཐེངས་འདིའི་ཞིབ་བཤེར་དུས་ཡུན་ཉིན5ཡིན་པ་དང་ཀྲུང་གོ་རྒྱ་གྲམ་དམར་པོའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པའི་སྨན་བཅོས་ཆེད་མཁས་དང་བླངས་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། སྔ་རྗེས་སུ་མཚོ་བྱང་ཁུལ་མིན་ཡོན་རྫོང་དང་། ཆི་ལན་རྫོང་། ཧེ་ཡན་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་བསྐྱོད་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད། སྨན་བཅོས་ཆད་མཁས་པས་ཞིབ་བཤེར་བྱས་ནས་བརྟག་དཔྱད་བྱས་པ་མ་ཟད་གཤགས་བཅོས་ཀྱི་རྟགས་མཚན་དང་མཐུན་པའི་ལོ་ན0ནས14བར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་རྣམས་ཁག་སོ་སོར་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པར་གཤགས་བཅོས་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་དང་། ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་དང་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པས་བྱིས་པའི་གཤགས་བཅོས་སྨན་བཅོས་གྲོན་དངུལ་དང་། བྱིས་པ་དང་དེ་བཞིན་རོགས་པ་ཁྱིམ་མི་གཅིག་གི་སྨན་བཅོས་འགྲོ་འོང་འགྲོ་གྲོན་སོགས་ཀྱི་འགྲོ་གྲོན་ལ་རྒྱབ་སྐྱོར་བྱས་ནས་བྱིས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་རེད།ཀྲུང་གོ་རྒྱ་གྲམ་དམར་པོའི་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ་ཀྲོའུ་ཁུའེ་ཆིང་གིས་ད་ཐེངས་མཚོ་སྔོན་ཞིང་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ཞིབ་བཤེར་རོགས་སྐྱོབ་བྱེད་པའི་འགུལ་སྐྱོད་ལ་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ཐག་རིང་ཞིང་ཆ་འཕྲིན་བཀག་པའི་བྱིས་པའི་འགྲམ་དུ་ཁྱེར་ནས་ཕྲུ་གུ་ཚོར་སེམས་ཀྱི་རེ་བ་སྦྱིན་ཡོད། ཤེས་གསལ་ལྟར་ན། ཐེངས་འདིའི་བརྟག་དཔྱད་ཁྲོད་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པས་ཆེས་ཕུལ་བྱུང་གི་སྙིང་ནད་ཆེད་མཁས་པའི་སྨན་བཅོས་རུ་ཁག་མངགས་ནས་ཐག་རིང་ས་ཁུལ་གྱི་ལྷན་སྐྱེས་སྙིང་ནད་བྱིས་པར་སྨན་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། བྱིས་པ་དེ་བས་མང་པོར་བདེ་ཐང་དང་བདེ་སྐྱིད་ལྡན་པའི་བྱིས་དུས་ལྡན་ཐུབ་པ་བྱས་ཡོད། །

“ཀྲུང་ལུགས་གསོ་རིག་གིས་ཕྱིར་སྡོད་རང་མིར་དྲོ་སྐྱིད་སྦྱིན”ཞེས་པའི་བྱེད་སྒོ་ཁུ་པ་དང་མོ་ཞི་ཁོར་སྤེལ་བ།

འདི་ནི་ཀྲུང་ལུགས་གསོ་རིག་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་ཁུ་པའི་དམངས་ཚོགས་ལ་རླུང་སྒོམ་བརྒྱད་ལྡན་གྱི་ལུས་སྦྱོང་སློབ་བཞིན་པ། (ཙུའོ་ལིང་ལིང་གིས་པར་རིས་མཁོ་འདོན་བྱས)ཉེ་ཆར“ཀྲུང་ཧྭའི་བརྩེ་བ། ཀྲུང་ལུགས་གསོ་རིག་གིས་ཕྱིར་སྡོད་རང་མིར་དྲོ་སྐྱིད་སྦྱིན”ཞེས་པའི་ཕྱི་རྒྱལ་དུ་ཞབས་འདེགས་ཞུ་བའི་བྱེད་སྒོ་ཁུ་པ་དང་མོ་ཞི་ཁོར་སྤེལ་ཡོད། ཀྲེ་ཅང་ཞིང་ཆེན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་པ་དང་མཉམ་དུ་མི་སྣ་མངགས་ཏེ་ཀྲེ་ཅང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སྨན་དོན་རིགས་གཅིག་མཁས་ཅན་ཚོགས་པ་དང་བཅས་པས་རྒྱལ་ཁབ་གཉིས་སུ་ཀྲུང་ལུགས་གསོ་རིག་གི་རིག་གཞུང་སྤེལ་རེས་དང་། ཀྲུང་ལུགས་གསོ་རིག་ཁྱབ་སྤེལ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་འཕྲོད་སྦྱོར་ཞབས་ཞུ་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པར་བྱས་པ་དང་། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་འཚམས་འདྲི་བྱེད་པ་དང་ཆབས་ཅིག ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱང་རྒྱ་སྐྱེད་བཏང་ཡོད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

གཞང་འབྲུམ་གྱི་ནད་རྟགས་དང་གསོ་བཅོས་བྱེད་ཐབས།

གཞང་འབྲུམ་ནི་གཞང་གི་འབྱར་སྐྱིའི་འོག་དང་གཞང་ཁའི་སྦུ་གུའི་པགས་འོག་གི་སྡོད་རྩའི་ཚོམ་ཆེ་རུ་བསྐྱེད་པ་དང་གུག་འཁྱོག་ཏུ་གྱུར་བ་སོགས་ལས་བྱུང་བའི་འཇམ་ལ་མཉེན་པའི་སྡོད་རྩའི་ཚོགས་པ་ཞིག་ཡིན། གཞང་འབྲུམ་ནི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། ལོ་ན་ཆེ་ཆུང་གང་ལ་ཡང་འབྱུང་བ་ཡིན། གཞང་འབྲུམ་ལ་དབྱེ་ན་ནང་འབྲུམ་དང་ཕྱི་འབྲུམ། འདྲེས་འབྲུམ་བཅས་གསུམ་ཡོད། ནད་བབ་ཡང་ན་ནད་རྟགས་མེད་པ་དང་། ཚབས་ཆེ་ན་གཞང་ཁ་གཟེར་བ་དང་ཐུར་དུ་འཕྱངས་བ། བཤང་བར་ཁྲག་འདྲེས་པ། བཤང་བ་གཏོང་དཀའ་བ་སོགས་ཡོད།ནད་བྱུང་གི་ཁྱད་ཆོས་ཀྱི་སྐོར།གཅིག ན་ཟུག་མེད་པར་བཤང་བ་བཏང་རྗེས་ཁྲག་དམར་ལ་དྭངས་བ་འབྱུང་བ་ནི་ཕལ་ཆེར་ནང་འབྲུམ་དང་འདྲེས་འབྲུམ་གྱི་ཐོག་མའི་ནད་རྟགས་ཡིན།གཉིས། གཞང་འབྲུམ་ནད་པ་མང་ཆེ་བར་བཤང་བ་གཏོང་སྐབས་ཁྲག་ཐིགས་པའམ་ཡང་ན་ཤོག་བུའི་ཐོག་ཁྲག་འགོས་པ། ཚབས་ཆེ་ན་ཁྲག་མང་པོ་བཞུར་བ་ཡིན།གསུམ། བཤང་བ་དང་ཁྲག་གཉིས་ཕན་ཚུན་འདྲེས་མེད་པའང་ཡོད།གསོ་བཅོས་བྱེད་ཐབས་སྐོར།བཤང་བ་གཏོང་སྐབས་རྒྱུན་དུ་ཁྲག་ཐོན་པའི་རྐྱེན་གྱིས་ཁྲག་མི་འདང་བའི་གནས་ཚུལ་འབྱུང་སྲིད་པས། ངེས་པར་དུ་དགོས་ངེས་ཀྱི་གསོ་བཅོས་བྱས་ན་བཟང་།གཅིག ནད་རྟགས་མེད་པའི་གཞང་འབྲུམ་ལ་ཟས་སྐོམ་ཁོ་ནར་མཉམ་འཇོག་བྱས་ན་ཆོག སྔོ་ཚོད་ཀྱི་རིགས་དང་སིལ་ཏོག་མང་དུ་ཟོས་ཏེ་བཤང་བ་བདེ་བར་གཏོང་ཐུབ་པར་བྱེད་དགོས།གཉིས། གལ་ཏེ་ཁྲག་ཉུང་ཙམ་བཞུར་ན། བརྒྱ་ཆའི་གཅིག་ནས་གཉིས་ཀྱི་ཚྭ་ཆུའི་ནང་དུ་སེང་རས་སྦངས་ནས་གཞང་ཁ་གནན་ཏེ་ཁྲག་གཅོད་དགོས།གསུམ། གཞང་ཁའི་ནང་ཚ་སེལ་ཟུག་གཅོག་གི་སྨན་བཅུག་ནས་ཚ་བ་སེལ་བའི་ནུས་པ་ཐོན་དུ་འཇུག་དགོས།བཞི། གལ་ཏེ་ཁྲག་མང་དུ་བྱུང་ན་སྨན་ཁང་དུ་སོང་ནས་བརྟག་བཅོས་བྱེད་དགོས།གོང་གི་ཤེས་བྱ་འདི《གློ་བུར་བའི་ནད་དང་ཕྱི་རྐྱེན་ལས་རྨས་པའི་ནད་རིགས་གསོ་ཐབས་མཛུབ་སྟོན་སྒྲོན་མེ》ལས་བདམས་པ་ཡིན།

རྐང་ལག་ཁ་ནད་ཀྱི་ནད་རྟགས་དང་སྔོན་འགོག་བྱེད་ཐབས།

གནམ་གཤིས་ཇེ་དྲོད་དང་བརླན་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། རྐང་ལག་ཁ་ནད་འབྱུང་ཚད་ཇེ་མཐོར་འགྲོ་བཞིན་ཡོད། དེ་བས། ཚང་མས་སྔོན་འགོག་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཚན་རིག་དང་མཐུན་པའི་འགོག་སྲུང་བྱེད་ཐབས་ལ་རྒྱུས་ལོན་བྱེད་དགོས།རྐང་ལག་ཁ་ནད་ནི་རྒྱུ་མའི་ནད་དུག་སྣ་མང་གིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན་ཞིང་། གཙོ་བོ་ལོ་ལྔ་དང་དེའི་མན་གྱི་བྱིས་པར་འབྱུང་བ་མང་། ནད་དེ་ལོ་ཧྲིལ་བོར་འབྱུང་སྲིད་ཅིང་། ལྷག་པར་དུ་ཟླ་བཞི་པ་ནས་བདུན་པ་དང་། དགུ་པ་ནས་བཅུ་གཅིག་གི་བར་ལ་འབྱུང་བ་མང་།རྐང་ལག་ཁ་ནད་འགོས་པ་ནས་ནད་རྟགས་འབྱུང་རག་བར་སྤྱིར་བཏང་ཉིན་གཉིས་ནས་བཅུ་དགོས་པ་དང་། ནད་པ་མང་ཤོས་ལ་ཉིན་གསུམ་ནས་ལྔ་དགོས། དེའི་ནད་རྟགས་ལ་ཚ་རྒྱག་པ་དང་ཁ་ནང་གི་འབྱར་སྐྱིར་ཆུ་འབྲུམ་འབུད་པ། ལག་པ་དང་རྐང་བ། འཕོངས་གནས་བཅས་སུ་དེའི་འབྲུམ་ཁྲ་ཐིག་དང་ཆུ་འབྲུམ་འབུད་པ། ད་རུང་ལུ་བ་དང་སྣ་ཆུ་བཞུར་བ། ཟས་ཀྱི་ཡི་ག་ཞན་པ་སོགས་ཡོད། བྱིས་པར་རྒྱུན་དུ་ནད་རྟགས་ཅུང་ཡང་ཞིང་ཉིན་བདུན་ནས་བཅུའི་བར་དྲག་བསྐྱེད་འབྱུང་ཐུབ། ཡིན་ཡང་ནད་རྟགས་ལྕི་བའི་བྱིས་པ་ཉུང་ཤས་ལ་ནད་གཞི་མགྱོགས་མྱུར་ངང་ཇེ་སྡུག་ཏུ་སོང་ནས་དབང་རྩའི་མ་ལག་གི་བླ་གཉན་འབྱུང་བ་དང་དབང་བོ་མང་པོའི་ནུས་པ་ཇེ་ཞན་དུ་འགྲོ་སྲིད་པར་མ་ཟད། ཚབས་ཆེ་ན་ཚེ་སྲོག་ལའང་ཉེན་ཁ་ཡོད།རྐང་ལག་ཁ་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་ཤེ་ན། སྔ་མོ་ནས་འགོག་སྨན་རྒྱབ་ན་རྐང་ལག་ཁ་ནད་ནུས་ཡོད་སྒོས་སྔོན་འགོག་བྱེད་ཐུབ་པར་མ་ཟད། འབྱུང་ཚད་ཀྱང་ཇེ་ཉུང་དུ་གཏོང་ཐུབ། དེ་མིན་བྱིས་པའི་རྩེད་ཆས་དང་གསོལ་ཆས་སོགས་གཙང་བཀྲུ་བྱས་ཏེ་དུས་བཅད་ལྟར་དུག་སེལ་བྱེད་དགོས་པ་དང་། ཐེངས་གཅིག་རང་བཞིན་མིན་པའི་བྱིས་པའི་གཅིན་སྟན་གཙང་མར་བཀྲུས་ནས་ཉི་མར་ལྡེ་དགོས།ལྷ་མོ་ཚེ་རིང་གིས་བསྒྱུར།

རྒྱང་སྒྲིབ་གཤགས་བཅོས་བྱེད་མཁན་ཚོས་ཕྱོགས་གང་དག་ལ་དོ་སྣང་བྱེད་དགོས།

མིག་ལ་རྒྱང་སྒྲིབ་ནད་ཕོག་མཁན་མི་ཉུང་བ་ཞིག་གིས་རྒྱང་མཐོང་སྐུལ་འོད་གཤགས་བཅོས་བྱེད་འདོད་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་མིག་འབྲས་ཆུང་ཆུང་ཞིག་གི་སྟེང་དུ་གཤགས་བཅོས་བྱས་ན་བདེ་འཇགས་ཡིན་མིན་དང་གཤགས་བཅོས་བྱས་ཚར་རྗེས་མཇུག་འབྲས་ངན་པ་འབྱུང་མིན། དེ་མིན་མིག་གི་རྒྱང་སྒྲིབ་ཏུའུ་གྲངས་ལྡོག་འཕར་ཡོང་མིན་སོགས་ཀྱི་ཐད་སེམས་ཁྲལ་བྱེད་ཀྱིན་ཡོད། འོ་ན། རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་དེ་བདེ་འཇགས་ཡིན་ནམ།རྒྱང་སྒྲིབ་ནད་གཤགས་བཅོས་བྱས་ན་མིག་ཤེལ་རྒྱག་མི་དགོས་ཀྱང་གཤམ་གསལ་གྱི་དོན་དག་ལ་དོ་སྣང་བྱེད་དགོས།རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་ནི་མིག་སྐྱིའི་སྐུལ་འོད་གཤགས་བཅོས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་གཙོ་བོ་ནད་པའི་མིག་གི་ཀྱོག་འོད་རྣམ་པ་ཡོ་བསྲང་བྱེད་པ་དང་། མིག་གི་རྒྱང་མཐོང་ནུས་པ་ཇེ་དྲག་ཏུ་བཏང་ནས། མིག་ཤེལ་རྒྱག་མི་དགོས་པར་གསལ་པོར་མཐོང་ཐུབ་པ་ཞིག་རེད།རྒྱང་སྒྲིབ་ནད་གཤགས་བཅོས་བྱས་པ་བརྒྱུད། ནད་པའི་མིག་ཤེད་དེ་གཤགས་བཅོས་མ་བྱས་གོང་བརྟག་དཔྱད་སྔོན་དཔག་བྱས་ནས་ཐོབ་པའི་མིག་ཤེད་ལས་ཐོབ་ཐུབ་ཀྱིན་ཡོད་པས། (དཔེར་ན་གཤགས་བཅོས་མ་བྱས་གོང་མིག་ཤེལ་རྒྱག་པའི་མིག་ཤེད་དེ་ཏུའུ་གྲངས1.5ཡིན་ན། གཤགས་བཅོས་བྱས་རྗེས་ཀྱི་མིག་ཤེད་ཀྱང་ཏུའུ་གྲངས1.5ལ་སླེབས་ཐུབ) མིག་ཤེལ་རྒྱག་མི་དགོས་པར་རྒྱང་རིང་མཐོང་ཐུབ་ཀྱིན་ཡོད།གཤགས་བཅོས་བྱེད་མཁན་མི་ཁྲི1630ཡི་རྗེས་མཐུད་གནས་ཚུལ་ལ་ཞིབ་འཇུག་དང་བསྡོམས་རྩིས་བྱས་པ་ལྟར་ན། གཤགས་བཅོས་བྱས་རྗེས་ནད་པ97%གྱི་མིག་ཤེད་ཇེ་ལེགས་སུ་གཏོང་ཐུབ་པས། ནད་པ་དེའི་རིགས་ཀྱི་རྒྱང་མཐོང་ནུས་པ་ཇེ་དྲག་ཏུ་ཕྱིན་ནས་འཚོ་བའི་མཐོང་ཚོར་གྱི་རྣམ་པ་ཡག་པོ་ཞིག་ལ་མྱོང་རོལ་ཐུབ་ཀྱིན་ཡོད། གཤགས་བཅོས་བྱས་རྗེས་ནད་པའི་སྤྱི་ཡོངས་ཀྱི་ཡིད་ཚིམ་ཚད་ཆ་སྙོམས་ཀྱིས95.4%(87.2%-100%)ཟིན་ཡོད།འོན་ཀྱང་དྲན་སྐུལ་ཞུ་དགོས་པ་ཞིག་ནི། རྒྱང་སྒྲིབ་ནད་ནི་གཤགས་བཅོས་ཐེངས་གཅིག་བྱས་པ་ཙམ་གྱིས་མིག་གི་བདེ་ཐང་དེ་ནམ་ཡང་རྒྱུན་བསྐྱངས་ཐུབ་པ་ཞིག་གཏན་ནས་མིན་པར། གཤགས་བཅོས་བྱས་རྗེས་སླར་ཡང་རྒྱང་མཐོང་ནུས་པ་ཇེ་ཞན་དུ་འགྲོ་ཉེན་ཡོད་པ་དང་། ཚད་མཐོ་བའི་རྒྱང་མཐོང་ལས་འབྱུང་བའི་མིག་གི་ནད་གཞི་ཡང་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ་ཀྱིན་མེད།མི་མང་པོ་ཞིག་གིས་གཤགས་བཅོས་བྱས་རྗེས་རྒྱང་སྒྲིབ་ནད་སྔོན་འགོག་སྨན་བཅོས་བྱེད་པར་ངོས་འཛིན་བྱས་ནས། མིག་ལ་སྲུང་སྐྱོབ་བྱེད་པ་སྣང་མེད་དུ་བཞག་སྟེ། འཛེམ་བག་མེད་པར་ལག་ཁྱེར་ཁ་པར་དང་རོལ་རྩེད་རྩེད་ཆས་སོགས་རྩེད་བཞིན་ཡོད། འོན་ཀྱང་དེ་ལྟར་བྱས་ན་ཡང་བསྐྱར་མིག་ཤེད་ཇེ་ཞན་དུ་འགྲོ་སྲིད་པས། གཤགས་བཅོས་བྱས་རྗེས་མིག་ལ་སྔར་བཞིན་སྲུང་སྐྱོབ་ཡག་པོ་བྱེད་དགོས།རྒྱང་སྒྲིབ་ནད་གཤགས་བཅོས་བྱ་རྒྱུ་དེ་བདེ་འཇགས་ཡིན་ནམ།མི་མང་པོ་ཞིག་གིས་གཤགས་བཅོས་བྱས་རྗེས་ཏུའུ་གྲངས་བསྐྱར་ལོག་ཐེབས་རྒྱུར་སེམས་ཁྲལ་བྱེད་བཞིན་ཡོད་མོད། དོན་དངོས་སུ་མི་མང་ཆེ་བར་ཏུའུ་གྲངས་བསྐྱར་ལོག་འབྱུང་མི་སྲིད། ནད་པ་ཉུང་ཤས་ཤིག་ལ་ཀྱོག་འོད་ཕྱིར་ལྡོག་གི་སྣང་ཚུལ་འབྱུང་སྲིད། གནས་ཚུལ་དེའི་རིགས་མང་ཆེ་བ་རྒྱང་མཐོང་ཚད་མཐོ་བའི་ནད་པ་དང་གཤགས་བཅོས་བྱས་རྗེས་ལུགས་མཐུན་ངང་མིག་ཤེད་སྤྱོད་རྒྱུར་དོ་སྣང་མ་བྱས་པའི་དབང་གིས་ཐོན་སྲིད།ད་དུང་མི་ཁ་ཤས་ཀྱིས་རྒྱང་མཐོང་སྐུལ་འོད་གཤགས་བཅོས་བྱས་ཚེ། ལོ་ན་རྒས་དུས་མིག་ལོང་བར་ཆགས་མིན་ལ་སེམས་ཁྲལ་བྱེད་བཞིན་ཡོད། བཤད་ཚུལ་དེའི་རིགས་ལ་ཚན་རིག་གི་གཞི་འཛིན་ས་མེད་པས། སེམས་ཁྲལ་བྱེད་དགོས་དོན་མེད།རྒྱང་སྒྲིབ་ནད་གཤགས་བཅོས་ནི་མིག་སྐྱིའི་གཏུབ་གཞོག་གཤགས་བཅོས་ཤིག་ཡིན་པས། མིག་ནང་གི་གྲུབ་ཚུལ་དང་ཕུང་གྲུབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མི་སྲིད། གལ་སྲིད་མི་ཁ་ཤས་ལོ་ན་རྒས་དུས་མིག་ཤེད་ཚབས་ཆེན་སྒོས་ཇེ་ཞན་དུ་སོང་ནའང་། མང་ཆེ་བ་ནི་མ་གཞི་མིག་ཤེད་ཉམས་པ་ལས་བྱུང་བ་ཞིག་རེད། དཔེར་ན། སྐྱ་འགྲིབ་སོགས་གཤགས་བཅོས་བྱས་པ་དང་ཐད་ཀར་འབྲེལ་བ་མེད།རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པར་ཉེན་ཁ་གང་དག་ཡོད་སྲིད།གཤགས་བཅོས་གང་འདྲ་ཞིག་ཡིན་རུང་ཉེན་ཁ་ཡོད་པས། རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་ཡང་དེ་ལྟར་ཡིན། འོན་ཀྱང་གཤགས་བཅོས་དེའི་ཉེན་ཁ་ཧ་ཅང་ཆུང་བར་མ་ཟད། རྒྱུན་དུ་ཚོད་འཛིན་ཐུབ་ཀྱིན་ཡོད། རྒྱང་མཐོང་སྐུལ་འོད་གཤགས་བཅོས་བྱས་རྗེས་རྒྱུན་དུ་འབྱུང་སྲིད་པའི་ཉེན་ཁ་ཁག་ཅིག་ཡོད་པ་སྟེ།མཐོང་ཚོར་ལ་གནོད་པ། གནས་སྐབས་སམ་ཡང་ན་དུས་ཡུན་རིང་པོར་མིག་གི་མཐོང་ཚོར་ལ་གནོད་པ་འབྱུང་བ་དང་། ལྷག་པར་མུན་ནག་གི་ཁོར་ཡུག་འོག་མིག་ཤེད་ཇེ་ཞན་དུ་འགྲོ་བ་ཡིན། མི་ཁ་ཤས་ལ་མཚན་མོར་རླངས་འཁོར་བསྐོར་དུས་གནས་ཚུལ་འདིའི་རིགས་ཐོན་གྱིན་ཡོད་མོད། འོན་ཀྱང་ནད་རྟགས་དེའི་རིགས་སྤྱིར་བཏང་ཟླ་འགའི་རྗེས་སུ་མེད་པར་འགྱུར་བའམ་ཡང་ན་ཞི་ལྷོད་དུ་འགྲོ་སྲིད་པས། སེམས་ཁྲལ་བྱེད་དགོས་དོན་མེད་པར་དུས་ཐོག་ཏུ་སྨན་བཅོས་བྱས་ན་བཟང་།གཤིབ་བསྡུར་ཚོར་སྐྱེན་ནུས་ཚད་ཇེ་ཞན་དུ་འགྲོ་བ། ནད་རྟགས་དེའི་རིགས་ཆེད་སྤྱོད་ཀྱི་ཞིབ་བཤེར་སྒྲིག་ཆས་ལ་བརྟེན་ནས་ཞིབ་བཤེར་བྱེད་ཐུབ་ལ། གོམས་རྗེས་གཞི་རྩའི་ཐོག་ཚོར་ཐུབ་ཀྱིན་མེད།མིག་སྐམ་ནད་འབྱུང་བ། མིག་སྐམ་ནད་ནི་གཤགས་བཅོས་བྱས་རྗེས་ཀྱི་ཆེས་རྒྱུན་མཐོང་གི་མི་བདེ་བའི་ནད་རྟགས་ཤིག་རེད། མིག་སྨན་སྤྱད་ན་འབྲེལ་ཡོད་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ། སྤྱིར་བཏང་གཤགས་བཅོས་བྱས་རྗེས་ཀྱི་ཟླ3ནས6བར་དུ་བཀོལ་སྤྱོད་བྱེད་དགོས། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།

ཕྱོགས་བསྡུས་སྨན་ཁང་བརྒྱད་སྟོང་ལྷག་ཙམ་གྱིས་བྱིས་ནད་ཚན་ཁག་གི་ཞབས་འདེགས་ཞུ་ཐུབ་པ།

གསར་འགོད་པར་ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི“བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་བྱིས་པའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་བྱིས་པའི་བདེ་ཐང་གི་ལྟེ་བའི་དམིགས་ཚད་རྒྱུན་མཐུད་ལེགས་སུ་སོང་ཡོད།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིའི་སི་ཀྲང་ཧྲེན་ཧའེ་ཕིང་གིས་ངོ་སྤྲོད་བྱས་དོན། 2024ལོར་རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་འཆི་ཚད་དང་ལོ་5མན་གྱི་བྱིས་པ་འཆི་ཚད་4.0‰བར་དང་5.6‰བར་སོ་སོར་ཆག་པ་དེ་ལོ་རྒྱུས་ཀྱི་ཆུ་ཚད་དམའ་ཤོས་ཡིན་པ་དང་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། གོ་ལ་ཧྲིལ་པོའི་ཉེ་བའི་ལོ་10ཡི་འགྱུར་ལྡོག་གི་འཕེལ་ཕྱོགས་ལ་བལྟས་ན། རང་རྒྱལ་གྱི་ཕྲུ་གུ་དམར་འབྱར་འཆི་ཚད་དང་ལོ་5མན་གྱི་བྱིས་པ་འཆི་ཚད་ལོ་རེར་ཆ་སྙོམས་ཆག་ཚད་དེ་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་53ཁྲོད་སོ་སོར་ཨང་གསུམ་པ་དང་བཞི་པར་སླེབས་ཡོད། ཚོད་རྩིས་བྱས་པར་གཞིགས་ན། 2010ལོ་ནས་2023ལོའི་བར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་3.8རིང་དུ་ཕྱིན་པའི་ཁྲོད་21.7%ནི་ལོ་5མན་གྱི་བྱིས་པ་འཆི་ཚད་ཉུང་དུ་ཕྱིན་པ་ལས་བྱུང་བ་ཞིག་རེད།ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་བྱིས་པའི་བདེ་ཐང་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། བྱིས་པའི་སྨན་བཅོས་བདེ་སྲུང་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་བྱིས་པར་སྨན་བཅོས་བྱེད་སྐབས་སྟབས་བདེ་ཡོང་བའི་འགན་ལེན་བྱས་ཡོད། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བྱིས་པའི་ནད་རིགས་དབྱེ་བཤེར་དང་། བརྟག་དཔྱད། སྨན་བཅོས་བཅས་ཀྱི་ཞབས་ཞུའི་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་སྟེ། སྔ་ཙམ་དབྱེ་བཤེར་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་བྱིས་པའི་མཛའ་མཐུན་སྨན་ཁང་བསྐྲུན་ནས་བྱིས་པའི་སྨན་བཅོས་བདེ་སྲུང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།ཞབས་ཞུ་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པའི་ཐད་ཆུས་དང་རྫོང་གི་བུད་མེད་དང་བྱིས་པའི་བདེ་སྲུང་སྒྲིག་གཞི་སྣེ་འདྲེན་དུ་བྱེད་པ་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལྟེ་བར་བྱེད་པ། གྲོང་ཚོའི་འཕྲོད་བསྟེན་ཁང་རྨང་གཞིར་བྱེད་པ་བཅས་ཀྱི་བྱིས་པའི་བདེ་སྲུང་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་ཤུགས་ཆེན་བཏང་ཡོད། རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་བྱིས་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཁྲིད་སྟོན་དུ་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་རྫོང་རིམ་པའི་སྨན་ཁང་དུ་བྱིས་ནད་ཚན་ཁག་བཙུགས་པར་སྐུལ་ཁྲིད་བྱས་ཏེ། བྱིས་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གོང་འོག་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ཡོད། 2025ལོ་ནས་2027ལོ་བར“བྱིས་ནད་ཚན་ཁག་དང་བསམ་བློའི་བདེ་ཐང་ཞབས་ཞུའི་ལོར”གཏན་འཁེལ་བྱས་ཏེ་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་གིས་བྱིས་ནད་ཚན་ཁག་གི་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔར་རྒྱལ་ཡོངས་སུ་ཕྱོགས་བསྡུས་སྨན་ཁང་8000ལྷག་ཙམ་གྱིས་བྱིས་ནད་ཚན་ཁག་གི་སྒོ་བསྟེན་སྨན་ཁང་ངམ་ཡང་ན་སྨན་ཁང་དུ་སྡོད་པའི་ཞབས་ཞུ་སྤེལ་བ་དང་། རྫོང་སྨན་ཁང་98%ལ་བྱིས་ནད་ཚན་ཁག་བཙུགས་ཡོད་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་80%ལྷག་ཙམ་གྱིས་བྱིས་པའི་རྒྱུན་མཐོང་ནད་ལ་སྨན་བཅོས་ཞབས་ཞུ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུར་ཤུགས་སྣོན་རྒྱག་པའི་ཐད། མངལ་སྦྲུམ་པ་དང་ཕྲུ་གུ་སྐྱེ་བའི་སྐབས་མངལ་སྦྲུམ་པའི་ཉེན་ཁ་དབྱེ་བཤེར་དང་ཚོད་སྐོར་བྱེད་པ་དང་། ཕྲུ་གུ་སྐྱོན་ཅན་མི་སྐྱེ་བའི་རིམ་གསུམ་སྔོན་འགོག་ཚོད་འཛིན་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། “མིག་ཤེལ”དང“རྒྱགས་རིལ”སོགས་བྱིས་པའི་བདེ་ཐང་གནད་དོན་ལ་དམིགས་ཏེ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། སྔོན་འགོག་དང་། དབྱེ་བཤེར། བརྟག་དཔྱད། སྨན་བཅོས། དྲག་སྐྱེད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་འདེགས་ཞུ་སྟངས་བཙུགས་ཡོད། ལོ་ལྔའི་གོང་དང་བསྡུར་ན། ཕྲུ་གུ་སྐྱོན་ཅན་སྐྱེས་ནས་ཕྲུ་གུ་དམར་འབྱར་འཆི་ཚད་དང་ལོ་5མན་གྱི་བྱིས་པ་འཆི་ཚད་ཚང་མ་30%ཡན་ཆག་ཡོད་པ་རེད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

པའོ་དབྱིན་མྱུར་བགྲོད་ལྕགས་ལམ་གྱི་ནང་སོག་དུམ་བུར་ལམ་ལྕགས་བཏིང་ཟིན་པ།

ཚེས་6ཉིན། པའོ་དབྱིན(ནང་སོག་གི་པའོ་ཐུའོ་ནས་ཉིང་ཞ་ཡི་དབྱིན་ཁྲོན་བར)མྱུར་བགྲོད་ལྕགས་ལམ་གྱི་ནང་སོག་དུམ་བུའི་ལམ་ལྕགས་འདིང་བའི་ལས་གྲྭ་ལེགས་གྲུབ་ཟིན་ནས། ལོ་འདིའི་ནང་མེ་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། པའོ་དབྱིན་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“གཞུང་བཞི་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ཅིང་ལན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་།

མཚོ་བོད་གཞུང་ལམG109ལམ་ཐིག་གི་ན་གོར་མོ་ནས་ནག་ཆུའི་མཚམས་ཀྱི་སྤུས་འདེགས་བསྒྱུར་བཀོད་ལས་གཞིའི་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཚོ་བོད་གཞུང་ལམG109ལམ་ཐིག་གི་ན་གོར་མོ་ནས་ནག་ཆུའི་མཚམས་ཀྱི་སྤུས་འདེགས་བསྒྱུར་བཀོད་ལས་གཞི་དངོས་སུ་མགོ་ཚུགས་པའི་བརྡ་ཁྱབ་བཏང་། ཐེངས་འདིའི་བསྒྱུར་བཀོད་ལས་གཞིར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་གྱི་མཆན་འགོད་བཀའ་ལན་ཐོབ་ཡོད་པ་དང་། དམིགས་ཡུལ་ནི་མཚོ་བོད་གཞུང་ལམ་གྱི་ཤར་བགྲོད་ནུས་པ་དང་བདེ་འཇགས་རང་བཞིན་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན། ཤེས་གསལ་ལྟར་ན། ཨར་སྐྲུན་ལམ་མཚམས་ཀྱི་མགོ་འཛུགས་ས་མཚོ་བོད་གཞུང་ལམK2752+739(མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་ཕྱོགས)ཡིན་པ་དང་། ལམ་བར་དུ་ལྷོ་རི་མདོ་དང་ན་ཆུ་ཐང་། ཞྭ་དམར། སྨིག་པ་ལ་སྒང་། རླུང་ཆེན་རི། དམར་ཆུ། བྲག་སྨུག ཆུ་ཚན་དམག་ཚིགས། གདང་ལ་རི་བོ། ཨ་མདོ་རྫོང་བཅས་བརྒྱུད་པ། མཇུག་ཚིགས་ནག་ཆུ་གྲོང་ཁྱེར་སྨན་སྤྱོད་དབྱང་རླུང་མཁོ་སྤྲོད་ས་ཚིགས་ཀྱི་ནུབ་ཕྱོགསK3568+575བར་ཡིན་ལ། ལམ་ཐག་ཧྲིལ་བོར་སྤྱི་ལེ816ཙམ་ཡོད་པ་དང་ཨར་ལས་དུས་ཡུན2025ལོའི་ཟླ6པའི་ཚེས1ཉིན་ནས2028ལོའི་ཟླ5པའི་ཚེས30ཉིན་བར་གཏན་འཁེལ་བྱས་ཡོད། ཨར་ལས་དུས་ཀྱི་འགྲོ་ལམ་བདེ་བགྲོད་དང་ཤར་བགྲོད་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ཐེངས་འདིའི་བསྒྱུར་བཀོད་ཀྱི“གཙོ་ལམ་གཅིག་དང་བསྐོར་ལམ་གཅིག”གི་འགྲིམ་འགྲུལ་རྩ་འཛུགས་ཇུས་གཞི་སྤྱད་ཡོད། “གཙོ་ལམ་གཅིག”ལམ་ཐིག་ནི་མཚོ་བོད་གཞུང་ལམG109ལམ་ཐིག་བརྒྱུད་དེ། ན་གོར་མོ་ནས་དང་ཞྭ་དམར། སྨིག་པ་ལ་སྒང་། དམར་ཆུ། ཨ་མདོ་རྫོང་། ནག་ཆུར(ལམ་ཐག་ཧྲིལ་བོར་སྤྱི་ལེ816)ཐོན་པ། ཟི་ལིང་ནས་ལྷ་སའི་དབར་བསྡོམས་པས་སྤྱི་ལེ1899ཡོད། དེའི་ཁྲོད་སྔར་ལམ་བསྒྱུར་བཀོད་མ་བྱས་པར་ཐད་ཀར་ཤར་གཏོང་བྱས་པར་སྤྱི་ལེ75ཡོད་པ་དང་། ཕྱེད་ཀ་ཨར་སྐྲུན་དང་ཕྱེད་ཀ་ཤར་བགྲོད་བྱས་པར་སྤྱི་ལེ116། ཞེང་ཚད་ལ་སྨི7.5ཡོད་པའི་སྟབས་བདེའི་ཤར་བགྲོད་ལམ་བུ་སྤྱི་ལེ617གསར་དུ་སྐྲུན་ཡོད། “བསྐོར་ལམ་གཅིག”ལམ་ཐིག་ནི་ཟི་ལིང་ནསG6བརྒྱུད་དེ་གུང་ཧོར་ཐོན་པ་དང་། G0613/G214བརྒྱུད་ནས་ཡུས་ཧྲུའུ་རུ་ཐོན་པ། G214བརྒྱུད་ནས་G345བརྒྱུད་ནས་རྫ་སྟོད་དུ་ཐོན་པ། X812བརྒྱུད་ནས་མཚོ་བོད་ས་མཚམས་སུ་ཐོན་པ། S301བརྒྱུད་ནས་སྒང་རིག་ཤང་དུ་ཐོན་པ། S301བརྒྱུད་ནས་ལྕང་སྨད་ཤང་དུ་ཐོན་པ། X638བརྒྱུད་ནས་སྦྲ་ཆེན་རྫོང་དུ་ཐོན་པ། S317བརྒྱུད་ནས་ནག་ཆུར་ཐོན་པ། G6/G109བརྒྱུད་ནས་ལྷ་སར་འབྱོར་བ་ཡིན། ལམ་ཐིག་འདིར་ཟི་ལིང་ནས་ལྷ་སའི་དབར་བསྡོམས་པས་སྤྱི་ལེ1792(“གཙོ་ལམ་གཅིག”ལམ་ཐིག་དང་བསྡུར་ན་སྤྱི་ལེ107ཀྱི་ཐག་ཉེ་བ)ཡོད། འགན་སྲུང་བྱེད་ཐབས་ཐད། “གཙོ་ལམ་གཅིག”ལམ་ཐིག་གི་ལམ་རྒྱུད་དུ་བྱམས་བརྩེའི་ས་ཚིགས15བཀོད་སྒྲིག་བྱས་ཏེ་ཁ་ལོ་བ་དང་འགྲུལ་བར་རིན་སྐྱིན་མི་དགོས་པའི་འཕྲལ་བསྟུན་སྨན་རྫས་དང་དབྱང་རླུང་། ཟས་རིགས་སོགས་འཕྲལ་བསྟུན་དངོས་རིགས་དང་འཐུང་ཆུ། གློག་སྤྱོད་འགན་སྲུང་མཁོ་འདོན་བྱས་ཡོད་པ་དང་། སྤྱི་ལེ་བརྒྱ་རེའི་མཚམས་སུ་འཕྲལ་བསྟུན་མྱུར་སྐྱོབ་ས་ཚིགས་བཙུགས་ནས་རླངས་འཁོར་འདྲུད་པ་སོགས་ཀྱི་རོགས་སྐྱོབ་ཞབས་ཞུ་མཁོ་འདོན་བྱས་ཡོད། “བསྐོར་ལམ་གཅིག”ལམ་ཐིག་གིX638(ལྕང་སྨད་ནས་སྦྲ་ཆེན་དབར)ལམ་རྒྱུད་དུ་རླངས་འཁོར་བྱོལ་བའི་འཁོར་ལམ་དང་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་ཇེ་མང་དུ་བཏང་ཡོད་པ་མ་ཟད། ལམ་རྒྱུད་དུ་གྲོང་ཚོ་དང་གྲོལ་རྡལ་མང་བོ་ཡོད་པས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་འགན་སྲུང་ལེགས་པོ་མཁོ་འདོན་བྱེད་ཐུབ། །

མཚོ་ལྷོ་ཁུལ་གྱིས“གཡུལ་ས་གཉིས”ལ་བརྟེན་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་བྱེད་པ་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མཚན་མོའི་ཁྲོམ་རའི་ལས་ཞུགས་ཁྲོམ་སྟེགས”དང“རྒྱུགས་རའི་ལས་ཞུགས་ས་ཚིགས”ཞེས་པའི་ལས་ཞུགས་ཞབས་ཞུའི་གཡུལ་ས་གསར་པ་གཉིས་བསྐྲུན་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་ལས་ཞུགས་ཡོང་འབབ་ཀྱི་བྱེད་ཐབས་གསར་གཏོད་འཚོལ་ཞིབ་བྱས་ཏེ། ཟླ5པའི་ཟླ་མཇུག་བར་མཚོ་ལྷོ་ཁུལ་གྱི་གྲོང་དང་གྲོང་རྡལ་དུ་ལས་ཞུགས་མི་སྣ1426གསར་སྣོན་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཁྲི2.54སྤོ་སྒྱུར་ལས་ཞུགས་བྱས་པར་མ་ཟད། མི6285ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས།ཁུལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གུང་ཧོ་རྫོང་མཁར་བྱང་ཁུལ་གསར་གྱི་མཚན་མོའི་ཁྲོམ་ར་བེད་སྤྱད་དེ། གུང་ཧོ་རྫོང་ལས་ཞུགས་ཅུས་དང་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་དང་མཉམ་འབྲེལ་གྱིས་མཚན་མོའི་ཁྲོམ་རར་ལས་ཞུགས་ཞབས་ཞུའི་ཁྲོམ་སྟེགས་བཙུགས་ནས། ལས་ཞུགས་ལས་གཏོད་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་ཁ་གསབ། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་སྲིད་ཇུས་ལ་གསལ་འགྲེལ་གཏིང་ཟབ་བྱས། བསྡོམས་པས་མི2000ལྷག་ཙམ་བློ་འདྲི་བྱེད་དུ་ཡོང་ཞིང་དྲིལ་སྒྲོག་དཔྱད་ཡིག3000ལྷག་ཙམ་འགྲེམས་སྤེལ་བྱས། ལས་ཞུགས་ཀྱི་སྤྱི་སྟེགས་ལ་དོ་ཁུར་བྱེད་མཁན་མི་གྲངས500ལྷག་གསར་དུ་འཕར་སྣོན་བྱུང་།ལས་དོན་ལས་ཁུངས་ཀྱི་རྒྱུགས་ལེན་ས་ཚིགས་མཐའ་འཁོར་དུ་སྐོར་སྐྱོད“ལས་ཞུགས་ས་ཚིགས”བཙུགས་ནས་རྒྱུགས་ལེན་མཁན་ལ་ལས་ཞུགས་ཀྱི་མིང་བྱང་སྤྲད་པ་དང་། ཡུལ་དངོས་སུ་འགྲེལ་བཤད་དང་ལས་གནས་ཆ་འཕྲིན་རེའུ་མིག་སྤྲད་པ་བརྒྱུད་ནས། རྒྱུགས་ལེན་མཁན་ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ལས་ཞུགས་སྐོར་གྱི་མཛུབ་སྟོན་དང་ལས་རིགས་རྩལ་ནུས་གསོ་སྦྱོང་། ལས་ཞུགས་ལྟ་སྦྱོང་སོགས་ཐད་ཀྱི་ཞབས་ཞུའི་ནང་དོན་ངོ་སྤྲོད་བྱས་ཏེ། རྒྱུགས་ལེན་མཁན་གྱིས་ལས་རིགས་འཕེལ་རྒྱས་ཀྱི་ཐབས་ལམ་ལུགས་མཐུན་ངང་འཆར་འགོད་བྱེད་པར་ཁྲིད་སྟོན་བྱས། ད་ལྟ་རྒྱུགས་སྤྲོད་མཁན5900ལྷག་ལ་ཞབས་འདེགས་ཞུས་པ་དང་ལས་གནས་ཆ་འཕྲིན་དཔྱད་གཞི་དང་ལས་ཞུགས་མིང་བྱང7500ལྷག་འགྲེམ་གཏོང་བྱས་པའི་དུས་མཚུངས་སུ། ཁེ་ལས་དང་སློབ་གྲྭ སྡེ་ཁུལ་སོགས་སྡེ་ཁག་དང་མཉམ་ལས་བྱེད་པར་ཤུགས་སྣོན་བྱས་ནས། རྣམ་པ་གསར་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ལས་ཞུགས་ཞབས་ཞུའི་བྱ་འགུལ་སྔར་ལས་མང་པོ་སྤེལ་ཏེ། བྱ་བ་འཚོལ་མཁན་དང་མི་སྤྱོད་སྡེ་ཁག་བར་འབྲེལ་ཟམ་བཙུགས་ནས། མཚོ་ལྷོ་ཁུལ་གྱི་གྲོང་དང་གྲོང་གསེབ་ཀྱི་མང་ཚོགས་ལ་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། །

དགའ་བདེ་རྫོང་གི་ཚོང་འགུག་དངུལ་འདྲེན་དང་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་ཧྲང་ཧའེ་རུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“དགའ་བདེ་ཡི་རང་བྱུང་འཆམ་མཐུན་ལ་བརྟེན་ནས་བཟོ་རྩལ་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་ཚོང་འགུགས་དངུལ་འདྲེན་དང་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཁྱབ་བསྒྲགས་བྱེད་སྒོ་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་སུ་འཚོགས། བྱེད་སྒོའི་དམིགས་ཡུལ་ནི་སྒོ་འབྱེད་རྣམ་པའི་མཉམ་ལས་ཀྱི་ཟམ་པ་བསྐྲུན་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མ་འོངས་མཛེས་སྡུག་མཉམ་བསྐྲུན་བྱ་རྒྱུ་དེ་ཡིན། སྤྲོ་སེམས་འཁོལ་བའི་ཞབས་བྲོ《གངས་ལྗོངས་ཀྱི་གླུ་གར》ཁྲོད་བྱེད་སྒོ་དངོས་སུ་མགོ་ཚུགས་ཤིང་། དགའ་བདེ་རྫོང་གི་ཞིང་ལས་རིག་གནས་ཡུལ་སྐོར་ཁེ་ལས12ཀྱིས་མཐོ་སྒང་གི་འཚམས་འདྲི་དང་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པས། ཚོགས་ཞུགས་སྐུ་མགྲོན་དང་ཧྲང་ཧའེ་གྲོང་མིའི་ཡིད་དབང་བཀུག དགའ་བདེ་རྫོང་གི་འོས་སྦྱོར་དཔོན་གསུམ་པོས་རིག་གནས་ཡུལ་སྐོར་དང་ཚོང་འདོན། ཞིང་ཕྱུགས་བཅས་ཕྱོགས་གསུམ་ཐད་ནས་དགའ་བདེའི་འཕེལ་རྒྱས་ཀྱི་ལེགས་ཆ་འོས་སྦྱོར་བྱས། དགའ་བདེ་རྫོང་ཞིང་ཚོང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཧྲང་ཧའེ་མེ་ཐེན་ཞོར་ཟས་ཚད་ཡོད་ཀུང་སི། དགའ་བདེ་རྫོང་འཕེལ་རྒྱས་སྒྱུར་བཅོས་ཅུས་དང་ཀྲུང་ཁོའོ་གཤེར་གཟུགས་ཉི་འོད་ཚོགས་པ། དགའ་བདེ་རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཧྲང་ཧའེ་ཁྲུན་ཆིའུ་རྒྱལ་སྤྱིའི་ཡུལ་སྐོར་ཅུས། དགའ་བདེ་རྫོང་ཞིང་ཕྱུགས་ཅུས་དང་ཧྲང་ཧའེ་ཧེ་ཧུའུ་དྲ་རྒྱའི་ཚན་རྩལ་ཚད་ཡོད་ཀུང་སི་བཅས་དབར་མཉམ་ལས་གྲོས་མཐུན་བཞག དགའ་བདེ་རྫོང་གི་རྫོང་དཔོན་གཞོན་པ་རྡོ་རྗེ་ཚེ་བརྟན་གྱིས་ཁ་གཏད་མཚོ་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ཁྲང་ཉིང་ཆུས་དང་དགའ་བདེ་རྫོང་གཉིས་ཀས་ལག་གདང་སྦྲེལ་ནས་ཐོན་ལས་མཉམ་ལས་དང་། དམངས་འཚོ་ཇེ་ལེགས་སུ་གཏོང་བ། ཤེས་ལྡན་མི་སྣ་སྤེལ་རེས་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མང་པོ་ཐོབ། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྐྱོར་གྲུབ་འབྲས་གསོན་ཉམས་ལྡན་པའི་འགྲེམས་སྟོན་ཡིན་བྱེད་ས་ཡིན་ལ། ལྷག་པར་དུ་ས་གནས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་མགོ་འཛུགས་ས་གསར་བའང་ཡིན་པས། དགའ་བདེ་རྫོང་གི་ཐོན་རྫས་ཀྱི་རིན་ཐང་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད། སྤུས་རྟགས་སྟོབས་ཤུགས་གྲུབ་པ། ཐོན་རྫས་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། །

ཟི་ལིང་གསར་སྤེལ་ཁུལ་གྱིས་སྐྱེ་ཁམས་གསར་གཏོད་དང་ཐོན་ལས་རིག་ནུས་ཐད་འབྲས་བུ་མི་དམན་པ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་གསར་གཏོད་སྐྱེ་ཁམས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ལས་ཁྱུ་ཚོགས་སྟོབས་ཆེར་གཏོང་བ། ལྗང་མདོག་དང་ཐཱན་དམའ་བའི་རིགས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་ཚད་གཞི་མགྱོགས་མྱུར་སྒོས་བཏོད་པ། གསར་གཏོད་སྐྱེ་ཁམས་འཛུགས་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་གསོ་སྐྱོང་བྱེད་པའི་ཐད་ཕན་འབྲས་མངོན་གསལ་ཐོན་ཡོད། ཟླ6པའི་ཚེས9ཉིན་བར། རྒྱལ་ཁབ་རིམ་པའི་སྒོ་འབྱེད་འཕྲུལ་ཆས3དང་རྒྱལ་ཁབ་རིམ་པའི་མང་ཚོགས་གསར་གཏོད་བར་སྟོང4གཅིག་སྡུད་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར་གྱིས་གཞི་གྲངས་ལྟེ་གནས8བསྐྲུན་རྒྱུར་འདེགས་སྐྱོར་བྱས་པ་དང་། ཚད་ལྡན་འཕྲུལ་འཁོར་ཁྲི་ལྷག་ཙམ་བཀོད་སྒྲིག་བྱས་ཏེ། Pཁྲི་ཡི་རྩིས་ནུས་གཞི་ཁྱོན་ཆགས་པར་བྱས། རྒྱུས་ལོན་པ་ལྟར་ན། ཟི་ལིང་གསར་སྤེལ་ཁུལ་གྱིས་ཞིབ་འཇུག་གསར་སྤེལ་སྟེགས་བུ་དང་གསར་གཏོད་སྟེགས་བུ་སྣ་ཚོགས་ཧུར་ཐག་གིས་གསར་སྐྲུན་བྱས་ཏེ། ཕྲེང་འབྲེལ་ཧྲིལ་པོ་དང་རིམ་པ་མང་པོ། སྒོ་འབྱེད་རང་བཞིན་བཅས་ཀྱི་གསར་གཏོད་ལས་གཏོད་སྐྱེ་ཁམས་མ་ལག་ཧུར་ཐག་གིས་འཛུགས་རྒྱུ་རེད། བཟོ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ཐོན་ལས་ཕྲེང་འབྲེལ་སྡེབ་སྒྲིག ཁྲོམ་ར་གསར་སྤེལ། དོ་དམ་བྱེད་སྟངས་གསར་གཏོད་སོགས་ཐད་ཀྱི་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འོད་ཤུགས་དང་ལི་གློག མདོག་ལྡན་རྫས་འགྱུར་བཟོ་ལས། རྒྱུ་ཆ་གསར་པ་སོགས་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ད་ལྟའི་ཐོན་ལས་རྨང་གཞི་བེད་སྤྱོད་གང་ལེགས་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། ཨ་ལི་ཡུན། ཞིན་སན། ཀྲེ་ཅང་ཧའེ་ཏེ་སོགས་སྣེ་གྲས་ཁེ་ལས10ལྷག་ཙམ་ནང་འདྲེན་བྱས་ཏེ། ལྗང་མདོག་གློག་ཐད་ཀར་དུ་མཁོ་འདོན་བྱེད་པ་དང་། གཞི་གྲངས་ཆེན་མོ་དང་མི་ཐབས་རིག་ནུས། ནུས་སྤྲོད་ལྟེ་གནས་སོགས་ཆ་འཕྲིན་ལག་རྩལ་གསར་པ་བཀོལ་སྤྱོད་བྱས་ཏེ། འོད་དང་གློག། གསོག རྩིས། བེད་སྤྱོད་སོགས་གཞི་གཅིག་ཅན་གྱི་ཐོན་ལས་སྐྱེ་ཁམས་བསྐྲུན་ནས། ཐོན་ལས་བསྒྱུར་སྤོར་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔལ་འབྱོར་འཕར་ཚད་གསར་པ་རྒྱུན་མཐུད་ངང་གསར་གཏོད་བྱས། །

གཉེན་སྒྲིག་ནི་ཅི་ཞིག་ཡིན།

གཅིག བཅའ་ཁྲིམས་ཀྱི་ཐ་སྙད་འགྲེལ་བཤད།བཟའ་ཚང་ཞེས་པ་ནི་ཕོ་མོ་ཕྱོགས་གཉིས་ཀྱིས་མཉམ་དུ་འཚོ་བ་རོལ་རྒྱུ་དམིགས་ཡུལ་དུ་བྱས་ནས་བཟའ་ཟླ་བར་གྱི་ཁེ་དབང་དང་འོས་འགན་བསྒྲུབ་པ་ནང་དོན་དུ་བྱེད་པའི་ཕོ་མོ་ཟུང་འབྲེལ་ལ་ཟེར།གཉེན་སྒྲིག་ནི་ཕོ་མོ་ཕྱོགས་གཉིས་ཀྱིས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་གོ་རིམ་ལྟར་བཟའ་ཟླའི་འབྲེལ་བ་བཙུགས་པར་མ་ཟད། དེ་ལས་བྱུང་བའི་དམངས་དོན་ཁེ་དབང་དང་འོས་འགན། འགན་འཁྲི་བཅས་ཀྱི་བཅའ་ཁྲིམས་ཀྱི་ཐོབ་ཐང་ཐོབ་པའི་བྱ་སྤྱོད་ཅིག་ཡིན།གཉིས། བཅའ་ཁྲིམས་ཀྱི་དབྱེ་ཞིབ།བཅའ་ཁྲིམས་ཀྱི་བླང་བྱ་ལྟར་ན་གཉེན་སྒྲིག་བྱེད་པར་ཕོ་མོ་ཕྱོགས་གཉིས་ངེས་པར་དུ་ཡོངས་སུ་རང་མོས་ཡིན་དགོས།དེ་བྱེ་བྲག་གི་མཚོན་ཚུལ་ནི།1.ཕྱོགས་གཉིས་ཀ་རང་མོས་ཡིན་པ་ལས་ཕྱོགས་གཅིག་རང་མོས་ཡིན་པ་མི་ཆོག2.ཕྱོགས་གཉིས་ཀྱི་དོ་བདག་རང་ཉིད་རང་མོས་ཡིན་པ་ལས་ཕ་མ་སམ་ཡང་ན་མི་གཞན་པ་རང་མོས་ཡིན་པ་མི་ཆོག3.ཡོངས་སུ་རང་མོས་ཡིན་པ་ལས་བཙན་ཤེད་ཀྱིས་མོས་མཐུན་མིན་དགོས།བཅའ་ཁྲིམས་ཀྱིས་དོ་བདག་གི་ཕ་མའམ་ཡང་ན་མི་གཞན་པས་གཉེན་སྒྲིག་ལ་བཙན་བསྒྲིག་བྱེད་པ་དང་བཙན་ཤེད་བྱེད་པ། ཡང་ན་ཨུ་ཚུགས་ངང་ཐེ་གཏོགས་བྱེད་པ་དང་དོ་བདག་པ་རང་མོས་མིན་པ་ལ་བཙན་ཤེད་ཀྱིས་མོས་མཐུན་བྱེད་པར་བཀག་འགོག་བྱ་དགོས།གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1046པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་བྱེད་པར་ཕོ་མོ་ཕྱོགས་གཉིས་ཀ་ཡོངས་སུ་རང་མོས་ཡིན་དགོས་པ་ལས། ཕྱོགས་གཅིག་གིས་ཕྱོགས་གཞན་ལ་བཙན་ཤེད་བྱེད་མི་ཆོག་པ་དང་། རྩ་འཛུགས་སམ་མི་སྒེར་གང་རུང་གིས་ཐེ་གཏོགས་བྱེད་མི་ཆོགདོན་ཚན1047པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་བྱེད་པའི་ལོ་ཚོད་ནི་སྐྱེས་པ་ལོ་ཉེར་གཉིས་ལས་སྔ་མི་ཆོག་པ་དང་བུད་མེད་ལོ་ཉི་ཤུ་ལས་སྔ་ན་མི་ཆོགདོན་ཚན1048པའི་གཏན་འཁེལ་ལྟར་ན། ཐད་རྒྱུད་ཁྲག་རྒྱུད་ཀྱི་གཉེན་ཉེའམ་མི་རབས་གསུམ་ནང་གི་ཟུར་རྒྱུད་ཁྲག་རྒྱུད་གཉེན་ཉེ་བར་གཉེན་སྒྲིག་བྱས་མི་ཆོག

ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་གཏོང་ཐེངས་ཁྲི་11ལྷག་ཟིན་པ།

འདི་ནི་ཚེས་10ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་75052པ་ཧྲན་ཏུང་ཆིང་ཏའོ་ཅའོ་ཀྲོའུ་བབས་ཚུགས་ནས་ཐོན་བཞིན་པ།གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་10ཉིན་བར། རིམ་རྩིས་བརྒྱབ་ན། ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས(ཕྱིར་ལོག་ཚུད་པ)ཁྲི་11ལྷག་ཙམ་ཟིན་པ་དང་ཨ་སྒོར་དུང་ཕྱུར་4500རི་བའི་དངོས་ཟོག་དབོར་ཏེ་བདེ་འཇགས་དང་། བརྟན་པོ། ཤར་གཏོང་བཅས་ཀྱི་སྒོ་ནས་སྐྱེལ་འདྲེན་རྒྱུན་འཁྱོངས་ཐུབ་ཡོད།མིག་སྔར། ཀྲུང་ཡོའི་དུས་གཏན་མེ་འཁོར་འགྲོ་འོང་བྱེད་ཚད་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་སྟེ་ཕྱོགས་བསྡུས་ལྗིད་སྒམ་གྱི་ཚད་གཞི་གཞི་རྩའི་ཆ་ནས་100%བརྟན་པོར་གནས་ཡོད། རང་རྒྱལ་ས་ཁོངས་ནང་གི་གྲོང་ཁྱེར་128ལ་ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དང་ཡོ་རོབ་ཀྱི་རྒྱལ་ཁབ་26གི་གྲོང་ཁྱེར་229དང་ཨེ་ཤེ་ཡའི་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་པ་རེད། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

པོ་ཧའེ་རྒྱ་མཚོའི་སྣུམ་རླངས་སྟེགས་བུ་ཆེ་ཤོས་ཀྱི་འཕྱོ་གཡེང་སྒྲིག་ཆས་སྒྲིག་སྦྱོར་ཟིན་པ།

ཉེ་ཆར། པོ་ཧའེ་རྒྱ་མཚོའི་སྣུམ་རླངས་སྟེགས་བུ་ཆེ་ཤོས་ཏེ། ཁེན་ལི་10-2སྣུམ་ཞིང་ཚོགས་ཀྱི་གསར་སྤེལ་རྣམ་གྲངས(དུས་ཐེངས་དང་པོ)ལྟེ་གནས་ཐག་གཅོད་སྟེཌ་བུའི་འཕྱོ་གཡེང་སྒྲིག་ཆས་སྒྲིག་སྦྱོར་ལེགས་གྲུབ་བྱུང་ཞིང་། ཐོན་སྐྱེད་དང་འཚོ་བ་གཅིག་ཏུ་འདུས་པའི་བང་རིམ་3དང་ནུས་པ་མང་བའི་རྒྱ་མཚོའི་སྟེགས་བུ་དེའི་མཐོ་ཚད་ལ་སྨི་22.8ཟིན་པ་དང་། ཇུས་འགོད་བྱས་པའི་ལྗིད་ཚད་ཏུན་ཁྲི་2ལས་བརྒལ་བ། རྒྱ་ཁྱོན་ལ་ཚད་ལྡན་ལན་ཆིའུ་སྤོ་ལོ་ཐང་15ཙམ་ཡོད་པ་དེས་པོ་ཧའེ་ས་ཁོངས་ཀྱི་སྣུམ་རླངས་སྟེགས་བུའི་ཆེ་ཆུང་དང་ལྗིད་ཚད་ཀྱི་ཟིན་ཐོ་བཏོད་ཡོད།འདི་ནི་སྣུམ་རླངས་སྟེགས་བུའི་འཕྱོ་གཡེང་སྒྲིག་ཆས་སྒྲིག་སྦྱོར་བྱ་ཡུལ་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

པར་རིས་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་གྱིས་སྐྱེ་ཁམས་ཀྱི་གཞི་མདོག་རྒྱུན་ཆད་མེད་པར་རྣམ་པར་བཀྲ་བར་བྱེད་པ་དང་། གྲོང་ཁྱེར་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་བཏང་སྟེ། མཐོ་སྒྲོམ་འགྲོ་ལམ་གྱི་ཟམ་གདན་དུ་རྒྱུན་ལྗང་རྩི་ཤིང་བཏབ་པས་སྤྱི་ལེ་ཁ་ཤས་མུ་འབྲེལ་བའི“བར་སྣང་གི་ལྗང་མདོག་བར་ཁྱམས”ཤིག་ཆགས་ནས་གྲོང་ཁྱེར་ལ་མཛེས་ལྗོངས་ཁུལ་གསར་པ་ཞིག་བསྣན་ཡོད། འདི་ནི་ཟླ་6ཚེས་5ཉིན་པར་བརྒྱབ་པའི་སྔོ་ཐིང་ཐིང་གི་ཁུན་ཧྲན་གྲོང་ཁྱེར་དཀྱིལ་སྐོར་ལམ་གྱི་ལམ་ཐིག་ལྷོ་མའི་མཐོ་སྒྲོམ་འགྲོ་ལམ་ཡིན་པ། འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

༄༅།།ཧོ་ནན་དུ་གཞི་ཁྱོན་ཆེ་བའི་གྲོ་འཕྲུལ་བསྡུའི་ལས་དོན་སྤྱིར་ན་མཇུག་འགྲིལ་བ།

འདི་ནི་ཉེ་ཆར་ཧོ་ནན་ཨན་དབྱང་གྲོང་ཁྱེར་ཧྭ་རྫོང་གི་ཞིང་ནང་དུ་འཕྲུལ་འཁོར་གྱིས་གྲོ་བརྔ་བསྡུ་བྱེད་བཞིན་པ།ཟླ་6ཚེས་9ཉིན་གྱི་ཆུ་ཚོད་17བར། ཧོ་ནན་ཞིང་ཆེན་དུ་གྲོ་ཞིང་མུའུ་ཁྲི་8464བརྔ་བསྡུ་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་འདེབས་ཁྱོན་གྱི་99.4%བཟུང་ནས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་འཕྲུལ་བསྡུའི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ཟླ་6ཚེས་9ཉིན་བར། ཧོ་ནན་ཞིང་ཆེན་དུ་དབྱར་འདེབས་མུའུ་ཁྲི་7661.6ཟིན་པ་དེས་འདེབས་ཁྱོན་གྱི་85.1%བཟུང་ཡོད། འབྲུ་རིགས་ལོ་ཏོག་མུའུ་ཁྲི་5752བཏབ་པ་དེས་སྔོན་དཔག་རྒྱ་ཁྱོན་གྱི་85%བཟུང་ཡོད།

༄༅།།ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་གཏོང་ཐེངས་ཁྲི་11ལྷག་ཟིན་པ།

འདི་ནི་ཚེས་10ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་75052པ་ཧྲན་ཏུང་ཆིང་ཏའོ་ཅའོ་ཀྲོའུ་བབས་ཚུགས་ནས་ཐོན་བཞིན་པ།འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་10ཉིན་བར། རིམ་རྩིས་བརྒྱབ་ན། ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས(ཕྱིར་ལོག་ཚུད་པ)ཁྲི་11ལྷག་ཙམ་ཟིན་པ་དང་ཨ་སྒོར་དུང་ཕྱུར་4500རི་བའི་དངོས་ཟོག་དབོར་ཏེ་བདེ་འཇགས་དང་། བརྟན་པོ། ཤར་གཏོང་བཅས་ཀྱི་སྒོ་ནས་སྐྱེལ་འདྲེན་རྒྱུན་འཁྱོངས་ཐུབ་ཡོད།མིག་སྔར། ཀྲུང་ཡོའི་དུས་གཏན་མེ་འཁོར་འགྲོ་འོང་བྱེད་ཚད་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་སྟེ་ཕྱོགས་བསྡུས་ལྗིད་སྒམ་གྱི་ཚད་གཞི་གཞི་རྩའི་ཆ་ནས་100%བརྟན་པོར་གནས་ཡོད། རང་རྒྱལ་ས་ཁོངས་ནང་གི་གྲོང་ཁྱེར་128ལ་ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དང་ཡོ་རོབ་ཀྱི་རྒྱལ་ཁབ་26གི་གྲོང་ཁྱེར་229དང་ཨེ་ཤེ་ཡའི་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་པ་རེད།